Skip to main content Skip to search
22 Jan 2016
10 min 54 sec
Video Overview
Creators: 
Sherig Dhentshog

This song was widely sung across Bhutan, though not heard much anymore among the younger generations. The performance in this video differs a little from the original. The lyrics speak of a woman called Tsheringmo and three sisters in India that weave scarves of three sizes. It mentions how one can see fortresses of temples in Tibet that one should visit, and finally also prescribes some ornaments and medicines to Tsheringmo.

 

༉  པདྨ་དགའ་ཚལ་ ཉེང་ཤིང་བོ་རང་ལས་ བཀྲ་ཤིས་རྣམ་རྒྱལ་གྱིས་བཤད་པ་རྐྱབ་མི་འདི་ མི་མ་ཡིན་ཚུ་གི་ཁ་ཧ་གོ་མི་ཤ་རོགསཔ་ ཤམ་ཁར་མེ་རུ་བཟང་པོའི་སྐོར་ལས་སྲུང་གཏངམ་ཨིན་པས། ནམ་ཅིག་འབདཝ་ད་ ཁོ་ཤིང་ཅིག་གི་རྩ་བར་ཉལ་སྡོད་པའི་སྐབས་ ཨ་ལུ་གསརཔ་ཅིག་སྐྱེས་ཡོད་པའི་སྐོར་ལས་ ཁོང་མི་མ་ཡིན་ཚུ་གཅིག་གིས་གཅིག་བློ་སླབ་སར་གོ་སྟེ་ཉན་བལྟཝ་ད་ དེ་ཚུ་གིས་ འ་ནཱི་ཨ་ལུ་འདི་ སྐྱེས་ལོ་དགུ་ལངམ་ད་ ནགས་ཚལ་ནང་ཉལ་སྡོད་པའི་སྐབས་ སྟག་གིས་སོ་བཏབ་སྟེ་གསད་འོང་ཟེར་བའི་ལུང་བསྟན་བྱིན་སར་གོ་གོཝ་མས། ཏེ་དྲོ་པ་འབདཝ་ད་ ཁོ་གི་ཨམ་སྲུ་གིས་ དེ་ཚེ་ནུབ་མོ་ཨ་ལུ་བུ་ཅིག་སྐྱེས་སྐྱེསཝ་ཨིནམ་ཧ་གོ་ནུག དེ་ལས་ འདི་བཟུམ་གྱི་ལོ་རྒྱུས་ཚུ་ཧ་གོ་ཞིནམ་ལས་ ལོ་དགུ་ལངས་པའི་ནུབ་ཅིག་ མེ་རུ་བཟང་པོ་གིས་ ནགས་ཚལ་ནང་ཁོ་རའི་བུ་འདི་ སྲོག་སྐྱབས་འབད་དེ་ ཁོ་གི་བུ་སྟག་གིས་ཟ་ཚུགསཔ་ཨིན་རུང་ ཨ་པ་གིས་དེའི་ལོ་རྒྱུས་ཚུ་སླབ་ཅིག་ དེ་འཕྲོ་ལས་བུ་དེ་གིས་སྟག་གི་རོ་གུ་རྡོག་ཐེ་དྲངསམ་ཨིན་ཟེར་ མཆེཝ་གུ་ཕོག་སྟེ་དེའི་རྐྱེན་གྱིས་འབད་བུ་དེ་ཤི་སོངཔ་ཨིན་པས། སྲུང་དེ་དང་འཁྲིལ་བ་ཅིན་ ཤི་ནི་འདི་རང་བཞིན་ཨིན་པའི་ཁ་ལུ་ བསྐོས་པའི་ལཱ་ལས་བྱོག་མི་ཐལ་ ཟེར་བའི་དཔེ་བཟུམ་ཅིག་ཨིན་མས།

