30 Jun 2014
26 min 38 sec
Video Overview
Creators:
Dudul Dorje
A folktale with moral advice.
སློབ་གསོ་རང་བཞིན་ལྡན་པའི་གཏམ་རྒྱུད་ཅིག
རྒྱལ་བུ་ནོར་བུ་དོན་འགྲུབ་ཅེས་པའི་གཏམ་རྒྱུད་བཤད་ནས་བྱིས་པ་ཚོ་ལེ་ལོ་དང་རྣམ་གཡེང་གི་དབང་དུ་མི་འགྲོ་བར། ཡ་རབས་གཞུང་དྲང་དང་བརྩོན་འགྲུས་ལྡན་པ་ཞིག་ཏུ་འགྱུར་བར་འབད་ན། མཇུག་མཐར་འབྲས་བུ་ཡག་པོ་ཞིག་འབྱུང་བའི་ཁ་ཏ་བསླབ་བྱ་གནང་ཡོད།
这是一个有道德建议的民间故事。
王子诺布顿珠的民间故事建议孩子们不要懒惰或分心,专心做一个优良而正直的人,勤奋的人,这样最终会有一个好的结果。
- གནའ་ཞིག་ལ།
- མིང་ལ་ཤིང་ཁྲི་བཙན་པོ་ཟེར་བའི་རྒྱལ་པོ་ཞིག་ཡོད།
- རྒྱལ་པོ་དེར་བུ་གསུམ་འདུག
- སྐབས་ཤིག་ལ་རྒྱལ་པོར་སྙུང་གཞི་ཕོག་ཏེ་
- ཟས་སོགས་གང་ཡང་ཟ་འདོད་མ་བྱུང་བ་དང་
- ལུས་པོ་ཡང་སྐམ་ཞིང་རིད་པར་གྱུར།
- རྒྱལ་བུ་གསུམ་གྱིས་ཡབ་རྒྱལ་པོར་ནད་གཞི་ཅི་ཞིག་བྱུང་སོང་།
- ངེད་བུ་གསུམ་པོས་སྨན་གང་ཡིན་བཙལ་ཆོག་ཅེས་རྒྱལ་པོར་ཞུས་པར།
- རྒྱལ་པོས་ངའི་ནད་འདི་ལ་གསོ་བྱེད་ཀྱི་སྨན་གང་ཡང་མེད།
- ང་འདི་ལྟར་འཆི་རུ་ཆིགས་ཤིག་ཅེས་གསུངས།
- རྒྱལ་བུ་གསུམ་པོས་འཆི་ག་ལ་རུང་།
- ངེད་བུ་གསུམ་པོས་ཐབས་བཀོད་ཅིག་བཙལ་ཆོག་ཅེས་ཞུས་པར།
- རྒྱལ་པོས་འོ་ན་སྲིན་པོའི་ཡུལ་དུ་སྨན་སྣ་རྩ་ཆེན་ཞིག་ཡོད་པ་
- དེ་འཁྱེར་འོངས་ཐུབ་ཚེ་ངའི་ནད་གཞི་འདི་ལ་གསོ་ཐབས་ཡོད།
- དེ་མིན་སྨན་གཞན་གང་ཡང་མེད་ཅེས་གསུངས་སོང་།
- དེ་ནས་རྒྱལ་བུ་གསུམ་སྨན་འཚོལ་དུ་འགྲོ་བར་གྲོས་འཆམ།
- རྒྱལ་སྲས་ཐ་ཆུང་ནོར་བུ་དོན་གྲུབ་ནི་རྒྱལ་པོའི་
- རེ་བ་བཅོལ་ས་གཅིག་པུ་དེ་ཡིན་པ་དང་།
- རྒྱལ་པོས་སྲས་ཐ་ཆུང་གི་ལྭ་བའི་མཆན་ཁུང་དུ་མདའ་གཞུ་
- ཆུང་ཆུང་ཞིག་སྦས་རྗེས་རྒྱལ་བུ་གསུམ་ལམ་དུ་སྤྲད།
- རྒྱལ་བུ་གསུམ་ལམ་ལ་ཆས་ཏེ་ལུང་པ་གསུམ་གྱི་
