Skip to main content Skip to search
29 Jan 2016
14 min 31 sec
Video Overview
Creators: 
Sonam Tobgye, Sangay Tshomo

This story has a dreamlike quality. It is about a single mother and her three children. The three boys head out individually in different directions. The two older ones return as corpses. The story gives an account of what happened to those two boys.

 

མོང་སྒར་སྔ་ཚང་ལས་ ཕུན་ཚོགས་དབང་འདུས་ཀྱིས་གཏང་མི་ ཨའི་མོ་རེངསམོ་དང་བུ་སྤུན་གསུམ་གྱི་སྲུང་དེ་ མི་རིག་པ་ཅན་ཅིག་གིས་བཟོ་བཟོཝ་གི་སྲུང་ཅིག་ཨིན་མས། ཡང་ཅིན་ གཉིད་ལམ་མཐོང་མཐོངམ་གི་སྲུང་ཅིག་འོང་ནི་མས། ག་དེ་སྦེ་ ཟེར་བ་ཅིན་ བུ་སྤུན་གསུམ་ཡོད་ས་ལས་ ཁོང་གསུམ་ཆ་ར་ རང་རང་སོ་སོ་སྦེ་འགྱོ་མི་འདིན་ ནུ་ཅུང་ཆུང་ཤོས་ཅིག་མ་གཏོགས་ ཨ་ཅོ་གཉིསན་ ལོག་མ་ལྷོདཔ་མ་ཚད་ ཤུལ་ལས་ཡང་ རོ་གཅིག་ལས་མ་ཐོབ་པས་ འ་ནི་འབདཝ་ད་ ཨ་ཅོ་གཉིས་ ལམ་ཁར་ག་ཅི་འབད་ཡི་གའི་སྐོར་ ལོ་རྒྱུས་ཚུ་ཡང་འཐོན་ནི་འདུག དེ་འབདཝ་ལས་ སྲུང་ངོ་མ་སྦེ་མེན་པར་ རིག་པ་ཅན་ཅིག་གིས་བཟོ་བཟོ་བཟུམ་ཅིག་དང་ ཡངན་ གཉིད་ལམ་ནང་མཐོང་མཐོངམ་གི་སྲུང་བཟུམ་ཅིག་ཨིན་མས།

 

Transcript search
No results found for this search
0 of 0
  • ཕུན་ཚོགས་དབང་འདུས།/Phuntsho Wangdi
    དང་ཕུགས་ལགས། ང་བཅས་ར་ ཨའི་མོ་རེངསམོ་གཅིག་ལུ་ ཨ་པ་མེད་པའི་བུ་སྤུན་གསུམ་ཡོདཔ་མས། ཕོ་སྤུན་གསུམ། དེ་ལས་ ཨ་ཅོ་དང་འ་ནི་བར་ན་སྐོརམ་གི་མིང་འདི་ དཔྱད་རི་མིན་འདུག ནུ་གཅུང་འདི་ སྤྲུལ་པའི་གཡང་ཀུ་ཟེར་སླབ་དོཝ་ཨིན་མས་ལགས། གསུམ་ཡོདཔ་མས།
  • ཕུན་ཚོགས་དབང་འདུས།/Phuntsho Wangdi
    གསུམ་ཡོདཔ་ད་ལུ་ སྲིན་ཡུལ་ལུ་མེན་་་་ བྱ་རྡོ་རུ་ཟེར་ བྱ་སྦོམ་གླངམོ་ཆེ་བཟུས་སྦེ་ བྱ་སྦོམ་ཅིག་ཡོདཔ་མས། དཔེ་འབད་བ་ཅིན་ ཅ་ལ་ག་ཅི་ཨིན་རུང་ ཐངམ་བརྡལ་བཞག་སྟེ་ཡོད་རུང་ ཐངམ་ཡང་འཐུ་འབག གེ་ཟ་བརྡལ་བཞག་བཞག་ཡོད་པ་ཅིན་ གེ་ཟ་ཡང་འཐུ་འབག དེ་ལས་ ཀར་ལོ་ ནག་ལོ་ བྱཱོ་ལོ་ རྒྱ་རེད་ལོ་ ག་ཅི་བརྡལ་བཞག་ཡོད་རུང་ འཐུ་འབག་དོཝ་མས། ༼པར་རི་/ཐངམ་བརྡལ་སའི་ཅ་ཆས་ཅིག༽དང་སྦྲགས་འབག་འགྱོ་དོཝ་མས། བྱ་གནམ་མེད་ས་མེད་སྦོམ། བྱ་རྡོ་རོ་ཟེར་ ཏེ་མི་ཡང་ཟ་དོ་ཡོདཔ་མས། སྲིནམོ་ཨིན་མས་ཨིན་རང་། ཏེ་མི་ཡང་ཟ་དོ་ཡོདཔ་མས།
  • ཕུན་ཚོགས་དབང་འདུས།/Phuntsho Wangdi