Transcript search
No results found for this search
0 of 0
  • བཀྲ་ཤིས་རྣམ་རྒྱས་/ Tashi Namgay:
    ལགས་སོ་ མ་པ་ དང་ཕུའི་ འ་ནཱི་ ཤམ་མཁར་མི་རུ་༼རུས༽བཟང་པོའི་སྲུང་ཅིག་ཞུ་ནི་ཨིན། སྲུང་ དང་ཕུ་དང་ཕུ་ འ་ནཱི་ ཤམ་མཁར་མི་རུ་༼རུས༽བཟང་པོ་དེ་ ཁོ་ ཤ་ར་བདའ་སྟེ་ དེ་སྦེ་ ཤ་རོགས་པ་ཅིག་ཨིན་པས། ཁོ་ ཤ་དང་ཉ་རང་བསད་དེ་ དེ་སྦེ་སྡོདཔ་ད་ཏེ།
  • བཀྲ་ཤིས་རྣམ་རྒྱས་/ Tashi Namgay:
    ཁོ་ ཕར་ཚུར་ འ་ནཱ་ ཚལ་མ་ནང་ར་ གཞུ་དང་མདའ་འབག་སྟེ་ དེ་སྦེ་ར་འགྱོ་དོ་ཡོདཔ་མས། ནམ་ཅིག་འབདཝ་ད་ ཁོ་ གནམ་བསྲོ་སྟེ་ ནག་ཚལ་ནང་ལུས་སོང་ནུག། ལུསཔ་ད་ལུ་ འ་ནཱི་ ཤིང་སྦོམ་ཅིག་གི་རྩ་བ་ ཉལ་ད་ནུག་ཁོ། ད་ཤིང་སྦོམ་ལུ་བསྟེན་ནུག་ཁོ། ཡ་ ད་རེས་འབདན།
  • བཀྲ་ཤིས་རྣམ་རྒྱས་/ Tashi Namgay:
    ཤིང་ཆེན་ཨ་མ་ཁྱོད་ཀྱིས་ ང་གི་སྐྱབས་དང་སྒོ་ར་མཛད་དགོ་སྨ་རེ་ཟེར་ དེ་སྦེ་བསྟེན་ཏེ་ ཉལ་ད་ནུག་ཁོ། ཏེ་ཉལཝ་ད་ ཏེ་ནུབ་ཕྱེད་ཅིག་ཁར་ ཁོང་གཞན་ བདུད་ཚུ་ འགྱོཝ་མས་ལོ། དབའི་ ཁྱིམ་མཚེས་ཚུ་ མི་འགྱོ་ག་ཟེར་ ཁོ་གི་ ཤིང་གི་བདག་པོ་ལུ་ཡང་ སླབ་མས་ལོ་ འདྲིཝ་མས་ལོ། འདྲིཝ་ད་ཏེ་ ང་མི་འགྱོ་ མི་ཁོམས་ནི་ཨིན་མས། ད་རེས་ ངེ་གི་མགྱོནམ་ཅིག་ལྷོད་དེ་ཡོད་ཟེར་ སླབ་མས་ལོ།
  • བཀྲ་ཤིས་རྣམ་རྒྱས་/ Tashi Namgay:
    ཏེ་འདི་ལས་ ཁོང་ ནུབ་ཕྱེད་ ནུབ་ཕྱེད་འགྱོ་ཞིནམ་ལས་ ད་ ཏ་མ་ བྱ་པོད་སྐད་མ་རྐྱབ་ལས་ བྱ་པོད་སྐད་རྐྱབ་ནིའི་ དུས་ཚོད་ཁར་ ལོག་འོང་སྟེ་ འོང་དེས་ལོག་ཁོང་། འར་འུར་འབད་དེ་འོངམ་ད་ ད་དབའི་ ཁྱིམ་མཚེས་ཚུ་ ལོག་འོང་ཡི་ག་ཟེར་ ཁོ་གི་ ཤིང་གི་བདག་པོ་གིས་ འདྲིཝ་མས་ལོ།
  • བཀྲ་ཤིས་རྣམ་རྒྱས་/ Tashi Namgay:
    ལོག་ཅི་སྨ་རེ་ལོག་ཅི། ཏེ་དུས་སྟབས་ཅིག་ ག་དེ་སྦེ་བཞག་ཡི་ཟེར་ སླབ་དེས་ལོ། ཏེ་དུས་སྟབས་ཅིག་ ཏེ་ད་ལྟོ་ ཨ་ལོ་བུཚ་ཅིག་ཨིན་མས། ད་ལོ་དགུ་ལུ་ དམག་མི་ནང་བསྡུ་ནི་ཨིན། དམག་མི་བསྡུཝ་ད་ལུ་ ལམ་ཁར་ཉལ་དགོ། ལམ་ཁར་ཉལཝ་ད་ འ་ནཱི་ ཨ་ལོ་འདི་ སྟག་གི་ཁ་ནང་ ཚུགས་འོང་ཟེར་ དུས་ཚོད་བཞག་ཅི་ཟེར་ དེ་སྦེ་བཞག་ནུག་ལགས།
  • བཀྲ་ཤིས་རྣམ་རྒྱས་/ Tashi Namgay:
    དེ་ལས་ དེ་ལས་ཏེ་ ཁོ་ཏ་མ་ གནམ་ལངམ་ད་ ཁྱིམ་ནང་འགྱོཝ་བལྟཝ་ད་ ཁོ་གི་ ཨམ་སྲུ་གི་ ཨ་ལོ་ བུ་ཅིག་སྐྱེས་ནུག་ཟེར་ཨིན་པས། ཡ་ ད་རེས་ འདི་བཟུམ་ཅིག་གོ་ཡི། མི་སྐད་ཆུ་སྐད་ཡང་གོ་དོ་ཡོདཔ་མས། ཤམ་མཁར་མི་རུ་བཟང་པོ་གིས། ཏེ་འ་ནཱ་ལས་ དེ་ལས་ ཡ་ འ་ནཱི་ཅིག་ ང་གིས་གོ་ཡི། ཁོང་འདི་བཟུམ་སྦེ་ བློ་སླབ་དེས་ཟེར་ འདི་བཟུམ་ཅིག་ཨིནམ་མས་ཟེར་ ཁོ་གི་ ཨ་ལོ་གི་ སྡུག་སྔལ་འབད་ནུག་ཁོ།
  • བཀྲ་ཤིས་རྣམ་རྒྱས་/ Tashi Namgay:
    ཏེ་དེ་ལས་ འདི་ལས་ ཁོ་ ཕར་ཚུར་འབད་དེ་ དེ་སྦེ་རང་སྡོད་ནུག་ལགས། སྡོདཔ་ད་ལུ་ དེ་ལས་ ད་རུང་ ཁོ་ ཤ་གསད་ནི་ ཉ་གསད་དགོཔ་ལས་ དེ་སྦེ་ར་འགྱོ་དོ་ཡོདཔ་མས། དེ་འབདཝ་ད་ ཁོ་ ཤ་གསད་མས། ཉ་གསད་མས་ཟེར་ ཁོ་འདི་ གསད་དགོ་པས་ཟེར་ ཁོང་ བདུད་ཚུ་གིས་ བློ་སླབ་སླབ་ཨིན་མས་ལགས།
  • བཀྲ་ཤིས་རྣམ་རྒྱས་/ Tashi Namgay:
    འབདཝ་ད་ལུ་ཡང་ ཁོ་གི་གོ་དོ་ཡོདཔ་མས། ཏེ་དེ་ལས་ འདི་ལས་ ཡ་ ཁོ་གསད་ནིའི་ གནས་སྐབས་ཅིག་སྟོན་དགོ་པས་ཟེར་ ད་ ཁོ་གི་ གླང་གཅིག་ བྱག་ལས་མར་འཕུལ་གཏང་དེ་མས་ཟེར་ དེ་ལས་ འཕུལ་བཏངམ་ད་ ཁོ་ སྒོ་ལས་ཐོན་འོངམ་ད་ ཁོ་གི་ སྒོ་ཁར་ ཧིང་བཞག་ཞིནམ་ལས་ ཧིང་བཞག་སྟེ་ ཨོལ་ལྐོག་བསྡམས་ཏེ་གསད་ནི་ཟེར་ དེ་སྦེ་ སླབ་ས་ ཁོ་གི་གོ་གོཝ་ཨིན་པས་ལགས།
  • བཀྲ་ཤིས་རྣམ་རྒྱས་/ Tashi Namgay:
    ཏེ་དེ་ལས་ འདི་ལས་ ཁོ་ནང་ན་ འ་ནཱི་ ཀོཝ་གི་ཕད་ཅུང་ཅིག་བཙེམ་ཏེ་སྡོད་དོ་ཡོདཔ་མས། བསྣད་ཡི་རང་ ཕད་ཅུང་བཙེམ་ནི་གི་ དེ་ལས་ འདི་ལུ་ བྲག་ལས་མར་བལྟ་ གླང་ཡར་སོང་ནུག། དེ་ལས་ ཁོ་གི་ ཨ་ལོ་ཚུ་གིས་ འབོ་འབོཔ་མས། ཨ་པ་གླང་བྱག་ལས་ཡར་སོང་ཡི་ ཤོག་ཤོག་ཟེར་ སླབ་དེས་ལོ། བཞག་བཞག་འགྱོ་བཅུག་ ཤི་རུང་ཤི་བཅུག་ཁོ་ར། མ་ཤི་བ་ཅིན་ ཁོ་ར་ལོང་འོང་བཅུག་ཟེར་ སླབ་ནུག་ ཁོ་གིས།
  • བཀྲ་ཤིས་རྣམ་རྒྱས་/ Tashi Namgay:
    དེ་ལས་ ད་རུང་ འདི་ལུ་ མ་འགྱོ་བར་ གླང་ཁོ་ར་ལོག་སྟེ་ ལོང་འོང་ནུག་ལགས། དེ་ལས་ ཤུལ་ལས་ ནངས་པ་ཟེརཝ་ད་ ད་རུང་ ནངས་པ་གནངས་ཚེས་ཟེརཝ་ད་ ད་རུང་ ཡ་ ད་ལྟོ་འདི་ གནས་སྐབས་ཁོ་ར་རྒྱལ་ཡི། ད་ ཁོ་གི་ཨ་ལོ་ ཁྱིམ་གི་ འོག་ལས་མར་འཕུལ་བཏང་ནི། ཨ་ལོ་འཕུལ་བཏང་ནི། ཁོ་གི་ ཨ་ལོ་འགྱོ་ད་ལུ་འདི་ ཁོ་རང་བཞིན་གྱིས་ཡང་ཐོན་འོང་ཟེར་ དེ་ལས་ཏེ་ ད་རུང་ར་ ཁོ་ཁྱིམ་ནང་ན་ར་ ཀོཝ་བསྣད་ཡི་ར་སྡོད་སྡོདཔ་མས།
  • བཀྲ་ཤིས་རྣམ་རྒྱས་/ Tashi Namgay:
    དེ་ལས་ཏེ་ ད་རུང་ ཨ་ལོ་ ཁྱིམ་གྱི་རྒྱབ་ལས་མར་འཕུལ་ འཕུལ་བཏང་ནུག་ ཁྱིམ་གྱི་འོག་ལས་མར་ དེ་ལས་ཏེ་ ཨ་ལོ་མར་རྔུ་སྟེ་ དེ་ལས་ ཨ་ལོའི་ ཆ་རོགས་ཚུ་གི་ འབོ་ནུག། དེ་ལས་ཏེ་ བླ་མ་མཁྱེན་ནོ་ བསྐྱལ་སར་བསྐྱལ་ཡི་ ཨ་ལོ་རྦབ་རིལ་ཡི། ཨ་པ་ ཤོག་ཤོག་ཟེར་ འབོ་འབོཔ་ཨིན་པས། དེ་ལས་ བཞག་ད་ ཤི་བ་ཅིན་ཤི་སྡོད་བཅུག། མ་ཤི་བ་ཅིན་ ཁོ་ར་ལོང་འོང་བཅུག་ཟེར་ སླབ་མས་ལོ།
