Skip to main content Skip to search
02 Feb 2016
3 min 20 sec
Video Overview
Creators: 
Sonam Tobgye, Sangay Tshomo

This is a story about the emergence of the sun and the moon in this world. Many years ago, Manjushri, the bodhisattva of wisdom, made it possible for every human to create fire from their foreheads. The bodhisattva asked humans to stop practicing evil deeds, and practice instead noble ones. No one paid attention to his request, continuing to practice evil deeds. Due to that, Manjushri made it much more complicated to make fire, and the humans did not know what to do to get it. Buddha Shakyamuni and Yeshe Tshogyal, the consort of Guru Rinpoche, intervened then, scolding Manjushri for treating humans in such manner. Manjushri cried and an ocean was formed out of his tears. Manjushri asked Buddha Shakyamuni and Yeshe Tshogyal to bring two jewels from the ocean; those jewels were the sun and the moon.

 

མོང་སྒར་གླིང་མཁར་ལས་ འཇིགས་མེད་ཀྱིས་གཏང་མི་ཉིམ་དང་ཟླཝ་གི་སྲུང་དེ་ སངས་རྒྱས་མ་བཞུགས་པའི་ཧེ་མ་ འཇམ་དབྱངས་ཀྱིས་ མི་ཚུ་རང་རང་སོ་སོའི་དཔྱལཝ་ལས་མེ་རང་བཞིན་གྱིས་འབར་ཏེ་ཡོདཔ་སྦེ་བཀོད་ཞིན་ན་ སྡིག་པའི་ལཱ་མ་འབད་བར་དགེ་བའི་ལཱ་འབད་དགོ་ཟེར་བཀའ་གནངམ་ད་ མི་ཚུ་གིས་ཉན་མ་བཏུབ་པར་ སྡིག་པའི་ལཱ་ཙང་ཙ་འབད་སྡོད་ནི་དེ་གིས་ འཇམ་དབྱངས་ཀྱིས་ རང་རང་སོ་སོའི་མེ་ཚུ་མེདཔ་སྦེ་བཟོ་བཞག་སྟེ་ དེ་ལས་མི་ཚུ་ ག་ཅི་འབདན་ན་མ་ཤེས་པར་ མགུ་འཐོམས་སྡོད་པའི་སྐབས་ སངས་རྒྱས་ཤཱཀྱ་ཐུབ་པ་དང་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་ འཇམ་དབྱངས་ལུ་ སེམས་ཅན་ཚུ་ལུ་ ག་ཅི་འབད་དེ་སྦེ་འབདཝ་སྨོ་ ཟེར་ཚོགས་བརྡ་བཏངམ་ད་ འཇམ་དབྱངས་བཤུམས་ཏེ་ སྤྱན་ཆབ་ཀྱིས་རྒྱ་མཚོ་འཁྱིལ་ དེ་ལས་ འཇམ་དབྱངས་ཀྱིས་ སངས་རྒྱས་དང་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གཉིས་ལུ་ རྒྱ་མཚོ་ནང་ནོར་བུ་གསུམ་ཡོད་ ཁྱེད་གཉིས་ཀྱིས་ལེན་འབག་ཤོག་ཟེར་ བཀའ་གནང་སྟེ་ སངས་རྒྱས་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གཉིས་ཀྱིས་ཉིམ་དང་ཟླཝ་ཐོབ་ཐོབ་ཨིནམ་ལས་ ད་རེས་ནངས་པར་ ཉིམ་དང་ཟླཝ་མཐོང་ནི་ཡོད་མི་འདི་ དེ་ལས་བརྟེན་བྱུང་བྱུངམ་ཨིནམ་སྦེ་བཤདཔ་ཨིན་པས།

 

