Skip to main content Skip to search
28 Jun 2018
16 min 54 sec
Video Overview
Creators: 
Sherig Dentshog

Naku and Sampa Chedrup from Martshala gewog narrate a story explaining the creation of the universe from the Buddhist perspective. He says that in old days, the grandparents used to tell stories at bedtime. However, this is less common these days.

 

བསམ་གྲུབ་ལྗོང་ས་མཁར་རྫོང་ཁར་ གཡུས་མར་ཚ་ལ་རྒས་འོག་གིས་ ས་དང་ནམ་སེན་ཟེར་བའི་་ཟེར་བའི་ སྲུང་འདི་བཏང་ཡོདཔ་ཨིན་མས། འདི་ཡང་ འཇིག་རྟེན་གསར་སྐྲུན་ མཐོང་ཚུལ་བཟོ་ཐབས་ལུ་ཨིན་མས། ཧེ་མ་འབད་བ་ཅིན་ ཨ་རྒས་དང་ཨང་རྒས་ཚུ་གིས་ མ་ཉལ་བའི་ཧེ་མ་ སྲུང་བཏང་དོ་ཡོདཔ་ཨིན་མས། དེ་འབདཝ་ད་ ད་རེས་ནང་པ་ འདི་བཟུམ་འབད་སྲོལ་མེདཔ་ཨིན་མས།

 

Transcript search
No results found for this search
0 of 0
  • ནག་ཀུ་ Naku
    འ་ནཱི་ས་བཅགས་གནམ་བཅགས་འདི་ ག་ཅི་སྨོ་ཟེར་བ་ཅིན་ ཨ་རྒས་དང་ཨང་རྒས་ཚུ་གིས་སྲུང་གཏངམ་ལས་ ཨ་རྒས་ཨང་རྒས་ཀྱིས་ ཧེ་མ་སླབ་དེས་ཨ་ཙི་རེ་ ང་ལུ་ཤུལ་ལས་འདི་ཧ་ནང་མེས་མེས་ཀྱིས་སླབ་དེས་ འ་ནཱི་ག་ཅི་སྨོ་ཟེར་བ་ཅིན་ ཧེ་མ་འདི་ བཀབ་ནེ་འཐག་འབག་འོང་འོངམ་གི་རྐྱངམ་ཅིག་སླབ་འོང་།
  • ནག་ཀུ་ Naku
    འ་ནཱི་འདི་ ས་བཅགས་ དེ་སྦེ་བཅགས་བཅགསཔ་ཟེར་མིན་འདུག འ་ནཱི་འདི་ཁོ་ རོགས་ཧ་ནང་མེས་མེས་ཀྱིས་འདི་ ག་དེ་སྦེ་སྨོ་ཟེར་བ་ཅིན་ ཡར་བཀུར་སྟོད་སྨན་སྦྱིས་རིན་པོ་ཆེ་གིས་གསུངས་ཡི་ཟེར་སླབ་དེས། འ་ནཱི་འདི་ག་ཅི་སྨོ་ཟེར་བ་ཅིན་ ས་སྟོང་པ་ གནམ་སྟོང་པ་ སྟོང་པ་ལས་སྟོང་པ་མེད་ལོ་ ག་ཅི་ཡང་མེད་པ་ཧིང་སང་ས་ ག་ཅི་ཡང་མེདཔ་ལས་ དེ་ལས་འདི་ ད་ལྟོ་འདི་ སྟོང་པ་ག་ཅི་ཡང་མེད་པ་ལས་ ཨོཾ་ཨཱ་ཧཱུཾ་གསུམ་འབད་མི་ཅིག་ཤར་ཡི་ཟེར།
  • ནག་ཀུ་ Naku
    དེ་ལས་ ཨོཾ་ཨཱ་ཧཱུཾ་གསུམ་ཤར་ཞིནམ་ལས་ དེ་ལས་འདི་ ཨོཾ་ཨཱ་ཧཱུཾ་གསུམ་ལས་འདི་ ཨོཾ་ཨཱ་ཧཱུཾ་གསུམ་ལས་ དང་པ་ཡར་ སྤྱི་ཕུད་སྟོང་བཟོ་སྟེ་ དེ་ལས་འདི་ གཉིས་པ་ཟེརཝ་ད་ བར་མའི་སྟོང་བཟོ་སྟེ་ དེ་ལས་སྟོང་གཉིས་བཟོ་སྟེ་ དེ་ལས་འདི་ སྟོང་གཅིག་ལས་སྟོང་ཆེན་པོ་བཟོ་སྟེ་ ཡར་ནམ་མཁའ་སྟོང་པ་ནང་ ཡར་སྟོང་པ་བཟོ་སྟེ་ ནཱ་གི་སྟོང་པ་འདི་ ག་ཅི་ཡང་མིན་འདུག འ་ནཱི་བཟུམ་ག་ཅི་ཡང་མེད་པ།
  • ནག་ཀུ་ Naku
