Video Overview
In this story, the princess hits her puberty age and that makes her lustful and lascivious. At first, she does not know how to make love but once she does, she loses control over her sex drive. The husband takes the princess to an old woman’s place for help. The old woman gives her some advice and that helps her to control her sex drive.
མོང་སྒར་སྔ་ཚང་ལས་ ཕུན་ཚོགས་དབང་འདུས་ཀྱིས་གཏང་མི་ རྒྱལ་པོའི་སྲསམོ་གི་སྲུང་དེ་ དུས་ཚོད་དུས་ཀྱི་རནམ་ད། །རྡོ་ཡང་སྦུག་ལས་གག །ཟེར་དོ་བཟུམ་སྦེ་ མི་ཆེ་འབྲིང་ཆུང་གསུམ་ག་ར་ཨིན་རུང་ བུམོ་ ལོ་ན་ཚོད་བརྒྱད་གཉིས་བཅུ་དྲུག་གི་ལང་ཚོ་དང་ལྡན་པའི་བསྒང་ལས་ དཀྲོགས་མི་ག་ཡང་མེད་རུང་ རང་བཞིན་གྱིས་འདོད་ཆགས་ལོངས་ཏེ་འོང་དོ་ཡོདཔ་བཞིན་དུ་ སྲུང་དེ་ནང་ལས་ཡང་ རྒྱལ་པོའི་སྲསམོ་ཅིག་ དང་པ་ལུས་འབྲེལ་འབད་ཐངས་མ་ཤེསཔ་ཅིག་ཨིན་རུང་ ཤེས་པའི་ཤུལ་ལས་ ཉིན་ནུབ་མེད་པར་འབདཝ་འབད་སར་སྡོད་དེ་ རྨགཔ་གིས་འབད་མ་ཚུགས་པར་ ཨང་རྒས་ཅིག་འབད་སར་འཁྱིད་འབག་སྟེ་ ཨང་རྒས་ཀྱིས་བསླབ་བྱ་བྱིན་ཞིནམ་ལས་རྐྱངམ་ཅིག་ ཚུལ་དང་མཐུན་ཏོག་ཏོ་སྦེ་སྡོད་ནུག ཁ་རྒྱུན་ལུ་སླབ་དོ་བཟུམ་སྦེ་ར་ སྲུང་དེ་ནང་ལས་ཡང་ ཕོ་རྒས་བ་ཨམ་སྲུ་འདོད་ཆགས་ཆེཝ་སྦེ་ར་འཐོནམ་ཨིན་མས།
- Ngatsang
- ཕུན་ཚོགས་དབང་འདུས/Phuntsho Wangdiདང་ཕུ་གཡུས་མཚན་ཅིག་ནང་ རྒྱལཔོ་གཅིག་སྡོད་སྡོདཔ་མས་ལགས། ཏེ་རྒྱལ་པོའི་སྲསམོ་ འཇའ་རིསམོ་ སྐུའི་གཟི་བརྗིད་དང་ལྡན་པ་ གནམ་མེད་ས་མེད་ཀྱི་ཏེ་ མོ་ཏེ་ འཇའ་རིསམོ་མཛེས་ཏོག་ཏོ་ཅིག་ ཏེ་མའི་མཚན་རྟགས་དང་ལྡན་པ་ཅིག་སྡོད་སྡོདཔ་མས།
- ཕུན་ཚོགས་དབང་འདུས/Phuntsho Wangdiཏེ་ ཨིན་རུང་ཏེ་ ཨ་ཞེ་སྦེ་བཞུགས་པའི་སྐབས་ལུ་ ཏེ་ཨ་ནི་ ཕོ་རྒྱ་དང་གཅིག་ཁར་འབྲེལ་བ་འཐབ་རང་མ་འཐབ་པར་སྡོད་སྡོདཔ་མས། དེ་ལས་ ལཱ་གཡོག་འབད་མི་ཨང་རྒས་གཅིག་ཡོདཔ་མས། རྒྱལ་པོའི་ཕོ་ཕྲང་འོག་ལུ་སྦེ།