    ཉིནམ་ཅིག་འབདཝ་ལུ་ ཨ་ནི་བུཚུ་གསུམ་འདི་ ཚོང་རྐྱབ་དོ་ཡོདཔ་མས། ཚོང་རྐྱབ་ ཨའི་ཡང་ལོ་རྒས་ཏེ་ ཚོང་རྐྱབ་ད་ལུ་ ཉ་བཏོན་འོང་འོངམ་མས། ཉ་གནམ་མེད་ས་མེད་འབག་འོང་སྟེ་ ཉ་ཏེ་ སྟོང་ལོ་ཟེར་ སྦོམ་འོང་ལོ་དང་ཕུགས། འ་ནི་སྟོང་ལོ་ལུ་སྐམ་སྟེ་ ཉི་མར་སྐམ་སྐམ་གྱི་ཚུལ་ཨིན་མས། སྐམ་བཅུག་དགོ་པས་ སྐམ་བཞག་བཞགཔ་འདི་ འ་ནི་བྱ་གཅིག་ ག་ཏེ་ཐོནམ་མ་ཐོན་ཐོནམ་མ་ཤེསཔ་ཅིག་ཁ་ལུ་ འོང་སྦེ་འཐུ་འབག་ཡར་སོ་ཡི་ལོ། ཉ་འཐུ་འབག་སོང་།
  • ཕུན་ཚོགས་དབང་འདུས།/Phuntsho Wangdi
    དེ་ལས་ཏེ་ ཨའི་ཡང་གནམ་མེད་ས་མེད་ངལ་མ་རངས་པར་ ཡ་ཁྱེད་ཆ་ཁྱབ་ འ་ནི་བྱ་རྡོ་རོ་ཟེར་མི་འདི་གསད་ནི་གི་ ཁྱེད་གསུམ་གྱིས་ཐབས་ཤེས་འབད་མ་རེད་སྨེ་ ང་འདི་ད་ལོ་རྒས་སོ་ཡི། ཤི་ནི་མས་ཤི་ཡང་ ཏེ་ཨའི་གིས་ཁ་འཆེམས་བཞག་སྟེ་ ཨའི་འདི་ཤི་ཡང་ཤི་ནུག ཨའི་དགེ་བ་དགེ་རྩ་ཚུ་བསྒྲུབས་ཚར་སྦེ་ དེ་ལས་ བྱ་རྡོ་རོ་གསད་ནི་སྦེ་ཏེ།
  • ཕུན་ཚོགས་དབང་འདུས།/Phuntsho Wangdi
    མགརཝ་འཁྱིད་འབག་འོང་སྦེ་ དེ་ལས་ མདའ་དང་གཞུ་ཚུ་ལྕགས་ཀྱི་མདའ་བཟོ་ མདའ་འདོམ་གསུམ་གསུམ་འབད་མི་རེ་བཟོ་སྦེ་ རྣམ་ཅོག་ གཉིས་ལས་འགོ་བཟུང་ ༣ ༤ ༥ ༦ ༧ ༨ ༩ ཚུན་ཚོད་ མདའ་རྣམ་ཅོག་དགུ་ ལྕགས་མདའ་ འ་ནི་བཟུམ་བརྡུངས་སྦེ་ ཁོང་གསུམ་ གསད་པར་འགྱོ་ནི་དོན་ལས་ཧེ་མ་ར་ ཕོ་རྒནམོ་གིས་ཁས་བླངས་འབད་ནུག ང་གིས་གསད་པར་འགྱོ་གེ་སྨེ་ཟེར་ ཏེ་འགྱོཝ་ད་ལུ་ ཧ་ལམ་ ཉིན་ཞག་བདུན་དེ་ཆིག་འགྱོ་དོ་ཡོདཔ་མས་ལམ་ཡང་ ལམ་འགྱོཝ་ད་ལུ་ ཧེ་མ་ར་ མི་འཕྱདཔ་མས་ལོ།
  • ཕུན་ཚོགས་དབང་འདུས།/Phuntsho Wangdi
    ཡ་ ག་ཏེ་འགྱོ་སྨོ་ཁྱོད་ཟེརཝ་མས་ལོ། ང་བྱ་རྡོ་རུ་ཟེར་མི་འདི་གསད་པར་འགྱོཝ་ཨིན། ང་འ་ནི་བཟུམ་སྦེ་ ཉ་འཐུ་འབག་ཡར་སོ་ཡི། ཁོ་དམ་བཏགས་པར་འགྱོཝ་ཨིན། ང་གིས་གསད་པར་འགྱོཝ་ཨིན། ཟེར་སླབ་སླབ་མས།
  • ཕུན་ཚོགས་དབང་འདུས།/Phuntsho Wangdi
    ཡ་ ཁྱོད་ཀྱིས་བྱ་རྡོ་རུ་གསད་ཚུགས་པ་ཅིན་ འ་ནི་ལྕགས་ཀྱི་སླ་ང་དགུ་ཡོད། ཏེ་མདའ་རྐྱབ་ད་ ལྕགས་ཀྱི་སླ་ང་འདི་ གཟུགསཔ་ཚུགས་པ་ཅིན་ ཧོག་ཀ་སྤེད་ཚུགས་པ་ཅིན་ ཁྱོད་ཀྱིས་བྱ་རྡོ་རུ་འདི་གསད་ཚུགས། འ་ནི་ཧོག་ཀ་སྤེད་མ་ཚུགས་པ་ཅིན་ ཁྱོད་ཀྱིས་བྱ་རྡོ་རུ་གསད་མི་ཚུགས་ ཟེར་སླབ་སླབ་མས།
  • ཕུན་ཚོགས་དབང་འདུས།/Phuntsho Wangdi
    ཡ་ཡ་ ང་རྐྱབ་བལྟ་གེ་ཟེར་ དེ་ལས་ཁོ་གི་མདའ་རྣམ་ཅོག་དགུཔ་འདི་འཐེན་སྦེ་ གནམ་མེད་ས་མེད་ཤུགས་འབད་ར་ རྐྱབ་བལྟ་བལྟཝ་མས། རྐྱབ་སྦེ་ སླ་ང་གཉིས་རྐྱངམ་ཅིག་ཧོག་ཀ་སྤེད་ཚུགས་ཚུགསཔ་མས། དེ་ལས་ གསད་མི་ཚུགས་ནི་མས་ མ་འགྱོ་ཁྱོད་ཟ་འོང་ ཟེར་སླབ་སླབ་མས།
