Skip to main content Skip to search
27 Aug 2018
17 min 38 sec
Video Overview
Creators: 
Sonam Chophel
Transcript search
No results found for this search
0 of 0
  • ཀརྨ་དངོས་གྲུབ་
    ཏེ་རོགས་དང་ཕུག་གཡུས་ཚན་གཅིག་ནང་ལུ་ཁོང་ལྟོ་ཚང་བུཚ་བདུན་ཡོདཔ་ཨིན་མས་ཟེར་ཞུ་ནི་འབད་ཨིན།བུཚ་བདུནམ་འདི་ག་དང་ག་ཨིནམ་ཟེར་བ་ཅིན་དང་པ་རང་ཕྱུག་པའི་བུ་དེ་ལས་དབུལ་པའི་བུ་བཟོ་བའི་བུ་ལྷ་བྲིའི་བུ་གཅིག་ཏེ་སྤྲོས་བརྐོ་གི་བུ་གཅིག་མགར་པའི་བུ་གཅིག་འ་ནཱེ་སྦེ་ཡོདཔ་ཨིན་པས་ཟེར་ཞུ་ནི་སྦེ་ཨིན།
  • ཀརྨ་དངོས་གྲུབ་
    ཏེ་འ་ནཱི་ཁོང་བདུནམ་འདི་ནམ་ཅིག་ཚེ་འབདཝ་ད་ལུ་ཁོང་བྱོག་འགྱོ་ནི་གི་གྱོས་སྐོར་བརྩམས་ཏེ་སྦེ་བྱོག་འགྱོ་བའི་བྱོག་ཡར་སོང་ནུག་ཟེར་ཞུ་ནི་སྦེ་ཨིན།
  • ཀརྨ་དངོས་གྲུབ་
    ཏེ་བྱོག་འགྱོ་ཏེ་གི་སྦེ་ལ་གཅིག་བརྒལ་ཏེ་ད་ཨ་་ཕར་ཐང་སྦོམ་ཅིག་ནང་ལྷོདཔ་ད་ལུ་ད་ཤུག་པའི་ཤིང་གི་རྩ་བ་ལྷོདཔ་ད་ཏེ་ག་ར་རང་རང་སར་འགྱོ་དགོཔ་སྦེ་ཏེ་རང་རང་སར་རང་རང་སར་ལམ་རེ་རེ་འཚུལ་ཏེ་སྦེ་འགྱོ་ནི་སྦེ་འབདཝ་ད་ལུ།
  • ཀརྨ་དངོས་གྲུབ་
    ཏེ་ད་ང་བཅས་ར་ལྟོ་ཚང་ཚུ་ཏེ་ད་སྲོག་ཤིང་རེ་དང་བླ་མཚོ་རེ་བཟོ་དགེ་ཟེར་ཏེ་ག་ཅི་སྨོ་དེ་བཟོ་དགོ་པའི་ཁུངས་འདི་ག་ཅིག་ལས་བརྟེན་བཟོ་དགོ་པའི་ན་ཟེར་བ་ཅིན་དེ་ག་ཅི་སྨོ་ཟེར་བ་ཅིན་ལྟག་མ་དུས་ཚད་དང་འཁྲིལ་ཏེ་སྦེ་ཁོང་ར་ཡར་ལོག་འཛོམས་ད་ལུ་ལྟ་ལྟོ་ཚང་དང་ཐ་དམ་ཚིག་ལས་རྒྱུ་འབྲས་སྐོར་ལས་ཨིན།
  • ཀརྨ་དངོས་གྲུབ་
    ད་ག་སྲོག་ཤིང་འདི་སྐམ་མི་ཏེ་བླ་མཚོ་སྐམ་འ་ནཱེ་སྦེ་འབྱུང་པ་ཅིན་མོ་བཏབ་ཀྱི་ཕྱིར་དུ་སྦེ་ཏེ་འ་ནཱེ་སྦེ་བཟོ་བཟོཝ་ཨིན་ཟེར་སླབ་ནི་པས་ལགས།ཏེ་འ་ནཱི་སླབ་ད་ལུ་ཏེ་ཁོང་ཏེ་རེ་རེ་གིས་ཤུག་པའི་ཤིང་སྲོག་ཤིང་རེ་རེ་བཙུགས་ཆུའི་རྫིང་རེ་བཙུགས།
  • ཀརྨ་དངོས་གྲུབ་
    དེ་ལས་འ་ནཱེ་སྦེ་འབདཝ་ད་ལུ་དེ་ལས་ཡར་ལས་ ཁོང་ར་རེ་རེ་རེ་རེ་རང་རང་ས་གི་ལམ་ རང་རང་སོ་སོ་འཚུལ་འགྱོཝ་ད་ལུ་ཏེ་ཕྱུག་པའི་བུ་འདི་ད་ལས་མར་སྦེ་ཏེ་སེར་གྲ་སྦེ་ཁ་མར་ཏ་འགྱོཝ་ད་ལུ་མར་རོང་ཆུ་ཅིག་ཡོདཔ་ཨིན་ཟེར་མས་ལགས།
  • ཀརྨ་དངོས་གྲུབ་
    ཏེ་རོང་ཆུ་འདི་ལས་མར་སྦེ་ རོང་ཆུ་མཐའམ་བདའ་ཏེ་ར་འགྱོཝ་ད་ལུ་མར་རོང་ཆུ་གི་མཐའམ་བདའ་ཏེ་འགྱོཝ་ད་ལུ་ཡར་ཨཱ་ཏེ་སྦ་སྒོར་ཅིག་ཁྱིམ་གཅིག་འདུག་ཟེར་མས།
  • ཀརྨ་དངོས་གྲུབ་
    ཁྱིམ་དཀརཔོ་གཅིག་དེ་ནང་འགྱོ་བལྟཝ་ད་ལུ་ད་མར་ཨེ་ཧེམ་ཨང་རྒས་གཅིག་དང་ཨ་རྒས་གཅིག་ཏེ་ད་མགུ་ཏོག་དུང་ལས་དཀརཝ་མིག་ཏོག་གཡུ་ལས་སྔོཝ་སྦེ་ཨ་རྒས་གཅིག་དང་ཨང་རྒས་གཅིག་འདུག་ཟེར་མས་སྒོ་ཁར།
  • ཀརྨ་དངོས་གྲུབ་
    དབའེ་ཨ་རྒས་དང་ཨང་རྒས་ཏེ་ནཱ་བཞུགས་ཡི་ག་ཟེརཝ་ད་ཨིན་སྡོད་ཡི་ཏེ་ཨ་ལོ་ཁྱོད་ག་ཨིནམ་ཟེར་འབདཝ་ད་ང་ཕྱུག་པའི་བུ་ཨིན་ཟེར་ཏེ་ཁོ་གིས་དེ་སྦེ་སླབ་ཅིག་ཟེར་མས་
  • ཀརྨ་དངོས་གྲུབ་
    ཏེ་ཨ་རྒས་ཨང་རྒས་ཀྱིས་དབའེ་ཏེ་ཁྱོད་ཕྱུག་པའི་བུ་འབད་བ་ཅིན་ཁྱོད་ག་དེམ་ཅིག་སྦེ་འོངམ་ཟེར་འབདཝ་ད་ང་འ་ནཱེ་སྦེ་བཤལ་བཤལ་ཡི་འོང་ཡི་ཟེར་དེ་ལེགས་ཤོམ་ཨིན་མས་ ཁྱོད་ནཱ་འོང་སྟེ་ད་གནམ་མེད་ས་མེད་ལེགས་ཤོམ་ཡར་སོང་ནུག་ཟེར་ད་ཁྱོད་ང་བཅས་དང་ཅིག་ཁར་སྡོད།
  • ཀརྨ་དངོས་གྲུབ་
