Video Overview
Kelzang Wangchuk from Lem village tells a story about six brothers. Because the youngest brother was apparently the weakest, his elder brothers tormented him. After their parents died, while dividing their parents’ possessions, the youngest brother asked to keep only his father’s dagger. Later, he decided to leave the village. The dagger had a history and religious power. Because he held the dagger, the youngest brother was appointed as the caretaker of a temple. He lived happily ever after. This story conveys the message that we should take good care of our parents’ property.
༉ སྲུང་གཏང་ནི་གི་སྲོལ་འདི་ འཛམ་གླིང་ག་ཏེ་ལུ་ཡང་ཡོདཔ་ཨིནམ་ད་ དམིགས་བསལ་དུ་ ཨ་རྒས་དང་ཨང་རྒས་ཚུ་གིས་ ཁོང་ར་གི་དི་བུ་དང་དི་བུམོ་ཚུ་གཉིད་ལོག་བཅུག་ནི་གི་ཐབས་ལུ་གཏང་དོ་ཡོདཔ་མས། དང་ཕུ་འབད་བ་ཅིན་ གློག་མེ་གི་མཐུན་རྐྱེན་དང་རྒྱང་མཐོང་ལ་སོགས་པའི་མཐུན་རྐྱེན་ཚུ་མེད་པའི་སྐབས་ལུ་ ཕྱི་རུ་ཧ་སུ་ཅིག་ཉལ་ གཉིད་ལོག་མ་བཏུབ་པའི་སྐབས་ལུ་ མགུ་ཧང་ཁར་བཀལ་ སྲུང་ཤེས་མི་ཚུ་གིས་ སྲུང་གཏང་སྦེ་སྡོད་དོ་ཡོདཔ་ད་ ད་རེས་ནངས་པར་འབད་བ་ཅིན་ ཕྱི་ཡི་མཚན་རིག་གི་ཁ་ཐུག་ལས་ གོང་འཕེལ་གྱི་འགྱུར་བ་ཚུ་འགྱོཝ་བཞིན་དུ་ཡོདཔ་ལས་ ཧེ་མ་བཟུམ་སྦེ་སྲུང་གཏང་ནི་གི་སྲོལ་མར་ཉམས་འགྱོ་སྟེ་ཡོདཔ་ཨིན། ཨིན་རུང་ ཧེ་མ་གི་མི་ཚུ་ད་རེས་ནངས་པར་ཡང་རེམ་གཉིསམ་ཡོདཔ་བཞིན་དུ་ བཀྲིས་སྒང་རྫོང་ཁག་ ཕོངས་མེད་རྒེད་འོག་ གླེམ་ལས་སྐལ་བཟང་དབང་ཕྱུག་གིས་ མ་འོངས་བུ་རྒྱུད་ཚུ་གི་དོན་ལུ་ བུ་ཚུ་དྲུག་གི་སྲུང་དེ་གཏངམ་ཨིན་པས། སྲུང་འདི་ནང་ དྭཝ་བུཚ་དྲུག་ཡོད་ས་ལས་ ནུ་གཅུང་ཆུང་ཤོས་འདི་ ཁ་མེད་དབང་མེད་འབདཝ་ལས་ ཕོ་རྒནམ་ཚུ་གིས་ སྡུག་སྦྱོང་འབད་བའི་མཐའ་མར་ ཉིནམ་ཅིག་འབདཝ་ད་ ཁོང་རའི་ཕ་མའི་རྒྱུ་ནོར་བགོ་བཤའ་རྐྱབ་པའི་སྐབས་ལུ་ ཆུང་ཤོས་འདི་དབང་ཚད་མེདཔ་ལས་ ཁོ་རའི་ཨ་པའི་སྒྲོ་གཟུགསམ་གཅིག་ལེན་མི་དེ་གིས་ ནམ་ཅིག་འབདཝ་ད་ སྒྲོ་གཟུགསམ་དེ་ལུ་བརྟེན་ཏེ་ དགའ་ཏོག་ཏོ་སྦེ་སྡོད་ནི་ཐོབ་ནུག སྲུང་འདི་གི་བརྗོད་དོན་འདི་ ང་བཅས་ར་ཕམ་གི་རྒྱུ་ནོར་ཚུ་ ཆུང་ཀུ་ཅིག་ལས་མེན་རུང་ བདག་འཛིན་འབད་དགོ་པའི་སྐོར་ལས་ཨིན་མས།
- Phongme
- Tashigang
- སྐལ་བཟང་དབང་ཕྱུགKelzang Wangchuk ཨ་པ་དང་ཨའི་འདིནི་མེདཔ་མས་ད་ ཨཔ་དང་ཨའི་ཤི་ཞིནམ་ལས་ བུ་སྤུན་དྲུག་གི་ བུ་སྤུན་དྲུག་འདི་ བགོ་བཤའ་རྐྱབ་ད་ལུ་ ཆུང་ཤོས་འདི་ ཁོ་འདི་ཁ་མེདཔ་ལས་ ཏེ་དབང་ཆུང་ཀུ་ར་ ཁོ་ཨིནམ་ལས་ ཨ་ཅོ་འདི་ཚུ་གི་དབང་ཆེ་ཤོས་སྦེ་ ཁོ་འདི་ཏེ་ སེམས་ཤི་ཏེ་ ཁོ་ཡདི་ཏེ་ད་ ང་ནི་ག་ནི་ཡང་མིན་དགོ ག་ར་ཁྱོད་ར་འདི་ཚུ་འབད་ ང་ནི་ག་ནི་ཡང་མིང་དགོ ཨིན་རུང་མེན་རུང་ ཨ་པ་གི་གྱི་ཅུང་རྐྱངམ་ཅིག་གནང་ ཟེར་སླབ་སླབ་མས། ཨ་པ་གི་གྱི་ཅུང་རྐྱངམ་ཅིག་གནང་ཟེར་སླབ་ཞིནམ་ལས་ གྱི་ཅུང་འབག་སྦེ་ ང་བཅས་བཟུམ་མའི་ལུངམ་པ་སྤང་ རོགས་མི་ཡུལ་གཞན་གྱི་ལུངམ་པ་ རྒྱལ་ཁབ་བཟུམ་ཅིག་ར་ སྤང་འགྱོཝ་ད་ལུ་ རོགས་ཟླ་གྲངས་ཚེས་བཅུ་ཚོགས་ས་ཅིག་ལུ་ལྷོད་དེ་ ཟླ་གྲངས་ཚེས་བཅུ་ཚོགས་ས་ལུ་ལྷོད་ས་ལུ་ ཏེ་རོགས་ཀྱིས་ ཁོ་ལུ་[རྩ་བ་པ་?]ཚུ་སེམས་དགའ་ ཁོ་ལུ་ལྟོ་བྱིན་ ཆང་བྱིན་ ཏེ་ཆང་གིས་ར་བཟི་སྟེ་ ཁོ་ལྷ་ཁང་ནང་ལུ་ར་ལུས་སོངཔ་མས། ཏེ་ཆང་གིས་ར་བཟི་བཟི་ར་འཐུང་སྟེ།
- སྐལ་བཟང་དབང་ཕྱུགKelzang Wangchuk དཀོན་གཉེར་གྱིས་ཡང་བཏོན་བཏང་སྦེ་ ཏེ་[རྩ་བ་པ་?]ཚུ་འདི་ ཧེ་མ་ལས་ར་འཐོན་སོང་སོངཔ་མས། དཀོན་གཉེར་གྱིས་ལྡེ་མིག་རྐྱབ་འབག་ ཁོ་ནང་ན་བསྡམས་བཞག་སྦེ་ ཏེ་ཁོ་ཨ་ཕི་བཟུམ་ནང་སྡོད་སྡོདཔ་མས། སྐུ་འདི་ཚུ་འདི་ འ་ནཱི་བཟུམ་བཀྲམ་སྟེ་ཡོདཔ་མས་ཏེ། ཏེ་ཨ་ཙི་ཁ་ལས་ ཚན་དགུང་འབྱིད་འབྱིད་ལུ་ སྐུ་གི་ལྷ་པ་ལས་མར་ ཏེ་ [སེབ་ཤ་?] འཐེནམ་མས་ལོ། [སེབ་ཤ་?] འཐེནམ་ད་ལུ་ ཁོ་གི་གྱི་ཅུང་གིས་ཡང་ ཕར་འཐེནམ་མས་ཟེར་ཨིན་མས། ཁོ་ལུ་འདི་ སྒྲོ་གཟུགསམ་ཡོདཔ་མས། དེ་ལས་ ཧ་ལམ་ཅིག་ལས་ [སེབ་ཤ་?] ཕར་ཁ་ཐུག་ གཡས་ཁ་ཐུག་ལས་ཅིག་འཐེན་མས་ལོ། ཁོ་གི་ཡང་འཐེན་འགྱོཝ་མས་ལོ་ཤུབས་ནང་ལས། ད་རུང་ གཡོན་ཁ་ཐུག་ལས་འཐེན་མས་ལོ་ ད་རུང་ཁོ་གི་ཡང་འཐེན་མས་ལོ། ཧ་ལམ་ཅིག་ལས་ སྐུ་ག་ར་ལོང་ནུག་ལོ་ཡར་ལས་མར། ཁོ་གི་གྱི་ཅུང་འདི་ ཏེ་ཁོ་ར་འདྲོག་སྟེ་ ཁོ་ར་འདི་ དྲན་མེད་བརྒྱལ་ནུག་ལོ། དེ་ལས་ ཁོ་ར་འདི་ དྲན་མེད་བརྒྱལ་སྡོདཔ་ད་ གྱི་ཅུང་གིས་འཐེན་འགྱོ་ནུག་ལོ། འཐེན་འགྱོ་སྦེ་ ཏེ་འཛིང་ ཏེ་གྱི་ཅུང་གིས་འཛིང་ ཧ་ལམ་ གནམ་ལང་ནི་འབདཝ་ད་ སྐུ་འདི་ཚུ་ ཏ་རིང་ཏེ་རེང་ བརྡབས་བཏང་ནུག་ལོ་གྱི་ཅུང་ཅིག་གིས་ རྒྱལ་ཏེ། ཏེ་ཁོ་ར་འདི་ གནམ་ལང་རུང་ དྲན་པ་མ་ལྷོད་པས་ཟེར་ཨིན་མས། ཁོ་ར་དྲན་མེད་བརྒྱལ་ཏེ་ར་འདུག་ཟེར་ཨིན་མས། ཏེ་གནམ་ལངམ་ད་ དཀོན་གཉེར་འོང་བལྟཝ་ད་ སྒོའི་རྒྱབ་ཁར་བརྒྱལ་སོག་ནུག་ཟེར་ཨིན་མས་ ཁོ་ར་འདི། སྐུ་འདི་ཚུ་འདི་ ཏ་རིང་ཏེ་རེང་བརྒྱལ་སོང་ ཏེ་སྐུ་ལོག་ལོང་ནི་མེད་ ཁོ་ར་ཡང་བརྒྱལ། ཏེ་ཁོ་ར་ཡང་བརྒྱལ་ཞིན་ལས་ དཀོན་གཉེར་ལྷོད་ཞིནམ་ལས་ ཁོ་ར་འདི་ལྷོང་།
- སྐལ་བཟང་དབང་ཕྱུགKelzang Wangchuk དེ་ལས་ དཀོན་གཉེར་གྱིས་ སྦྱིན་བདག་ཚུ་ལུ་སླབ་སྟེ་ ད་འ་ནཱ་ ཁ་ཙ་སྤྱང་ཀ་ལྷོད་མི་འདི་གིས་ ད་ཁོ་གིས་ སྐུ་འདི་ཚུ་ཏ་རིང་ཏེ་རེང་ བརྡབས་བཏང་ཚུགས་ནུག་ཟེར་སླབ་ ད་ཁོ་འབདན་སངས་རྒྱས་ཅིག་ཨིན་མས་ཟེར་ ད་ང་བཅས་དམངས་ཚུ་འཛོམས་ཤིག་ཟེར་ དམངས་ཚུ་འཛོམས་བཅུག་ཏེ་ ཁོ་ལུ་འདི་ ཏེ་ད་དཀོན་གཉེར་འདི་ཁོ་དྲག་ནི་མས་ཟེར་ ཁོ་འདི་དཀོན་གཉེར་བསྐོས་ ཁོང་ལུང་པའི་མི་ཚུ་འདི་ སྦྱིན་བདག་འབད་དེ་ སྡོད་ཅི་ཟེར་ཨིན་མས།
- སྐལ་བཟང་དབང་ཕྱུགKelzang Wangchuk ཏེ་ ང་བཅས་ཕམ་ཚུ་གིས་ ད་ལྟོ་ཅ་ལ་འདི་ སྣ་གཅིག་འདི་ ཐོབ་ཚུགསཔ་ར་འབད་དགོ་ཟེར་མི་འདི་ འ་ནཱི་ཨིན་མས་ དོན་དག་འདི་ འ་ནཱི་སྦེ་ཨིན་མས་ད།། །།