  • ཕུན་ཚོགས་དབང་འདུས།/Phuntsho Wangdi
    ཟ་རུང་ཟ་བཅུག་ ང་གིས་ཁོ་གསད་རང་གསད་ནི་ཟེར་ ཏེ་སོག་རལ་ནང་ན་གི་མདའ་འབག་ གཞུ་འབག་སྟེ་འགྱོ་སྦེ་ བྱ་རྡོ་རུ་གི་ཨའི་འདི་ ལམ་ཁར་ཡོད་མས། ཁྱིམ་སྦ་སྒོར་ཅིག་འདུག་ལོ། ཨིན་ཅི་མིན་ཅི་ གནསཔོ་འདི་ན་རང་སྡོད་དགོཔ་ཨིན་པས།
  • ཕུན་ཚོགས་དབང་འདུས།/Phuntsho Wangdi
    དེ་ལས་འ་ནི་ཨང་རྒས་འདི་གིས་ གནོདཔ་སྐྱེལ་དོ་ཡོདཔ་མས། གཞུ་ཐག་སོ་བཏབ་ འ་ནི་སྦེ་གནོདཔ་སྐྱེལ་དོ་ཡོདཔ་མས། ཏེ་གནསཔོ་ཕར་སྡོད་ཟེར་སྡོད་དེ་ ལྟོ་ཡང་ཟ་སྦེ་ ག་ཏེ་འགྱོ་ནི་སྨོ་ཟེརཝ་ད་ ང་བྱ་རྡོ་རུ་གསད་པར་འགྱོཝ་ཨིན། གནསཔོ་ཅིག་བརྙའ་སྡོད་དགོ་པས་ ཨང་རྒས་གནསཔོ་བརྙའ་གེ་ཟེརཝ་ད་ སྡོད་ཟེར་ ཕར་སྡོད་སྦེ་ ལྟོ་ཟ་བཅུག་སྦེ་ དེ་ལས་ཨང་རྒས་ཀྱིས་སླབ་མས་ལོ།
  • ཕུན་ཚོགས་དབང་འདུས།/Phuntsho Wangdi
    ནུབ་མོ་ཙ་ཙ་ཙི་ཙི་ཟེརཝ་ཅིག་ལེ་ཤ་འབད་ནི་ཡོད་སྨེ་ ང་གི་ནཱ་ལུ་ཟེར་ ཏེ་སྤྱན་གཟིམ་དཀྲོགས་འོང་ ག་ཅི་ཡང་མི་འབད་ཁྱོད་ར་སྨེ་ ཁྱད་ར་མེདཔ་སྦེ་ཉལ་ད་ སེམས་ཚ་གྱང་འབད་མི་དགོ་ཟེརཝ་མས་ལོ། དེ་ལས་ཉལ་ནུག
  • ཕུན་ཚོགས་དབང་འདུས།/Phuntsho Wangdi
    ཉལ་སྦེ་གཉིད་མ་ཚོར་བར་ ནངས་རཔ་འབདཝ་ད་ གཞུ་ཐག་དམ་དུམ་བཏང་བཏོག་ད་ནུག་ལོ་ལགས། གཞུ་ཐག་ཚུ་ཟ་བཞག ཟ་རུང་བཏུབ་ཟ་བཅུག འགྱོ་ནི་ཟེར།
  • ཕུན་ཚོགས་དབང་འདུས།/Phuntsho Wangdi
    དེ་ལས་ཡར་སོ་ནུག འགྱོ་སྦེ་ཉིན་ཞག་བདུན་ཟེརཝ་ད་ ཏེ་བྱ་རྡོ་རུ་རྩ་བ་ལྷོདཔ་ད་ལུ་ ཕར་ཉིམ་བསྲོ་སྦེ་སྡོད་ནུག་ལོ། གླངམོ་ཆེ་ཉལ་ཉལཝ་བཟུམ་སྦེ་ གནམ་མེད་ས་མེད་སྦོམ་ཡོདཔ་མས་ཏེ་ བྱ་ནགཔོ་ཏེ་ གཤོག་སྒྲོ་ཕར་ཚུར་དཔྱངས་སྦེ་ ཕར་སྒྱིར་ཚུར་སྒྱིར་ འ་ནི་སྦེ་ཉིན་བསྲོ་སྡོད་ནུག་ལོ་ལགས།
  • ཕུན་ཚོགས་དབང་འདུས།/Phuntsho Wangdi
    དེ་ལས་ཁོ་གི་ལྕགས་གཞུ་འདི་རྒོད་བཀལ་ འ་ནི་ལྕགས་མདའ་རྣམ་ཅོག་དགུཔ་འདི་བཏོན་སྦེ་ ཆོས་སྐྱོང་སྲུང་མ་ཚུ་ལུ་སྨོན་ལམ་བཏབ་སྦེ་ མདའ་རྐྱབ་ནི་སྦེ་ ཁོ་གཉིད་ཐལ་ཐལཝ་ཡང་དཀྲོགས་ད་ནུག་དེ་ལས།
  • ཕུན་ཚོགས་དབང་འདུས།/Phuntsho Wangdi
    བྱ་རྡོ་རུ་གཤོག་སྒྲོ་ཡར་སེང་ཟེར་ རྫོང་ཁ་འབད་ར་སླབ་ཏེ་ཡོད་འ་ནི། དེ་ལས་ མདའ་ཨ་ནི་སྦེ་འཐེན་ཏེ་ ཕར་རྐྱབ་ནི་སྦེ་མདའ་གཏདཔ་ཅིག་ མདའ་ཕར་མ་བཏངམ་ཅིག་གི་ནང་ན་ ཕར་ལས་ཚུར་འཕོར་འཕོར་འོངམ་ཅིག་ ལྐོད་མར་བཏང་ད་ཡི་ལོ་ལགས། ཟ་བཞག་ཡི་ལོ་ལགས།
  • ཕུན་ཚོགས་དབང་འདུས།/Phuntsho Wangdi