    ཏེ་ང་བཅས་བུམོ་གཅིག་ཡོད་ཏེ་ང་བཅས་རྨགཔ་སྦེ་སྡོད་སྨ་རེ་ཟེར་འབདཝ་ད་ལུ་དབའེ་ཏེ་བུམོ་འདི་ག་བཟུམ་ཅིག་ཡོདཔ་ཨིན་ན་ཏེ་ཨཔ་ཨའི་འདིནཏེ་ད་གཅིན་ནི་མིག་ཏོག་འདིབལྟ་བ་ཅིན་ང་བཅས་གཡུ་བ་ཧོནམོ་སྦེ་་ཡར་སོང་ནུག་ཟེར།
  • ཀརྨ་དངོས་གྲུབ་
    མགུ་ཏོག་བལྟ་བ་ཅིན་དུང་དཀར་ལས་དཀརཔ་སྦེ་ཡར་སོང་ནུག་ཟེར་ད་ཁོང་ར་གཉིས་རྒས་ཤོས་གནས་སྐབས་ འ་ནཱེ་སྦེ་ཡར་སོང་ནུག་འདི་ག་ཅིག་ལས་བརྟེན་ཏེ་སྦེ་ བུམོ་ཅིག་ག་དེ་སྦེ་ཡོད་ག་སྨ་ཟེར་འབདཝ་ད་ལུ་ཁོ་ཡང་དོགས་པ་ཅིག་བསགས་སྦེ་ཏེ་བཏུབ་ཟེར་ཁ་བཟེད་ཞིནམ་ན་སྦེ།
  • ཀརྨ་དངོས་གྲུབ་
    ཁྱོད་ཏེ་ཁྱོད་ར་ཡར་སོང་ཟེར་འབདཝ་ད་ཏེ་ལལྡེ་མིག་ ལྡེ་མིག་འདི་ལྡེ་མིག་ཆག་པ་གཅིག་གནང་དེ་ཟེར་མས་ཨཔ་དང་ཨའི་གིས་ཏེ་ཨཔ་དང་ཨའི་གིས་ ལྡེ་མིག་ཆག་པ་གཅིག་སྤྲོད་འབད་བའི་ཤུལ་ལསན་ལྡེ་མིག་འདི་ལེན་འབད་སྦེ་ཨེ་ཧེང་ལྡེ་མིག་འདི་ལེན་སྦེ་ད་ཨ་ནཱི་ལྡེ་མིག་རེ་རེ་བཞིན་དུ་ ཕྱེ་དེ་སྦེ་སོང་སྨ་རེ་ཟེར།
  • ཀརྨ་དངོས་གྲུབ་
    ཁྱོད་ར་ཕར་ནང་ན་སོང་སྨ་རེ་གསེས་ཁྱིམ་ནང་ཏེ་ལྡེ་མིག་འདི་ ཆག་པ་གཅིག་འབག་སོང་སྦེ་འབད་ཏེ་ལྡེ་མིག་འདི་ཕྱེ་ཡི་ཕྱེ་ཡི་སོང་འབདཝ་ད་ལུ་ཕར་ནང་ན་ལྷོདཔ་ད་ལུ་ཏེ་ད་ཁོ་ཡང་ཕི་ནང་ཨེཧ་ཏེ་མི་ཨིན་ན་ག་ཅི་ན་མ་ཤེས་པ་ཏེ་ ཕི་ནང་ཤེལ་གྱི་སྒྲོམ་ནང་སྦེ་ཏེ་བུམོ་གཅིག་མི་ཅིག་འདུག་ཟེར་མས།
  • ཀརྨ་དངོས་གྲུབ་
    ཏེ་འདིན་ཏེ་ཡང་ན་མིག་ཏོ་འཁྱབ་ནི་མེད་མིག་དབའེ་ཏེ་ག་ཅི་འབད་བའི་ན་སྨ་འདི་མི་ཅིག་ཨིན་ར་ཨིན་ན་ཟེར་འབདཝ་ད་ལུ་ཏེ་ཚར་གཅིག་ཏེ་ཕི་ནང་ལུ་ལྷ་ཨིན་ན་ག་ཅི་ན་མ་ཤེས་པ་ཁོ་ར་ཡང་ཧམ་ཐག་ཆོད་འབད་སྦེ་བུཚ་ཁོ་ར་ཡང་ཧམ་ཐག་ཆོད་འབད་སྦེ་དབའེ་འདི་ཨཔ་འདི་གི་བུམོ་འདི་འ་ནཱི་འོང་ནི་མས་ཟེར།
  • ཀརྨ་དངོས་གྲུབ་
    འབདཝ་ད་ཏེ་ལས་ཨ་ནཱི་པད་ཀར་ཅིག་ཏེ་ ཏིང་ནང་འདེགས་བཞག་ནུག་ཟེར་མས་ལགས་ ཏེ་པད་དཀར་ནང་ལས་པད་ཀར་བོན་རྡོག་ལྔ་དྲུག་ཅིག་འཐུ་ཞིནམ་ན་ལས་སྦེ་ཡར་མོ་གི་གདོང་གུ་གཏོརཝ་ད་ལུ་དེ་ལས་་མིག་ཏོག་འཁྱབ་མས་ཟེར་མས།
  • ཀརྨ་དངོས་གྲུབ་
    ཏེ་འ་ནཱ་ལས་འཁྱིད་འགྱོ་ནུག་མཁའ་འགྲོ་མའི་མཚན་རྟགས་འདི་ ངོ་མ་མཁའ་འགྲོམ་སྦེ་མཇལ་ཏེ་ཁོ་ཕི་ནང་ལུ་ཏེ་ཁོ་ཏེ་བུམོ་འདི་དང་ཅིག་ཁར་ཏེ་ད་ཨ་ཙིག་ཅིག་ དགའ་ཏོག་ཏོ་སྐྱིད་ཏོག་ཏོ་སྐྱིད་ཏོང་ཏོ་སྦེ་ཏེ་ད་ ཕི་ནང་སྤྲོ་འཁྱམས་སྡོད་པའི་ནམ་དུས་འདི་ནང་ལུ་ལྷོདཔ་ད།
  • ཀརྨ་དངོས་གྲུབ་
    ཏེ་ནམ་ཅིག་ཚེ་འབདཝ་ད་ལུ་བུམོ་འདི་གིས་ཏེ་ཨེང་ ད་ང་བཅས་གཉིས་དེ་སྦེ་སྡོད་པ་མི་བཏུབ་པས་ད་ག་ཅིམ་ཟེར་བ་ཅིན་ང་བཅས་གཉིས་འཁྲུས་གནང་མ་འབྱོན་གེ་ཟེར་ཏེ་བུམོ་འདི་གིས་ཏེ་བུམོ་འདི་གིས་ཏེ་ ང་བཅས་གཉིས་འཁྲུས་གནང་པ་འབྱོན་གེ་ཟེར་འབདཝ་ད་ ཏེ་བཏུབ་ཟེར་ཏེ་བུམོ་འདི་ཁོ་ར་ཁོ་ར་རྒན་རྒས་གཉིས་མར་ ཆུ་བཤལ་བར་བྱོན་བྱོནམ་མས་ལགས།
  • ཀརྨ་དངོས་གྲུབ་
    འ་ནཱི་རོང་ཆུ་ནང་ལུ་ཏེ་རོང་ཆུ་ནང་ལུ་ ཆུ་འཁྱུ་བར་འགྱོཝ་ད་ལུ་ཏེ་བུམོ་འདི་གི་ ཨ་ནཱི་སོར་བྱང་འདི་གུ་ གསེར་གྱི་མཛུབ་དཀྱི་གཅིག་ཡོདཔ་མས་ཏེ་གསེར་གྱི་མཛུབ་དཀྱི་འདི་ཏེ་འདི་གླང་ལེབ་བཏབ་ད་ འདི་འཐོན་ཡར་འོང་བ་སྨོ་ལགས་འཇམ་ཅུག་ཅུ་སྦེ།
  • ཀརྨ་དངོས་གྲུབ་
    ཏེ་གསེར་གྱི་མཛུབ་དཀྱི་འདི་ཏེ་ཐོན་ཡར་སོང་ཆུ་གི་འབག་ཡར་སོང་ནུག་ ཆུ་གི་འབག་ཡར་སོང་སྦེ་དེ་ལས་ཨ་ནཱི་ཆུ་འདིའི་མར་མར་མཇུག་ལུ་ཏེ་རྒྱལ་པོའི་ཕོ་བྲང་གཅིག་ཡོདཔ་ཨིན་ཟེར་མས།