- ལུང་མདོ་ཞིག་ཏུ་སླེབས་པ་ན།
- ཁོ་ཚོས་གནས་དེ་རུ་བསང་ཁྲི་གསུམ་བརྩིགས་ནས་
- བསང་ཕུད་ཅིང་སྐྱབས་འཇུག་ཞུས་པ་དང་།
- སུ་ཞིག་སྔ་མོར་ཕྱིར་གནས་འདིར་སླེབས་ཚེ་རྒྱལ་བུ་གཞན་གཉིས་
- ལ་སྒུག་ནས་མཉམ་འཛོམས་བྱ་རྒྱུ་ཐག་བཅད།
- དེ་ནས་རྒྱལ་བུ་ཆེ་བ་ནི་ལུང་བ་ཁ་ཞེང་ཆེ་བ་དེའི་ནང་དུ་སོང་བ་དང་།
- རྒྱལ་བུ་ཆུང་བ་ནི་ལུང་བ་ཆུང་བའི་ནང་དུ་སོང་།
- རྒྱལ་བུ་འབྲིང་བ་ནི་ལུང་བ་ཞོལ་མ་དེའི་ནང་དུ་ཞུགས།
- རྒྱལ་བུ་ཆེ་བ་འགྲོ་སའི་ལུང་བ་དེའི་ནང་དུ་
- འཐག་མཁན་ཞིག་འདུག་པ་དང་།
- ཁོའི་དེའི་གམ་དུ་འཐག་བསླབ་ནས་ཉི་མ་བཏང་།
- རྒྱལ་བུ་འབྲིང་བ་ར་རྫི་བྱས་ཏེ་དུས་གདའ་བར་བྱས།
- རྒྱལ་བུ་ཐ་ཆུང་ནོར་བུ་དོན་གྲུབ་ནི་ལུང་བ་དོག་མོ་དེ་བརྒྱུད་དེ་
- གཅན་གཟན་གྱི་ཉེན་ཁར་མ་འཛེམས་པར་མུ་མཐུད་ལམ་ལ་
- ཆས་པ་དང་ལམ་བྲོ་ཡང་རིམ་བཞིན་ཚར་བར་གྱུར།
- སྐབས་དེར་ཁོའི་མདུན་ཕྱོགས་སུ་གླ་བོ་རྒྱུ་སའི་རྐང་ལམ་
- ཕྲ་མོ་ཙམ་ལས་མེད་པའི་བྲག་རི་གཟེར་མོ་ཞིག་གིས་བཅད་འདུག
- ཁོ་བྲག་ཐེམ་དེར་འགོར་ཏེ་ཡར་བསྐྱོད་པའི་སྐབས་དེར་
- རྐང་འོག་གི་རྡོ་ཞིག་མར་འགྲིབ་པར་ཕྱིར་ལྟ་དུས།
- སྟག་ཅིག་གིས་གླ་ཞིག་བསད་དེ་བྲག་འདབས་སུ་ཟ་བཞིན་པ་མཐོང་།
- རྦབ་རྡོ་ཏག་ཏག་སྟག་གི་གམ་དུ་ལྷུང་བས་སྟག་སྐྲག་ཏེ་
- གླ་བསྐྱུར་ནས་བྲོས་སོང་།
- ཁོས་གླ་དེའི་གླ་རྩི་བླངས་ཤིང་ཤ་ཡང་ཟོས་རྗེས།
- ཤའི་ལྷག་མ་རྣམས་པགས་པའི་ནང་དུ་བཏུམ་ནས་
- མུ་མཐུད་ལམ་ལ་ཆས།
- ཁོ་སོང་སོང་མཐར་
- མི་ཞིག་གིས་ལག་པ་ཡ་ཐོད་དུ་བཞག་ཏེ་
- རྒྱང་ལྟ་བྱེད་པ་ཞིག་དང་འཕྲད།
- ཁོས་མི་དེར་ཁྱེད་སུ་ཡིན་ཞེས་དྲིས་པ་ན།
- མི་དེས་ངས་ས་རྒྱང་ཐག་འགའ་མིག་གིས་མཐོང་ཐུབ་ཟེར།
- ཁོས་ཨ་ལ་ལ་ངར་བ་རེད་ཅེས་བརྗོད་པ་ན།
- མི་དེས་རྒྱལ་བུ་ནོར་བུ་དོན་གྲུབ་ལ་མི་དོ་ཡང་
