Skip to main content Skip to search
29 Jan 2016
5 min 52 sec
Video Overview
Creators: 
Sonam Tobgye, Sangay Tshomo

Once there was a couple who had six daughters. It was hard for them to feed so many mouths, so one day they took their daughters to the forest to gather wild fruits. While the daughters were distracted gathering the fruits, their father left them in the forest. After exploring the area, the girls arrived at an old witch's house. They asked the witch to stay overnight, to which the old witch agreed. She cooked and made up beds for all of the girls. During the night, the witch tried to eat the girls, but the girls escaped. While running away, the witch threw a knife at the youngest girl and struck her in the thigh. According to the myth, the Pleiades of the night sky are believed to be those six siblings.

 

Transcript search
No results found for this search
0 of 0
  • ཕུན་ཚོགས་དབང་འདུས/Phuntsho Wangdi
    བུམོ་སྤུན་དྲུག་སྡོད་ཡི་ལོ་ལགས། བུམོ་ཨ་ཞིམ་ ཨ་ཞིམ་བར་ན་སྐོརམ་ འ་ན་ལས་རིམ་པ་བཞིན་དུ་སྦེ་ར་དྲུག་ཡོདཔ་མས་ལགས། ཏེ་ཨ་པ་དང་ཨའི་གིས་གསོ་སྐྱོང་འབད་མ་ཚུགས་པར། གོ་ལ་བྱིན་མ་ཚུགས་པར།
  • ཕུན་ཚོགས་དབང་འདུས/Phuntsho Wangdi
    འ་ནི་བཟུམ་གསོ་སྐྱོང་འབད་མ་ཚུགས་པར་ འུ་འགམ་སྟེ་ ཉིནམ་ཅིག་འབདཝ་ད་ ཨ་པ་དང་ཨའི་བསྟུན་གྲོས་འབད་འབདཝ་མས། ཨ་ནི་དེ་ཚུ་ ས་གནས་གཅིག་ཁ་ལུ་སྐྱེལ་བཞག་དགོ་པས་ ང་བཅས་གཉིས་ཀྱིས་གསོ་མི་ཚུགས་པས། ག་དེ་སྦེ་འབད་ནི་ད།
  • ཕུན་ཚོགས་དབང་འདུས/Phuntsho Wangdi