  • ཀརྨ་དངོས་གྲུབ་
    རྒྱལ་པོའི་ཕོ་བྲང་གཅིག་རྒྱལ་པོའི་ཕོ་བྲང་གཅིག་ཡོདཔ་ད་ལུ་ཏེ་ད་ཆུ་གི་འབག་དེ་འདི་འབག་མར་རྒྱལ་པོའི་ཕོ་བྲང་གི་གོ་ཁར་བཀལ་ནུགགསེར་གྱི་མཛུབ་དཀྱི་འདི་གསེར་གྱི་མཛུབ་དཀྱི་འདི་ མར་རྒྱལ་པོའི་ཕོ་བྲང་གདོང་ཁར་བཀལ་འབདཝ་ད་ཨ་རྟག་ར་གི་རྒྱལ་པོའི་ཆིབས་ཀྱི་ཆུ་འབྱིན་ས་གི་ཆུ་གཟར་གྱི་མར་ལྷོད་སོང་ནུག
  • ཀརྨ་དངོས་གྲུབ་
    ཏེ་རང་རང་ས་ཧེ་མ་གི་ ལུང་བསྟན་དང་འཁྲིལ་གྱི་སྦེ་བྱུང་དོ་ཡོདཔ་མས་ལགས།དེ་ལས་མི་ནང་ལྷོད་འབད་སྦེ་རྒྱལ་པོའི་ཨ་དྲུང་འདི་གི་ཏེ་རྒྱལ་པོའི་རྟ་འདི་རྟག་བུ་ར་མེས་ནང་ཆུ་འབྱིན་པ་ཡར་རྒྱལ་པོ་གཟིགས་ས་ལས་རྒྱལ་པོ་ཡར་སྒོ་ཅུང་ནང་ལས་གཟིགསཔ་ད་ཁོ་ར་གཟིགས་ས་ར་འབྱིན་དགོ་དོ་ཡོདཔ་མས་རྟ་འདི་ལགས་རྟ་འདི།
  • ཀརྨ་དངོས་གྲུབ་
    ཏེ་འ་ནཱེ་སྦེ་འབདཝ་ད་ཏེ་རྒྱལཔོ་ཡར་གཟིམ་ཅུང་གི་སྒོ་ཅུང་ནང་ལས་མར་བལྟ་བཞུགས་ཏེ་ཨ་དྲུང་འདི་གིས་ མར་ཆུ་བྱིན་པ་རྟ་འདི་གི་ཙ་ལས་ཆུ་འཐུང་མ་བཏུབ་པ་ཏེ་ཡར་འབདན་ཡར་ཡར་འགྱོ་ཡར་འབདན་ཡར་ཡར་འགྱོ་རྟ་འདི་གི་འ་ནཱེ་སྦེ་ ཆུ་ནང་བལྟ་སྡོད་ཆུ་འཐུང་མ་བཏུབ།
  • ཀརྨ་དངོས་གྲུབ་
    ཏེ་འབདཝ་ད་ ཡར་རྒྱལཔོ་དགོངསཔ་ཁྲེལ་ཆེ་ཡི་ཟེར་མས་ཡ་ཆིད་ད་རིས་ ཨ་དྲུང་འདི་གིས་ ངེ་རྟ་ཨ་རྟག་འཐུང་ས་གི་ཆུ་འཐུང་མ་གཏད་ཟེར་ག་ཅི་འབད་པའི་ན་ཟེར་བཞག་ཤིག་ ཁོ་ང་ནཱ་ལྷོདཔ་ད་ཕྱད་དགེ་ནོ་ཟེར་ཏེ་འ་ནཱེ་སྦེ་རྒྱལཔོ་དགོངསཔ་ཁྲེལ་སྦེ་དེ་སྦེ་འབད་བའི་ཨིན་ཟེར་མས།
  • ཀརྨ་དངོས་གྲུབ་
    དེ་ལས་ཁོན་མར་རྟ་འདི་གིས་ ཆུ་འཐུང་མ་བཏུབ་ཏེ་རྟ་འདི་གིས་ ཡར་འབདན་ཡར་བལྟ་ཡར་འབདན་ཡར་ར་བལྟ་ལོག་འབདན་རྟ་འདི་གིས་ ཨ་ནཱེ་སྦེ་སྐད་ཧེན་བལྟ་དེ་ཟེར་མས་མར་ཆུ་ནང་ལུ་ཆུ་ནང་སྐད་ཧེན་བལྟ་སྦེ་ཏེ་མར་ལས་ཡར་ཏེ་ཉིམ་བཟུམ་སྦེ་ འོད་ཨ་ནཱེམ་ཅིག་ཤར་ནུག་ཟེར་མས་མར་ལས་ཡར་ལགས།
  • ཀརྨ་དངོས་གྲུབ་
    ནཱ་འ་ནཱི་གསེར་གྱི་མཛུབ་དཀྱི་ནང་ཉིམ་ཕོགཔ་མར་ལས་གསེར་གྱི་མཛུབ་དཀྱི་གི་འོད་ཀྱི་སྦེ་དེ་ལས་འཐུ་བལྟཝ་ད་དེ་ལས་གསེར་གྱི་མཛུབ་དཀྱི་གཅིག་མས་ཟེར་མས་དེ་ལས་གསེར་གྱི་མཛུབ་དཀྱི་ ཧེམ་ཅུང་ནང་བཙུགས་འབད་ཡར་སོང་།
  • ཀརྨ་དངོས་གྲུབ་
    ཁོ་ཡར་རྟ་ར་ནང་རྟ་བཏགས་ཚརཝ་ཅིག་ཡར་ལས་མར་བོད་གཅིག་བཏང་ནུག་མར་ཨ་དྲུང་འདི་ཡར་ཤོག་ཟེར་སླབ་ཤིག་ཡར་སོང་ག་ཅིམ་ཨིན་ཁྱོད་ཟེར་ངེ་གི་ག་ཅི་སྨོ་ཟེར་དེ་ངེ་རྟ་འདི་ཨ་རྟག་འཐུང་སའི་ཆུ་འཐུང་མ་སྟེར་ཨ་རྟག་བཟའ་བའི་ རྩ་བཟའ་མ་སྟེརཝ་ཁྱོད་ཟེར།
  • ཀརྨ་དངོས་གྲུབ་
    མར་འགུག་ཤིག་ཟེར་འབད་བའི་ཤུལན་གསལ་ཞུ་ནི་ཡོད་ཟེར་གསལ་ཞུ་ནི་ཡོད་ལགས་ཟེར་ཏེ་ག་ཅི་སླབ་ནི་ཡོདཔ་ཟེར་ཏེ་ད་ཨ་རྟག་འཐུང་པའི་ཆུ་ཡང་འཐུང་མ་བཏུབ་ཨ་རྟག་བཟའ་བའི་རྩ་ཡང་བཟའ་མ་བཏུབ་ཟེར།
  • ཀརྨ་དངོས་གྲུབ་
    ལོག་ག་ཅིག་ཨིན་ན་མནོ་བ་ཨ་ནཱི་ཨིན་པས་ཟེར་གསེར་གྱི་མཛུབ་དཀྱི་འདི་ཁོ་གི་ཧེམ་ཅུང་ནང་ལས་བཏོན་སྦེ་ རྒྱལཔོ་ལུ་ཕུལཝ་ད་དེ་ལས་རྒྱལཔོ་གིས་ ཡ་བཏུབ་པས་བཏུབ་པས་འདིན་བཏུབ་ཨིན་པས་ཁྱོད་བདེན་པས་ཟེར་མཛུབ་དཀྱི་ནཱ་བཏང་ཤིག
  • ཀརྨ་དངོས་གྲུབ་