- ང་ཡང་མི་ཕལ་བ་ཞིག་མིན་ཞེས་སྨྲས་བྱུང་།
- རྒྱལ་བུས་ནོར་བུ་དོན་གྲུབ་ནི་ང་ཡིན་ཞེས་བཤད་པ་ན།
- མི་དེས་དེ་ན་འུ་གཉིས་མནའ་བཅད་སྒྲིག་ཟེར་བཞིན་
- སྤུན་སྒྲིག་ཅིང་མནའ་བཞག་ཏེ་མཉམ་དུ་ལམ་ལ་ཆས།
- ཁོ་གཉིས་སོང་སོང་མཐར་ཡང་མི་ཞིག་གིས་ལག་པ་རྣ་ཟུར་ལ་
- བཞག་ཏེ་གང་ཞིག་ལ་ཉན་བཞིན་པ་ཞིག་དང་འཕྲད།
- དེ་ནས་ཁྱེད་སུ་ཡིན་ཞེས་དྲིས་པ་ན།
- མི་དེས་ཁོས་རྫ་ཁྲ་ཡག་ཕར་གྱི་གནས་ཚུལ་
- རྣ་ཡིས་གོ་ཐུབ་ཅེས་བརྗོད་བྱུང་།
- ཁོས་ཨ་ལ་ལ་ངར་བ་རེད་ཅེས་བརྗོད་པ་ན།
- མི་དེས་རྒྱལ་བུ་ནོར་བུ་དོན་གྲུབ་ལ་མི་དོ་ཡང་
- ང་ཡང་མི་ཕལ་བ་ཞིག་མིན་ཞེས་སྨྲས་བྱུང་།
- རྒྱལ་བུས་ནོར་བུ་དོན་གྲུབ་ནི་ང་ཡིན་ཞེས་བཤད་པ་ན།
- མི་དེས་དེ་ན་འུ་གཉིས་མནའ་བཅད་སྒྲིག་ཟེར་བཞིན་
- སྤུན་སྒྲིག་ཅིང་མནའ་བཞག་ཏེ་མཉམ་དུ་ལམ་ལ་ཆས།
- དེ་ནས་སོང་སོང་མཐར་ཡང་མི་ཞིག་གིས་ལྭ་བའི་ཐོལ་བ་
- གོང་ལ་བཏེགས་ཤིང་དཔུང་བ་ཡར་ལ་བརྫེས་ནས་
- རྒྱུགས་གྲབས་བྱེད་པ་ཞིག་དང་འཕྲད།
- ཁྱེད་ཀྱིས་ཅི་ཞིག་བྱེད་ཀིན་ཡོད་ཅེས་ཞེས་དྲིས་པ་ན།
- མི་དེས་ང་རྒྱུགས་རྒྱུ་ཟེར་ཀིན་ཡོད།
- མདོ་རིགས་རྟ་དང་འདབ་ཆགས་བྱ་ཡིན་ཡང་ཁོའི་རྗེས་མི་ཆོད
- ་ཅེས་བརྗོད་བྱུང་།
- ཁོས་ཨ་ལ་ལ་ངར་བ་རེད་ཅེས་བརྗོད་པ་ན།
- མི་དེས་རྒྱལ་བུ་ནོར་བུ་དོན་གྲུབ་ལ་མི་དོ་ཞེས་སྨྲས་བྱུང་།
- རྒྱལ་བུས་ནོར་བུ་དོན་གྲུབ་ནི་ང་ཡིན་ཞེས་བཤད།
- ཡང་མནའ་བཞག་ཏེ་མཉམ་དུ་ལམ་ལ་ཆས།
- ཁོ་ཚོ་ཡུན་རིང་ཞིག་ལ་སོང་སོང་མཐར་སྲིན་པོའི་ཡུལ་དུ་སླེབས།
- དེ་ནས་ཉན་མཁན་ལ་ཉན་དུ་བཅུག
- ལྟ་མཁན་ལ་བལྟ་རུ་བཅུག་པ་ན།
- དགོན་པ་ཆེན་པོ་ཞིག་འདུག་པ་མཐོང་།
- ཉན་མཁན་ལ་ཉན་དུ་བཅུག་པའི་ཚེ།
- ཉན་མཁན་གྱིས་ང་ཚོ་སྲིན་པོའི་ཡུལ་དུ་སླེབས་སོང་།