Transcript search
No results found for this search
0 of 0
  • འཇིགས་མེད།/Jigme
    དང་པོ་ སངས་རྒྱས་བཅོམ་ལྡན་འདས་མ་བཞུགས་པའི་ནམ་དུས་ལུ་ འཇམ་དཔལ་དབྱངས་བཞུགས་ཡོདཔ་མས།
  • འཇིགས་མེད།/Jigme
    དེ་བསྒང་ བཅོམ་ལྡན་ཤཀྱཱ་ཐུབ་པ་དང་ མཁའ་འགྲོ་ཡེེས་མཚོ་རྒྱལ་གཉིས་བཞུགསཔ་ད་ འཇམ་དཔལ་དབྱངས་ཀྱི་གསུང་ནུག
  • འཇིགས་མེད།/Jigme
    ག་ར་གི་དཔྱལཝ་ལས་མེ་འབར་དོ་མས་ མེ་འདི་ལུ་བརྟེན་ལཱ་འབད་དོ་མས་ དེ་ལས་ འཇམ་དཔལ་དབྱངས་ཀྱི་གསུང་གསུངམ་ལས་ མི་འདི་ཚུ་ལུ་སྡིག་ལས་འབད་ཟེརཝ་ད་ སྡིག་ལས་འབད
  • འཇིགས་མེད།/Jigme
    དེ་འབདཝ་ལས་ འཇམ་དཔལ་དབྱངས་ཀྱི་དཔྱལཝ་ནང་ཡོད་མི་མེ་བསད་བཞག་ཡོདཔ་མས། དེ་ལས་ སེམས་ཅན་དང་མི་ཚུ་ གནག་དུང་ན་མིག་གི་མཐོང་བ་ ཁྱོད་ག་སྟེ་སྨོ་ཟེརཝ་ད་ ཡར་ཨིན་སླབ་མར་ཨིན་སླབ་སྡོད་སྡོདཔ་མས།
  • འཇིགས་མེད།/Jigme
    དེ་ལས་ བཅོམ་ལྡན་ཤཀྱཱ་ཐུབ་པ་དང་ མཁའ་འགྲོ་ཡེེས་མཚོ་རྒྱལ་གཉིས་ཀྱི་ འཇམ་དཔལ་དབྱངས་ལུ་ ཁྱོད་བཞུགས་ས་ནང་འོད་བཞག་ སེམས་ཅན་ཚུ་དཀའ་སྤྱོད་བཅུག་སྟེ་ཟེར་ཚར་བཅདཝ་ད་
  • འཇིགས་མེད།/Jigme
    གནམ་མེད་ས་མེད་བཤུམ་བཤུམ་མས་ ཁོ་གནམ་མེད་ས་མེད་བཤུམ་ སྤྱན་ཆུ་གི་རྒྱ་མཚོ་གླིང་ཆེན་འགྱུར་ཡོདཔ་མས།
  • འཇིགས་མེད།/Jigme
    བཤུམ་འབད་སྤྱན་གཟིགས་བལྟཝ་ད་ རྒྱ་མཚོ་གླིང་ཆེན་འགྱུར་ཡོདཔ་མཐོང་ བཅོམ་ལྡན་ཤཀྱཱ་ཐུབ་པ་དང་ མཁའ་འགྲོ་ཡེེས་མཚོ་རྒྱལ་གཉིས་ཤོག་ཟེར་གསུང་ཡོདཔ་མས
  • འཇིགས་མེད།/Jigme
    ཁོ་འབད་སར་འབོ་འབད་ ཡ་ ཁྱོད་གཉིས་ཀྱི་ང་དེ་ཚན་ཚད་ཚར་བཅད་ ད་འབདན་འ་ནི་རྒྱ་མཚོ་ནང་ནོར་བུ་གསུམ་ཡོད་ ཁྱོད་གཉིས་འཛུལ་འབད་འབག་འོང་དགོ་ཟེར་གསུང་ནུག
  • འཇིགས་མེད།/Jigme
    དེ་ལས་ ནང་ན་འཛུལ་ ཉིམ་བཟུང་འབག་ཡོདཔ་མས་ ཡར་སྟོན་ནོར་བུ་འདི་ཨིན་ན་ཟེརཝ་ད་ ཨིན་ཟེར་གསུང་འབག་ཤོག་སླབ་ གནམ་མཁའ་ལུ་སྦྱར་ཡོདཔ་མས་ ད་རེས་ཉིམ་ཡོད་མི་ འདི་ཨིན་མས།
  • འཇིགས་མེད།/Jigme
    ད་རུང་ཡོད་སོང་ཟེརཝ་ད་ ཟླཝ་ཕྱད་ ཟླཝ་ནུབ་ལུ་སྦྱར་ནུག་ ད་ལྟོ་ ཚེས་གཅིག་ གཉིས་ལུ་ཟླཝ་ནུབ་ལས་ཤར་མི་འདི་ཨིན། ད་རུང་ཡོད་སོང་ཟེརཝ་ད་ ཁོང་གཉིས་ཀྱི་མ་འཛིན་
  • འཇིགས་མེད།/Jigme
    མདའ་རྐྱབ་བསད་ད་ཡི་ཟེར་ འཇམ་དཔལ་དབྱངས་ལུ་ཞུ་ད་ ཁྱོད་གཉིས་ཀྱི་བསད་དགོཔ་མས་ བཟུང་འབག་དགོཔ་ཨིན་ ད་ཁྱོད་གཉིས་ བཤགས་སྦྱང་ག་ཅི་འབད་ནི་ཟེརཝ་ད་
  • འཇིགས་མེད།/Jigme
    བཤགས་སྦྱང་ག་ཅི་འབདན་ན་ཟེར་ འཇམ་དཔལ་དབྱངས་ལུ་ཞུ་ད་ བཛ་སྭཏྭ་འབུམ་ཕྲག་འབད་གྱང་དགོཔ་སྦེ་གསུང་ནུག་ ད་རེས་ ཉིམ་དང་ཟླཝ་ཡོད་མི་འདི་ འ་ནི་ལས་བརྟེན་ཨིན་ཟེར་ཞུ་ནི།