    དེ་ལས་མཛུབ་དཀྱི་འདི་ཡར་རྒྱལཔོ་ལུ་ཕུལ་ད་འ་ནཱི་གསེར་གྱི་མཛུབ་དཀྱི་བཙུགས་མི་གི་མི་གཅིག་ཡོད་ཟེར་རྒྱལ་པོ་གིས་དེ་འཚོལ་དགོ་ཟེར་ད་ཨ་ནཱི་གསེར་གྱི་ མཛུབ་དཀྱི་བཙུགས་པའི་གི་ཁུངས་འདི་རྒྱལཔོ་ད་ད་ཆུ་འདི་ཆུ་འདི་གི་འབག་འབགཔ་མས་ཆུ་འདི་ཁ་ཡར་བལྟ་མི་འོང་ཆུ་འདི་ཡར་ལས་མར་ར་འོང་དགོ་ཟེར།
  • ཀརྨ་དངོས་གྲུབ་
    ཆུ་མར་བལྟ་འགྱོཝ་ད་ཆུ་གིས་ཡར་ལས་མར་ར་འབག་འོང་དགོ་ཨ་ནཱི་ཆུ་གི་རྐ་མགུ་བདའ་དེ་ཏེ་འབོད་བཏང་ད་ནུག་ཏེ་འཚོལ་བ་ཨ་ནཱི་གསེར་གྱི་མཛུབ་དཀྱི་བཙུགས་མི་འཚོལ་བ་ཏེ་ཡར་འཚོལ་འབདཝ་ད་ཏེ་ཡི་ནཱ་ལུ་ཏེ་ཨ་ནཱི་ཨཔ་དང་ཨའི་ཏེ་བྲམ་ཟེ་རྒན་རྒས་གཉིས་སྡོད་ས་ལྷོད་ལྷོདཔ་མས་འབོད་ཚུ་ལགས་ཡར་ལྷོད་འབདཝ་ད་ཏེ་ཨ་ནཱི་སྦེ་ད་ཅིག་ཞུ་དོ་བཟུམ་སྦེ་མས།
  • ཀརྨ་དངོས་གྲུབ་
    ཏེ་མགུ་ཏོ་དུང་ལས་དཀརཝ་མིག་ཏོ་གཡུ་ལས་སྔོཝ་སྦེ་ཏེ་ཨང་རྒས་གཅིག་དང་ཨ་རྒས་གཅིག་ཏེ་ཡར་འདུག་ཟེར་མས་འདི་ནང་ ཡར་ལུ་དབའེ་ག་ཅིམ་ཨིན་ཟེར་འབདཝ་ད་ག་ལོ་ག་དེ་སྦེ་ཐོནམ་ཟེར་ད་ང་བཅས་འ་ནཱེ་སྦེ་ཨིན།
  • ཀརྨ་དངོས་གྲུབ་
    ཏེ་མར་རྒྱལ་པོ་གིས་ འ་ནཱེ་སྦེ་བཏང་བཏངམ་ཨིན་ཟེར་འབདཝ་ད་ཏེ་ང་བཅས་ནཱ་ ག་ནི་ཡང་མེད་ཟེར་ཏེ་རྒན་རྒས་ང་བཅས་རགཉིས་ར་ཨིན་ཟེར་ང་བཅས་བུཚ་ཡང་མེད་ ག་ནི་ཡང་མེད་ཟེར་འབདཝ་ད་ཏེ་ཁོང་རྒྱལ་པོའི་ཤུགས་ཀྱི་སྦེ།
  • ཀརྨ་དངོས་གྲུབ་
    ཏེ་རྒྱལ་པོའི་དབང་གི་སྦེ་ཏེ་ཏེ་ཁྱིམ་སློང་ནི་འགོ་བཙུགས་ནུག་ཏེ་ འགོ་བཙུགས་འབདཝ་ད་ལུ་ཏེ་ འ་ནཱེ་སྦེ་ཏེ་ཁོང་གཉིས་ཕར་ ཁྱིམ་ནང་ལུ་ཏེ་ ཨ་ནཱེ་སྦེ་བཞུགས་ནུག་ཟེར་མས་ མཁའ་འགྲོ་མ་འདི་དང་ཏེ་ཕྱུག་པའི་བུ་འདི་ལགས།
  • ཀརྨ་དངོས་གྲུབ་
    ཏེ་འ་ནཱེ་སྦེ་ཞུ་བཞུགས་འབད་ས་ལས་ལྷོདཔ་ལས་དེ་ལསན་ཏེ་ལོག་མར་སོང་འབད་སྦེ་ཏེ་ག་དེ་སྦེ་ཨིནམ་ཟེརཝ་ད་ཏེ་འ་ནཱེ་སྦེ་ཨིན་མས་ཏེ་བུཚ་གཅིག་དང་བུམོ་གཅིག་ སྤ་བུམོ་མ་འདྲཝ་ཅིག་གནམ་མེད་ས་མེད་གྱིམ་མ་ནང་བཞག་པ་ཅིན་འཁྱེག་ནི་བཟུམ་ཉི་མ་བཏོན་པ་ཅིན་བཞུ་ནི་བཟུམ་སྦེ་འབད་འབད་བའི་བུམོ་འདུག
  • ཀརྨ་དངོས་གྲུབ་
    མིག་ཏོག་མ་འཁྱབ་པ་ཅིན་ ལྷ་ཨིན་ན་ག་ཅིག་ཨིན་ན་མི་ཤེས་པས་ཟེར་ རྒྱལ་པོ་ལུ་དེ་སྦེ་ཞུ་སྦེ་ཏེ་རྒྱལ་པོ་གནམ་མེད་ས་མེད་ཐུགས་དགྱེས་ཏེ་དེ་ལས་ཏེ་དེ་གི་ནངས་པ་ར་ཏེ་ཅ་ལ་བསྒྲིགས་ཏེ་ལེན་པར་འཛུལ་སོང་ནུག་ཏེ།
  • ཀརྨ་དངོས་གྲུབ་
    ཏེ་ཁོ་ར་དེ་ལསན་ཏེ་ཡར་བྱོན་ཏེ་རྒྱལ་པོའི་བཙུན་མོ་སྦེ་ཏེ་འཁྱིད་ཐོན་ནུག་འགྱོ་དགོ་པས་ཟེར་ ཨཔ་འདི་ལུ་སླབ་ཏེ་རྒྱལཔོ་ནཱ་ཨཔ་འདི་གིས་ཨཔ་འདི་ལུ་ཡང་ཏེ་མ་བཏུབ་བཏུབ་སྦེ་ཏེ་ཁོང་ཏེ་ཚེ་གང་འགྲངས་པའི་གི་རྒྱགས་སྐལ་ཚེ་གང་གྱོན་པའི་གོས་ཆ།
  • ཀརྨ་དངོས་གྲུབ་
    ཏེ་ཁོང་གཉིས་ཀྱི་སྐྱིད་སྡུག་ཡང་ང་ར་བལྟ་ནི་ཟེར་ཏེ་འ་ནཱེ་སྦེ་གསུངས་ཏེ་རྒྱལ་པོའི་དབང་སྦེ་དེ་ལསན་ཏེ་ཤོར་སོང་ནུག་ བུམོ་འདི་ཡར་ལས་མར་ ཏེ་རྒྱལ་པོ་གིས་ མར་བུམོ་འདི་ མར་འཁྱིད་མར་སོང་འབད་སྦེ་ཏེ་ཏེ་ཁོ་ར་ཡང་འཁྱིད་ཏེ་བུམོ་འདིཡང་འཁྱིད་འབད་སྦེ་ཏེ་ཡར་གཟིམ་ཅུང་ནང་སོང་འབད་སྦེ་ནམ་ཅིག་ཚེ་འབད་ཚེ་ཏེ་ འ་ནཱི་ཕྱུག་པོའི་བུཚ་འདི་ཨིན་པས་ལགས།
  • ཀརྨ་དངོས་གྲུབ་
    ཏེ་འ་ནཱི་རོང་ཆུ་གི་མཐའ་མ་ལུ་རྡོ་ལེབ་སྦོམ་གཅིག་ཡོདཔ་མས་ཏེ་རྡོ་ལེབ་སྦོམ་འདི་ཏེ་མར་ལས་ཕར་ར་བརྐོ་འདི་ལགས་རྡོ་ལེབ་འདི་ཨ་ནཱེ་མས་པ་སྨོ་ལགས་ད་རྡོ་ལེབ་ཨ་ནཱི་འབདཝ་ད་ཨ་ནཱ་ལས་ཕར་ས་བརྐོ་དེ་ནཱ་ལས་ཕར་ཕར་ནང་ན་ལགས།
