Skip to main content Skip to search
28 Jun 2018
8 min 13 sec
Video Overview
Creators: 
Sherig Dentshog

Naku and Sampa Chedrup from Martshala gewog narrate a story about seven witches were are tricked by two brothers. The story is a bit convoluted and difficult to track; however, at its end, the younger brother chases away seven witches by pulling their tails from the hole.

 

བསམ་གྲུབ་ལྗོངས་མཁར་རྫོང་ཁག་ མར་ཚ་ལ་རྒེད་འོག་ལས་ ན་ཀུ་དང་བསམ་པ་ཆོས་སྒྲུབ་ཀྱིས་ མཇུ་མ་སྤུན་བདུན་སྐོར་ལས་ སྲུང་བཤད་འདི་ཡོདཔ་ཨིན་མས།སྲུང་འདི་ཡང་ བདུདམོ་སྤུན་བདུན་འདི་ བུ་སྤུན་གཉིས་ཀྱིས་ གཡོ་བྱུས་འབད་འབདཝ་ཨིན་མས། སྲུང་འདི་ ཧིང་སངས་ས་ཅིག་མེད་རུང་ ཁོང་གིས་དོང་ན་ལས་བདུནམོ་གིས་ མཇུག་མ་འཐེན་འདི་ བདའ་བཏང་ཡོདཔ་ཨིན་མས།

 

Transcript search
No results found for this search
0 of 0
  • ནག་ཀུ་ Naku:
    སྤུན་ཆ་གཉིས་སྡོད་ཡི་ལོ། ཕོ་རྒནམོ་འདི་རྩ་རྒས་ ནོ་གཅུང་འདི་སྤྱང་དྲགས། ཏེ་རོགས་སྒྱུ་མ་སྤུན་ཆ་བདུན་གྱིས་འདི་ སྒྱུ་མ་ལྷབ་སྟེ་ ག་ཅི་ཡང་ རྟ་ལུ་སྤྲུལ་ ག་ཅི་ལུ་རང་སྤྲུལ་ཡི་སྤྲུལ་ཡི་སྤྲུལ་ཡི་སྡོད་དེ་ ཏེ་ནོ་གཅུང་འདི་གིས་ ཕོ་རྒནམོ་ ང་གིས་སྒྱུ་མ་ལྷབ་ནི་ཟེར་སླབ་སྟེ་ སྒྱུ་མ་ལྷབ་ནུག ལྷབ་སྟེ་ ནོ་གཅུང་གིས་ཤེས་ནུག་སྒྱུ་མ་ནོ་གཅུང་གིས། ཡ་བཏུབ་ ང་གིས་དེམ་ཅིག་ཤེས་ཅིག་ཟེར་ རྟ་ལུ་སྤྲུལ་གེ་སྨེ་ཟེར་སླབ་སྟེ།
  • ནག་ཀུ་ Naku:
    རྟ་ལུ་སྤྲུལཔ་ད་ལུ་ རྟ་ཉོ་འོང་རོགས་ཀྱིས་ རྟ་ཉོཝ་ད་ལུ་ རྟའི་གོང་ག་དེམ་ཅིག་འབྱིན་འོང་ག་ ཏེ་རྟའི་གོང་ དེ་ལས་རྟ་བཙོང་རུང་ར་ སྒ་ཆས་མ་བཙོང་ ཟེར་སླབ་སྟེ་ སྒ་ཆས་བཙོང་རུང་ཡང་ སྒ་མ་བཙོང་ཟེར་ སྒ་བཙོང་རུང་ར་ མཐུར་མ་བཙོང་ཟེར་ མཐུར་བཙོང་རུང་ མཇུག་ཐག་མ་བཙོང་ཟེར་ ཕོ་རྒནམོ་རྩ་རྒས་ལུ་སླབ་ནུག་ནོ་གཅུང་གིས། ཏེ་ཨ་ནཱ་ལས་ རྟ་བཙོང་ནུག