    ད་ང་བཅས་གཉིས་ཟ་ནི་སྨོ་ ཨ་ལོ་ལུ་བྱིན་ན་སྨོ་ཟེར་ ང་བཅས་གཉིས་ཟ་བ་ཅིན་ཨ་ལོ་ཚུ་ཤི་ནི་མས། ཨ་ལོ་ལུ་བྱིན་པ་ཅིན་ང་བཅས་གཉིས་ལྟོགས་ནི་མས་ཟེར་ ཐབས་ཤེས་ཅིག་སྟོན་གེ་ད་ ཨ་པ་ཁྱོད་ཀྱིས་སྐྱེལ་བར་སོང་ ཟེར་སླབ་ནུ་ཨའི་གིས།
  • ཕུན་ཚོགས་དབང་འདུས/Phuntsho Wangdi
    ༼ད་ཆིང་ཕོ་མོ་ལ་༽ནགས་ཚལ་ཐག་རིང་ས་ཅིག་ཁར་འཁྱིད་འབག་སྦེ་ ཁྱོད་ཀྱིས་ཡེངས་བཅུག་སྟེ་ ཤིང་གི་འབྲས་བུ་འདི་ཚུ་ འབྲས་བུའི་རིགས་ཚུ་ འ་ནི་བཟུམ་ཚུ་འབག་སྦེ་ འ་ནི་བཟུམ་ཚུ་ལུ་ཡེངས་བཅུག་སྟེ་ བཀོ་བཞག་སྟེ་ ཁྱོད་ལོག་ཤོག ཟེར་སླབ་སླབ་མས། འ་ན་ལས་འབད་བ་ཅིན་ ལ་བརྒལ་ལུང་སྤུབས་ ཧ་ལམ་འབག་ནུག་མས། ཨ་པ་གིས་འཁྱིད་སྦེ་ ཡ་ཡ་བཏུབ་བཏུབ་ཟེར་ འཁྱིད་འབག་ བུམོ་དྲུག་ སྨིན་དྲུག་ དྲུག་ཨིན།
  • ཕུན་ཚོགས་དབང་འདུས/Phuntsho Wangdi
    སྨིན་དྲུག་དྲུགཔོ་དེ་འཁྱིད་འབག་སྦེ་ དཔེ་འབད་བ་ཅིན་ ཨ་ཕར་ལ་བརྒལ་ཏེ་ལོག་མ་ཤེསཔ་ཅིག་གི་ས་ཁར་སྐྱེལ་སྦེ་ ཤིང་འབྲས་ལེ་ཤ་ འདྲ་མི་འདྲ་ ནགས་ཚལ་ནང་གི་ཤིང་འབྲས་ཚུ་ཟ་ནི་གི་ བཏོག་སྟེ་གདོང་སྤུངས་བཞག་སྦེ་ ནམ་བསྲོ་སུ་ཅིག་འབདཝ་ད་ ཨ་པ་གིས་བཀོ་བཞག་སྦེ་ བྱོག་འོང་ནུག
  • ཕུན་ཚོགས་དབང་འདུས/Phuntsho Wangdi
    དེ་ལས་ ཨ་ལོ་ཚུ་ འཐོབ་འཐོབ་སྦེ་འགྱོཝ་ད་ སྲིནམོ་ཨང་རྒས་ཅིག་གི་སྒོ་ཁར་ཕོག་ཆི་ནུག་ལགས། སྲིནམོ་ཨང་རྒས་ཀྱི་སྒོ་ཁར་ དང་ཕུགས་སྲིནམོ་ཟེརཝ་ཅིག་སྡོད་སྡོདཔ་མས། དེ་ལས་ སྲིནམོ་ཨང་རྒས་ཀྱི་སྒོ་ཁར་ཕོག་སྦེ་ ཨང་རྒས་ གནསཔོ་ཅིག་བརྙའ་གེ་ཟེརཝ་ད་ ཡ་སྡོད་སྡོད་ ཤོག་ཟེར་སླབ་མས་ལོ། དེ་ལས་ནང་ན་འགྱོ་སྦེ་ ཉལ་ས་བཟོ་སྦེ་ཨང་རྒས་ཀྱིས་ ལྟོ་ཅིག་ཡང་ཟ་བཅུག་སྦེ་ ཉལ་བཅུག་ནུག ཉལ་སྦེ།
  • ཕུན་ཚོགས་དབང་འདུས/Phuntsho Wangdi