  • ཀརྨ་དངོས་གྲུབ་
    ཏེ་འ་ནཱེ་སྦེ་ས་བརྐོ་ཞིནམ་ན་སྦེ་ དེ་ལསན་ཏེ་ས་ནང་བཙུགས་ཏེ་སྐོར་སོར་ཡི་སོར་ཡི་བརྐོ་སྟེ་ཁོ་ལུ་ལྷོད་ ད་ཕར་མར་ལྡིབ་རནམ་ད་ལུ་སྐོར་རྒྱབ་འདི་ཏེ་ཕྱུག་པོའི་བུ་ལུ་ལྷོདཔ་མས།
  • ཀརྨ་དངོས་གྲུབ་
    ཏེ་ཕྱུག་པོའི་བུ་འདི་ཕར་འཛུལཝ་ཅིག་རྡོ་ལེབ་འདི་མར་གཏང་འབད་སྦེ་ཏེ་རྡོ་ལེབ་འོག་ཨེབ་བསད་བསདཔ་མས་ཨ་ནཱི་ཕྱུག་པོའི་བུ་འདི་རྡོ་ལེབ་འོག་ཨེབ་བསད་ནུག
  • ཀརྨ་དངོས་གྲུབ་
    རྡོ་ལེབ་འོག་ཨེབ་བསད་འབད་སྦེ་ཏེ་དེ་ཅིག་འབད་མས་དེ་ལསན་ཡར་ཏེ་ད་མཁའ་འགྲོམ་འདི་དང་བུམོ་འདི་དང་ཏེ་རྒྱལཔོ་ཡར་ལུ་ཏེ་ གནམ་མེད་ས་མེད་སྤྲོ་སྟོན་དེ་མཁའ་མགྲོ་མ་གིས་ཏེ་ དེ་རང་འབད་རུང་དམ་ཚིག་ལུ་བསྲེ་ཙ་ལས་མ་བཞུགས་པ་ཏེ་རྒྱལཔོ་དང་ཅིག་ཁར་ ཏེ་ད་ང་བཅས་ ད་མ་འབད་བས་ལགས་ཨ་ནཱི་ང་བཅས་ར་ཏེ་ དམ་ཚིག་ལུ་བསྲེ་ག་ནི་ཡང་མིན་འདུག
  • ཀརྨ་དངོས་གྲུབ་
    ཏེ་པུ་ལས་ར་ཏེ་སྦྱོར་བ་ག་ཡང་མིན་འདུག་ཏེ་མ་པ་བཙུནམ་ཨིན་ཟེརཝ་མ་གཏོགས་ཅིག་བུ་ཏེ་ རྒྱལཔོ་དང་འབྲེལ་བ་མ་མཛད་པས་ཏེ་འ་ནཱེ་སྦེ་འབདཝ་ད་ཏེ་ནམ་དེ་ལསན་ཏེ་ ཁོང་འ་ནཱེ་སྦེ་ བཞུགས་བཞུགས་པའི་བར་ན་སྐོར་ར་ཏེ་ཁོང་གི་ལྟོ་ཚང་བདུནམ་འདི་ཡོད་པ་སྨོ་ལགས།
  • ཀརྨ་དངོས་གྲུབ་
    ཁོང་ཆ་རོགས་བདུནམ་འབྱེལ་ཡར་སོང་ཡི་སྦོ་ད་ཅིག་འ་ནཱི་འབྱལ་མི་བདུནམ་དྲུགཔ་འདི་ལུ་ལྷོད་ཞིནམ་ན་ལས་ཨ་ཡེ་སྤང་ཅུང་ནང་ལྷོདཔ་ད་ལུ་བལྟཝ་ད་ལུ་ཕྱུག་པོའི་བུཚུ་འདི་གི་ ཨ་ནཱི་ཤིང་ཡང་སྐམ་ ཕྱུག་པོའི་ཤིང་འདི་ཏེ་ཆུ་འདི་ཡང་སྐམ་འབདཝ་ད་དབའེ་ད་ག་ཨིནམ་ད།
  • ཀརྨ་དངོས་གྲུབ་
    འདི་སྐམ་སོང་ནུག་ཟེར་ཁོང་ར་དྲུག་ཆ་འདི་འདི་སྐམ་སོང་ནུག་ག་ཨིནམ་ཟེར་འབདཝ་ད་ལུ་ཏེ་ག་ཡང་མིན་འདུག་གཟེར་ཏེ་འོག་ཚར་གཅིག་བལྟ་འབདཝ་ད་ལུ་ཏེ་ཁོང་ར་ཡུདཔ་ཅིག་ཧ་ལམ་ཅིག་ཏེ་ངོ་ཡང་ཤེས་མི་ཤེས་ཅིག་སྦེ་འགྱོ་དོ་ཡོདཔ་མས་དེ་བསྒང་ལས།
  • ཀརྨ་དངོས་གྲུབ་
    དུས་ཡུན་འདི་སླབ་དགོ་པ་ཅིན་ཏེ་ག་ཨིནམ་དེ་ནང་གཅིག་མིན་འདུག་ཟེར་ཨ་ནཱི་སྐམ་སོང་ནུག་ཟེར་ཏེ་ག་ར་ལུ་ངོ་རྟགས་བལྟ་ག་ར་ཁྱོད་ག་ཨིནམ་ཁྱོད་ག་ཨིནམ་ཟེར་ང་ཨ་ནཱི་ཨིན་ང་ཨ་ནཱི་ཨིན་ཟེར་ཁོང་རའི་མིང་བཏོནམ་ད་ཏེ་ཕྱུག་པོའི་བུ་འཐོན་ནི་མེདཔ་མས།
  • ཀརྨ་དངོས་གྲུབ་
    དེ་ལས་ཕྱུག་པོའི་བུ་འཐོན་ནི་མེད་པ་དེ་ལསན་ཏེ་ད་དབའེ་ད་དེ་སྦེ་མི་བཏུབ་ཟེར་ད་ལྟ་ལྟོ་ཚང་དང་ ལྟ་ལྟོ་ཚང་ཟེར་མི་འདི་ཐབས་ཤེས་འ་ནཱེམ་ཅིག་དགོ་ནི་ཨིན་ཟེར་ང་བཅས་ལྟ་ལྟོ་ཚང་གི་ ཐ་དམ་ཚིག་དང་ལས་རྒྱུ་འབྲས་འདི་འ་ནཱེམ་ཅིག་ཁར་བརྩི་དགོ།
  • ཀརྨ་དངོས་གྲུབ་
    ད་ཁོ་ག་ཏེ་ཡོད་རུང་ ང་བཅས་ཀྱིས་འཚོལ་དགོ་ཟེར་འཚོལ་འཚོལ་འགྱོ་སྟེ་གི་སྦེ་ཏེ་ཨ་ནཱི་ཆུ་བདའ་སྟེ་ར་འགྱོཝ་ད་ ཏེ་ག་ཏེ་ཡང་མ་རྐྱབ་པར་ཏེ་རང་རང་སའི་ ལུང་བསྟན་གི་འབད་བའི་ཤུལ་ལསན་ཨ་མར་རྡོ་ལེབ་གུ་ལྷོད་ལྷོདཔ་ཨིན་ཟེར་མས་ལགས།
  • ཀརྨ་དངོས་གྲུབ་
    ཨ་མར་ཕྱུག་པོའི་བུ་ བཙུགས་སའི་རྡོ་ལེབ་འདི་གུ་ཨ་མར་ལྷོདཔ་ཅིག་ད་དེ་སྦེ་མེན་མས་ད་ང་བཅས་དེ་སྦེ་རྐང་མ་འགྱོ་སྟེ་འཚོལ་འདི་གིས་ ཙ་ལས་མི་བཏུབ་པས།
  • ཀརྨ་དངོས་གྲུབ་