  • ནག་ཀུ་ Naku:
    བཙོང་སྟེ་ སྒྱུ་མ་གིས་ཉོ་ནུག ཏི་རུ་ག་དེམ་ཅིག་བྱིན་བྱིནམ་ཨིན་ན? དེ་ལས་རྟ་བཙོངམ་ཞིནམ་ལས་ སྒ་འབྱིན་དགོ་ སྒ་ཆས་འབྱིན་དགོཔ་ཟེར་སླབ། རྟ་བཙོང་རུང་སྒ་ཆས་མ་འབྱིན་ཟེར་སླབ་སྟེ་ཡོད་ནོ་གཅུང་གིས་ ཟེར་སླབ་ནུག་ ཕྲངམ་ཕྲང་སར་སླབ་བཞག་ནུག་ཁོ་གིས་འདི་ ཏེ་དེ་སྦེ་སླབ་ད་ དེ་ལས་སྒ་ཆས་ རྟའི་རིན་གོང་བཟུམ་ཅིག་ སྒ་སྟན་ལུ་བྱིན་ནུག དེ་ལས་སྒ་སྟན་བྱིན་ཞིནམ་ལས་ སྒ་ཆ་གནང་ཟེར་སླབ་ནུག
  • ནག་ཀུ་ Naku:
    དེ་ལས་ སྒ་སྟན་བྱིན་རུང་ སྒ་ཆས་མ་བྱིན་ཟེར་སླབ་སྟེ་ཡོད་ནོ་གཅུང་གིས་ཟེར་ ཏེ་འ་ནཱི་ལུ་ སྒ་སྟན་གྱི་རིན་གོང་བཟུམ་གཉིས་ སྒ་ལུ་བྱིན་ནུག དེ་ལས་མཐུར་གནང་ཟེར་སླབ་ནུག དེ་ལས་ སྒ་ཆས་བཙོང་རུང་ མཐུར་མ་བྱིན་ཟེར་སླབ་སྟེ་ནོ་གཅུང་གིས་ཟེར་ དེ་ལས་སྒ་གི་རིན་གོང་བཟུམ་གྱི་གཉིས་ མཐུར་ལུ་བྱིན་ནུག དེ་ལས་ མཇུག་ཐག་གནང་ཟེར་སླབ་ནུག ཏེ་མཇུག་ཐག་བྱིན་ཞིནམ་ལས།
  • ནག་ཀུ་ Naku:
    དེ་ལས་ མཐུར་བྱིན་རུང་མཇུག་ཐག་མ་བྱིན་ཟེར་ ནོ་གཅུང་གི་དེ་སྦེ་སླབ་ནུག དེ་ལས་ཨ་ནཱ་ལས་ མཐུར་གྱི་རིན་གོང་བཟུམ་གྱི་གཉིས་ མཐུར་ལུ་བྱིན་ནུག་་་་་་ ཨ་ཁ་ མཇུག་ཐག་ལུ་ ཏེ་བྱིན་ཞིནམ་ལས་ ཡ་ རྫོགས་སོ་ཡི་ད་ ག་དེ་འབདན་ན་ཟེར་ དེ་ལས་ཉིམ་ལུ་བལྟཝ་ད་ལུ་ བྱ་གཅིག་ཚུར་འོང་སྟེ་ དེ་ལས་བྱ་ལུ་སྤྲུལ་ཡར་སོ་ནུག དེ་ལས་ཁྱ་རྒོད་བདུན་ལུ་གྱུར་ཏེ་བདའ་སོང་ནུག
  • ནག་ཀུ་ Naku:
    དེ་ལས་ མར་ས་ཁར་བལྟཝ་ད་ ཀ་ཤ་མཐོང་ནུག འ་ནཱི་ཀ་ཤ་ལུ་སྤྲུལ་སོང་ནུག འ་ནཱི་བྱི་ཐུར་བདུན་གྱུར་ཏེ་བདའ་ཡར་སོང་ནུག དེ་ལས་འདི་ ཆུ་ནང་བལྟཝ་ད་ ཉ་མཐོང་སྟེ་ ཉ་ལུ་སྤྲུལ་ཏེ་ སྲམ་ཡང་གྱངས་ཁ་བདུན་གྱུར་ཏེ་ བདའ་ཡར་སོང་ནུག དེ་ལས་དོ་རུང་ གཡུས་ཁར་བལྟཝ་ད་མི་མཐོང་སྟེ་ མི་ལུ་སྤྲུལཝ་ད་ སྲིན་པོ་སྤུན་བདུན་གྱུར་ཏེ་ བདའ་སོང་ནུག དེ་ལས་འདི་ སྒོམ་ཆེན་འཕྱད་ནུག སྒོམ་ཆེན་ལུ་ལྟ་སྟེ་ ང་འདི་བཟུམ་ཅིག་འབདཝ་མས་ཟེར་ ཐུགས་དམ་གནང་ཟེར།