    དེ་ལས་ ཕོ་རྒནམ་ལྷོད་ནི་མེད་པར་ ཕོ་རྒནམ་ལྷོད་ནི་མིན་འདུག ཕོ་རྒནམོ་འདི་ལྷོད་ནི་མིན་འདུག་སྨོ་ད་ ཟ་ཟ་འོང་ནི་མས་ད་ ད་ཁོ་གསད་པར་འགྱོ་ནི་སྨེ་ད་ཟེར་ ཕོ་རྒནམོ་བར་ན་སྐོརམ་འདི་ མདའ་གཞུ་ཚུ་བརྡུངས་སྦེ་ གྲ་སྒྲིག་ཡོད་བ་ཏེ་ འབག་འོང་སྦེ་ ད་རུང་རང་ལམ་ཁར་མི་ཅིག་འཕྱདཔ་མས་ལོ། ག་ཏེ་འགྱོཝ་སྨོ་ཟེརཝ་ད་ བྱ་རྡོ་རུ་གསད་པར་འགྱོཝ་ཨིན་ཟེར། ཡ་ཏེ་བྱ་རྡོ་རུ་གསད་ཚུགསཔ་ཟེར་བ་ཅིན་ འ་ནི་ལྕགས་ཀྱི་སླ་ང་དགུཔ་འདི་ཧོག་ཀ་སྤེད་ཚུགས་པ་ཅིན་ ཁྱོད་ཀྱིས་གསད་ཚུགས་ འ་ནི་ཧོག་ཀ་སྤེད་མ་ཚུགས་པ་ཅིན་ ཁྱོད་ཀྱིས་བྱ་རྡོ་རུ་གསད་མི་ཚུགས་ཟེར་།
  • ཕུན་ཚོགས་དབང་འདུས།/Phuntsho Wangdi
    དབའེ་ ཨིན་ན་ཟེར་ ང་རྐྱབ་བལྟ་གེ་སྨེ་ཟེར་ ཏེ་ཤུགས་འབད་ར་ཚ་གཏད་སྦེ་རྐྱབ་བལྟཝ་ད་ ལྕགས་ཀྱི་ལྷ་ང་གསུམ་འདི་སྤེད་ཅི་ལོ་ཁོ་གིས། འབད་མ་ཚུགས་པས་ ཏེ་ཧོག་ཀ་སྤེད་མ་ཚུགས་ད་ བྱ་རྡོ་རུ་གསད་མི་ཚུགས་ཁྱོད་ཀྱིས། ད་ཁྱོད་ཡར་སོང་ ཟེར་སླབ་སླབ་མས།
  • ཕུན་ཚོགས་དབང་འདུས།/Phuntsho Wangdi
    ཨ་ཚར་གཅིག་འདི་གདོང་ལན་འབད་རང་འབད་ནི་ཟེར་ ང་གིས་ཁོ་གསད་ར་གསད་ནི་ ང་ཐད་རི་བ་ཡི་འགྱོ་ནི་ཟེར་འགྱོཝ་ད་ ད་རུང་རང་ཨང་རྒས་ཀྱི་ཁྱིམ་ན་ལྷོད་དེ་ དེ་ལས་ཨང་རྒས་འབད་སར་གནསཔོ་བརྙའ་སྦེ་ ཉལ་ནུག བྱ་རྡོ་རུ་གི་སྐྱེ་བའི་ཨའི་ཨིན་མས། སྲིན་པོའི་གཡུས་ལུ་མ་ལྷོདཔ་ཅིག་ཁ་ལུ་ ཞག་གཅིག་ཉལ་དགོ་དོ་ཡོདཔ་མས།
  • ཕུན་ཚོགས་དབང་འདུས།/Phuntsho Wangdi
    དེ་ལས་དོ་རུང་སླབ་མས་ལོ། ཙ་ཙ་ཙི་ཙི་ཟེརཝ་ལེ་ཤ་རང་འབད་ནི་ཡོད་སྨེ་ ལེགས་ཤོམ་སྦེ་ཉལ་ ཁྱོད་ར་ག་ནི་འབད་མི་དགོ་ཟེར་ བདེན་བདེན་ར་ནངས་པར་འབདཝ་ད་ལོང་བལྟ་ད་ལུ་ གཞུ་ཐག་ག་ར་དམ་དུམ་བཏང་ཟ་ནུག་ལོ། ད་རུང་རང་འགྱོ་སྦེ་ བྱ་རྡོ་རེ་འདི་ཉིམ་བསྲོ་སྦེ་ཉལ་ནུག་ལོ་ད་རུང་ ཁོནི་ མི་ཟ་ཡི་ཟ་ཡི་ ཕོ་འགྲངས་ཏེ་ཉལ་སྡོད་སྡོདཔ་མས།
  • ཕུན་ཚོགས་དབང་འདུས།/Phuntsho Wangdi
    དེ་ལས་ད་རུང་ཁོ་གི་མདའ་ ཕོ་རྒདམོ་བཟུམ་སྦེ་ར་ ཁོ་གིས་མདའ་འབག་སྟེ་ཡོད་བ་ཏེ་ མདའ་འདི་གཞུ་གུ་བཀལ་སྦེ་ ཏེ་བྱ་རྡོ་རུ་ཁྱོད་གཤོག་སྒྲོ་ཡར་སེང་ ཟེར་སླབ་སླབ་མས། ད་རུང་ དེ་ལས་མདའ་གཞུ་གུ་བཀལ་སྦེ་མ་བཏངམ་ཅིག་ཁ་ལུ་ ད་རུང་ ཁོ་ཟ་བཞག་ནུག་ད་རུང་ དེ་ལས་ གཉིས་རྫོགས་སོ་ཡི་བ་ཏེ་ ཕོ་རྒནམོ་གཉིས་ ཕོ་རྒནམོ་སྦོམ་ཤོས་ ཕོ་རྒནམོ་བར་ན་སྐོརམ་ཡང་རྫོགས།
  • ཕུན་ཚོགས་དབང་འདུས།/Phuntsho Wangdi