    འ་ནཱ་ལས་འདི་ཏེ་ ཁོང་གསུམ་སྡོད་ནུག་ ཨོཾ་ཨཱ་ཧཱུཾ་བརྩེགས་སྦེ་ དེ་ལས་འདི་ ཆུ་ཚོད་འདི་ག་དེམ་ཅིག་འགྱོ་ཡི་ག་མ་ཤེས་ ཧཱུཾ་གིས་ ཨ་བ་གཏང་གེ་ཟེར་ ཨཱ་ལུ་སླབ་སྟེ་ ཨཱ་གིས་ཨོཾ་ལུ་ལྟ་སྟེ་ དེ་ལས་ཨོཾ་གྱིས་འདི་ དུས་ཚོད་མ་རན་ཟེར་ ཨོཾ་ གྱི་རྭཝ་དེ་སྦེ་ཡོར་མི་འདི་ འ་ནཱི་ཨིན་ཟེར་སླབ་དེས། དེ་ལས་འ་ནཱ་ལས་ ལྟ་མ་ཧ་ལམ་ དུས་ཚོད་ག་དེམ་ཅིག་ལུ་ལྷོད་ཅི་ག་ དོ་རུང་ར་ ཧཱུཾ་གིས་ཨཱ་ལུ་ལྟ་སྟེ།
  • ནག་ཀུ་ Naku
    ཨཱ་གིས་ཨོཾ་ལུ་ལྟ་སྟེ། གཅིག་གིས་གཅིག་ལྟ་སྟེ་ ཧཱུཾ་ལུ་ལྷོད་ཅི་ལོ། དེ་ལས་འདི་ ཚར་གསུམ་འབདཝ་ད་ ཧཱུཾ་གིས་ཨ་བ་བཏང་ད་ཡི་ལོ། ཚར་ཞིནམ་ལས་ དེ་ལས་འདི་ འཛམ་གླིང་དེམ་ཅིག་ཆགས་བཅུག་ཟེར་འོང་ནི་འདྲས། དེ་སྦེ་ཆགས་བཅུག་ཟེརཝ་ད་ སྒོང་རྡོག་རཱས་(སྒོང་རྡོག་ནང་ན་གི་པགས་ཀོ་)བཟུམ་ཅིག་ཆགས་ཅི་ལོ་ཏེ། འ་ནཱི་རཱས་བཟུམ་ཅིག་ཆགས་སྟེ་ དེ་ལས་འ་ནཱ་ལས་ ག་ཅི་སྨོ་ཟེརཝ་ད་ དེ་ལས་འདི་ ཨོཾ་ཨཱ་ཧཱུཾ་གིས་འདི་ ཨོཾ་གྱིས་ཨ་མ་གྱུར།
  • ནག་ཀུ་ Naku
    ཨཱ་གིས་ཨ་ཞེམོ་ ཧཱུཾ་གིས་ནུ་གཅུང་ཁོང་ སྤུན་ཆ་གཉིས་ ཨ་ནཱི་མར་སྒོང་རྡོག་རཱས་བཟུམ་ཅིག་ཁར་ལྷོད་དེ་ ལཱ་འབད་ནུག ལཱ་འབད་དེ་ དེ་ལས་ ཀོ་ལོག་པ་རྩེདམོ་རྩེ་བཅུག་དེས་ལོ་ སྤུན་ཆ་གཉིས་ ཀོ་ལོག་པ་རྩེཝ་ད་ལུ་ ཏེ་དོང་གཅིག་འདུག་ལོ་ ཨ་ནཱ་ལས་མར་ལྟ་ སངས་རྒྱས་ཀྱིས་ཨ་ནེམ་ཅིག་མཛད་པའི་ལས་སྡོད་སྡོདཔ་མས་བ།
  • ནག་ཀུ་ Naku
    དེ་ལས་འ་ནཱ་ལས་ ཀོ་ལོག་པ་རྩེད་ནུག་ རྩེདཝ་ད་ལུ་ ནུ་གཅུང་གི་ཀོ་ལོག་པ་ འ་ནཱི་དོང་ནང་ལས་འབུད་སོང་ནུག ཡ་ ཨ་ཞེམོ་ངེའི་ཀོ་ལོག་པ་ག་ཏེ་སོང་ཡི་ཟེརཝ་ད་ ཡར་སོ་ཡི་ཟེར་ དེ་ལས་ ངེའི་ཀོ་ལོག་པ་འབག་དགོ་ཁྱོད་ཟེར་ དེ་ལས་མོ་གི་འདི་བྱིན་ནུག་ཚབ་མ་ འུམ་ ངེ་གི་ར་འབག་དགོ་ཟེར་སླབ་སྟེ་ ཡ་ ནུ་གཅུང་ ང་འ་ནཱ་ལས་འགྱོ་ཞིནམ་ལས་ལོག་མི་ལྷོད་སྨེ་ཟེར་ དེ་ལས་འདི་ ལོག་སོང་ནུག་ སོང་སྟེ་དོང་ནང་ལས་མར་འགྱོ་སྦེ་ མར་ལས་འཐུ་སྟེ་ ཡར་སྐྱེལ་ནུག་ [འ་ནཱི་འཐུ་སྟེ།?]
  • ནག་ཀུ་ Naku
    དེ་ལསན་ ཨ་ཞེམོ་འཐོན་ ཨ་ཞེམོ་འཐོན་ཟེར་སླབ་ནུག ཨ་ཞེམོ་འཐོན་ནི་མེད་ དེ་ལས་ཏེ་སངས་རྒྱས་ཀྱིས་ཧེ་མ་མཛད་བཞག་སྟེ་ཨིན་མས་བ། [མར་ཀླུ་སྐྱེ་བར་སྣ་ཚོགས་ཟེར་སླབ་ནུག་ ཀླུ་སྐྱེས་བར་སྣ་ཚོགས་ཟེར་སླབ་སྟེ་?] འ་ནཱི་ལུ་ མནའམ་མར་ཕོག་ཆི་ནུག དེ་ལས་ནུ་གཅུང་དེ་གིས་ ཨའི་ལུ་དྲིས་ནུག ཨའི་ང་གི་འདི་ཕོ་རྒནམོ་ ཨ་ཞེམོ་ ཨ་པ་ ཨའི་ ཟེར་ཡང་མེད་ག? ཨའི་འདི་ཁྱོད་འདུག་ཟེརཝ་ད།
  • ནག་ཀུ་ Naku
    མེད་ག་ཡང་ ཁྱོད་རྐྱངམ་ཅིག་ཟེར་ གཅིག་རྐྱངམ་ཅིག་ཟེར་ དཔྱད་རིག་བཏང་བཏངམ་མས་ཁོ་གི་ དེ་ལས་འ་ནཱི་ སྒོང་རྡོག་རཱས་བཟུམ་ཅིག་ཁར་ལཱ་འབད་ནུག་ ལཱ་འབདཝ་ད་ དེ་ལས་ཨའི་ ཆུ་ལེན་པར་བཏང་ནུག ཁྱིམ་ཡང་བཟོ་སྡོད་སྡོདཔ་མས། ཨའི་ཆུ་ལེན་པར་བཏང་སྦེ་ ཆརཔ་དང་སེརཝ་བཟུམ་སྦེ་འོང་བཅུག་སྟེ་ ག་ར་སྦང་ཚར་ནུག ཁོ་སྒོ་བསྡམས་སྦེ་ བོད་སྲནམ་རྔོ་སྡོད་ནུག