- ཕུན་ཚོགས་དབང་འདུས/Phuntsho Wangdiདེ་ལས་ ཨང་རྒས་འབད་སར་འགྱོ་སྦེ་ དྲི་དོ་ཡོདཔ་མས་ཏེ་ དྲི་དོ་ཡོདཔ་མས་ལགས། དེ་ལས་ ཕོ་རྒྱ་དང་གཅིག་ཁར་ལུས་འབྲེལ་ཟེར་མི་འདི་ ག་དེ་སྦེ་འབད་ནི་སྨོ་ ཨང་རྒས་ཟེར་ ལུས་འབྲེལ་འབད་ནི་གི་ཨ་ཙི་སྟོན་གནང་ ག་དེ་སྦེ་འབད་ནི་སྨོ? ཟེར་དྲི་དོ་ཡོདཔ་མས། ཉིནམ་ཨ་རྟག་རང་དྲི་སྟེ།
- ཕུན་ཚོགས་དབང་འདུས/Phuntsho Wangdiདེ་ལས་ ཨང་རྒས་ཀྱིས་སླབ་བྱིན་མ་བཏུབ་པས་ལགས། ཨང་རྒས་ཀྱིས་རྩ་ལས་སླབ་མ་བྱིན། ཉིནམ་ཅིག་འགྱོཝ་དྲི། ཉིནམ་གཉིས་འགྱོཝ་དྲི། ཉིནམ་གསུམ་འགྱོཝ་དྲི། ཞག་ཞག་ལས་བདུན་ཕྲག བདུན་ཕྲག་ལས་ཟླཝ། ཟླཝ་ལས་ལོ་ཡང་ཡར་སོ་ནུག་ལགས།
- ཕུན་ཚོགས་དབང་འདུས/Phuntsho Wangdiབུམོ་འདི་ཡང་ཏེ་ གནམ་མེད་ས་མེད་ཀྱི་ཏེ་ ལོ་བཅུ་དྲུག་ལོན་པའི་ལང་ཚོ་དང་ལྡན་པ་ཟེར་ གནམ་མེད་ས་མེད་ཀྱི་ཏེ་ ལོ་བཅུ་དྲུག་ལངས་པ་ མཛེས་ཏོག་ཏོ་ གནམ་མེད་ས་མེད་ཀྱི་འཇའ་རིསམོ་ཏེ་ ཏེ་དེ་ལས་ འ་ནི་བཟུམ་འགྱོ་རུང་རང་ཏེ་ ཕོ་རྒྱ་དང་གཅིག་ཁར་འབྲེལ་བ་རང་མ་འཐབ་པས། ག་ཅི་སྨོ་ཟེར་བ་ཅིན་ ཡབ་དང་ཡུམ་གྱིས་ཡང་ཏེ་ གཉེན་སྦྱོར་ཅིག་འབད་དེ་ མོ་ལུ་འ་ནི་ཡང་མ་བྱིན་པས་ལགས།
- ཕུན་ཚོགས་དབང་འདུས/Phuntsho Wangdiདེ་ཅིག་བར་ན་ ད་རུང་ཨང་རྒས་ལུ་ འགྱོ་སྦེ་དྲི་ནུག ཉིནམ་ཅིག་ཟེརཝ་ད་ ཨང་རྒས་ ཀ་པ་ལིང་ཅིག་བཙུགས་སྦེ་སྡོད་སྡོདཔ་མས། དང་ཕུགས་ཆང་བཙོ་ནི་གི་ཀ་པ་ལིང་ཅིག་ཡོད་མེན་ན་ལགས་ ཨ་ནི་ ཨ་ནི་ཀ་པ་ལིང་ཅིག་བཙུགས་སྦེ་སྡོདཔ་ད་ལུ་ ཏེ་ཨང་རྒས་ཟེར་ ལུས་འབྲེལ་ཟེར་མི་ ག་དེ་སྦེ་འབད་ནི་ ཕོ་རྒྱ་དང་གཅིག་ཁར་ འབྲེལ་བ་ག་དེ་སྦེ་འཐབ་ནི་ཟེར་ དྲིཝ་ད་ལུ་ ཉིནམ་ཅིག་ཟེརཝ་ད་ ཨང་རྒས་ཙིགཔ་ཟ་དྲེགས་མ་ཚུགས་པར་ ཟན་སྐྱ་གིས་ མོ་གི་མོ་མཚན་ལས་ཕར་བཏང་བྱིན་ཡི་ལོ།