    དེ་ལས་ བུམོ་དྲུག་ལྟ་སྟེ་སླབ་མས་ལོ་ཨང་རྒས་ཀྱིས་ གཉིད་ལོག་ཅི་ག་ཁྱེད་བུམོ་སྤུན་དྲུག་གཉིད་ལོག་ཅི་ག་ ཟེརཝ་མས་ལོ། ཨང་རྒས་ གཉིད་མ་ལོག་ ཁྱོད་རྟ་རས་ནང་གི་རྟ་གིས་ གཉིད་ལོག་མི་བཅུག་པས། ཉམས་འཚེར་ཁག་ཁ་སྦེ་སྐད་རྐྱབ་སྟེ་ གཉིད་ལོག་མི་བཅུག་པས། གཉིད་མ་ལོག་ ཟེར་སླབ་སླབ་མས།
  • ཕུན་ཚོགས་དབང་འདུས/Phuntsho Wangdi
    ཨང་རྒས་ཙིགཔ་ཟ་སྟེ་ མར་འགྱོ་སྦེ་ རྟ་བསད་བཞག་ནུག་ལོ། རྟ་བསད་སྦེ་ལོག་འོང་མས་ལོ་ཙིགཔ་ཟ་སྦེ་ ད་རུང་རང་ ཉལ་སྦེ་ནམ་མ་ལངམ་ཅིག་ཁ་ལུ་ གཉིད་ལོག་ཆི་ག་ ཁྱེད་ཆ་ཁྱབ་ ཟེརཝ་མས་ལོ། གཉིད་མ་ལོག་ ཨང་རྒས་ ཁྱོད་ཀྱི་བྱ་གིས་ཉམས་འཚེར་ཁག་ཁ་སྦེ་སྐད་རྐྱབ་མས་བ་ཏེ་ ཁྱོད་ཀྱི་བྱ་གིས་ གཉིད་ལོག་མ་བཅུག་ ཟེར་སླབ་སླབ་མས། ཨ་ལོག་འོང་སྦེ་ ག་ཅི་ལོ་ ཨང་རྒས་ལོང་འགྱོ་སྦེ་ བྱ་བསད་བཞག་ནུག་ཏེ་ བྱ་བསད་སྦེ་ ཏེ་ཨང་རྒས་ཀྱིས་ བྱ་ཡང་ཟ་ད་ནུག
  • ཕུན་ཚོགས་དབང་འདུས/Phuntsho Wangdi
    དེ་ལས་ ཆུ་ཡོདཔ་མས་ ཁྱིམ་སྦོ་ལོགས་ཁ་ལས་མར་ཆུ་ དེ་ལས་ ད་རུང་དྲི་ནུག ཁྱེད་ཆ་ཁྱབ་གཉིད་ལོག་ཆི་ག? ཧ་ལམ་ནམ་ལང་དོ་ཡོད་མས་འ་ན་ལསནི་ ཤར་ཨ་ཙི་མ་དཀརཝ་ཅིག་ཨིན་མས། བྱ་པོད་འདི་འབོ་འབོཔ་ཡོདཔ་མས། བྱ་པོད་འབོ་ནི་གི་དུས་ཚོད་རན་རནམ་ འོང་ནི་མས།
  • ཕུན་ཚོགས་དབང་འདུས/Phuntsho Wangdi
    ཨང་རྒས་ ཁྱོད་ཀྱི་ཆུ་གིས་སྐད་རྐྱབ་སྦེ་ ང་འདི་ ང་བཅས་གཉིས་ ང་བཅས་བུམོ་སྤུན་དྲུག་འདི་ གཉིད་ལོག་མ་བཏུབ་སྨེ་ ཨང་རྒས་ ཟེར་སླབ་ནུག་ལགས། དེ་ལས་ ཨང་རྒས་མོ་རའི་ཁྱིམ་རྩ་བ་ ཆུ་ལོགས་ཅིག་ཁ་ལས་བཅད་ནི་ཡོདཔ་བ་ལགས། རི་བཅད་པར་འགྱོ་སྡོདཔ་ད་ལུ་ དེ་ལསནི་ བྱོག་ཡར་སོ་འདུག་ལགས།
  • ཕུན་ཚོགས་དབང་འདུས/Phuntsho Wangdi
    ཁོང་ཚུ་གིས་ཏེ་ འ་ནས་རྐྱངམ་ཅིག་ ག་ཅི་ལོ་ ཨང་རྒས་འགྱོ་སྡོདཔ་ད་ མགྱོགས་པར་མགྱོགས་པར་ ཨང་རྒས་ཀྱི་བྱཱོ་ཕྱེ་འཐག་བཞག་མི་གིས་ ཀེབ་ཏ་བཟོ་སྦེ་ གཤོགཔ་བཟོ་སྟེ་ དེ་ལས་སྐྱ་སྒོགཔ་ཟ་ནི་མེན་པ་ འ་ནི་སྐྱ་སྒོགཔ་ཤིང་གིས་ སྒལ་ཚིགས་བཟོ་སྟེ་ དཔེ་འ་ནི་བཟུམ་གྱི་རིགས་ཚུ་ དང་ཕུགས་གཏམ་གྱི་རིགས་ཚུ་འ་ནི་བཟུམ་འདུག དེ་ལས་འཕུར་ཡར་སོ་འདུག འཕུར་འགྱོ་སྦེ་ཏེ།
