Skip to main content Skip to search
27 Nov 2015
3 min 16 sec
Video Overview
Creators: 
Rinzin Dema, ྀTshering Bidha

Aum Om from Sangkiri in Haa narrates a story about two families that were neighbors. One of the families was poor, and had a child. The other family was rich, but childless. Even though the poor family had to work very hard to get their sustenance, they always spent time together, happily joking and laughing with their child. One day the rich neighbors accused the poor family of laughing at them. The two families decided then to make a deal. The poor couple would give up the child if they had laughed at their neighbors, and the rich would give the wealth to the poor family, if their child was the reason for the laughter. In the end, the rich family had to give all their wealth to the poor family. Hence, the story conveys the message that an heir is an important part of a family and a source of happiness.

 

Transcript search
No results found for this search
0 of 0
  • Aum Wangmo/ཨམ་དབངམོ།
    ངེའི་ཁ་ཐུག་ལས་སྲུང་ཅིག་བཏང་གེ
  • Aum Wangmo/ཨམ་དབངམོ།
    ད་དང་ཕུག་ང་བཅས་ཀྱི་ངོ་སྒང་འབད་བ་ཅིན་ སྟེ་ང་བཅས་རང་སྟེ་ མེ་རྫ་བསྐྱལ་ ནི་ལས་ཕྱི་ཁ་ལུ་ལཱ་འུ་སྡུག་ ག་དེ་ཅིག་སྦེ་འོང་རུང་སྟེ་ཕྱི་རུ་མེ་རྫ་བསྐྱལ་ སྟེ་ང་བཅས་རང་ཤལ་ཐག་བཏང་ སྟེ་དེ་ལས་སྲུང་བཏང་ ཞབས་ཁྲ་འཐེན་སྦེ་སྟེ་འ་ནི་སྦེ་སྡོད་ནི་ཡོད་དང་ཕུག་འབད་བ་ཅིན།
  • Aum Wangmo/ཨམ་དབངམོ།
    སྟེ་ད་རེས་གནང་པ་གུ་ལྷོདཔ་ལས་ཏེ་ད་ག་དེ་ཨིན་ན་ང་བཅས་ཁོང་གི་འདི་ང་བཅས་ཧ་རང་མི་དགོ་བས་ད་ ད་རེས་གནང་པ་གི་ང་བཅས་མ་པ་ལས་ཏེ་མི་ཤེས་པས་ལགས།
  • Aum Wangmo/ཨམ་དབངམོ།
    སྟེ་ད་རེས་ངེ་གི་སྲུང་གཅིག་སྲུང་ཆུང་ཀུ་གཅིག་ཏེ་ང་གིས་བཏང་གེ།
  • Aum Wangmo/ཨམ་དབངམོ།
    སྟེ་སྲུང་འདི་ ཧེ་མ་ཟེར་ཏེ་ དང་ཕུག་རོགས་ཏེ་བུ་གཞི་ཕམ་ཅིག་ཡོདཔ་མས་ ཏེ་ཁོང་གཉིས་ཀུ་ལུ་ཏེ་རྒྱུ་ནོར་ལོང་སྤྱོད་ག་ནི་ཡང་མེད་ ཏེ་ཁོང་རང་གཉིས་ཀུ་གི་བུ་གཞི་ སྟེ་ད་རེས་ལྟོ་ད་རེས་འཚོལ་ གནང་པ་ལྟོ་གནང་པ་འཚོལ་ཏེ་ཁོང་གཉིས་ཀུ་གིས་བུ་གཞི་གསོ།
  • Aum Wangmo/ཨམ་དབངམོ།
    སྟེ་རོགས་ཁོང་ཕྱུགཔོ་རྒན་རྒན་གཉིས་ཡོདཔ་མས ཏེ་ཁོང་རྒན་རྒན་གཉིས་ལུ་བུ་གཞི་ཡང་མེད་ སྟེ་ཟས་ནོར་ལོང་སྤྱོད་འདི་སྟེ་ཁོང་གཉིས་ཀུ་ལུ་གནམ་མེད་ས་མེད་ཡོདཔ་མས།