  • བཀྲ་ཤིས་རྣམ་རྒྱས་/ Tashi Namgay:
    འདི་ལུ་ཡང་ སྒོ་ཁར་ལྷོང་བཞག་སྟེ་ ཨོལ་ལྐོག་བསྡམས་ཏེ་གསད་ནི་གི་ཨིན་པས་ཁོ། དེ་ལུ་ཡང་ ཁོ་གི་མ་ཉན་པར་ དེ་ལས་ དེ་ཤུལ་ལས་ ད་རུང་ར་ འ་ནཱི་ ཨ་ལོ་ཡང་ ཁོ་རེ་ལོང་འོང་སྟེ་ དེ་སྦེ་འབདཝ་ད་ ཡ་ ད་ལྟོ་ཟེརཝ་ད་ཏེ་ ཁོ་ར་ གནས་སྐབས་རྒྱལ་ཡི་ཟེར་ ཁོ་ལུ་ ཁོ་ གཞན་འབདཝ་ད་དེ་མི་བཏུབ་པས། ག་ཅི་ཨིན་རུང་ ཁོ།
  • བཀྲ་ཤིས་རྣམ་རྒྱས་/ Tashi Namgay:
    ལྟོ་བཟའ་སྡོདཔ་ད་ འ་ནཱི་ ཁོང་ འ་ནཱ་བདུད་ཀྱི་ དཔོན་འདི་ར་ འ་ནཱ་ དུ་པ་འབད་དེ་ ཡར་སྟེང་ཐོག་ལུ་ འདབ་མ་ཅིག་ཨིན་མས། འདི་གཅིག་བུད་ནི། ཁོ་ལྟོ་བཟའ་སྡོདཔ་ད་ར་ འ་ནཱི་བུད་དེ་ ཁོ་གི་ ལྟོ་དང་གཅིག་ཁར་ནང་ན་བཟའ་འགྱོཝ་ད་ ཁོ་ཨོལ་ལྐོག་བསྡམས་ཏེ་ ཕྱི་ཁའི་ ཁྱེད་གསུམ་གྱིབསྡམས་ད་ ང་གིས་ ནང་ན་ལས་བསྡམས་ཏེ་ དེ་སྦེ་གསད་ནི་ཟེར་ བསྟུན་གྲོས་འབད་ནུག།
  • བཀྲ་ཤིས་རྣམ་རྒྱས་/ Tashi Namgay:
    དེ་ འབདཝ་ད་ དེ་ཡང་ ཁོ་གི་ འདི་ཡང་གོ་ནུག གོ་ཞིནམ་ལས་ ཁོ་ ཁོ་གི་ཨམ་སྲུ་དང་ ཨ་ལོ་ཚུ་ ལྟོ་བཟའ་བཟའཝ་ཨིན་པས། ཨ་པ་ལྟོ་བཟའ་ ཤོག་ཤོག་ཟེར་ སླབ་དེས་ཟེར་ཨིན་མས། བཟའ་བཟའ་ཁྱེད་གསུམ། ང་ ཏ་མ་བཟའ་གེ་ཟེར་ སླབ་སྟེ་ ཁོ་གི་ ཀོཝ་གི་ཕད་ཅུང་ བཙེམ་མ་ཚར་བར་ཡོདཔ་མས། དེ་ལས་ འ་ནཱི་ ཀོ་བཙེམ་སྟེ་སྡོད་སྡོདཔ་ཨིན་མས།
  • བཀྲ་ཤིས་རྣམ་རྒྱས་/ Tashi Namgay:
    དེ་ལས་ ཏ་མ་ ཧ་ལམ་ཅིག་ལས་ འབག་ཤོག་ང་ལུ་ལྟོ་ཟེར་སླབ་སླབ་མས་ ཁོ་གི་ཨམ་སྲུ་ལུ། ད་ ལྟོ་བྱིན་བྱིནམ་ཨིན་མས། དེ་ལས་ ལྟོ་ ཀོ་བའི་ཕད་ཅུང་སྦོག་ལོག་ཁར་ཡང་ བཞག་བཞགཔ་ཨིན་མས་ ཕད་ཅུང་ཅིང། དེ་ལས་ཏེ་ ལྟོ་བཟའཝ་བཟུམ་བཏབ་ནུག་ ཁོ་གིས། དེ་ལས་ཏེ་་ ལྟོ་བཟའཝ་བཟུམ་བཏབ་སྟེ་ དེ་སྦེ་སྡོདཔ་ད་ར་ ཡར་ལས་ཡར་ འ་ནཱི་ འདབ་མ་ཐད་སྒོར་སྒོ་ཅིག་བུད་དེ་ལོ་ཁོ་གུ།