    ད་ག་དེ་སྦེ་ཟེར་རུང་ རྩིས་པའི་བུ་འབད་དོ་སྦ་ཁྱོད་ཀྱིས་རྩིས་རྩིས་བལྟ་ཤིག་ཁོ་རེ་ཟེར་ཏེ་ཁོ་གིས་མོ་བཏབ་རྩིས་པའི་བུ་འདི་གིས་ཏེ་གནམ་རྩིས་ས་ཕབ་ས་རྩིས་མདོས་སྐོར་འགྱུར་བལྟཝ་ད་ལུ་ཏེ་འ་ནཱི་ཕྱུག་པའི་བུ་འདི་ཨ་ནཱི་རྡོ་འདི་འོག་ལུ་འདུག་ཟེར་འཐོན་འཐོན་པའི་ཟེར་མས་ལགས།
  • ཀརྨ་དངོས་གྲུབ་
    རྩིས་མཁས་དྲག་རྩིས་བལྟ་དགོ་པ་ཅིན་རྩིས་འདི་ཏེ་འ་ནཱེ་སྦེ་འབྱུང་འབྱུངམ་མས་བ་ ག་ཅི་ཟེརན་གནམ་རྩིས་ས་ཕབ་ས་རི་མདོས་སྐོར་འགྱུར་བལྟཝ་ད་ལུ་ཏེ་འ་ནཱ་འཐོན་འཐོནམ་མས།
  • ཀརྨ་དངོས་གྲུབ་
    ཏེ་འ་ནཱ་འདུག་ཟེར་ད་ད་དེ་སྦེ་མི་བཏུབ་པས་ད་འདི་ནང་ཡོད་པ་ཅིན་གཏན་གཏན་ཡོདཔ་ཨིན་པ་ཅིན་ད་བཏོན་གེ་ཟེར་དེ་ལས་ད་མགར་བའི་བུ་འདི་གིས་ད་ད་ཨ་ནཱི་རྡོ་འདི་ ག་དེ་སྦེ་ཨིན་རུང་ཁྱོད་ཀྱི་འབད་ཤིག་ཟེར།
  • ཀརྨ་དངོས་གྲུབ་
    ཏེ་མགར་བའི་བུ་འདི་གི་ གཡས་དང་གཡོན་ལས་སྦུདཔ་རྐྱབ་མེ་འཕུ་ཏེ་ཐོཝ་གི་དཀྲུམ་འབད་སྦེ་ཏེ་འ་ནཱེ་བཏོན་བཏོནམ་ཨིན་ཟེར་མས་ལགས་ཏེ་ཨ་ནཱི་བཏོནམ་ད་ལུ་ཏེ་རོ་འདི་ ཨ་ནཱ་ལས་རམ་སྐམ་འཐད་དེ་བཏོན་ད་རོ་རོ་རྐྱངམ་ཅིག་འབད་མི་བཏུབ་པས་ཟེར།
  • ཀརྨ་དངོས་གྲུབ་
    ད་ང་བཅས་ར་ཏེ་ཁྱོད་དྲུང་འཚོ་བུ་འབད་དོ་བ་ཟེར་ཁྱོད་ཨིན་རུང་མེན་རུང་ ཁྱོད་དྲུང་འཚོ་གི་ཨིན་བུ་ཅིག་ཨིན་ཟེར་ཏེ་ཁྱོད་ཀྱིས་ཤི་བ་ལོང་ནི་གི་སྨན་འདི་བཏང་དགོ་ཟེར་ཏེ་འ་ནཱི་སྨན་འདི་ ཨ་ནཱ་ལས་འབྱུང་འབྱུངམ་འདྲས་སྦོ་ལགས་ང་བལྟཝ་ད།
  • ཀརྨ་དངོས་གྲུབ་
    ཏེ་ཤི་བ་ལོང་ནི་སྨན་འདི་བཏང་དགོ་ཟེར་ཏེ་ཤི་བ་ལོང་ནིའི་སྨན་འདི་ ཁོ་གིས་བཏངམ་མས་དྲུང་འཚོ་བུ་འདི་གིས་ དེ་ལས་དྲུང་འཚོ་བུཚ་འདི་གིས་ཤི་བ་ལོང་ནི་སྨན་འདི་བཏང་དེ་ལས་ཁོ་ལྷོང་ད་འདུག
  • ཀརྨ་དངོས་གྲུབ་
    ང་བཅས་བཟུམ་སྦེ་ར་མི་བཟུམ་སྦེ་ལྷོང་དེ་ལསན་ཏེ་འདྲི་བ་རྐྱབ་ཏེ་ཁྱོད་ཨ་ནཱེ་སྦེ་འབད་དགོ་པའི་ཁུངས་འདི་ག་ཅི་ལས་བརྟེན་ཁྱོད་ཡར་ལས་མར་འགྱོཝ་ད་ག་དེ་སྦེ་ཨིནམ་ཟེར་མི་ག་དང་ཕྱད་ཅིགཔ་ཏེ་ཁྱོད་ཨ་ནཱེ་སྦེ་འབད་དགོ་མི་ཁུངས་དང་ དགོས་པ་ཚུ་སྦྲགས་དགོ་ཟེར་འབདཝ་ད་ ཁོ་གིས་ ད་ཕྲང་ཕྲང་ཡར་ལས་མར་འོང་ད་ཨ་ནཱི་ཕྱད་ཅིག
  • ཀརྨ་དངོས་གྲུབ་
    གཉིས་པ་ཨ་ནཱི་འབད་ཡི་དང་པ་ཨ་ནཱི་བཟུམ་འབད་ཡི་དེ་ལས་ཨ་ནཱི་ ད་ཅིག་ཞུ་དོ་བཟུམ་སྦེ་པུ་ར་ཁོ་གིས་ ལྟོ་ཚང་ཚུའི་གདོང་ཁར་འདལཝ་ད་ལུ་ཏེ་ད་བུམོ་འདི་ག་ཏེ་ཡོདཔ་ཟེར་བུམོ་འདི་ཨ་ཡར་རྒྱལ་པོ་གི་བཙུནམ་སྦེ་ཡོད་ཟེར་འདལ་འདལཝ་མས།
  • ཀརྨ་དངོས་གྲུབ་
    དེ་ལས་ཤིང་ད་འདིན་རྒྱལ་པོའི་སྲས་ཀྱི་གསུངས་ནུག་དེ་ལས་འུང་དེ་སྦེ་འབད་བ་མི་བཏུབ་ད་ཁྱོད་ཤིང་གི་བཟོཝ་འབད་དོ་སྦ་ཏེ་ཁྱོད་ཤིང་གི་བཟོ་བའི་བུ་འབད་དོ་བ་ཁྱོད་བྱ་ཁྱུང་བསྒྲིགས་ཤིག་ཟེར་ཁྱུང་ཤིང་གི་ལགས།
  • ཀརྨ་དངོས་གྲུབ་
    སྒྲོམ་བསྒྲིགས་བཅུག་ཤིག་གནམ་གྲུ་མས་ད་རེས་འབདན་ཏེ་ཨ་ནཱི་བཟོ་ཤིག་ཟེར་བཏུབ་ཟེར་ཏེ་ཏེ་ཁོ་གིས་ཏེ་ཏེ་ཤིང་གི་སྦེ་ཏེ་ཨན་ཏ་འབད་སྦེ་ཏེ་བྱ་ཁྱུང་མི་གཉིས་ཤོངམ་ཅིག་འབད་བཟོ་ཁྱུང་སྦེ་བཟོ་ཏེ་སྦེ་ དེ་ལསན་ཏེ་བཟོ་ད་འདུག
  • ཀརྨ་དངོས་གྲུབ་
    ད་ད་འདིན་ད་ཁྱོད་ཀྱི་ཁྱུང་འདི་བསྒྲུབས་སོང་པ་ཅིན་ད་འདི་ད་ཁྱུང་ད་ཤིང་དཀར་བཀྱག་ནི་དཀར་བཀྱག་འདི་ལུ་ རྒྱུད་ཤེས་མི་ག་ཡང་མེད་ཟེར་ད་ལྷ་བྲིསཔ་ཁྱོད་འབད་དོ་སྦ་ལྷ་བྲིས་པ་གི་མེ་ཏོག་རྐྱབ་ཤིག་ཟེར།
  • ཀརྨ་དངོས་གྲུབ་