  • ནག་ཀུ་ Naku
    ནུ་གཅུང་ ང་ཆརཔ་གིས་སྦང་ཚར་ཡི་ སྒོ་ཕྱེ་གནང་ཟེརཝ་ད་ ང་བོད་སྲནམ་རྔོ་སྡོད་ཡོད་ ཁྱོད་ཀྱི་སྒོ་ཕྱེ་ནི་འདི་ མི་ཁོམ་ནི་མས་ཟེར་ དེ་སྦེ་བོད་སྲནམ་ག་ར་འཚིག་ཚར་ཏེ་ འབག་འོང་སྟེ་སྒོ་ཕྱེ་སྦེ་ ཨའི་ལགཔ་[འབད་བྱིནམ་ད་ སྲིན་པོ་ཀླུ་སྐྱེ་བའི་ལྷག་མ་?] ཁྱོད་ཡང་འ་ནཱི་སྦེ་ཟ་འོང་ཟེརཝ་ད་ ཨའེ་ ཁ་ཙ་ལས་སླབ་ཟེརཝ་ད་མ་ཉན་སྨོ་ཁྱོད་ཟེར་ སླབ་ཞིནམ་ལས་ ཏེ་ཁོ་གི་ ཨ་ཞེམོ་སྡོདཔ་ད་ར་ བཟོ་ནུག་ གསེར་གྱི་མདའ།
  • ནག་ཀུ་ Naku
    དེ་ལས་ ཨ་ཞེམོ་འབད་སར་འགྱོཝ་ཨིན་ཟེར་ འགྱོ་ཡི་ལོ། དེ་ལས་ ནུ་གཅུང་ ག་ཅི་སྦེ་འགྱོཝ་སྨོ་སྒུགས་ ལོག་ཤོག་ཟེར་སླབ་སྟེ་ ག་ཅི་སྦེ་འགྱོཝ་སྨོ་ དེ་ལས་ [ཕ་གི་དག་སྣང་མ་གི་ཡོན་མཚམས་བྱིན་གེ་?] ལོག་ཤོག་ཟེར་ དེ་ལས་ལོག་ནུག་ ལོགཔ་ད་ ག་ཅི་སྨོ་ཟེརཝ་ད་ ད་ལྟོ་ ཁྱོད་མར་ ཨ་ཞེམོ་འདི་ ག་ཏེ་འགྱོ་ཡི་ཟེརཝ་ད་ སྐུདཔོ་ཟེར་སླབ་འོང་ སྐུདཔོ་སྐྱེ་བོ་སྣ་ཚོགས།
  • ནག་ཀུ་ Naku
    འ་ནཱི་གི་གནས་ཚང་སྦེ་སྡོད་ཡོད་ འ་ནཱ་ལུ་ཁྱོད་འགྱོ་ཞིནམ་ལས་ ཁྱོད་ལུ་ (གཡུས་སྐད་ནང་ ཡུང་ཨ་ཕ་) ཟེར་སླབ་འོང་། ཏེ་ཁྱོད་ཀྱི་སྐུདཔོ་གིས་ གསེར་བྲེ་གིས་འཇལ་ཏེ་བྱིན་འོང་ དངུལ་བྲེ་གིས་འཇལ་ཏེ་བྱིན་རུང་ འབག་མ་ཤོག་སྨེ་ཟེར་ དེ་ལས་ ས་སོན་ གནམ་སོན་ གནམ་སོན་[བིར་བོ་?] ས་སོན་ཁ་ཕྱེད་འབག་ཤོག་ཟེར་ དེ་སྦེ་སླབ་སྟེ་ འགྱོཝ་ཨིན་ལོ་ མར་འགྱོཝ་ད་ ཨ་ཞེམོ་ལྕགས་ཀྱི་ཐགས་འཐག་དེས་ནུག་ལོ།
  • ནག་ཀུ་ Naku
    དེ་ལས་ཁོ་གི་ གསེར་གྱི་མདའ་བཏངམ་ད་ལུ་ བཏགམ་ལུ་ཕོག་ནུག དེ་ལས་རྒྱབ་བསྒྱིར་བལྟཝ་ད་ ཡ་བླ་་་་ འ་ནཱི་ཨ་ལོ་འདི་ག་ཅི་སྦེ་འོངམ་ཨིན་ན་ད་ ཟ་འོང་སྲིན་པོ་གིས་ བསྐྱལ་སར་བསྐྱལ་ཡི་ཟེར་ དེ་ལས་མར་ལྷོདཔ་ཅིག་རང་ ཏེ་ཁྱིམ་སྟེང་ཐོག་བཟོ་སྡོད་སྡོདཔ་མས་བ། དེ་ལས་ཨ་ནཱ་ལས་ ཡར་སྟེང་ཐོག་གུ་ཨིབ་བཞག་ནུག
  • ནག་ཀུ་ Naku
    ཏེ་སྐུདཔོ་འདིན་ ཉིནམ་ཟེར་མེད་ ནུབ་མོ་ཟེརཝ་མེད་པར་ འ་ནཱི་སྦེ་དབང་སྡོད་དེ་ཡོད་ཟེར་སླབ་ཨིན་མས། དེ་ལས་ འོང་དེས་ལོ་ཁོ་གི་སྐུདཔོ་ ལགཔ་གཡསཔ་གུ་རྟ་རོ་དགུ་ ལགཔ་གཡོནམ་གུ་མི་རོ་དགུ་བཀལ་འབག་སྦེ་འོངམ་ད་ དེ་ལས་ དྲིམ་མནམ་ནུག དབའེ་ ཨ་མ་གནམ་ཐེག་པ་ མི་དྲི་མནམ་མས་ རྟ་དྲི་མནམ་མས་ ག་ཅི་འབད་ཡི་ཟེརཝ་མས་ལོ། དབའེ་ ག་ཡང་མ་ལྷོད་ཟེར།
  • ནག་ཀུ་ Naku