  • བཀྲ་ཤིས་རྣམ་རྒྱས་/ Tashi Namgay:
    དེ་ལས་ཏེ་ ཁོ་གིས་ ཀོཝ་གི་ཕད་ཅུང་ནང་ན་བཙུགས་སྟེ་ དེ་ལས་ཏེ་ ཁ་དམ་ཏེ་ དེ་ལས་ཏེ་ བསྣད་ནུག་ཁོ་གིས། ཀོཝ་གི་ནང་ན་ འ་ནཱི་ ཐད་སྒོར་སྒོ་གནགཔོ་དེ བཙུགས་ཞིནམ་ལས་ བསྣད་དེ་ ཧ་ལམ་ཅིག་ཚུན་ཚོད་དེ་ ག་ཅི་ཡང་མ་སླབ་མས། ཧ་ལམ་ཅིག་ལས་ཏེ་ ནང་ན་ལས་ ཨ་ལའུ་ཨ་ལའུ་ཟེར་ སླབ་དེས་ལོ།
  • བཀྲ་ཤིས་རྣམ་རྒྱས་/ Tashi Namgay:
    ཨ་ལའུ་ཨ་ལའུ་ སྐུ་ཆེན་སྐུ་ཆེན་ཟེར་ སླབ་དེས་ལོ། ཏེ་དེ་ལས་ གནམ་མེད་ས་མེད་ར་བསྣད་དེ་ བསྣད་དེ་ དེ་ལས་ཏེ་ སྐུ་ཆེ་སྐུ་ཆེ་ཟེར་ སླབ་ནུག། ཁྱེད་ཚུ་གིས་ ང་གི་གླང་བྱག་ལས་མར་ བཀོ་ཞིནམ་ལས་ སྒོ་ཁར་ཧིང་བཞག་སྟེ་ གསད་ནི་ཟེར་ སླབ་ན་མི་སླབ་ཟེར་ སླབ་སྟེ་ འདྲི་བ་དཔྱད་ནུག།
  • བཀྲ་ཤིས་རྣམ་རྒྱས་/ Tashi Namgay:
    དེ་ལས་ཏེ་ ཨ་ཁའི་ སླབ་ཅི་ཟེར་ སྐུ་ཆེ་སྐུ་ཆེ་ཟེར་ སླབ་ནུག། ངེ་ཨ་ལོ་ ཁྱིམ་གྱི་ འོག་ལས་མར་བཀོ་ཞིནམ་ལས་ ང་ ཨོལ་ལྐོག་ཧིང་བཀལ་ཏེ་ གསད་ནི་ཟེར་ སླབ་ན་མི་སླབ་ཟེརཝ་ད་ སླབ་ཅི་ སྐུ་ཆེ་སྐུ་ཆེ་བཏང་ད་ བཏང་ད་ཟེར་ སླབ་ནུག། ད་ ང་ ང་དྲག་པས་དགོ? ཁྱོད་དྲག་པས་དགོ་ཟེར? འདི་ལས་ཏེ་ ད་ ད་ལྟོ་ཏེ་ སྐུ་ཆེ་སྐུ་ཆེ་བཏང་ད་ཟེར་ སླབ་ནུག།
  • བཀྲ་ཤིས་རྣམ་རྒྱས་/ Tashi Namgay:
    ད་ ཤམ་མཁར་མི་རུ་བཟང་པོ་ཟེར་མི་འདི་ ངོ་མ་ཤེས་ག? མ་ཤེས་ སྐུ་ཆེ་སྐུ་ཆེ་ཟེར་ སླབ་མས་ལོ། ཏེ་དེ་ལས་འབདན་ ཏེ་དེ་ལས་ཏེ་ ཁོ་ སྐུ་ཆེ་སྐུ་ཆེ་ཟེར་ ཕུ་ལུ་འགྱོཝ་ད་ལུ་ ཤ་བྱིན་ནི་སྨོ་མི་བྱིན་ནི་སྨོ་ཟེར? བྱིན་ནི་སྐུ་ཆེ། ཆུའི་མཐའ་མ་འགྱོཝ་ད་ ཉ་བྱིན་ནི་སྨོ་མི་བྱིན? ཟེརཝ་ད་ བྱིན་ནི་སྐུ་ཆེ་སྐུ་ཆེ་ཟེར་ཏེ།