    དེ་ལས་ ནུ་ཅུང་ཆུང་ཤོས་ སྤྲུལ་པའི་གཡང་ཀུ་ཟེར་མི་འདི་ ཁོ་འདི་སྤྲུལ་པ་ཅིག་སྡོད་སྡོདཔ་ཨིན་མས། མ་པ་ཁོ་སངས་རྒྱས་སྤྲུལ་པ་ཅིག་སྡོད་སྡོདཔ་མས། དེ་ལས་ ཁོ་འགྱོ་ནི་ཨིན་མས་འ་ན་ལས་ ད་ང་འགྱོ་ནི་སྨེ་ད་ ཕོ་རྒནམ་གཉིས་འདིནི་མ་ལྷོད་ ཟ་ཟཝ་རང་ཨིན་ཟེར་ ད་ང་དང་གཅིག་ཁར་འཕྱད་ནི་ ང་དང་གཅིག་ཁར་འཕྱད་ནི་ ཟེར་འགྱོ་སྦེ་ ལམ་ཁར་ད་རུང་རང་མི་ཅིག་འཕྱད་དེ་ཡོདཔ་མས། མི་ཁོ་འདི་ཡང་སྤྲུལ་པ་ཅིག་སྡོད་སྡོདཔ་མས། ལམ་ཁར་འ་ནི་བཟུམ་ འབད་ཚུགས་ཟེར་བ་ཅིན་ རྟགས་མཚན་འདི་ རྟགས་དང་མཚན་འདི་སྟོན་ནི་གི་དོན་ལུ་ཨིན་མས། འབད་ཚུགས་པ་ཅིན་གསད་ཚུགས། ཏེ་སླ་ང་དགུཔ་འདི་གསོཔ་མ་ཚུགས་པ་ཅིན་ གསད་མི་ཚུགས་ ཟེར་བའི་ཁོ་གིས་སླབ་སྦེ་འ་ནི་སྦེ་འབད་ནི་ཨིན་མས། འ་ནི་སྦེ་འཕྱད་ནུག་ད་རུང་།
  • ཕུན་ཚོགས་དབང་འདུས།/Phuntsho Wangdi
    ག་སྟེ་འགྱོ་ནི་ཟེརཝ་ད་རང་ བྱ་རྡོ་རུ་གསད་པར་འགྱོ་དོ་ཟེར་ ཏེ་བྱ་རྡོ་རུ་གསད་ཚུགས་ནི་ཟེར་བ་ཅིན་ ལྕགས་ཀྱི་སླ་ང་དགུཔ་འདི་ཧོག་ཀ་སྤེད་ཚུགས་པ་ཅིན་ མདའ་གིས་ཧོག་ཀ་སྤེད་ཚུགས་པ་ཅིན་ ཁྱོད་ཀྱིས་བྱ་རྡོ་རུ་གསད་ཚུགས་ཟེར་ འ་ནི་ལྕགས་ཀྱི་སླ་ང་དགུཔ་འདི་ཧོག་ཀ་སྤེད་མ་ཚུགས་པ་ཅིན་ བྱ་རྡོ་རོ་གསད་མི་ཚུགས་ ཁྱོད་ལོག་ཡར་སོང་ཟེར་ ཁྱོད་ར་རྐྱབ་བལྟ་ད་ ག་དེ་སྦེ་ར་ཨིན་རུང་ དེ་ལས་ཤིང་ཅིག་གུ་གཏད་སྦེ་ སླ་ང་དགུཔ་བརྩེགས་ཞིན་ན་ དེ་ལས་ཁོ་གི་ལྕགས་མདའ་རྣམ་ཅོག་དགུཔ་འདི་ ཚ་གཏད་སྦེ་རྐྱབ་ད་ལུ་ཏེ་ སླ་ང་དགུཔ་ཧོག་ཀ་སྤེད་སྦེ་ ཕར་ཤིང་ཡང་སྒྲོ་ཤུགས་ཐོན་ཡར་སོ་ཡི་ལོ།
  • ཕུན་ཚོགས་དབང་འདུས།/Phuntsho Wangdi
    ཡ་ ཁྱོད་ཀྱིས་བྱ་རྡོ་རུ་གསད་ཚུགས་ནི་མས། ལུང་བསྟན་ཁྱོད་ལུ་འདུག་ཟེར་ ཁྱོད་ཚ་གྱང་སྡུག་བསྔལ་འབད་མི་དགོ་ཁྱོད་ར་སྨེ་ ཟེར་སླབ་སླབ་མས། དེ་ལས་འགྱོ་སྦེ་ ཏེ་ལམ་ཁར་སྲིན་ཡུལ་ལུ་མ་ལྷོདཔ་གི་ནང་ན་ཏེ་ ཨང་རྒས་ཅིག་གི་ཁྱིམ་ནང་གནསཔོ་བརྙའ་དགོ་བ་ཏེ་ བྱ་རྡོ་རུ་གི་ཨའི་ཨིན་མས། འ་ནི་ཕར་གནསཔོ་བརྙའ་སྟེ་ གནསཔོ་བརྙའ་གེ་ཟེརཝ་ད་ གནསཔོ་སྡོད་ཟེར་སྡོད་དེ།
  • ཕུན་ཚོགས་དབང་འདུས།/Phuntsho Wangdi
    ནུབ་མོ་ཙ་ཙ་ཙི་ཙི་ཟེརཝ་ཅིག་འབད་ནི་ཡོད་སྨེ་ནུ་གཅུང་ ཁྱོད་ར་ཚ་གྱང་འབད་མི་དགོ་ ལེགས་ཤོམ་སྦེ་ཉལ་སྨེ་ བོང་བོ་སྦེ་ཉལ་ཟེར་ ཡ་ཡ་བཏུབ་བཏུབ་ཟེར་སླབ་སྦེ་ ཉལ་སྡོདཔ་ད་བདེན་བདེན་ར་ཨང་རྒས་ཀྱིས་ཏེ་ བྱི་ཙི་ལུ་སྤྲུལ་འོང་མས་ལོ། ཨ་ཁོ་གིས་ ཁོ་གི་གཞུ་གིས་དྲངས་བཏང་ ཨང་རྒས་ཁོ་གི་མགུ་ཏོ་རྩ་བར་ཤི་སྡོད་ནུག་ལོ་ནངས་པར་བལྟཝ་ད་ལུ།
  • ཕུན་ཚོགས་དབང་འདུས།/Phuntsho Wangdi