  • ཕུན་ཚོགས་དབང་འདུས/Phuntsho Wangdi
    དེ་ལས་ ཁོང་བུམོ་དྲུགཔོ་ཆ་ར་བསྣར་ཏེ་འཕུར་འགྱོཝ་ད་ ནུམོ་ཆུང་ཤོས་འདི་ ག་དེ་སྦེ་ ལྷོང་བལྟ་རུང་ ལོང་མ་བཏབ་པར་ ལྷོདཔ་ཅིག་ཁ་ལས་ལོང་སྦེ་ ཏེ་འ་ན་ལས་ གཤོགཔ་བཟོ་བྱིནམ་ད་ལུ་ཏེ་ བྱའོ་མེད་པར་ ཤུལ་ཤུལ་ལུསཔ་ད་ ཨང་རྒས་ཀྱིས་ དཔའ་རྟགས་གཡུག་བཏངམ་ད་ཕོག་ཆི་ལོ། མོ་འདི་ ཞརཝ་ཐལ་ ཏེ་ད་ལྟོ་ བལྟ་སྨེ་ སྨིན་དྲུག་ དྲུག་གི་ནང་ན་ལས་ མོ་མཇུག་ལས་ཡོད་བ་ བསྣར་ཏེ་ཡོད་པའི་ནང་ལས་ གཅིག་མཇུག་ལས་ལུས་ནུག་མེན་ན་ འ་ནི་འདི་ ནུམོ་ཆུང་ཤོས་ཨིན་ལོ། སྨིན་དྲུག་མོ་སྤུན་དྲུག་ལས་ ཆུང་ཤོས་རང་མོ་ཨིན་པས།
  • ཕུན་ཚོགས་དབང་འདུས/Phuntsho Wangdi
    ཏེ་འ་ནི་འབད་རུང་ འཁྱིད་འབག་འགྱོཝ་སྦེ་ ལྷོད་ནུག་ལྷོད་ནི་འདི་ ལྷོད་རུང་ ཨེའེ་་་་ ཆུང་ཤོས་མ་ལྷོད་པས་མས། ཆུང་ཤོས་འདི་ལུས་ཡར་སོངཔ་སྦེ་ཏེ་ ཆུང་ཤོས་འདི་ ག་དེ་ཅིག་ལྷོང་རུང་མ་བཏུབ་པར་ ག་ཅི་ལོ་ གཤོགཔ་བཟོ་བྱིན་རུང་མ་བཏུབ་པར་ ལུས་སོ་འདུག་ནུམོ་ཆུང་ཤོས་འདི།
  • ཕུན་ཚོགས་དབང་འདུས/Phuntsho Wangdi
    དེ་ལས་ ནུབམོ་ཆུང་ཤོས་ལུས་སྦེ་ ད་ཅི་བཟུམ་སྦེ་ཅོག་འཐདཔ་སྦེ་ར་ཨིན། ནུབམོ་ཆུང་ཤོས་ལུས་སྦེ་ ཨང་རྒས་ཀྱིས་ཟ་ནི་གི་ཐབས་ཤེས་སྟོན་ཏེ་ འ་ན་ལས་ ག་ཅི་ལོ་ ག་ཅི་ལོ་ ཉིནམ་ཅིག་ཟེརཝ་ད་ ལྷིའུ་བརྡུང་བཅུག་བཞག་སྦེ་ དེ་ལས་མོ་གིས་ ད་ཅི་བཟུམ་སྦེ་ འབྲུ་སྣ་དགུ་འབག་སྦེ་ ཅོག་ར་འཐད་ འ་ནི་འདི་ འ་ནི་འགྱོ་སྟེ་ཡོད།
  • ཕུན་ཚོགས་དབང་འདུས/Phuntsho Wangdi
    འགྱོ་སྦེ་ཏེ་ རྟིང་བདའ་ཡི་ བདའ་ཡི་ བདའ་ཡི་ བདའ་ཡི་ བདའ་ཡི་ ད་རུང་རང་འ་ནི་སྦེ་ འབྲུ་སྣ་ཚུ་བཀོ་ཡི་རང་ཏེ་ གེ་ཟ་སྒྱོམ་སྟེ་ གེ་ཟ་སྒྱོམ་སྡོདཔ་ད་ལུ་ ད་རུང་ཀར་བཀོ་ ཀར་སྒྱོམ་སྡོདཔ་ད་ ད་རུང་རང་འ་ནི་བཟུམ་སྦེ་ འབྲུ་ནག་བཀོ་ ཨ་ནི་སྦེ་རང་ མོ་ཡང་ ཨ་ནི་ཨང་རྒས་ སྲིནམོ་ཨང་རྒས་ཀྱིས་ རྟིང་བདའ་འོང་སྟེ་ མཇུག་འདི་ཅོག་འཐདཔ་ཨིན། ཨ་ནི་སྦེ་འབདཝ་ད།