    རྟ་དྲི་རྟ་རོ་ལས་མནམ་དོ་འོང་། མི་དྲི་མི་རོ་དགུ་ལས་མནམ་དོ་འོང་། མ་ལྷོད་ཟེར་སླབ་སྦེ་ འ་ནཱི་ཟ་སྦེ་འགྱོཝ་མས་ལོ་ད་རུང་ དེ་ལས་ལོ་གསུམ་གཡིབ་བཞག་ནུག་ཡར་ ལོ་གསུམ་ཟེརཝ་ད་ཐོན་ཏེ་ སྐུདཔོ་འདི་ཤ་ཟ་སྦེ་ དཔུང་རྡོ་བཀོ་ཡི་བཀོ་ཡི་ར་འགྱོཝ་མས་ལོ། འ་ནཱི་ལོ་གསུམ་འགྱོ་ཞིནམ་ལས་ཐོན་སྦེ་ དཔུང་རྡོ་རྐྱབ་བཅུགཔ་ཨིན་ལོ་ཟ་བཅུག་འཐུང་བཅུག་སྦེ། ཕྱེད་ཀ་རང་མི་ལྷོད་པས་ཟེར་ སྐུདཔོ་ལུ་བྱངམ་ཕྱད་མི་ལྕོགས་ད་ལྟོ་ཟེར་ དེ་ལས་འདི་ འ་ནཱ་ལས།
  • སེམས་དཔའ་ཆོས་སྒྲུབ་ Sempa Chedrup
    སྐུདཔོ་འགྱོ་ཞིནམ་ལས་ ཤུལ་ཤུལ་ སྐུདཔོ་གི་ཤུལ་ཤུལ་ ཨ་ཞེམོ་གིས་བཏང་བཅུགཔ་ཨིན་ན? འ་ནཱི་དཔུང་རྡོ་འདི།
  • ནག་ཀུ་ Naku
    མི་བཏང་ནི་ ག་ཅི་ལོ་་་་་ ཁོ་གི་ཤུལ་ལུ་བཏང་བཏངམ།
  • སེམས་དཔའ་ཆོས་སྒྲུབ་ Sempa Chedrup
    འ་ནཱི་ཟེར།
  • ནག་ཀུ་ Naku
    འ་ནཱི་སྦེ་བཏངམ་ད་ ལམ་ཕྱེད་ཀ་རྐྱངམ་ཅིག་ལྷོད་ཚུགས་པ། [ད་རུང་ལོ་གསུམ་ཡོད་ལོ་ ལོ་གསུམ་?] དོ་རུང་ར་ འཐོན་བཅུག་ནུག [ལོ་གསུམ་འབད་ནི་ཟེར་?] དོ་རུང་ར་ དྲིམ་མནམ་མས་ཟེརཝ་མས་ལོ་ དྲིམ་མི་མནམ་ཟེར་ དེ་སྦེ་ཧེ་མ་བཟུམ་སྦེ་རང་སླབ་སྟེ་ རྟ་རོ་ལས་མནམ་དོ་འོང་ མེད་མ་ལྷོད་ཟེར་སླབ་སྦེ་ ཀྲིག་ཀྲི་ལྷོདཔ་མས་ལོ་ ཁོ་གིས་ལྷོད་སར། དེ་ཡང་ བྱངམ་ཕྱད་མི་ལྕོགས་ཟེརཝ་མས་ལོ།
  • ནག་ཀུ་ Naku
    དོ་རུང་ལོ་གསུམ་བཞག་སྟེ་ ལོ་གསུམ་བཞག་སྟེ་ དེ་ལས་འདི་ དཔུང་རྡོ་བཀོ་བཅུགཔ་ད་ལུ་ འདོམ་གསུམ་ཐལ་སོང་ཡི་ལོ།
  • སེམས་དཔའ་ཆོས་སྒྲུབ་ Sempa Chedrup
    སྐུདཔོ་ལས་ཁོ་རྒྱལ་རྒྱལཝ་ཡ?
  • ནག་ཀུ་ Naku
    བྱངམ་ཕྱད་ལྕོགས་ནི་མས་ཟེར་བཞག་ནུག བཞག་སྟེ་ དེ་ལས་སྐུདཔོ་འོང་དེས་ལོ་དོ་རུང་ར་ དབའེ་ ཨ་མ་གནམ་ཐེག་པ་ གནམ་ལས་འོང་ནི་དེ་གིས་ ཨ་མ་གནམ་ཐེག་པ་འབོ་ནུག ཨ་མ་གནམ་ཐེག་པ་ཟེར་ མི་དྲི་མནམ་མས་ཟེརཝ་ད་ མི་རོ་ལས་མནམ་དོ་འོང་སླབ་དེས། རྟ་དྲི་མནམ་མས་ཟེརཝ་ད་ རྟ་རོ་ལས་མནམ་དོ་འོང་ ཟེར་སླབ་དེས་ ལྷོད་ནུག་མི་འདུག་མེན་ན་ ཡ་ཁྱོད་མ་ཟ་བར་ག་ཟ་ནི་ཟེར་ གནམ་ཁར་ཚར་གསུམ་མཆོངམ་ད་ མཆེཝ་གིས་གནམ་ལུ་བཙུགས་ནི་ཁོ།
  • ནག་ཀུ་ Naku
    [གནོན་ཏེ་?] རལཔ་གིས་ས་འཕྱག་ནི་ཁྱོད་ཟེར་ འོང་དེས་ལོ་ཏེ་ འོངམ་ཅིག་དུས་འཕྲོ་ལས་ གནས་ཚུལ་ར་མ་དྲི་བར་འཛིང་སྟེ་ ཉི་མ་ཟེརཝ་མེད་ ནུབ་མོ་ཟེརཝ་མེད་པར་འཐབ་སྟེ་ ཧ་ལམ་ཅིག་ལས་ཏེ་ རྔུལ་ནག་འཐོན་དེས་ལོ། ག་ཅི་ཡང་མི་འབད་བས་ལོ་ཏེ་ དེ་ལས་འདི་ རྔུལ་ནག་ཐོན་ཞིནམ་ལས་ ཁྲག་འཐོནམ་མས་ལོ། ཏེ་ཁྲག་ཐོན་ཏེ་ དེ་ལས་རྐྱངམ་ཅིག་ རྔུལ་ནག་ཙར་ཙིར་ཏེ་ དེ་ལས་འདི་ [བསེ་དྲིམ་འཐེན་དེས་ཟེརཝ་མས་ལོ།?]