- ཕུན་ཚོགས་དབང་འདུས/Phuntsho Wangdiའ་ནི་སྦེ་འབད་ནི་སྨེ་ ལུས་འབྲེལ་འདི་ཟེར་ ཧེ་ཧེ་ཧེ་་་་། དེ་ལས་ བུམོ་རྣམ་རྟོག་ལངས་ཏེ་ གནམ་མེད་ས་མེད་ཏེ་ ཚ་ཚཝ་འདྲས་སྦོ་ བལྟཝ་ད་ ཚ་སྟེ་ དེ་ལས་ ཕོ་བྲང་གི་ཕྱག་སྒརཔ་རེ་རེ་ སྐུ་ཁྲུས་གནངམ་ད་ལུ་ ཆུ་བླུགས་པར་འགྱོ་དགོཔ་ལོ་ལགས།
- ཕུན་ཚོགས་དབང་འདུས/Phuntsho Wangdiརྒྱལ་པོའི་སྲསམོ་འབདཝ་ལས་ཏེ་ ན་བཟའ་སོ་སོ་ཕུལ་དགོཔ། ནང་ན་ལས་ཁེན་ཇ་སོ་སོ་ཕུལ་དགོཔ། སྨད་གཡོགས་སོ་སོ་ ཕུལ་དགོཔ། སོ་སོ་ཡོད་མེན་ན་སྨོ་ལགས།
- ཕུན་ཚོགས་དབང་འདུས/Phuntsho Wangdiཞབས་ལྷམ་རེ་འ་ནི་བཟུམ་ཕུལ་དགོཔ། ཅ་པཱལ་རེ་ཕུལ་དགོཔ། འབད་བའི་སྐབས་ལུ་ ཕྱག་སྒརཔ་ ག་ཅི་ལོ་ འཕྲལ་འཕྲལ་ཕྱག་སྒརཔ་ཕོག འཕྲལ་འཕྲལ་སྒར་པ་ཕོག་དོ་ཡོདཔ་མས། བསྐོར་རྒྱབ་སྦེ་ རེ་རེ་ཕོགཔ་ད་ལུ་ཏེ།
- ཕུན་ཚོགས་དབང་འདུས/Phuntsho Wangdiདེ་ལས་ བུམོ་ཁྲུས་གནང་ཚརཝ་བཞིན་དུ་རང་ ཨ་ནི་གི་ཤུལ་ལུ་ ཏེ་སྒར་པ་ཚུ་ཨིན་རུང་ ཕྱག་སྒརཔ་ཨིན་ཨ་ནི་འདི་ ཁྲུས་རྐྱབ་ར་རྐྱབ་དགོ་དོ་ཡོདཔ་མས། ག་ར་ཕུད་སྦེ་ལགས། གཅེར་བུ་འབད། གཅེར་བུ་འབད་དེ་ ཕུད་དེ་འབདཝ་ད་ལུ་ ཁྱོད་ཀྱི་ཨ་ནི་ཕོ་མཚན་ལུ་ལྟ་སྟེ་ ཁྱོད་ཀྱི་ཨ་ནི་ག་སྨོ? ཟེར་སླབ་དོ་ཡོད་མས།
- ཕུན་ཚོགས་དབང་འདུས/Phuntsho Wangdiདེ་ལས་ ངེའི་ཕོ་མཚན་འདི་ཨིན་ཟེར་ ཁོང་གིས་མིང་འབད་སླབ་སྟེ་ཡོད་ལགས། ཏེ་ག་ཅི་འབད་ནི་ཟེརཝ་ད་ ཏེ་ལུས་འབྲེལ་འབད་ནི་གི་ཨིན་ ཟེར་སླབ། དེ་ལས་ བུམོ་འདི་ ཚཝ་འ་ནི་བཟུམ་འོང་ཟེར་འདྲོག་སྟེ་ བཏོག་ཅི་བཏོག་ཅི་བཀོ་སྟེ་ཡོད་ལགས།
- ཕུན་ཚོགས་དབང་འདུས/Phuntsho Wangdiགྱིམ་ཙི་གིས་ ཙིད་ཙིད་བཏོག་བཏང་སྟེ་ ལྷོདཔ་ཅིག་ སྒར་པ་རྫོགས་དོ་ཡོད་མས། རྫོགས་དོ་ཡོདཔ་མས་རྫོགས་རང་ཤི་སྦེ་ཏེ་ འ་ནི་བཏོག་བཏོག་བཀོ་སྦེ་ དེ་ལས་ རྒྱལ་པོ་གིས་མ་ཤེས་པ་དཔོན་གྱིས་ལགས།