    ཨང་རྒས་ངོ་མ་འབད་རང་ བྱི་ཙི་ལུ་སྤྲུལ་འོང་ཡོད་བ་ཏེ་ཨང་རྒས། དེ་ལས་ཁོ་གི་གཞུ་ཐག་ཡང་ཟ་མ་ཚུགས་ ག་ཅི་ཡང་འབད་མ་ཚུགས་ དེ་ལས་ཕར་ལྷོདཔ་ད་ བྱ་རྡོ་རོ་རྩ་བ་ལྷོད་ཅི་བ་ཏེ་ བྱ་རྡོ་རོ་རྩ་བ་ལྷོད་སྦེ་ འ་ན་ལས་ཏེ་ བྱ་རྡོ་རུ་རྩ་བ་ལྷོདཔ་ད་ལུ་ཏེ་ ལྷོདཔ་ཅིག་མདའ་ཚད་ཅིག་གི་ས་གོ་ལས་ ཁོ་ཡང་ཕར་སྦོ་ལོགས་ཁར་མ་སྦྱར་བར་ དེ་ལས་ཏེ་བྱ་རྡོ་རོ་གཤོག་སྒྲོ་ཡར་སེང་ ཟེར་སླབ་སླབ་མས། དེ་ལས་འོང་དོ་ཡོདཔ་མས། ཨ་འཕྲང་འཕྲང་ཁོ་གིས་གཞུ་གིས་བཏངམ་ཅིག་ ཁོ་གི་ལྦཝ་གུ་ཨིན་མས་ལོ་ལགས། ལྦཝ་གུ་རང་བཏང་སྟེ་བསད་ནུག
  • ཕུན་ཚོགས་དབང་འདུས།/Phuntsho Wangdi
    བྱ་རྡོ་རོ་བསད་དེ་དམ་བཏགས་སྦེ་ དེ་ལས་འ་ན་ལས་མེ་བཏང་ བཀོ་སྦེ་ ཁོ་གི་ཕོ་རྒནམོ་གཉིས་ཀྱི་ཕུངམ་ཡང་ ནང་ན་ལས་བཏོན་སྦེ་ དེ་ལས་ཁོ་ར་སྨོན་ལམ་བཏབ་སྟེ་ མེ་བཏང་སྦེ་ ལོག་འགྱོ་ཡོད་ཁོ་ལགས། ལམ་ཁར་ ཁོ་ལོགཔ་ད་ལམ་ཁར་འཕྱདཔ་མས་ལོ་མི་ཅིག བྱིནམ་ཐག་ཆུ་བཅད་ཟེར་མི་ཅིག་ མི་སྦོམ་ གནམ་མེད་ས་མེད་གཉའ་རྒོད་སྦོམ་ ཆུ་ལྷོདཔ་ཅིན་ ང་བཅས་འབད་བ་ཅིན་ ཤེལ་རི་ཆུ་དེམ་ཅིག་ ལྷོདཔ་ཅིག་གོང་རི་དེམ་ཅིག་མེདཔ་འོང། ཤེལ་རི་ཆུ་དེམ་ཅིག་ ཁོ་གི་བྱིནམ་ཐག་གིས་ ཆུ་བཀག་སྦེ་སྡོད་ནུག་ལོ་ལགས།
  • ཕུན་ཚོགས་དབང་འདུས།/Phuntsho Wangdi
    དབའེ་ཁྱོད་ག་ཅི་འབདཝ་སྨོ? ཟེར་སླབ་སླབ་མས། ང་ཆུ་བཀག་སྡོད་ཡོད་ འ་ནི་ང་གི་བྱིནམ་ཐག་གིས་བཀག་སྡོད་ཡོད་ཟེར་ དབའེ་ཁྱོད་ཀྱིས་འ་ནི་བཟུམ་སྦེ་ བཀག་ཚུགསཔ་ཨིན་ན་སྨོ?ཟེར་ ང་འདི་ཤོབ་ཨིན། སྟོང་ཕུ་གཉའ་རྒོད་ཟེར་མི་ཅིག་ཡོད། ཁོ་གིས་འདི་ ཤིང་༼རུན་དི་༽གིས་བདའ་མ་ཟིནམ་གི་ཤིང་ཡང་ ཏེ་ལགཔ་གིས་འབལ་བཀོཝ་ཨིན་སྨེ་ ཟེརཝ་མས་ལོ་ལགས། ཨིན་ན?ཟེར་ ག་ཏེ་ཡོད་ འ་ནི་མི་ ཟེར་སླབ་སླབ་མས། དེ་ལས་ཁོ་གིས་འཁྱིད་འོང་གེ་ཟེར་ འཁྱིད་འོང་སྦེ། བདེན་བདེན་རང་ཏེ་ ཤིང་སྦོམ་༼རུན་དི་༽གིས་བདའ་ཟུནམ་གི་ ག་ཅི་ལོ་ ཁུར་ཐག་གིས་ཡང་བདའ་མ་ཟུནམ་གི་ཤིང་ཡང་ ལགཔ་གིས་འབལ་ཡི་འབལ་ཡི་ ཁོ་གི་བརླད་དོ་གུ་ཚག་ཚ་ཚ་ཚ་ སྤུད་བཀོ་བཏང་དཔ་མས་ལོ་ལགས།
  • ཕུན་ཚོགས་དབང་འདུས།/Phuntsho Wangdi