- སྲིན་པོས་འགྲོ་རུ་འཇུག་རྒྱུ་མ་རེད་ཅེས་བཤད།
- དེ་ནས་ཚེས་པ་བཅོ་ལྔའི་ཉིན་ཞིག་ལ་ཁོ་ཚོ་དགོན་པ་དེའི་ནང་དུ་སོང་།
- ཉིན་དེར་སྲིན་པོའི་དགོན་པའི་ནང་དུ་སྡོམ་པ་སྲུང་ཡོད་པས་
- མི་ཤ་ཟ་བ་སོགས་ཀྱི་སྡུག་ལས་སྤངས་ཡོད་ལ།
- ཁོ་ཚོ་ནང་དུ་སྣེ་ལེན་ཞུས་ཤིང་གནས་ཚང་གཡར།
- ཕག་ཏུ་སང་ཉིན་ཟ་རྒྱུར་གྲ་སྒྲིག་བཤམས།
- ཁོ་ཚོ་དགོན་པ་དེའི་ནང་དུ་ཞག་སྡོད་སྣེ་ལེན་བྱས་རྗེས།
- སྲིན་པོའི་འཁོར་ཚོགས་ཀྱིས་དགོན་པའི་མཐའ་འཁོར་གྱི་ལམ་དང་
- ཁང་བའི་ཀླད་སོགས་སུ་སྲུང་ནས་བསྡད།
- ཁོ་ཚོས་སྲིན་པའི་དམུགས་ཡུལ་རྟོགས་ཏེ་ཇི་ལྟར་འགྲོ་རྒྱུ་བསམ་བློ་བཏང་།
- དེ་ནས་ཉན་མཁན་ལ་ཉན་དུ་བཅུག་པ་ན་ད་རུང་སྒུག་དགོས་ཟེར།
- ཡུད་ཙམ་གྱི་རྗེས་ནས་ཉན་དུས་སྲིན་པོ་རྣམས་གཉིད་དུ་ཤོར་བ་རྟོགས།
- ཁོ་ཚོ་ཁ་རོག་གེར་དགོན་པོའི་ཕྱི་ལ་བྲོས།
- སྲིན་པོའི་འཁོར་རྣམས་ལམ་ནང་དུ་གཡས་ལོག་གཡོན་ལོག་གིས་
- ཉལ་ཡོད་སྟབས་འགྲོ་སའི་ལམ་གང་ཡང་མ་རྙེད།
- སྐབས་དེར་རྒྱུགས་མཁན་གྱིས་ངས་ཁྱེད་འཁུར་ནས་རྒྱུགས་ཆོག་
- ཅེས་བརྗོད་དེ་རྒྱུ་ལ་བུ་ཁུར་ནས་རྒྱུགས་སོང་བ་ལ།
- སྲིན་པོའི་སྐོར་སྲུང་བ་ཚོས་ཅི་ཡང་མ་ཚོར།
- ཡུད་ཙམ་ལ་སོང་རྗེས་སྤུན་གསུམ་གྱིས་རྒྱལ་བུ་ལ།
- ཁྱེད་ཀྱིས་སྨན་འཁྱེར་ནས་ཤོག་དང་ང་ཚོས་
- གནས་འདི་ནས་སྒུག་ཅེས་བཤད།
- དེ་ནས་རྒྱལ་བུ་གཅིག་པུ་སོང་སོང་མཐར།
- རྟ་རོ་ཟ་བཞིན་པའི་རྒོད་ཅིག་དང་འཕྲད།
- རྒོད་ཀྱིས་རང་གི་མགོ་བོ་རྟའི་བྲང་ཁོག་ཏུ་བསྲིངས་རྗེས་ཕྱིར་
- མ་ལོན་པར་ཤི་ལ་ཉེ་བའི་སྐབས་དེར་ཁོས་རྒོད་ཀྱི་སྲོག་སྐྱབས།
- རྒོད་ཀྱིས་ཁྱེད་ཀྱིས་ངའི་ཚེ་སྐྱབས་པར་དཀའ་དྲིན་ཆེ།
- རྗེས་ཕྱོགས་ངས་ཀྱང་ཁྱེད་ལ་ཕན་ཞིག་འདོག་ངེས།
- ཁྱེད་ལ་དཀའ་ངལ་ཅི་བྱུང་ལ་ང་བོས་དང་ང་ཐོན་འོངས་ཞེས་བཤད།