- ཕུན་ཚོགས་དབང་འདུས/Phuntsho Wangdiབཀོ་བཞག་སྟེ་ འ་ན་ལས་གཟིགས་རང་མ་གཟིགས་པར་དཔོན་གྱིས་ འ་ནིམ་བར་ན་ འ་ན་ལས་ལྷོདཔ་ཅིག་ལས་ དགོངས་སྐོར་ཞུ་སྦེ་ དེ་ལས་ཉིནམ་ཅིག་འབདཝད་ མི་ཇོ་ཀར་(དགོད་བྲ་སི་སི་)ཅིག་ཡོདཔ་མས། འ་ནི་ཕྱག་སྒརཔ་འདི་ལགས། ཁོ་ཕོག་ནུག་ལགས། བཀའ་གྲོལཔ་བཟུམ་ཅིག་ཨིན་པས་ཁོ། ཏེ་ཁོ་འགྱོ་དགོཔ་ཐོན།
- ཕུན་ཚོགས་དབང་འདུས/Phuntsho Wangdiདེ་ལས་ སྐུ་ཁྲུས་གནང་ནི་གི་ཏེ་ རྒྱན་ཆ་ཚུ་ཕུད་ ན་བཟའ་ཚུ་ཕུད་སྦེ་ དེ་ལས་ཁྲུས་ཁྱིམ་ནང་ན་འཛུལ་སྦེ་ ཏེ་སྐུ་ཁྲུས་ཕུལ་དོ་ཡོདཔ་མས། སྐུ་ཁྲུས་ཕུལ་ཏེ་ དེ་ལས་ མོ་སྐུ་ཁྲུས་གནང་ཚར་སྦེ་ དེ་ལས་འ་ནི་ ཕྱག་སྒརཔ་འདི་ སྐུ་ཁྲུས་་་་ ག་ཅི་ལོ་ འཁྱུ་ནི་གི་དོན་ལས་ ཕུད་དོ་ཡོདཔ་མས། ཕུདཝ་ད་ལུ།
- ཕུན་ཚོགས་དབང་འདུས/Phuntsho Wangdiཁྱོད་ཨ་ནི་ག་ཅི་སྨོ?ཟེར་ ཕོ་མཚན་ལུ་དྲི་དྲིཝ་མས། ཕོ་མཚན་བཏགས་ཏེ་ཡོད་མེན་ན་ང་བཅས་ཀྱི་ དེ་ལས་ མུ་སུ་ལུ་ཨིན་ཟེར་སླབ་སླབ་མས། མུ་སུ་ལུ།
- ཕུན་ཚོགས་དབང་འདུས/Phuntsho Wangdiཧ་ཧ་ ག་ཅི་འབད་ནི? ཟེར་སླབ་སླབ་མས། ང་གིས་ག་ཅི་འབདཝ་མས་ག་ དཔེ་སྟོན་གེ་སྨེ་ཟེར་ ཨམ་སྲུ་ཉལ་བཅུག་ནུག་ལགས། ཉལ་བཅུག་སྦེ་ ཧེང་སྦེ་ དེ་ལས་ཁོ་གིས་ ལུས་འབྲེལ་འབད་བྱིན་ཏེ་འདུག་བ་ཏེ་ ལུས་འབྲེལ་འབད་བྱིན་ཞིནམ་ལས་ཡར་ལྟ་འབདན་ གནམ་མེད་ས་མེད་ དགའ་བ་དང་སྤྲོ་བ་ཚད་མེདཔ་བྱུང་སྟེ།
- ཕུན་ཚོགས་དབང་འདུས/Phuntsho Wangdiཛའི་་་་་་ ཉིན་ནུབ་མེད་པར་ལགས། ཉིནམ་དང་ཞག་ཟེརཝ་མེད་པར་ཏེ་ མུ་སུ་ལ་འབག་ཤོག་ ཟེར་སླབ་སྡོད་དེ་མ་བཏུབ་པས། མུ་སུ་ལ་འབག་ཤོག་ མུ་སུ་ལ་འབག་ཤོག་ མུ་སུ་ལ་འབག་ཤོག་ ཨེ་ཨེ་ཨེ་་་་་་་་ ཨ་ཨ་ཨ་ཨ་་་་་་་ ཨེ་ཧི་་་།
- ཕུན་ཚོགས་དབང་འདུས/Phuntsho Wangdiཁོ་དང་གཅིག་གཉེན་བསྡོམས་ཡར་སོ་འདུག་ལགས། ཨིན་ཡང་ ཁོ་དང་གཅིག་ཁར་ཡང་ ག་ཅི་ལོ་ གཉེན་བསྡོམས་ཏེ་ཁོ་དང་གཅིག་ཁ་རང་སྡོད་དེ་ ཏེ་ཨ་རྟག་ར་ ཏེ་འ་ནི་ཕོ་རྒྱ་གིས་དྲེགས་མ་ཚུགས་པར་རྐྱངམ་ཅིག་ འ་ནི་ཨང་རྒས་སྡོད་སར་འགྱོ་སྟེ་ཡོད་སྨེ།