  • སེམས་དཔའ་ཆོས་སྒྲུབ་ Sempa Chedrup
    ནུ་གཅུང་འདི་ རྔུལ་ནག་འཐོནམ་ད་ལུ་ སྐུདཔོ་འདི་ག་ཅི་ཡང་མ་འཐོན།
  • ནག་ཀུ་ Naku
    མ་འབད་བ་ ག་ནི་ཡང་ མ་འབད་ཞིནམ་ལས་ དེ་ལས་འདི་གསད་ར་གསད་ནི་མས་ཟེར་ གླགས་མ་འཁེལ་ནི་མས་ གསད་ར་གསད་ནི་མས་ཟེར་ གསེར་གྱི་ཀོ་ཏི་ཡོད་ལོ་ རྐངམ་འཐེན་བཏངམ་ད་ ཡར་སོང་ཡི་ལོ་སྲིན་པོ་རྦོར་བསྒྲིལ་ཏེ་ རྦོབ་བསྒྲིལ་འགྱོ་ཞིནམ་ལས་ དེ་ལས་རྐྱངམ་ཅིག་ (གཡུས་སྐད་ནང་ ཝག་ཙ་བློ་ཨཱན་) དེ་ལས་རྐྱངམ་ཅིག་དྲིས་ནུག ཨ་མ་གནམ་ཐེག་པ་ ཨེ་ནི་ཨེ་ནི་སྦྱོང་ཟེརཝ་ད་ ཁོ་ག་ཅི་སྦེ་རྒྱལ་སོ་ཡི་ཟེར་ རྒྱལཝ་ད་ག་ཅི་མི་རྒྱལ་ནི་ཁོ་ ངེའི་ནུ་གཅུང་ [གསེར་གྱི་སྐུ་བཞེས་མི་ཨིན་ དེ་སྦེ་རང་ཨིན་ཟེར།?]
  • ནག་ཀུ་ Naku
    དེ་ལས་རྐྱངམ་ཅིག་ (གཡུས་སྐད་ནང་ ཚང་ཇིམ་མ་དང་ཉི་) ག་དེ་ཅིག་འབད་བྱོན་ཡི་ཟེར་ བཏུབ་ང་བཏང་ད་ཟེར་ ག་ཅི་འབད་འོང་ཡི་ཟེར་ དངུལ་བྲེ་གིས་འཇལ་ཏེ་བྱིན་གེ་ཟེར་ གསེར་བྲེ་གིས་འཇལ་ཏེ་བྱིན་ནི་ཟེར་ དེ་སྦེ་བྱིན་གེ་ཟེར་ ང་ དངུལ་བྲེ་གིས་འཇལ་ཏེ་མིང་དགོ་ གསེར་བྲེ་གིས་འཇལ་ཏེ་མིང་དགོ་ གནམ་སོན་[བིར་བོ་?] ས་སོན་ཁ་ཕྱེད་འབག་ནི་ཟེར་ དེ་ལས་རྐྱངམ་ཅིག་བཏང་ཡི་ལོ།
  • ནག་ཀུ་ Naku
    དེ་ལས་འདི་བཏང་སྟེ་ གསེར་བྲེ་གིས་འཇལ་ཏེ་བྱིན་ཡི་ལོ། དེ་ལས་མིང་དགོ་ མི་འབག་ཟེར་ དེ་ལས་ གནམ་སོན་[བིར་བོ་?] ས་སོན་ཁ་ཕྱེད་འབག་འོང་སྟེ་ དེ་ལས་འབག་འོང་ཞིནམ་ལས་ ཏེ་མར་མཚོ་ཡོད་ལོ།
  • སེམས་དཔའ་ཆོས་སྒྲུབ་ Sempa Chedrup
    གནམ་སོན་ཁ་ཕྱེད་དང་ ས་སོན་[བིར་བོ་?]ཟེར་མི་འདི་?
  • ནག་ཀུ་ Naku
    ས་སོན་འདི་ཁ་ཕྱེད་ གནམ་སོན་འདི་[བིར་བོ་?]
  • སེམས་དཔའ་ཆོས་སྒྲུབ་ Sempa Chedrup
    འ་ནཱི་འདི་བྲེ་ཡ? བྲེ།
  • ནག་ཀུ་ Naku
    བྲེ་ བྲེ་ནང་འཇལ་ཏེ་འབག་འབགཔ། དེ་ལས་འདི་ འ་ནཱ་ལས་ཁོང་གཉིས་ སྤུན་ཆ་གཉིས་བསྟུན་གྲོས་འབད་སྦེ་ མར་མཚོའི་ཐོག་ཁར་ རྡོ་རྗེ་རྒྱ་གྲམ་བཞག་སྟེ་ འདི་གི་ཐོག་ཁ་ལུ་[ཙེར་སྦྱངས་བཏང་ཡི་ལོ།?] གང་རྐྱལ་འབད་ དེ་ལས་ལྕགས་ཀྱི་ཙོག་ཕུར་གདབས་སྦེ་ ལྕགས་ཐག་གིས་བསྡམས་ཏེ་ དེའི་ཐོག་ཁར་རྡོ་རིམ་པ་དགུ་ ས་རིམ་པ་དགུ་བརྩེགས་ཏེ།
  • སེམས་དཔའ་ཆོས་སྒྲུབ་ Sempa Chedrup
    ད་ལྟོ་འབད་བ་ཅིན་ ག་ཅི་ལོ་ འ་ནཱི་སྲིད་པའི་འཁོར་ལོ་གི་ ཕྱི་ཁར་དེ་སྦེ་བཟུང་སྟེ་ཡོད་ འ་ནཱི་འདི་ཨིན་ན་ དཔེ་འ་ནཱི་ཨིནམ་མས་སྨོ?