- དེ་ནས་ཁོ་སོང་སོང་མཐར་གཡས་གཡོན་གཉིས་ཀ་བྲག་ཡིན་པ་དང་།
- དཀྱིལ་དུ་ཆུ་བོ་ཆེན་པོ་རྒྱུགས་བཞིན་པ་དང་འཕྲད།
- ཁོ་རང་ཐབས་ཟད་ཅུ་ཐུག་གི་གནས་སུ་གྱུར་བའི་སྐབས་དེར་
- སྔར་གྱི་རྒོད་དེ་ཐོན་བྱུང་བ་དང་།
- ཁོ་རྒོད་ཀྱི་སྐེ་ལ་ཞོན་དེ་ཆུའི་ཕ་རོལ་དུ་བརྒལ།
- དེ་ནས་ཁོ་ལྟོགས་ཤིང་སྐོམ་པའི་གནས་སུ་གྱུར་བའི་སྐབས་ལ་
- སྡེ་བ་ཞིག་ལ་ཐོན་པས་དགའ་སྤྲོ་ཆེན་པོ་སྐྱེས།
- ཡིན་ཡང་སྡེ་བ་དེའི་ཕྱོགས་བཞི་སྒོ་གང་མེད་པའི་
- མཁར་གྱིས་སྐོར་འདུག
- ཁོ་རང་མཁར་ཞབས་སུ་ཁུང་བུ་ཆུང་ཆུང་ཞིག་ཡོད་པ་དེ་བརྒྱུད་དེ་
- མཁར་ནང་དུ་སོང་།
- སྡེ་བའི་ནང་དུ་འདུ་ཁང་ལྟ་བུ་ཞིག་ཡོད་པ་དེའི་གྲུ་ག་ཞིག་ཏུ་
- ཁོ་རང་ཞག་སྡོད་བྱས།
- ནངས་མོ་ཉི་མ་རྩེ་ཤར་གྱི་དུས་ཤིག་ལ་བུ་མོ་ན་ཆུང་།
- ལུས་ལ་གོས་དཀར་པོ་གྱོན་པ་ཞིག་འདུ་ཁང་གི་ནང་དུ་སླེབས་བྱུང་།
- ན་ཆུང་བུ་མོ་དེ་ཁང་བའི་ནང་གི་ཁྲི་སྟེང་དུ་ཡུད་ཙམ་ལ་
- བསྡད་རྗེས་ཕྱིར་བུད་སོང་།
- ཁོས་དེ་ནི་སུ་ཞིག་ཡིན་ནམ་བསམ་བཞིན་འདུ་ཁང་གི་སྒོར་བུད།
- འདུ་ཁང་གི་སྒོ་ཁ་རུ་རྒད་པོ་ཞིག་འདུག་པ་དང་།
- ཁོས་རྒད་པོ་དེར་ཁྱེད་ཚོའི་སྡེ་བའི་མཁར་ལ་མཁར་སྒོ་མེད་པ་
- ཅི་ཡིན་ནམ་ཞེས་དྲིས་པ་ལ་རྒད་པོས་བཤད་རྒྱུར།
- གནས་འདི་རུ་དུག་རོ་ཞིག་འདུག་པ་དེས་མི་ཕྱུགས་ཀུན་ལ་
- གནོད་བསྐྱལ་ཏེ་བསོད་བཞིན་ཡོད།
- ད་ནངས་བུ་མོ་ཞིག་ཐོན་པ་དེའང་རྒྱལ་པོ་ཞིག་གི་སྲས་མོ་རེད།
- རྒྱལ་པོ་དུག་རོས་དཀྲོངས་སོང།
- དེ་བས་སྡེ་མི་རྣམས་ཀྱིས་སྐད་ཡང་རྒྱག་ཕོད་ཀིན་མེད་ལ་
- སྒོ་ཕྱི་ལའང་འགྲོ་ཕོད་ཀིན་མེད་ཅེས་བརྗོད་བྱུང་།
- དེ་ནས་རྒྱུལ་བུས་དུག་རོ་གནས་གང་ཞིག་ཏུ་འདུག་ཅེས་དྲིས་པ་ལ།
- རིའི་ཕ་རོལ་ཀན་ན་འདུག་ཟེར།
- རྒྱལ་བུས་དུག་རོ་ཞིག་མི་ཐུབ་རྒྱུ་ཡོད་རྒྱུ་མ་རེད་བསམ་ནས་