    ཏེ་མེ་ཏོག་གནམ་མེད་ས་མེད་མ་འདྲཝ་རྐྱབ་ཤིང་གུ་ལུ་ཨན་ཏ་གུ་མེ་ཏོག་ གནམ་མེད་ས་མེད་མ་འདྲཝ་ཁྲ་ཤིང་ཁྲ་བོ་རྐྱབ་འབད་བའི་ཤུལན་དེ་ལསན་ཏེ་སྤྲོས་བརྐོ་བུ་འདི་མས།
  • ཀརྨ་དངོས་གྲུབ་
    མཇུག་ར་ཏེ་སྤྲོས་བརྐོ་བུ་འདི་གིས་ཏེ་ ཏེ་ད་དེ་སྦེ་ང་བཅས་ར་ མར་ཁོ་རྡོ་ལེབ་འོག་ལས་བཏོན་ས་ལས་བཏོན་རྩིས་མོ་བཏབ་ས་ལས་བཏབ་ག་ར་འབད་ས་ལས་འབད་མནོ་དོན་གྲུབ་ག་ར་འབད་ཚོན་བཏང་ག་ར་འབད་ཚར་ཡི་ཟེར།
  • ཀརྨ་དངོས་གྲུབ་
    ལཱ་འབད་ཚར་བ་ཨེང་ད་འདི་སྦེ་འདི་ནང་བཞག་པ་གི་བུམོ་འདི་ནཱ་ལྷོད་མི་ཚུགསཔ་ཟེར་ད་འདི་ད་སྤྲོས་བརྐོ་བུ་འདི་གིས་གཟེར་འདི་ཡར་འགྱོ་རུ་འགྱོ་བཏུབ་དང་ མར་འབབ་རུང་འབབ་བཏུབ་པའི་འཕྲུལ་འདི་ ཁྱོད་ཀྱིས་བཙུགས་དགོ་ཟེར།
  • ཀརྨ་དངོས་གྲུབ་
    སྤྲོས་རྐོ་བུ་ལུ་ཏེ་ཨ་ནཱི་སྤྲོས་རྐོ་བུ་འདི་གིས་ཏེ་དེ་ལསན་ཏེ་ཡར་འཕུར་རུང་འཕུར་ཚུགསཔ་མར་འབབ་རུང་འབབ་ཚུགས་པའི་འཕྲུལ་འདི་བཙུགས་བཙུགསཔ་ཨིན་ཟེར་མས་ལགས།
  • ཀརྨ་དངོས་གྲུབ་
    འཕྲུལ་འདི་བཙུགས་པའི་ཤུལ་ལསན་དེ་ལསན་ཏེ་ད་ད་ཕྱུག་པོའི་བུ་ཁྱོད་ར་ ཨ་ནཱ་འཛུལ་ཤིག་ཟེར་ད་ཁྱོད་ཀྱིས་ དེ་ཟླཝ་དངམ་ཟླབ་མས་ཟླཝ་དང་པའི་ཚེ་བཅོ་ལྔ་ལུ་ཨིན་མས་ལགས།ཟླཝ་དང་མའི་ཚེ་བཅོ་ལྔ་ལུ་གི་ཚེ་བཏང་ད་འདུག
  • ཀརྨ་དངོས་གྲུབ་
    ནཱ་ལས་ཕར་འགྱོ་བའི་ཤུལ་ལསན་ཁྱོད་ཀྱིས་ཕར་ རྒྱལ་པོའི་ཕོ་བྲང་གཡས་སྐོར་རྐྱབ་སོང་སྨ་རེ་ཟེར་ཨ་ནཱི་བྱ་ཁྱུང་འདི་ལགས་ཤིང་གི་བྱ་ཁྱུང་འདི་ཕྱུག་པོའི་བུ་འདི་བཙུགས་འབད་སྦེ་ཏེ་ད་ཕར་རྒྱལ་པོའི་ཕོ་བྲང་འདི་གཡས་སྐོར་རྐྱབ།
  • ཀརྨ་དངོས་གྲུབ་
    གདོང་སྐོར་གསུམ་རྐྱབ་འབད་སྦེ་ཏེ་ དེ་བསྒང་ལསན་ཏེ་རྒྱལཔོ་དང་ ཨེཧ་་་་་མཁའ་འགྲོམ་ནཱ་བུམོ་འདི་མར་ རྡོ་ཤེལ་སྦུག་ཏེ་གནམ་མེད་ས་མེད་སྤྲོ་སྟོན་ཏེ་ལགཔ་ཐལ་རྩེད་རྡུང་དགའ་དྲག་སྟེ་ཛའི་ད་འབདན་ད་འབདན་ ཡི་ནཱ་ལུ་ཏེ་མ་འདྲ་བའི་སེམས་ཅན་བྱ་ཅིག་འཐོན་འོང་ཡི་ཟེར།
  • ཀརྨ་དངོས་གྲུབ་
    འདི་ཡང་བུམོ་ཁྱོད་རའི་ བསོད་བདེ་བསོད་ནམས་ལས་བརྟེན་ཏེ་ཨིན་ཟེར་ད་ཁྱོད་ཀྱིས་ཏེ་ཡར་ལུ་ཏེ་བྱ་འདི་ལུ་གཟེགས་མ་འབྱིན་མ་སོང་ཤིག་ཟེར་དེ་ལས་ང་བཅས་ཚེ་རིལ་འདྲིལཝ་མས་མེན་ན་ལགས།
  • ཀརྨ་དངོས་གྲུབ་
    ང་བཅས་ཚེ་རིལ་འདྲིལ་ནི་ཡོད་བ་འ་ནཱི་གུ་རམ་བླུགས་དེམ་འབད་སྦེ་ཏེ་ཚེ་རིལ་འདྲིལ་ཟངས་གཞོང་ནང་འབད་སྦེ་ཏེ་ཚེ་རིལ་སྤུངས་ཏེ་ཕྱེ་མ་དང་སྦེ་དེ་ལསན་ཏེ་མོ་ར་བཏང་བཏངམ་མས་ཡར།
  • ཀརྨ་དངོས་གྲུབ་
    འདི་ཡར་ཏེ་ བྱ་འདི་གཟེགས་མ་འབྱིན་པ་བྱ་འདི་གཟེགས་མ་འབྱིན་པ་བཏང་འབད་སྦེ་ཏེ་ཡར་ཐོག་ཁར་ལྷོད་ཏེ་བྱ་འདི་གཟེགས་མ་འདི་བྱ་འདི་གདོང་ཁར་ལྷོདཔ་ཅིག་ཏེ་ཁོ་ཐོན་སོང་ནུག་ཕྱུག་པོའི་བུ་འདི།
  • ཀརྨ་དངོས་གྲུབ་
    འུམ་་་ད་འབདན་ཤོག་འགྱོ་གེ་འགྱོ་གེ་ཟེར་ཏེ་དེ་ལསན་ཏེ་ཕྱུག་པོའི་བུ་གནམ་ནཱ་བྱ་འདི་ནང་བཙུགས་འབད་སྦེ་ཏེ་འཕུར་ཐོན་འོང་ནུག་སྟེ་ལོག་བུམོ་འདི་འབག་སྦེ་བུམོ་འདི་འབག་ལྷོད་ ཏེ་ཨ་ཕར་སྤང་ནང་ལྷོད་སོང་ནུག
  • ཀརྨ་དངོས་གྲུབ་
    བུམོ་འདི་འབག་སྟེ་ཛའི་བུམོ་འདི་ཏེ་གནམ་མེད་ས་མེད་ གཞན་དང་མ་འདྲཝ་ཅིག་ཡོད་པའི་ཟེར་མས་ཏེ་ཨ་ནཱེ་སྦེ་བལྟ་བ་ཅིན་ ད་གནམ་མེད་ས་མེད་མིག་ཏོ་མ་འཁྱབ་པ་ཅིན་འདི་སྐུ་ཨིན་ན་ག་ཅི་ན་མ་ཤེས་པའི་བུམོ་ཅིག་མཁའ་འགྲོམ་མས་ཏེ་རོགས་སྨོ་གོ་ཤིག?