  • Aum Wangmo/ཨམ་དབངམོ།
    སྟེ་ཁོང་གཉིས་ཀུ་རོགས་སྤྱང་ཀ་ནང་ཚང་གཉིས་གུ་ཏེ་ཁོང་རང་གཉིས་ཀུ་བུ་གཞི་ ཏེ་ད་རེས་ལྟོ་ད་རེས་འཚོལ་བཟའ་ གནང་པ་ལྟོ་གནང་པ་འཚོལ་བཟའ་ ཏེ་ཁོང་ར་གི་བུ་ཚུ་གིས་ ཏེ་ཉི་མ་ལཱ་འབད་འདི་འུ་སྡུག་འོང་འདི་འབད་རུང་ ཏེ་ཡོད་ཡོདཔ་འདི་སྦུག་ལུ་བཙུགས་ མེདན་ནི་སྦུག་ལུ་བཙུགས་སྦེ་ ཏེ་བུ་ཚུ་ཚུ་གིས་ཧ་ཧ་ཧི་ཧི་ཟེར་ ཏེ་བུ་ཚུ་ཇོ་ཀར་(དགོད་བྲོ)འགྱུར་ ག་ཏེ་དངམ་ཚེ་སླབ་ ཏེ་ཁོང་རང་གཉིས་གུ་རང་ཕོཝ་ནཱ་ནཱ་ལས་དགའ་སྦེ་སྡོད་སྡོད་མས།
  • Aum Wangmo/ཨམ་དབངམོ།
    སྟེ་ཁོང་གཉིས་ཀུ་ལུ་རྒྱུ་ནོར་ལོང་སྤྱོད་ག་དེམ་ཅིག་ཡོད་རུང་ ཏེ་བུ་ཞིག་བུ་སྨད་མི་པའི་སྒང་ལས་ ཏེ་ཁོ་རང་གཉིས་གུ་རང་ ཏེ་ཧ་ཧ་ཧི་ཧི་ཟེར་དགའ་བ་ལུ་ ཏེ་བུ་ཞིག་ཇོ་ཀར་འགྱུར་མི་མེད་པས་མ་དགའ་བས།
  • Aum Wangmo/ཨམ་དབངམོ།
    སྟེ་འདི་ཁོང་གཉིས་ཀུ་སེམས་ཁར་ལུ་ཏེ་ཁོང་བལྟ་འདི་དགའཝ་ཨིན་ཟེར་ སྟེ་འ་ནི་སྦེ་ཁོང་གིས་ཁོང་ལུ་ཧད་བཏགས་འཚོལ་འཚོལཝ་མས།
  • Aum Wangmo/ཨམ་དབངམོ།
    སྟེ་ང་བཅས་ཀྱི་དེ་སྦེ་མེན་དབའི་ ང་བཅས་བུ་ཚུ་བལྟ་འདི་པ་ལས་དགའ་ས་མི་འཐུད་པས་སླབ་འདི་སྦེ་མེན་ཁོང་གཉིས་གུ་ཨིན་ཟེར་ཏེ་ཁོང་གཉིས་ཀུ་གིས་ཁོང་ལུ་ཧད་བཏགས་འཚོལ་འབད།
  • Aum Wangmo/ཨམ་དབངམོ།
    སྟེ་དེ་འབད་བ་ཅིན་ཏེ་དེན་རྒྱལ་སྤུང་བརྐྱབ་བཞག་གེ་ཟེར་ཏེ་ཁོང་རང་རྒྱལ་སྤུང་ཅིག་བརྐྱབ་འབད་ སྟེ་འདི་ལས་ཏེ་དེ་སྦེན་ད་ང་བཅས་བུ་ཚུ་གིས་དེ་སྦེ་འབད་འབདཝ་མེན་ཟེར་སླབན་ ང་བཅས་བུ་ཞིག་ཡང་ཁྱེད་རང་དགའ་རྒྱུར་ཟེར་ ཏེ་དེ་སྦེ་ཨིན་སླབན་ཏེ་ཁྱེད་ཀྱི་རྒྱུ་ནོར་ལོང་སྤྱོད་ཚུ་ཡང་ང་བཅས་ལུ་འཐོབ་ཨིན་ཟེར་ ཏེ་ཁོང་རང་རྒྱལ་སྤུང་འ་ནི་གུ་བརྐྱབ་སྦེ་ཏེ་ འ་ནི་སྦེ་བཟོ་བཟོཝ་མས།
  • Aum Wangmo/ཨམ་དབངམོ།
    སྟེ་ནུབ་ཅིག་འབདཝ་ད་སྟེ་བུ་ཚུ་ཚུ་ཁོང་གིས་གདོང་ཁར་བསྐྱལ་ ཁོང་རང་གཉིས་ཀུ་རང་ཚུར་སྡོད་སྦེ་ སྟེ་བུ་ཚུ་ཚུ་ཁོང་རྒན་རྒན་གཉིས་ཀུ་ས་སྤྲོད་སྤྲོདཔ་མས།
  • Aum Wangmo/ཨམ་དབངམོ།
    སྟེ་སྤྲོད་པའི་བསྒང་ལས་ཏེ་བུ་ཚུ་ཚུ་གིས་འ་ནི་སྦེ་འབད་ སྟེ་ཁོང་རང་གཉིས་ཀུ་རང་ན་ཤི་ཤི་ལས་དགའ་ འ་ནེ་འབད་བའི་བསྒང་ལས་ཏེ་ ཁོང་གི་རྒྱུ་ནོར་ལོང་སྤྱོད་ཚུ་སྟེ་ག་ར་རོགས་སྤྱང་ཀ་ག་ནི་ཡང་མེད་མི་འདི་ལུ་ཤོར་ སྟེ་འདི་ལས་ཏེ་བུ་གཞི་རོགས་པུ་ཙ་སྦེ་རོགས་ཇོབ་ཇོབ་སྦེ་གསོ་ སྟེ་འ་ནི་སྦེ་འབད་འབདཝ་མས་ དང་ཕུག་གི་དཔྱེ་གཏམ་འ་ནི་ཨིན།
  • ཨམ་དབངམོ།
    ད་ང་བཅས་འ་ནི་ང་བཅས་ངོ་གང་འ་ནི་དཔྱེ་གཏམ་ཚུ་སླབ་ནི་ཡོད་ལགས། ལགས་སོ།