  • ཕུན་ཚོགས་དབང་འདུས/Phuntsho Wangdi
    དེ་ལས་ མཇུག་ལུ་ལྷོདཔ་ད་ མོ་གིས་པད་ཀ་མར་ཁུ་འབོར་བཞག་སྦེ་ མཚོ་ལས་མ་ཐལ་བར་སྡོདཔ་ད་ལུ་ ཡར་ཨ་ཅོ་ཟླ་དཀར་ བལ་ཐག་མ་གཏང་ལྕགས་ཐག་བཏང་ ཟེར་འབོ་སྟེ་ཡོད།
  • ཕུན་ཚོགས་དབང་འདུས/Phuntsho Wangdi
    དེ་ལས་ ཨ་ཅོ་ཟླ་དཀར་གྱིས་མགྱོགས་པ་མགྱོགས་པ་ག་ཏེ་འོང་ནི་ ད་ལྟོ་རྐྱངམ་ཅིག་ལོང་དོ་ཟེར་ དེ་ལས་ད་རུང་ ཨ་ཅོ་ཟླ་དཀར་ བལ་ཐག་མ་གཏང་ལྕགས་ཐག་བཏང་ཟེརཝ་ད་ དེ་ལས་ད་ལྟོ་རྐྱངམ་ཅིག་ དྲོ་མཛར་འབད་དོ་ཟེར།
  • ཕུན་ཚོགས་དབང་འདུས/Phuntsho Wangdi
    དེ་ལས་ ཨ་ཅོ་ཟླ་དཀར་བལ་ཐག་མ་གཏང་ལྕགས་ཐག་བཏང་ཟེརཝ་ད་ ད་དྲོ་མཛར་ཟ་དོ་ཟེར་ དེ་ལས་དྲོ་མཛར་ཟ་ཞིནམ་ལས་ དེ་ལས་རྐྱངམ་ཅིག་ཏེ་ ད་རུང་རང་ཨ་ཅོ་ཟླ་དཀར་ བལ་ཐག་མ་གཏང་ལྕགས་ཐག་བཏང་ཟེརཝ་ད་ དེ་ལས་ལྕགས་ཐག་བཀོ་སྟེ་ཡོད་ ཨ་ན་ལས་ལྕགས་ཐག་བཀོ་སྟེ་ དེ་ལས།
  • ཕུན་ཚོགས་དབང་འདུས/Phuntsho Wangdi
    སྨིན་དྲུག་ ཨ་ནི་ཆུང་ཤོས་ནུམོ་འདི་ འ་ནི་རྟིང་བདའ་འོང་མི་ཨང་རྒས་འདི་གིས་ ལྕགས་ཐག་ཐོག་ཁ་ལས་ཡར་འཛེགས་འགྱོཝ་ད་ལུ་ཏེ་ ཨང་རྒས་དང་ཨ་རྒས་ཀྱིས་རྟིང་བདའ་འོང་སྟེ་ བདའ་ཟིན་སག་ས་ བདའ་ཟིན་སག་ས་འབད་དེ་ ལྷོདཔ་ཅིག་ མི་ཐོག་ཅིག་དེ་ཅིག་མ་ལྷོདཔ་ཅིག་ལས་ དཔའ་རྟགས་བཀོ་བཏང་ཡི་ལོ། དཔའ་རྟགས་བཀོ་བཏངམ་ད་ལུ་ བརླད་དོ་ལུ་ཕོག
  • ཕུན་ཚོགས་དབང་འདུས/Phuntsho Wangdi
    འ་ནི་སྨིན་དྲུག་ ཆུང་ཤོས་འདི་ ད་ལྟོ་ སྨིན་དྲུག་མོ་སྤུན་དྲུག་ལས་ ཤུལ་ལས་སྦེ་འདུག་བ་ཏེ་སྨོ་ ཨ་ཙི་མཇུག་ལས་ འ་ནི་འདི་ ཞརཝ་ཡོད་ལོ། འ་ནི་དཔེ་འདི་ ག་ཅི་ལོ་ སྨིན་དྲུག་མོ་སྤུན་དྲུག་གི་གཏམ་ཟེར་ འ་ནི་ཨིན།