- དུག་རོ་དེ་ཁོས་འདུལ་ཐུབ་ཅེས་བརྗོད་པ་ན།
- རྒད་པོས་དུག་རོ་ལ་གཏན་ནས་ཕོག་ཐུག་བཟོ་མི་རུང་།
- གལ་ཏེ་ཕོག་ཐུག་བཟོས་ཚེ་ཆག་འཇིག་ཆེན་པོ་འབྱུང་སྲིད་ཟེར།
- རྒྱལ་བུས་དུག་རོ་བཏུལ་ཐུབ་ཅེས་འདུལ་རྒྱུ་ཐག་གིས་བཅད།
- དེ་ནས་སྡེ་བའི་རྒད་པོ་རྣམས་གཞི་གཅིག་ཏུ་འཛོམས་ནས་གྲོས་བྱས།
- སྐབས་དེར་རྒད་པོ་ཞིག་གིས་འདུལ་ཐུབ་པར་ཁྲིགས་ཁྲིགས་མེད།
- མོ་བ་ལུང་བསྟན་དུ་བུ་ཐ་ཆུང་ནོར་བུ་དོན་གྲུབ་ཟེར་བ་ཞིག་
- ཐོན་པའི་དུས་ལ་དུག་རོ་འདུལ་བའི་བསྐལ་བ་ལྡན་ཞེས་གསུངས།
- གནའ་ཞིག་ལ་སྔགས་པ་ཞིག་གིས་དུག་རོ་བསད་ཀྱང་།
- དུག་རོའི་སྲོག་ཕྱིར་རྒྱས་པས་ང་ཚོའི་མགོ་ཐོག་ཏུ་
- ཆག་འཇིག་ཆེན་པོ་ཞིག་བྱུང་མྱོང་ཟེར།
- དེ་ནས་རྒྱལ་བུས་སྡེ་མི་རྣམས་ལ་ཤིང་སྣ་སྣ་ཚོགས་ཀྱི་བུད་ཤིང་དང་
- སླ་ང་ཆེན་པོ་དགུ་གཉིས་བཅོ་བརྒྱད་བཅས་གྲ་སྒྲིག་བྱེད་པར་སྐུལ།
- ཕ་རིའི་ཉག་ག་ནི་མ་གཞིར་ཉག་ག་ཞིག་མིན་པར་རི་ཞིག་ཡིན།
- དུག་རོ་རྒྱུན་དུ་རྒྱུ་སའི་ལམ་ཡིན་པས་ཉག་ག་ལྟ་བུར་གྱུར་བ་རེད།
- ཉག་ག་དེའི་གཡས་གཡོན་དུ་སླ་ང་བཙུགས་ནས་
- ཚར་མ་ལས་སོགས་བུད་ཤིང་བསྒྲིག་ཏེ་མེ་སྦར།
- འདིའི་མཚམས་ནས་ཚན་པ་ཞིག་བསྐྱུར་འདུག
- རྒྱལ་བུས་རྒད་པོ་དེར་དུག་རོ་དེ་ང་ལ་བསྟན་ན་ཨེ་ཆོག་ཅེས་དྲིས་པ་ལ་
- རྒད་པོས་ང་དུག་རོ་ལ་སྐྲག་ཟེར།
- རྒྱང་རིང་ནས་བསྟན་ན་ཨེ་ཆོག་ལགས་ཞེས་དྲིས་པར།
- རྒད་པོས་ཁོའི་རེ་བ་ལྟར་རྒྱང་རིང་གི་གནས་སུ་དུག་རོ་བསྟན།
- ཐང་ཆེན་པོ་མེ་ལོང་འདྲ་བ་ཞིག་ན་ནོར་ལུག་གིས་ཁེངས་ཤིང་
- ནོར་ལུག་གི་དཀྱིལ་དུ་སྦྲ་ཆེན་པོ་ཞིག་ཕུད་འདུག་པ་དང་།
- སྦྲའི་ཡང་སྟེང་དུ་དར་མདུང་ཆེན་པོ་གཉིས་བསླངས་འདུག་ལ།
- སྦྲའི་ཁ་ཚུབ་དུ་དུ་བ་ལྷོག་ལྷོག་ཏུ་འཕྱུར་བཞིན་གདའ།
- དེ་ནས་རྒྱལ་བུས་དུག་རོ་གང་ན་འདུག་ཅེས་དྲིས་པ་ལ།