  • ནག་ཀུ་ Naku
    འ་ནཱ་ལས་རྐྱངམ་ཅིག་ཡར་ཐོན་འོང་སྦེ་ ཏེ་ཨའི་ལུ་འ་ནཱི་ཨ་ནཱི་ཟེར་མ་སླབ་པར་ ཁོང་གཉིས་ཀྱིས་ཐག་བཅད་ནུག ཐོནམ་སྦེ་ སྐུདཔ་ལུ་ དེ་ལས་ བསྐོར་རོ་རོ་རོ་ འ་ནཱི་འཐོནམ་ད་ཅིག་ཁ་རང་ གནམ་སོན་གཏོར་བཏང་ནུག གནམ་སོན་གཏོར་བཏངམ་ད་ གནམ་ལྕགས་པྲེང་པྲེང་སོང་སྟེ་ སྲིད་པའི་འཁོར་ལོ་ དེ་ལས་འ་ནཱ་ལས་ མ་སླབ་པ་ བསྐོར་རོ་རོ་རོ་ ས་གཏོར་ཏེ་ ད་ལྟོ་ རྒྱ་དང་བོད་ ཅོག་འཐདཔ་འདུག་བ་ཏེ་ རྒྱ་ཐང་བཟུམ་སྦེ་ [པེ་ལེ་ལེ།?]
  • ནག་ཀུ་ Naku
    ཏེ་སྦུག་ལུ་ལྷོདཔ་ད་ མ་ལངས་པར་ [ཕག་པ་?]འབད་ནི་དེ་གིས་མ་ལང་པས་བ་ཏེ་ མ་ལང་པ་ དེ་ལས་ཨ་ཞེམོ་གི་ གསེར་གྱི་ཀོ་ཏི་གིས་དཀྲོགས་ལོ་ཏེ་ དེ་ལས་དཀྲོགས་སྦེ་ དེ་ལས་རླུང་བྱིན་ནུག རླུང་བྱིནམ་ད་ ལ་སྦོམ་གནམ་མེད་ས་མེད་འགྱོ་སྟེ་ རྡོ་ལུ་བྱིནམ་ད་ རྡོ་ཡང་འགྱོ་སྟེ་ དེ་ལས་མི་བཏུབ་ནི་མས་ཟེར་ བུང་མ་ཆདཔ་ཅིག་ཁར་ ཨའི་འབད་སར་འོང་སྦེ་ ཨའི་ ཁྱོད་ཀྱིས་ གནམ་སོན་[བིར་བོ་?] གཏོརཝ་ད་ གནམ་པྲེང་ཡར་སོ་ཡི་ གནམ་སྲིད་པའི་འཁོར་ལོ་[ཆགས་རེ་ཆགས་སི་འགྱོ་ཡི་?] བཏུབ་ག་མི་བཏུབ་ག་ཟེར་སླབ་ད།
  • ནག་ཀུ་ Naku
    བཏུབ་ཅི་ [ལྟ་བུ་?] བྱུང་ཡི་ཟེར་ ས་སོན་ཁ་ཕྱེད་གཏོརཝ་ད་ བསྐོར་ཏེ་གཏོརཝ་ད་ ས་མ་ལངས་ སྦུག་ན་ལྷོདཔ་ད་ལུ་ ཨ་ཞེམོ་གི་གསེར་གྱི་ཀོ་ཏི་གིས་དཀྲོགས་ད་ཡི་ སྒང་ཡང་འགྱོ་ཡི་ གཤོང་ཡང་འགྱོ་ཡི་ ག་དེ་འབད་ནི་ སྒང་ལུ་འདི་ [ཤེ་འུང་?] ར་ ལུག་ གླངམོ་ཆེ་ [ཤེ་འུང་?] ག་ཅི་ཡང་ཆགས་ཡར་སོ་ཡི་ གཤོང་ལུ་འདི་ ཆུ་མོ་ན་ར་ཙ་ན་ཡར་སོ་ཡི་ ཉ་[བྱིང་ང་ཆགས་སོང་ཡི་?]ཟེར་ བཏུབ་ག་མི་བཏུབ་ག་ཟེར་སླབ་ད།
  • ནག་ཀུ་ Naku
    བཏུབ་ [ལྟ་བུ་?]བྱུང་ཡི་ བཏུབ་ཅི་སྨེ་ཟེར་ དེ་ལས་བཏུབ་ཅི་ཟེར་སླབ་སྟེ་ དེ་ལས་འ་ནཱ་ལས་འདི་ ས་སོན་ འ་ནཱི་ས་ལུ་རླུང་བྱིནམ་ད་ མི་བཏུབ་པས་ཟེར་ དེ་ལས་ རླུང་བཅད་དེ་ རྡོ་མ་སྦོམ་མི་དང་ས་མ་སྦོམ་མི་འདི་ འ་ནཱི་ཨིན་ལོ།
  • སེམས་དཔའ་ཆོས་སྒྲུབ་ Sempa Chedrup
    འ་ནཱི་ནཱ་ང་བཅས་ར་འཛམ་གླིང་ནང་ བར་ན་ སྒང་གཤོང་དེ་སྦེ་ཡོད་མི་འདི་ འ་ནཱི་ཨ་ཞེམོ་གི་གསེར་གྱི་ཀོ་ཏི་གིས་དཀྲོགས་ཏེ་ དེ་སྦེ་འགྱོ་འགྱོཝ་ཨིན་ན?