    དབའེ་ གཉའ་རྒོད་ཐད་རི་བ་རི་ཨིན་པས་སྨོ? ཏེ་ང་བཅས་གསུམ་ལྟོ་ཚང་འབད་གེ་སྨེ་ད་ ཏེ་ལྟོ་ཚང་བསྡོམས་ནུག ལྟོ་ཚང་བསྡོམས་སྦེ་ ལྟོ་ཅིག་འབད་ཟ་དགོ་པས་ད་ ལྟོ་བཀྱེས་ཅི་ད་ ཁྱོད་གཉིས་མེ་ཅིག་འབག་ཤོག་ ཨ་ཡར་འགྱོ་སྦེ་ དུ་པ་ཐོན་མས་ལོ་ ཡར་ཡར་ལས་ སྲིནམོ་གི་ཁྱིམ་ཨིན་མས་བ། དུ་པ་འཕྱུར་འཕྱུར་ཐོན་མས་ལོ། འ་ན་ལུ་མེ་ཨམ་ཅིག་འབག་ཤོག་འགྱོ་ ལྟོ་ཅིག་འབད་ཟ་གེ་ང་བཅས་གསུམ་ཟེར་བཏང་སྦེ་ ལོག་འོང་ནི་རང་མིན་འདུག་ལོ་ དབའེ་ ག་ཏེ་ཡར་སོ་ཡི་ག་སྨོ་ད་ སྲིནམོ་གིས་ཟ་བཞགཔ་འོང་ནི་མས་ད་ཟེར་ རྟིང་བདའ་འགྱོ་བལྟ་སན་ འ་ནི་སྲིནམོ་ཨང་རྒས་ཅིག་གིས་ཏེ་ གསེར་གྱི་མལ་ཆ་འོང་ལོ་བ་ཏེ་ དང་ཕུགས་ བཀབ་ནི་གི་ གསེར་རང་བྱུང་གི་ ལྗིད་ལྕི་ཤོས་ཅིག་ འ་ནི་བཀབ་ཞིནམ་ལས་ཏེ་ འཐུ་མི་ཚུགས་ནི་ཨིན་མས། ལྟོ་ཚང་གཉིས་ཏེ་ འ་ནི་གིས་བཀབ་བཞག་སྦེ་ཏེ་ མིག་འབྲས་འཐོན་འགྱོ་སག་ས་སྦེ་འདུག་ལོ་ཏེ་ ཛའི་་་་་་་། དེ་ལས་ཁོ་འགྱོཝ་ཅིག་ སྲིནམོ་ཨང་རྒས་དན་ཅ་ཐེངས་ཅིག་ མཛོག་ཕུ་ཐེངས་ཅིག་གིས་ བསད་སྦེ་སྐྱ་ལས་བཤེད་ སྲིནམོ་ཨེན་ཏ་གུ་བཀོ་བཏང་ཞིནམ་ལས་ ཁོང་གཉིས་གསེར་གྱི་མལ་ཆ་ལྷོག་བཀོ་སྦེ་ ཁོ་གིས་བཏོན་ཏེ་ཡོད། བཏོན་སྦེ།
  • ཕུན་ཚོགས་དབང་འདུས།/Phuntsho Wangdi
    ད་རུང་རང་ སྲིན་པོ་བཏུལ་ནིའི་ས་གོ་ཅིག་ཡོདཔ་མས། མར་ལྟ་སྟེ་མི་ཐོག་འབད་བ་ཅིན་ལྷོདཔ་ཅིག་ མི་ཊར་འབད་བ་ཅིན་ལྷོདཔ་ཅིག་༡༠༠༠ དེ་ཅིག་ས་ཆ་ཅིག་ལུ་ ལྕགས་ཐག་བཏང་སྦེ་འགྱོ་ནི་ཨིན་པས་མར་ལྟ། ཡ་ཁྱེད་གཉིས་འ་ན་སྡོད་སྨེ་ཟེར་ མར་སྲིནམོ་བཏུལ་བར་འགྱོ་ནི་ཨིན། ནཱ་ལུ་འདི་ སྲིནམོ་གནམ་མེད་ས་མེད་ཅིག་མིན་འདུག མར་མི་གནམ་མེད་ས་མེད་མི་ཟ་ཟཝ་གི་ལོ་རྒྱུས་ལེ་ཤ་འདུག ང་གིས་ཁོང་ག་ར་རྩ་མེད་བཏང་སྟེ་ གཅིག་རང་མེདཔ་བཟོ་སྦེ་ ང་འོང་གེ་སྨེ་ཟེར་ ཁྱེད་གཉིས་སྡོད་མ་རེད་ཟེར་ ལྕགས་ཐག་འདི་ ལྟ་མ་མར་ལྟ་མ་བཏང་མ་རེད་ཟེར་ ཡར་ལུ་གཙོ་འཕུར་གདབས་སྦེ་ མར་ལྟ་ལྕགས་ཐག་སྒྲིང་སྒྲི་འབད་བཏགས་ཏེ་ ལྕགས་ཐག་ལས་མར་བབས་འགྱོ་ནུག་ཏེ་ མར་འགྱོ་སྲིན་ཡུལ་ལུ་ལྷོད་སྦེ་ སྲིནམོ་གི་གཡུས་ཚན་ཅིག་ནང་ལྷོད་སྦེ་ སྲིནམོ་ཚུ་དམ་བཏགས་ བསད་མི་བསད་ རྫོགས་རང་རྫོགས་སོ་ནུག གཡུས་ཚན་སྟོངམ་ར་བཏོན་ ལོག་འོང་ནི་སྦེ་སྦོ་ལོགས་འགྱོ་བལྟ་སན་ ལྕགས་ཐག་བཏང་བཞག་ནུག་ལོ། ལྕགས་ཐག་འ་ནིམ་ཅིག་རྩ་བར་སྤུངས་སྡོད་ནུག་ལོ། ལྟོ་ཚང་གཉིས་ཀྱིས་ལྕགས་ཐག་བཏང་བཞག་ ཞེ་སྡུག་འབད་རང་།
  • ཕུན་ཚོགས་དབང་འདུས།/Phuntsho Wangdi
    ད་ དབའེ་ ག་དེ་འབདན་ན་སྨོ་ད་ཟེར་ ང་ལོག་འགྱོ་ནི་གི་ད་ འཇིག་རྟེན་མི་ཡུལ་ལུ་ང་གིས་ལྷོད་མི་ཚུགས་ནི་མས་ད་ ད་ང་བསྐྱལ་སར་བསྐྱལ་ཡི་ཟེར་ མནོ་བསམ་བཏང་སྦེ་སྡོདཔ་ད་ མཚོ་མཐའམ་ཅིག་ཁ་ལུ་ ཚང་འཐེནམ་མས་ལོ་ བྱ་རྒོད་གཉིས། རྒོད་ཕོ་མོ་གཉིས། རྒོད་ཨ་པ་དང་ཨའི།
  • ཕུན་ཚོགས་དབང་འདུས།/Phuntsho Wangdi