- ཁ་རོག་ཁ་རོག དུག་རོ་ཟེར་བ་ཀན་རེད།
- ཐང་ཧྲིལ་བོར་ཁྲ་ཆིལ་ལེར་འདུག་པ་ཀན་དུག་རོའི་ལུས་ཕུང་རེད།
- སྦྲ་རྒན་ནི་དུག་རོའི་མགོ་བོ་རེད།
- དར་མདུང་གཉིས་ནི་དུག་རོའི་མཆེ་བ་གཉིས་རེད།
- སྦྲའི་ཁ་གདང་གཉིས་ནི་དུག་རོའི་མིག་གཉིས་རེད།
- འདི་འདྲའི་འཇིགས་རུང་ཞིག་ཡིན་པས་ང་ཚོས་ཀྱང་དུག་རོ་ལ་
- ཕོག་ཐུག་གཏོང་ཕོད་ཀྱིན་མེད་ཟེར།
- དེ་བས་ཁོ་ཚོས་དུག་རོ་བསྐྱུར་ནས་ཕྱིར་སྡེ་བའི་ནང་དུ་ལོག
- དེ་ལྟར་ཁོ་ཚོས་ཉག་ག་ཁ་ནས་སླ་ང་དང་བུད་ཤིང་གྲ་སྒྲིག་བྱས་རྗེས།
- སྔར་རྙེད་པའི་གླ་རྩི་དེ་སླ་ང་རེ་རེའི་ནང་དུ་བཏབ།
- ཕལ་ཆེར་གླ་རྩི་ནི་དུག་རོ་འགུག་པར་ཕན་པ་ཆེ་བ་འདྲ།
- དེ་ནས་རྒྱལ་བུས་རི་སྒང་ནས་ཀི་བཏབ་པའི་ཚེ།
- དུག་རོར་ཞེ་སྡང་དྲག་པོ་སྐྱེས་ཏེ་ས་གཞི་ཡོངས་འགུལ་སྐྱོམ་དང་བཅས་ཏེ་
- ཉག་ག་ཁར་ཐོན་བྱུང་།
- དུག་རོས་གླ་རྩིའི་དྲི་ལ་སྣོམ་བཞིན་སླ་ང་རེ་རེ་བཞིན་ཁྱུད་མིད་བཏང་།
- སྐབས་འདིར་དུག་རོས་ཆུ་འཐུང་ཚེ་འཆི་མི་ཐུབ་ཟེར།
- དེ་ལྟར་དུག་རོ་ཤི་མ་འགྱེལ་ལངས་ཀྱིས་འགྲོ་བའི་སྐབས་དེར།
- རྒྱལ་བུ་ནོར་བུ་དོན་གྲུབ་ཀྱིས་མཆན་ཁུང་འོག་ཏུ་སྦས་པའི་
- མདའ་གཞུ་བླངས་ཏེ་དུག་རོའི་ཐོད་སྟེང་དུ་འཕངས་ནས་རྔ་ལམ་དུ་རྫངས།
- དུག་རོའི་ཡན་ལག་རྣམས་སྟ་རེ་དང་སོག་ལེས་སོ་སོར་གཏུབ་ནས་
- བྱ་རྒྱལ་ཁྱུང་ལ་ཟ་རུ་བཅུག
- དུག་རོ་བཏུལ་ནས་ཕྱིར་སྡེ་བའི་ནང་དུ་ལོག་རྗེས་སྡེ་མི་ཀུན་གྱིས་
- རྒྱལ་བུས་ཅི་འདོད་པ་ཐམས་ཅད་ཀྱི་རེ་བ་སྐོང་རྒྱུ་དང་དུག་རོས་
- དཀྲོངས་པའི་རྒྱལ་པོའི་ཚབ་ཏུ་
- བཙུན་མོའི་མག་པ་བྱ་དགོས་པའི་རེ་བ་བཏོན།
- རྒྱལ་བུས་ཁོ་ནི་གནས་འདིར་བྱ་མིག་གི་ཇོ་རི་ལེན་དུ་འོངས་པ་
- ཡིན་པས་མག་པར་འདུག་མི་རུང་ཚུལ་བརྗོད་པ་དང་།