  • ནག་ཀུ་ Naku
    ཨོང་ མར་ལུ་ [རླུང་མའི་ནང་ ཡངས་ར་གཏོརཝ་ད་ ཀོ་ཏི་གིས་བརྐོཝ་འོང་མེན་ན་ འ་ནཱ་འགྱོ་འགྱོཝ་བཟུམ་སྦེ་ འགྱོ་འགྱོཝ་ཨིན་མས།
  • སེམས་དཔའ་ཆོས་སྒྲུབ་ Sempa Chedrup
    ས་སོན་འདི་ བྲེ་ཁ་ཕྱེད་འབདཝ་ལས་ཁྱབ་མ་ཚུགས་པར? འ་ནཱི་དཀྲོགས་བཏངམ་ད་ དེ་སྦེ་འགྱོ་འགྱོཝ།
  • ནག་ཀུ་ Naku
    མ་པ་ལས་ར་ འ་ནཱི་སྦེ་ཆགས་ཆགསཔ་འབད་ནི་དེ་གིས་སླབ་སླབ་མས་བ། དེ་ལས་འདི་འ་ནཱ་ལས་ ས་དེམ་ཅིག་བཅགས་ཞིནམ་ལས་ དེ་ལས་འདི་འ་ནཱ་ དོ་རུང་ འ་ནཱི་སྟོངམ་གི་ནང་ལས་ སེམས་མེད་པ་ཏེ་ སེམས་མེདཔ་ཞིནམ་ལས་ ག་ཏེ་ལས་ སྟོངམ་ཨིན་ཁོ། དེ་ལས་དོ་རུང་ར་ སངས་རྒྱས་ ཨའི་ཡང་མེད་ ཁོང་གསུམ་ཆ་ར་མེདཔ་འགྱོ་སྟེ་ཡོད་ མེདཔ་ལས་བརྟེན་ཏེ་ ཨའི་གིས་ སངས་རྒྱས་སྦེ་གྱུར་སོ་ནུག སངས་རྒྱས་འབད་ཞིནམ་ལས།
  • ནག་ཀུ་ Naku
    ཏེ་སངས་རྒྱས་ཀྱིས་ཏེ་ ཨ་ནཱི་སེམས་ངོ་བོ་བཟོ་སྦེ་ སེམས་ངོ་བོ་བཟོ་ཞིནམ་ལས་ འ་ནཱི་སེམས་ངོ་བོ་གིས་འདི་སྤྱ་བཟོ་ནུག སེམས་ངོ་བོ་བཟོ་ཞིནམ་ལས་ ལུས་འཚོལ་ཏེ་ སྤྱ་གི་ལུས་ཨིན་ འ་ནཱི་སྤྱ་བཟོ་སྟེ་ དེ་ལས་འདི་ རྩེ་རི་བརྫམ་བཅུག་ནུག་སྤྱ་ཚུ་ལུ་ རྩེ་རི་བརྫམ་ཟེར་ སྤྱ་ཚུ་རྩེ་རི་བརྫམ་བཅུག་སྟེ་ དེ་ལས་མེ་བཏང་ ཏེ་སོན་ སངས་རྒྱས་ཀྱི་བྱིན་འོང་ཟེར་ དེ་ལས་འདི་ རྩེ་རི་བརྫམ་སྟེ་ མེ་བཏང་སྦེ་ བཙུགས་ནིའི་སོན།
  • ནག་ཀུ་ Naku
    གེ་ཟ་བྱིན་ནུག་ [ལག་འབག་མ་འོངམ་ལས་?] འབད་སར་སོང་སྟེ་ མར་བཙུགས་ཟེར་ ཏེ་བཙུགས་སྦེ་ བཙུགས་ཚརཝ་ཅིག་ར་ སྤྱ་ཚུ་གིས་ ཕྱུག་ཀུ་ཚུ་གིས་བཏོན་ཏེ་ཟ་ད་ནུག་ཟ་སྦེ་ ཏེ་བཏོན་ཟ་ཚར་ཡི་ད་ ག་དེ་འབདན་བླ་མ་ སངས་རྒྱས་ཟེར་སླབ་སྟེ་ དོ་རུང་ར་ཚབ་ བརྐོ་སྟེ་བཟའ་མ་བཅུག་ཟེར་ བསྲུངས་ཏེ་ ཟ་མ་བཅུག་པར་སྐྱེས་ཏེ་ དེ་ལས་འདི་ རྡོག་མ་དཔྱངས་ཏེ་ རྡོག་མ་དཔྱངས་ཞིནམ་ལས་ མེ་བཏང་བཟའ་ནི་གི་མེ་མིན་འདུག་ དེ་ལས་འདི་ སངས་རྒྱས་འབད་སར་སོང་སྟེ།
  • ནག་ཀུ་ Naku
    སངས་རྒྱས་ ང་བཅས་ཀྱི་གེ་ཟ་ [ཆང་མ་?] འགྱོ་ཡི་ ག་དེ་སྦེ་བཟའ་ནི་ཟེར་ མེ་བཏང་བཟའ་ནི་སྨོ་ བཙོ་བཟའ་ནི་ཟེར་ མེ་གནང་ཟེར་ [ཚར་གཅིག་འབད་ནི་ཟེར་?] དེ་ལས་སངས་རྒྱས་ཀྱིས་ མིག་ཏོ་སྤུབས་ད་ཟེར་སླབ་ནུག [མེ་བྱིན་ནི་མས་ཟེར་ དེ་སྦེ་འབདཝ་ད་ སངས་རྒྱས་ཀྱི་མགུ་ཏོག་གི་རྭཝ་ལས་མར་ མེ་ཆས་དང་?] མེ་ཆས་བཏེག་སྦེ་ མེ་བཏང་ཟ་ཟེར་ འབག་སྦེ་ མེ་བཏང་ཟ་ མེ་བཏང་ཟ་སྟེ་ཕོཝ་འགྲངས་ དོ་རུང་ཤི་སོ་ནུགམེ།
  • ནག་ཀུ་ Naku
    ནངས་པ་ཟེརཝ་ད་ དེ་ལས་ད་རུང་ལོག་སྟེ་ མེ་ཤི་སོ་ཡི་ ག་དེ་སྦེ་འབདན་ན་ཟེར་ ཏེ་ཡར་འགྱོཝ་ད་ལུ་ མི་བྱིན་ད་ ཚོགས་བརྡ་གཏང་འོང་ ག་དེ་འབད་ནི་ཟེར་ ཏེ་[ཤ་ནུ་?] ནགཔ་སྦེ་འོང་མས་མེན་ན? འ་ནཱི་འདི་དང་ཕུ་གི་[ཤ་ནུ་?]ཟེར་སླབ་འོང་། འ་ནཱི་[ཤ་ནུ་?]སོང་སྟེ་ སངས་རྒྱས་མེ་ཤི་སོ་ཡི་ དོ་རུང་མེ་གནང་ཟེར་སླབ་ད་ མིག་ཏོ་སྤུབས་ད་ཟེརཝ་ད་ ཁོ་གི་མིག་ཏོ་འདི་ གཤོག་ཐེ་གི་འོག་ལུ་འོང་བ་ཏེ་ དེ་སྦེ་འབདཝ་ད་ མེན་ཟེར་ དེ་སྦེ་འབདཝ་ད་ ག་ཅི་ཡང་མིག་གིས་མཐོང་ཆི་ནུག་ཏེ།
  • ནག་ཀུ་ Naku
    དེ་ལས་སངས་རྒྱས་ཡར་ [ཚཱན་ཏོག་?] བཏོན་སྦེ་ མེ་ཆས་བཏེག་སྟེ་ མེ་འཕུ་སྦེ་ ཏེ་བཙོ་བཟའ་ནི་གི་ སངས་རྒྱས་ཀྱི་བྱིན་སྦེ་ ཀ་ལ་དང་མེ་དང་བྱིན་སྦེ་ དེ་ལས་བཙོ་ཟ་ནུག དོ་རུང་ཤི་སོ་ནུག་མེ། དེ་ལས་སྤྱ་གིས་ [ཤ་ནུ་?] མེ་ག་ཏེ་འདུག? ཟེརཝ་ད་ སངས་རྒྱས་ཀྱི་[ཚཱན་ཏ་?] འོག་ལུ་འདུག་ཟེར་ ཕོཝ་མ་ཀེ་འགྱོཝ་ད་ སངས་རྒྱས་རྒྱས་ཀྱི་མེ་ཆས་ཕད་ཅུང་བཏོག་འབག་འོང་ནུག་ཏེ་ འབག་འོང་སྦེ་ དཔེ་འདི་[ཤ་ནུ་?]གིས་མཐོང་བཞག་ སྤྱ་གིས་མེ་བཏེག་སྦེ་ འ་ནཱ་ལས་བཙོ་ཟ་སྟེ་ མེ་འཕུ་སྦེ་བཙོ་ཟ་ཞིནམ་ལས།
  • སེམས་དཔའ་ཆོས་སྒྲུབ་ Sempa Chedrup
    སངས་རྒྱས་ཀྱི་མེ་ཨརཝ་རྐྱབ་པར་འགྱོ་མི་འདི་ ཕོཝ་མ་ཀེ་ཡ?