  • ནག་ཀུ་ Naku:
    ཐུགས་དམ་གནང་སྟེ་ [སྦྱངམ་ནག་ལུ་སྤྲུལ་ཏེ་ ཐུགས་དམ་ལུ་གནོདཔ་མས་ལོ།?] དེ་ལས་སྲིན་པོ་གིས་ སྒོམ་ཆེན་ཁྱོད་ཀྱི་ཐུགས་དམ་གནང་ཟེརཝ་ད་ མི་བྱིན་ ག་ཅི་ཡང་མེད་ཟེརཝ་ད་ དེ་ལས་སྲིན་པོ་ཚུ་ག་ར་གིས་ མ་ཎི་ཕྱེངམ་ཕར་ཚུར་འཐེནམ་ད་ དོག་ཡར་སོང་ནུག འ་ནཱི་སྦེ་དོག་ཞིནམ་ལས་ བྱ་པོད་བདུན་གྱུར་ཏེ་ ཚེག་ཚེག་བཏང་ མ་ཎི་ཕྱེངམ་འཐུ་ཟ་ནུག དེ་ལས་འཐུ་ཟ་སྟེ་ [ལྷོདཔ་ད་ལུ་?] སྒྱུ་མ་འདི་ཐོན་ཏེ་ བྱ་པོད་སྤུན་བདུན་འདི་བསད་ཅི།
  • ནག་ཀུ་ Naku:
    བསད་སྦེ་ བསད་དེ་མེན་ན? བསད་ཞིནམ་ལས་ ཡ་ ཁྱོད་ཀྱིས་ཤོབ་ཨ་ནེམ་ཅིག་བཏང་ཡི་ཟེར་ ག་ཅི་འབད་ནི་ཟེར་སླབ་ད་ དེམ་ཅིག་སྡོད་ཡོད། དེ་ལས་འདི་ ནོར་བུ་རུ་ལུང་འབོ་བར་བཏང་འོང་སློབ་དཔོན་གྱིས། ཡ་ ཁྱོད་ལུ་སྲོག་སྐྱབས་ག་ཅི་འབད་རུང་ ཁྱོད་དེམ་ཅིག་སྦེ་ཤི་གི་སྲོག་སྐྱབས་འབད་ཡི་ ང་གིས་སླབ་ད་ཉན་འོང་ག་ཟེར་སླབ་ད་ ཕྱག་ཞུ་ནི་འོང་ཟེར་སླབ་ད་ དེ་ལས་འདི་ཕྱག་འཚལ་སྦེ་རྫོགས་དེས།
  • ནག་ཀུ་ Naku:
    ཏེ་བཏུབ་ཏེ་ མར་ཤིང་གུ་ལུ་ ཤིང་ཨམ་ལས་ཐོག་ཁར་ ནོར་བུ་རུ་ལུང་ཡོད་ འ་ནཱི་ལེན་འབག་ཤོག་སྨེ་ཟེར་གསུངས་ཏེ་ ཏེ་ཁྱོད་ཇ་བཞེས་དེས་ ག་ཅི་སྨོ་ཟེར་ དེ་ལས་མར་གྱི་ཞལ་ཟས་གཅིག་བཏང་ནུག ཕྱི་རུ་མཇུག་ལས་བཏོག་ཟ་ དྲོ་པ་སྤྱི་ཏོག་བཏོག་ཟ་སྨེ་ཟེར་ དེ་ལས་ཤིང་བཏོག་ནི་གི་སྟ་རི་འདི་ མར་གྱི་སྟ་རི་བཟོ་སྟེ་སྐྱེལ་བཏང་ནུག་ ཞག་བདུན་འགོར་འོང་ལོ་ འ་ནཱི་ས་ཁར་གྱོཝ་ད།
  • ནག་ཀུ་ Naku:
    ཏེ་སོང་སྦེ་ ཕྱི་རུ་མར་མཇུག་བཏོག་ཟ་སྟེ་ དེ་ལས་དྲོ་པ་སྤྱི་ཏོག་བཏོག་ཟ་སྟེ་ དེ་ལས་ སྔར་བཞིན་དུ་འགྱུརཝ་མས་ལོ་ མཇུག་མཇུག་རང་ སྤྱི་ཏོག་སྤྱི་བཏོག་རང་ དེ་སྦེ་འགྱོ་སྦེ་ མར་ནོར་བུ་རུང་ལུ་ལྷོད་དེ་ ཐོག་ཁར་འདུག་ལོ། དབའེ་ནོར་བུ་རུ་ལུང་ ས་ཁར་བབ་ན་མ་བབ་ན་ ས་ཁར་མ་བབ་ཟེརཝ་མས་ལོ། ཤིང་ཨམ་ལས་ཐོག་ཁར་ སྟ་རི་[ག་ར་བཏབ་པའི་?]བཏོག་ན་མ་བཏོག་ ཟེར་སླབ་སྦེ་ བརྫམ་ཨིན་ལོ་ཁོ་གི་མར་གྱི་སྟ་རི་གིས་ ཏོང་ཏོང་བཏང་།
  • ནག་ཀུ་ Naku:
    དབའེ་ མ་བབ་མ་བབ་་་་་ ཨ་ཁ་མ་བཏོག་མ་བཏོག་ཟེར་ འབབ་འོང་ཟེར་ ཏེ་དེ་ལས་མར་བབས་ཏེ་ས་ཁར་ལྷོད་དེ་ བཏུབ་ དེ་ལས་ང་འདི་འབག་སྨེ་ ང་གིས་འབད་མི་ཚུགས་སྨེ་ཟེར་ དེ་ལས་ང་གིས་ག་ཅི་ཨིནམ་ཅིག་ སྲུང་གཏང་འོང་ ལན་མ་རྐྱབ་སྨེ་ཟེར་སླབ་སྟེ་ བཏུབ་ཟེར་ དེ་ལས་ཁོ་གིས་སྲུང་ཟེརཝ་ཅིག་བཏང་སྟེ་ ལམ་ཡང་སྦུག་བརྒལ་སོ་ནུག བརྒལ་ཡི་ཟེརཝ་ད་ ཨ་ནཱི་ད་རུང་རོགས་བུ་སྤུན་བདུན་ཡོད་ལོ་ད་རུང་།
  • ནག་ཀུ་ Naku:
    འ་ནཱི་བུ་སྤུན་ལྔ་གིས་ ཤར་གྱི་ཚོང་དཔོན་ ལྷོའི་ཚོང་དཔོན་ ནུབ་ཀྱི་ཚོང་དཔོན་ བྱང་གི་ཚོང་དཔོན་ དབུས་ཀྱི་ཚོང་དཔོན་ཟེར་ ཚོང་དཔོན་འབད་སྡོད་ནུག ཏེ་དབུས་ཀྱི་ཚོང་དཔོན་འདི་ དེ་ཅིག་ཁར་ལྷོད་འོང་ཟེར་དུས་བཏབ་བཞག་ནུག་ལམ་ཁར་ ལྷོད་འོང་ཟེར་ དབུས་ཀྱི་ཚོང་དཔོན་ལྷོད་ནི་ར་མིན་འདུག་ལོ། དབའེ་ག་ཅི་འབད་ཡི་སྨོ་ཟེར་སླབ་སྟེ་ དེ་ལས་འདི་ ཁོང་ཆ་ཁྱབ་ཡར་སོང་ནུག་ སོང་སྟེ་བལྟཝ་ད་ལུ།
  • ནག་ཀུ་ Naku:
    ཕར་ ག་ཅི་སྦེ་འོངམ་སྨོ་ཟེརཝ་ད་ ཁོ་རྨགཔ་འཛུལ་སྡོད་ནུག་ཕར་ རྨགཔ་འཛུལ་ཏེ་ དེ་ལས་འདི་ རྨག་པ་འཛུལ་ཏེ་ མནའམ་འདི་ མནའམ་ག་བཟུམ་ཅིག་ཡོད་ཟེརཝ་ད་ ཏེ་ཕྱི་ཁར་འཐོན་བཅུག་ནི་མེད་པར་ མིན་འདུག དེ་ལས་འདི་ འ་ནཱི་སྤུན་བཞི་གིས་ གཅིག་གིས་མགར་བའི་བུ་ གཅིག་གིས་སྦུད་པའི་བུ་ གཅིག་ཐོ་བའི་བུ་ གཅིག་སྟེགས་མའི་བུ་ དེ་སྦེ་སླབ་སྟེ་ཁོང་བཞི་གིས།
  • ནག་ཀུ་ Naku:
    ཐོ་བའི་བུ་་་་་ སྦུད་པའི་བུ་གིས་ མེ་འཕུ་སྟེ་ ཅ་ལ་ག་ར་བརྡུངས་ཏེ་ འ་ནཱི་དང་མ་འདྲཝ་སྦེ་བཟོ་སྟེ་ ནམ་མཁའ་ལས་འཕུར་འཕུརཝ་བཟོ་ནུག ལ་རི་འབུ་བཟོ་སྟེ་ ལཱ་ཁག་བཏང་སྟེ་བཟོ་སྦེ་ དེ་ལས་འདི་ ལཱ་ཁག་འབད་བཟོ་སྟེ་ དེ་ལས་ལྟོདམོ་ལྟ་མི་ལྷོད་དེ་ ལཱ་ཁག་བཏང་སྟེ་ར་ལྟོདམ་ལུ་འཐོན་ནུག འ་ནཱི་ཨིན་ཟེར་ ངོ་སྤྲོད་འབད་ཞིནམ་ལས་ དེ་ལས་འཁྱིད་འབག་ནུག འགྱོ་སར་དགོ་ཁྱོད་ཟེར།
  • ནག་ཀུ་ Naku:
    ཏེ་འཁྱིད་དེ་འབག་སྦེ་ ལམ་ཁར་ལྷོདཔ་ད་ལུ་ ཕོ་རྒནམོ་གིས་འབག་ནི་སྨོ་ ནོ་གཅུང་གིས་འབག་ནི་ ག་གིས་འབག་ནི་ ནོ་གཅུང་གིས་འབག་ནི་ཟེརན་ འབགན་ག་ཅི་འབག་ནི་ མི་ལང་ནི་མས་ཟེར་ བར་ན་ལས་བཏག་བཏང་ནུག་ཟེརཝ་ད་ ཨེའེ་་་་ སླབ་ཡར་སོ་ནུག ཨ་ནཱི་ནོར་བུ་འབག་མི། དེ་ལས་ཡར་སོ་ཡི་ལོ་ལོག་སྟེ། ལོག་འགྱོ་སྦེ་ བསྐྱལ་སར་བསྐྱལ་ཡི་ད་ ག་དེ་འབདན་ན་ད་ཟེར་ ད་རུང་ར་ཁོ་གི་ས་གོ་ནང་སྡོད་ནུག་ལོ།
  • ནག་ཀུ་ Naku:
    ད་རུང་ར་ ནོར་བུ་ས་ཁར་འབབ་ན་མ་འབབ་ མ་འབབ་མི་འབབ་ དེ་བཟུམ་སྦེ་ར་སླབ་སྟེ་ འབབ་ར་མ་འབབ་ན་ བཏོག་ར་བཏོག་ནི་ཟེར་ དོ་རུང་ར་ བརྫམ་ནུག་ བརྫམ་ད་ལུ་ མ་བཏོག་མ་བཏོག་འབབ་དགོ་ ཟེར་སླབ་སྟེ་ དེ་ལས་ སྤྱི་ཏོག་གུ་ལས་བབས་ཏེ་ དོ་རུང་ཞུ་འབག་འོང་སྟེ་ ག་དེམ་ཅིག་སྲུང་གཏང་རུང་ ལན་མ་རྐྱབ་ཟེར་སླབ་ནུག་དེ་ལུ་ཡང་ དེ་ལས་ སྲུང་ལས་སྲུང་མ་འདྲ་བའི་སྲུང་གཏངམ་མས་ལོ་ ག་ཅི་ཡང་མ་སླབ་པར་ ཏེ་སྒོམ་ཆེན་གྱི་སྒོ་ཁར་ལྷོདཔ་ད་ ཡ་ཁྱོད་ ཟེར་སླབ་ཡར་སོ་ཡི་ལོ་ད་རུང།
  • ནག་ཀུ་ Naku:
    ཏེ་སླབ་ད་ལུ་ ད་རུང་ཡར་སོང་ཡི་ལོ་ལོག་སྟེ། དེ་ལས་མགྱོགས་པར་མགྱོགས་པར་ སྒོམ་ཆེན་འོང་སྟེ་ སྐྱ་ཕུད་རྡོག་གསུམ་འབད་མི་ཅིག་ཐོབ་ཅི་ལོ་ཏེ། འ་ནཱི་གསུམ་འདི་ཏེ་ དེ་ལས་ཆུང་ཀུ་སྦེ་བརྫམ་སྦེ་ ཏེ་གཏོར་བཏངམ་ད་ལུ་ ལོག་སྟེ་ སྐྱ་ཕུད་རྡོག་ཕོག་མི་ཚུ་འདི་ ཕྱུགཔོ་འགྱོ་ཡི་ལོ། གཞན་མི་ཚུ་སྤྱང་ཀ་སྦེ་ དེ་ཅིག་སླབ་དེས་ རྫོགས་སོ་ཡི་ ངེའི་སྲུང་འདི།། །།