    དེ་ལས་ཁོ་ཡང་ ཤིང་གི་རྩ་བ་འགྱོ་སྦེ་ ཤིང་ལུ་རྒྱབ་བསྟེན་ སྨོན་ལམ་བཏབ་ གསོལཝ་བཏབ་སྦེ་སྡོདཔ་ད་ལུ་ བྱ་རྒོད་གཉིས་ལོ་སླབ་མས་ལོ། དང་ཕུགས་འདི་དུད་འགྲོ་སེམས་ཅན་ལོ་ག་ཅི་སླབ་རང་ རྣམ་ཅོག་གོ་འོང་ལོ་བ། རྣམ་ཅོག་གོ་ནི་སྡོད་ཡོད་ལོ་གོ་སྐབས། ང་བཅས་ཀྱིས་ཧ་གོ་ནི་མས། སེམས་ཅན་ག་ཅི་འབདཝ་ཅིག་ སྦྱང་ནག་ཚུ་བློ་སླབ་སླབ་ཡང་ང་བཅས་ཀྱིས་རྣམ་ཅོག་གོ་ནི་ལོ། འ་ནི་སྦེ་ཨིན་པས། དང་ཕུགས། འ་ནི་བཟུས་རྣམ་ཅོག་གོ་གོཝ་མས་ཁོ་གིས། ཏེ་བློ་སླབ་སླབ་མས་ལོ། ཁོ་ཤིང་གི་རྩ་བར་རྒྱབ་བསྟེན་ཏེ་ཉལ་སྡོདཔ་ད་ ད་ཁོ་འགྱོ་ནི་གི་ཐབས་ཤེས་ག་ཅི་ཡང་མིན་འདུག ང་བཅས་གཉིསནི་ལོ་རྒས་སོ་ཡི་ད་ ང་བཅས་གཉིས་ཀྱིས་ ཕྱུག་ཀུ་གཉིས་ཆ་ར་ཕོ་འཚའ་ནི་ཨིན་ཕྱུག་ཀུ་ ང་བཅས་ཀྱིས་འབད་བ་ཅིན་ བཟའ་ཟེར་སླབ་ཨིན་ཏེ་སྨོ?
  • ཕུན་ཚོགས་དབང་འདུས།/Phuntsho Wangdi
    ཁོང་རི་དྭགས་སེམས་ཅན་འབད་བ་ཅིན་ཕོ་ ད་གཉིས་ཆ་ར་ཕོ་མོ་མེན་པར་ ཕོ་འཚའ་ནི་ཨིན་ད་ ང་བཅས་གཉིས་ འ་ནི་འཚའ་ཞིནམ་ལས་ སྦོམ་འགྱོ་ཞིནམ་ལས་ ཁོ་འགྱོ་བ་ཅིན་ ང་བཅས་གཉིས་ཀྱིས་ཨ་ལོ་གཉིས་ཀྱིས་ཁོ་གི་དྲིན་ལན་འབྱོར་ཚུགས་ནི་བཟུམ་ཅིག་འདུག ཁོ་ཡར་འཇིག་རྟེན་མི་ཡུལ་ལུ་སྐྱེལ་ཚུགས་ཟེར། གཤོག་སྒྲོ་གཉིས་ཀྱི་ཐོག་ཁར་སྡོད་སྦེ་ ཡར་ལྟ་འབག་པ་ཅིན་ ཁོ་ཡར་ལྷོད་ཚུགསཔ་ཟེར་ བློ་སླབ་སླབ་མས་ལོ།
  • ཕུན་ཚོགས་དབང་འདུས།/Phuntsho Wangdi
    དེ་ལས་ཁོ་ འ་ནི་ཤིང་གི་རྩ་བར་སྡོད་སྦེ་ མཚོའི་མཐའ་མ་རང་སྡོད་སྦེ་ དེ་ལས་འ་ནི་བྱ་རྒོད་ཡང་སྦོམ་འགྱོ་སྦེ་ཏེ་ རྩལ་འདྲོངས་ཞིནམ་ལས་ཏེ་ གཡུས་བཤལ་རྐྱབ་བསྐོར་ ཧེ་མ་སྟོངམ་སྦེ་འགྱོ་བལྟ་སྟེ་ ཡར་ལྟ་འགྱོ་བལྟ་སྦེ་ གནས་སྟངས་ཚུ་ག་དེ་སྦེ་འདུག་ག་བལྟ་སྟེ་ ག་དེ་སྦེ་འཕུར་ཚུགས་ག་མི་ཚུགས་ ཤུགས་ཚད་ཚུ་ ཡར་ལྟ་འཕུར་ཚུགས་མི་ཚུགས་བལྟ་སྦེ་ དེ་ལས་འ་ནི་འབད་སྦེ་ རྒོད་གཉིས་ཀྱིས་ཡར་ འཇིག་རྟེན་མི་ཡུལ་ལུ་ལོག་སྐྱེལ་ཏེ་ཡོད།
  • ཕུན་ཚོགས་དབང་འདུས།/Phuntsho Wangdi
    སྐྱེལ་བའི་སྐབས་ ཁོང་གཉིས་འདི་སྤྲོ་བ་སྟོན་ བྱིག་དུམ་ཟེར་ རྩེདམོ་རྩེ་ནི་ཅིག་ཡོད་ལོ་ ད་ལྟོ་ཡང་ གཞོནམ་རེ་རེ་གཉིས་གཉིས་ཚུ་གིས་རྩེཝ་ཨིན། བྱིག་དུམ་རྐྱབ་སྡོད་ནུག་ལོ་ཏེ་ ཤིང་གཞོག་སྟེ་བྱིག་དུམ་ཟེར་ རྐྱབ་ནི་ཡོད་ འབའ་གཏད་སྦེ་ རྒོད་གཉིས་ཀྱིས་འབག་སྦེ་ ཡར་ཐོག་ཁར་ལྷོདཔ་ད་ལུ་ངོ་ཚ་སྦེ་ཏེ་ གཅིག་རྫེ་ཀོ་ལུ་གྱུར་ཡར་སོ་ཡི་ལོ། གཅིག་བྱི་གྱུར་ཡར་སོ་ཡི་ལོ།
  • ཕུན་ཚོགས་དབང་འདུས།/Phuntsho Wangdi
    རྫོགས་སོ་ཡི།