- ཕུན་ཚོགས་དབང་འདུས/Phuntsho Wangdiཡ་ ང་བཅས་གཉིས་ཨང་རྒས་འབད་ས་ལོག་འགྱོ་ནི་མས་ དྲི་ནི་གི་ འ་ནི་ག་དེ་སྦེ་འབད་ནི་ཨིན་ན་མེད་ན་ ཨང་རྒས་ཀྱིས་སླབ་མི་འདི་ ཆ་བཞག་ནི་སྨེ་ དེ་ལས་ ཨང་རྒས་འབད་སར་འགྱོ་ དེ་ལས་ཨང་རྒས་ལུ་སླབ་བཅུག་བཅུགཔ་མས་ལགས།
- ཕུན་ཚོགས་དབང་འདུས/Phuntsho Wangdiདེ་ལས་ ཨང་རྒས་ཀྱི་སླབ་བྱིན་ནུག་ལགས། ལུས་འབྲེལ་འབད་ནི་ཟེར་མི་འདི་ རང་རང་ས་ རན་ཏོག་ཏོ་འབད་ མཚམས་ཚད་དང་བཅསཔ་སྦེ་ ནུབ་མོ་ཉལཝ་ད་ལུ་ ཚར་གཅིག་དང་གཉིས་འབད་ནི་མ་གཏོགས་ དུས་གཏན་ཀྱང་ ཉིན་མཚན་མེད་པར་ འ་ནི་སྦེ་འབད་ནི་མེན་སྨེ་ ཟེར།
- ཕུན་ཚོགས་དབང་འདུས/Phuntsho Wangdiཁྱོད་ཏེ་ ད་ལྟོ་ ཆུང་ཀུ་མས་ ན་གཞོན་འབདཝ་ལས་མི་ཤེས་ཟེར་ ཨང་རྒས་ཀྱིས་སླབ་གེ་ ཏེ་དང་པ་ཟེརཝ་ད་ལུ་ ག་ཅི་ལོ་ རང་གི་ལུས་ངག་ཡིད་གསུམ་འདི་ བདག་འཛིན་འཐབ་སྟེ་ ལེགས་ཤོམ་སྦེ་ རོགས་ཀྱི་གདོང་ཁར་ བདེ་ཏོག་ཏོ་འབད་དེ་ སྡོད་དགོཔ་ཁག་ཆེ་ དེ་ལས་འ་ནི་འབད་བའི་སྐབས་ལུ་ ག་ར་གཉིད་ཐལ་ཞིནམ་ལས་ ལག་ལེན་འཐབ་ནི་ཨིན་མས། འ་ན་ལས་བྱ་བ་ལུས་འབྲེལ་འཐབ་ནི་ཨིན་མས་ ཟེར།
- ཕུན་ཚོགས་དབང་འདུས/Phuntsho Wangdiའ་ནི་བཟུམ་སྦེ་ འ་ནི་སྦེ་དེ་འབད་མེན་སྨེ་བུམོ་ཟེརཝ་ད་རྐྱངམ་ཅིག་ཉན་བཏུབ་ཅིག་ལོ་ལགས། དེ་ལས་རྐྱངམ་ཅིག་ཉན་བཏབ་སྦེ་ འ་ནི་ འ་ནི་ཕྱག་སྒརཔ་འདི་ ཏེ་རྒྱལ་པོ་ལུ་ཞུ་སྦེ་ཏེ་ རྒྱལ་པོའི་སྲསམོ་དང་གཅིག་ཁར་ཁོ་ཏེ་ བསྟན་པ་ཡུན་རིངམོ་གི་ཐོག་ཁར་ གནམ་མེད་ས་མེད་ཀྱི་ཁ་ཏེ་ ག་ཅི་ལོ་ ཁོ་ཏེ་ རྒྱལ་པོའི་སྲསམོ་གི་རྨགཔ་སྦེ་ རོགས་དགའ་སྟོན་དང་འ་ནི་ གནམ་མེད་ས་མེད་འབད་དེ་ མི་སེར་ཚུ་བཀུག་སྟེ་ གནམ་མེད་ས་མེད་བཀྲ་ཤིས་གཡང་ཆགས་པའི་ 3བཀྲ་ཤིས་ག་ཅི་ལོ་ ཕུན་སུམ་ཚོགས་པའི་ཕྱག་ལཱ་ཚུ་མཛད་དེ་ སྤྲོ་བ་སྟོན་ ཞབས་ཁྲའི་རིགས་ཚུ་རྐྱབ་སྟེ་ འ་ནི་བཟུམ་མཛད་གནང་སྟེ་ཡོད་ལགས།
- ཕུན་ཚོགས་དབང་འདུས/Phuntsho Wangdiབཀའ་དྲིན་ཆེ།