  • ཀརྨ་དངོས་གྲུབ་
    མཁའ་འགྲོམ་འ་ནཱེ་སྦེ་ཡི་ནང་ལྷོད་པའི་བསྒང་ལས་ཏེ་དེ་ལསན་ཁོང་ལྟོ་ཚང་བདུནམ་འདི་ ཏེ་ད་ཁན་མ་འཆམ་པས་ཏེ་ལགས་ ད་ཁོང་གཅིག་གིས་འབདན་གཅིག་གི་དགོ་ནི་སྦེ་གཅིག་འབདན་གཅིག་དགོ་ནི་གི་ དུམ་ཁ་གུ་ལུ་ལྷོད་སོང་ནུག
  • ཀརྨ་དངོས་གྲུབ་
    དེ་ལས་ཁོང་ཁན་མི་འཆམ་པ་ད་ཕར་ལྷོདཔ་ཅིག་ཏེ་དང་པ་ར་ཏེ་ རྒྱལ་པོ་གི་བུ་འདི་གིས་ ཡ་ད་འབདན་དང་པ་ར་ང་གིས་དེ་ཅིག་འགོ་འདྲེན་མ་འཐབ་པ་ཅིན་ཏེ་བུམོ་འདི་ནཱ་ལྷོད་དགོཔ་མི་ལྷོད་པས་ཟེར་ ད་འདི་ཁྱེད་ཆ་ཁྱབ་རེ་བ་མ་བསྐྱེད་བུམོ་འདི་ང་ར་དང་ཅིག་ཁ་འཁྱིད་གེ་ཟེར་ཏེ་ཁོ་གིས་ ཚར་ཅིག་འཐེན་འཐེནམ་མས་ལགས་ ཨ་ནཱེ་སྦེ་ལག་པ་བཤེད།
  • ཀརྨ་དངོས་གྲུབ་
    དེ་ལསན་མགར་བའི་བུ་འདི་གིས་ཡང་ད་མེདཔ་མེན་ད་ ད་རྩིས་པའི་བུ་འདི་གིས་ད་ང་གིས་ས་རྩིས་ཨ་་་་གནམ་རྩིས་ས་ཕབ་ས་རྩིས་མདོས་སྐོར་འགྱུར་ཏེ་གི་མ་བལྟ་བ་ཅིན་ཁོ་ག་ཏེ་ཡོདཔ་མི་ཤེས་ཟེར་ཏེ་ང་འབདཝ་ལས་བརྟེན་ཏེ་ བུམོ་འདི་ང་འཐོབ་པས་མེན་ན་ཟེར་ཏེ་ཁོ་གིས་ཡང་ཚར་གཅིག་འཐེན་ལགས་པ་བཤེད།
  • ཀརྨ་དངོས་གྲུབ་
    དེ་ལས་མགར་བའི་བུ་གིས་ཡང་ད་ཁྱོད་ཀྱིས་དེ་སྦེ་འབད་བ་ལྷག་ཚད་རྒྱུ་མེད་ནུག་རྡོ་འདི་ང་གིས་ མ་དཀྲུམ་པ་ཅིན་ཁོ་ཡར་མི་འཐོན་ཡར་མ་འཐོན་པ་ཅིན་ཁྱོད་བུམོ་འདི་ག་ལས་འཐོན་ནི་ འདི་ང་འཐོབ་ཟེར་ང་ཡང་འཐོབ་ཟེར་ཁོ་གི་ཡང་འཐེན་འཐེནམ་མས།
  • ཀརྨ་དངོས་གྲུབ་
    དེ་དེ་ལསན་ཨེང་དྲུང་འཚོའི་བུ་གིས་སླབ་སླབ་མས་ཁྱེད་ཀྱིས་ཏེ་ཁ་སྐད་བཀོད་རུང་རྐྱབ་མོ་བཏབ་དགོ་རུང་ཡང་བཏབ་རྡོ་དཀྲུམ་དགོ་རུང་ཡང་དཀྲུམ་ཏེ་ཁོ་མར་རོ་སྦེ་འཐོན་པའི་ནམ་དུས་ནང་ལུ་ཤིཝ་ལོང་པའི་སྨན་འདི་ ང་གིས་མ་བཏང་པ་ཅིན་ཁོ་གི་ཨམ་འདི་བུམོ་དེ་འདི་ནང་ཡོད་ཟེར་སླབ་ནི་མེད་ཟེར་ཁ་སླབ་ཚུགསཔ་སྦེ་ བཟོ་མི་འདི་ང་ཨིན།
  • ཀརྨ་དངོས་གྲུབ་
    འདི་ང་འཐོབ་ཟེར་ཏེ་ཁོ་གིས་ཚར་གཅིག་འཐེན་དེ་བསྒང་ལས་ཡུདཔ་ཅིག་ཕྱེད་ཤི་ཀོ་ཤི་ཐལ་སོང་ནུག་ལགས་ ཡུདཔ་ཅིག་ཤིས་ནིའི་དུམ་ཁ་གུ་ལྷོདཔ་མས།
  • ཀརྨ་དངོས་གྲུབ་
    དེ་ལསན་ཏེ་ ཨ་ནཱེ་སྦེ་ཏེ་ཤིང་གི་བཟོཝ་གིས་ཡང་འ་ནཱེ་སྦེ་འབད་འདི་ལས་ལྷ་ ནཱ་ལྷ་བྲིས་་པའི་བུ་གིས་ཡང་ འ་ནཱེ་སྦེ་འབད་དེ་ལསན་ཏེ་ནཱེམ་ནཱ་སྤྲོས་བརྐོའི་བུ་གིས་ཡང་ འ་ནཱེ་སྦེ་འཐེན་སྤྲོས་བརྐོའི་བུ་གིས་ ནེ་སྦེ་འཐེནམ་ཅིན་དེ་ལསན་ཏེ་བུམོ་འདི་ད་ཤི་སོང་ནུག
  • ཀརྨ་དངོས་གྲུབ་
    ཤིཝ་ཅིག་ཁོང་ར་ཆ་ཁྱབ་ཏེ་གནམ་མེད་ས་མེད་ཏེ་དེམ་འབད་སྦེ་འབད་སྦེ་དེ་ལསན་ཏེ་དེ་འཚམས་ཅིག་སྦེ་དེ་ལསན་དེ་ལས་རྫོགས་སོང་ནུག་ལགས།འ་ནཱེམ་ཅིག་སྦེ།