  • ནག་ཀུ་ Naku
    ཨོང་་་་ སངས་རྒྱས་ཀྱི་མེ་ཆས་ཕད་ཅུང་འདི་ ཕོཝ་མ་ཀེ་གིས་བཏོག་འབག་འོང་སྟེ་ ཕོཝ་མ་ཀེ་ནང་ན་འགྱོ་མི་འདི་འ་ནཱི་ཨིན་ལོ། དེ་ལས་ འ་ནཱ་ལས་ ཡ་མེ་འབག་ཆི་ད་ཟེར་ ཏེ་ཁྱིམ་བཟོ་ཟེར་སླབ་དེས་ལོ་ ཏེ་ཁྱིམ་བཟོ་ཟེར་ཁྱིམ་བཟོ་སྟེ་ ཁྱིམ་བཟོ་བཅུག་སྦེ་ ཏེ་ཁྱིམ་བཟོ་སྟེ་བསྒྲུབས་ནུག བསྒྲུབས་ཞིནམ་ལས་ སངས་རྒྱས་ཁྱིམ་བསྒྲུབས་ཅི་ཟེར་ཞུ་ནུག བཏུབ་སྒྲུབས་ཤིག་བསྒྲུབས་སྦེ་འབད་སྨ་རེད་ཟེར་ མི་ག་ཏེ་ ལོ་ག་དེམ་ཅིག་འགྱོ་འགྱོཝ་ཨིན་ན་དེམ་ཅིག་གི་བར་ན་ ག་ཏེ་འགྱོཝ་ཅིག་ སྐུགས་ད་ཟེར་སངས་རྒྱས་ཀྱིས་གསུངས་ཏེ།
  • ནག་ཀུ་ Naku
    གསུངསམ་ད་ལུ་ བསྐོར་གཉིས་གསུམ་འགྱོ་མི་གི་ས་ལསན་ བདའ་ཟུན་པས་ཏེ་ ཁོང་བདའ་ཟུན་མི་ག་ར་ ཁྱིམ་ནང་སོང་སྟེ་ཀྲིག་ཀྲི་ ཏེ་སངས་རྒྱས་བྱོན་སྦེ་ བཀྲ་ཤིས་ཕབ་སྟེ་ བཀྲ་ཤིས་ལུ་འོང་མི་ག་ར་ མི་ལུ་གྱུར་ནུག་ མི་ལུ་གྱུར་ཞིནམ་ལས་ ཏེ་ཟླཝ་གཅིག་གཉིས་དེམ་ཅིག་ལས་ རྣམ་ཅོ་ནུག་ ལམ་ཐག་རིངམ་ཚུ་ ཁོང་མི་ལུ་གྱུར་ནི་ཟེར་ དེ་སྦེ་སླབ་ནུག་ཟེར་ ཏེ་ཁྱེད་མི་ལུ་གྱུར་ནུག ང་བཅས་མ་འགྱུར་ཟེར་ ག་ཅི་ཨིན་ན་ཟེར།
  • ནག་ཀུ་ Naku
    བདའ་མ་ཟུན་ ཕར་ལྷོད་མི་ཅིག་ འབག་འོང་ཡི་ ཁྱབ་ཚུགསཔ་ཅི་ བདའ་མ་ཟུན་ཟེརཝ་ད་ བཏུབ་ ཁྱེད་ལཱ་ག་ཏེ་འབདཝ་ཅིག་ ང་བཅས་བཟའ་ནི་འཐུང་ནི་ཟེར་ སྤྱ་གིས་གནོདཔ་བཀལ་མི་འདི་ འ་ནཱི་ཨིན་ལོ།
  • སེམས་དཔའ་ཆོས་སྒྲུབ་ Sempa Chedrup
    དེམ་ཅིག་ཨིན་ན་མཇུག?
  • ནག་ཀུ་ Naku
    དེ་ལས་འ་ནཱ་ལས་རྐྱངམ་ཅིག་ སངས་རྒྱས་བསྟན་པ་དར་ཏེ་ རྫོགས་སོ་ཡི་ དེམ་ཅིག་ཨིན།
  • སེམས་དཔའ་ཆོས་སྒྲུབ་ Sempa Chedrup
    ལགས་སོ། བཀའ་དྲིན་ཆེ། མེས་མེས་གིས་ དེམ་ཅིག་སྦེ་མཇུག་བསྡུ་ཡི་ཟེརཝ་མས།། །།