  • བཀྲ་ཤིས་རྣམ་རྒྱས་/ Tashi Namgay:
    ཏེ་དེ་ལས་ཏེ་ དེ་ལས་ཚུན་ འདྲི་ལུང་དཔྱད་ཞིནམ་ལས་ཏེ་བཏང་ནུག་ལགས། ད་ལྟོ་ ལ་ལུ་གིས་ ཤ་གསད་དེ་བཟའ་དོ། ལ་ལུ་གིས་ ཉ་བཟུང་སྟེ་བཟའ་དོ། འ་ནཱི་འདི་ དང་ཕུ་དཔེ་འདི་ལུ་ ཤམ་མཁར་མི་རུ་བཟང་པོ་གིས་ འ་ནཱི་ བཟོ་བཞགཔ་ལས་ འདི་བཟུམ་འགྱོ་ནུག། ད་ལྟོ་ འདི་བཟུམ་ ལ་ལུ་གིས་ གསད་དེ་བཟའ་མི་འདི་ཡང་།
  • བཀྲ་ཤིས་རྣམ་རྒྱས་/ Tashi Namgay:
    དེ་ལས་ དེ་སྦེ་སྡོད་པའི་སྐབས་ལུ་ དེ་ལས་ ཁོ་གི་ཨ་ལོ་ ལོ་དགུ་འགྱོ་ནུག་ལགས། དེ་ལས་ཏེ་ དམག་མི་བསྡུ་མི་ལྷོད་ནུག་ ཁོ་གི་ཨ་ལོ། དམག་མི་བསྡུ་མི་ལྷོད་དེ་ དེ་ལས་ཏེ་ ཨ་ལོ་དམག་མི་ནང་འགྱོ་ནི་སྦེ་ ནངས་པ་ཏེ་ འགྱོ་ནི་ཨིན་ཟེར་ གྲ་སྒྲིག་འབདཝ་ཨིན་མས་ལགས།
  • བཀྲ་ཤིས་རྣམ་རྒྱས་/ Tashi Namgay:
    ཏེ་གྲ་སྒྲིག་རྐྱབ་སྟེ་ གོ་ལ་ཚུ་གྲ་སྒྲིག་རྐྱབ་ཏེ་འགྱོ་དོ་ཡོདཔ་མས། དེ་ལས་ ཨ་པ་འདི་ འ་ནཱ་ལུ་ ལོ་དགུ་སོང་ཡི། ཨ་ལོ་ཀྲིག་ཀྲི་ དམག་མི་བསྡུ་མི་ཡང་ལྷོད་ཅིག་ཟེར་ སྡུག་བསྔལ་འབད་ནུག་ལགས།
  • བཀྲ་ཤིས་རྣམ་རྒྱས་/ Tashi Namgay:
    དེ་ལས་ཏེ་ ཨ་པ་འདི་ གཞན་གྲ་སྒྲིག་འབད་ནི་མེན་པར་ མདའ་དང་གཞུ་དེ་ར་ གྲ་སྒྲིག་རྐྱབ་ནུག་ལགས། དེ་ལས་ འགྱོ་དེས་ གཞན་ཁྱིམ་ཚང་ཚུ་ཡང་ ཁོང་ གཞན་ཡང་སོང་སྟེ་ ད་ ལམ་སྦུག་ལུ་ སྒར་བཅའ་༼བཅགས༽སྟེ་ ཕར་ཉལ་ཉལཝ་ཨིན་པས། ཉལཝ་ད་ ཏེ་དེ་བསྒང་ ཁོ་གི་ ཨ་ལོའི་དཔེ་འདི་ ངང་ལག་ཤིང་གཅིག་བཅད་འབག་སྟེ་ ཨ་ལོ་འདྲན་འདྲ་གཅིག་བཅད་འབག་སྟེ་ ད་ འདི་ལུ་ ཨ་ཙི་ཅིག་ ཕར་ཟུར་ཁ་འབད་དེ།
  • བཀྲ་ཤིས་རྣམ་རྒྱས་/ Tashi Namgay:
    མལ་ཆ་བཟོ་ཞིནམ་ལས་ ཨ་ལོའི་གོ་ལ་ཚུ་བཀབ་བྱིན་ཞིནམ་ལས་ བཞག་བཞགཔ་ཨིན་པས། ད་ ཁོ་གི་ ཨ་ལོ་དེ་ མི་