- ཁོ་རང་མ་བསྡད་ཀྱང་གནས་འདིར་མ་འོངས་པ་ན་བུ་ཞིག་སྐྱེས་ལ།
- དེའི་མིང་ལ་ནོར་བུ་དོན་གྲུབ་ཅེས་ཐོགས་དང་ངའི་ཀྱང་ཡན་འོངས་
- ཞེས་བརྗོད་དེ་མུ་མཐུད་བྱ་མིག་ཇོ་རིའི་སྨན་འཚོལ་བར་ཕྱིན།
- དེ་ནས་ཁོས་གསེར་ནག་གི་རྫོངས་པ་ཁྱེར་ནས་སོང་སོང་མཐར།
- སྒོ་སྲུང་ལྷ་མོ་ཞིག་གི་གམ་དུ་འབྱོར་བ་དང་གསེར་ནག་བྱིན་ནས་
- ང་ནི་བྱ་མིག་གི་ཇོ་རི་ལེན་དུ་འོངས་པ་ཡིན་པས་བསྩོལ་རོགས་
- ཞེས་ཞུས་པ་ལ་ལྷ་མོས་སང་ནངས་མོའི་ཉི་མ་རྩེ་ཤར་གྱི་དུས་སུ།
- དགོན་པའི་ནང་གི་ཤིང་སྒོ་དེ་ཕྱེས་དང་བྱ་སྣ་ཚོགས་ཤིག་ཐོན་འོངས།
- བྱ་རྣམས་ཀྱིས་ང་ཁྱེད་ཀྱི་ཕྲག་སྟེང་དུ་འབབ་འོངས་ཟེར་དུས་
- ཁ་ཡ་གཏན་ནས་བྱེད་མི་རུང་།
- དེ་ནས་དངུལ་སྒོ་ཕྱེས་དང་བྱ་དེ་ལས་མང་བ་ཡོད།
- དེ་ནས་རིམ་བཞིན་གསེར་སྒོ་དང་དུང་སྒོ་སོགས་རེ་རེ་བཞིན་ཕྱེས་དང་
- བྱ་དེ་ལས་མང་བ་ཡོད་ཀྱང་ཁ་ཡ་བྱེད་མི་དགོས།
- ཆེས་མཐའ་མའི་སྒོ་དེ་ཕྱེས་ཚེ་བྱ་ཐལ་མདོག་ཅན་ཞིག་
- ཡར་མར་དུ་འཕུར་ལྡིང་བྱེད་བཞིན་ཡོད།
- བྱ་དེར་ཁྱེད་ཀྱི་ཕྲག་སྟེང་བོབས་ཤིག་ཅེས་སྐུལ་དང་།
- གལ་ཏེ་མ་བབས་ཚེ་གཡས་གཡོན་གྱི་མེ་ཏོག་གི་ཚལ་རྣམས་
- རལ་གྲིས་གཏུབ་གྲབས་ཀྱིས་ཚུལ་སྟོན་དང་།
- བྱ་དེ་མེ་ཏོག་ལ་ཤིན་ཏུ་དུངས་པས་ཁྱེད་ཀྱི་ཕྲག་སྟེང་དུ་བབས་འོངས།
- བྱ་དེ་ནི་བྱ་མིག་གི་ཇོ་རི་ཡིན་པས་ཁྱེར་ཤིག་ཅེས་ལུངས་བསྟན།
- ཁོས་ལྷ་མོའི་ལུངས་བསྟན་བཞིན་སྒྲུབ་པས་
- བྱ་དེ་ལག་ཏུ་ཐོབ་པར་གྱུར།
- ཁོས་བྱ་དེ་འཁྱེར་ནས་ཕྱིར་ལོག་པའི་ལམ་དུ་ཆས།
- དེ་ནས་ཁོ་ཕྱིར་ལུང་གསུམ་གྱི་མདོ་དེ་རུ་སླེབས་དུས།
- ཁོས་བརྩིགས་པའི་བསང་ཁྲི་སྟེང་གི་བསང་མེ་ནི་
- ད་རུང་ཞུ་མེད་པར་གནས་འདུག
- དེ་ནས་ཁོས་སྤུན་གཉིས་ལ་སྐད་བཏང་ནས་མཉམ་འཛོམས་བྱུང་།
- སྤུན་གཉིས་ནི་རྣམ་གཡེང་དང་ལེ་ལོའི་དབང་དུ་སོང་བས་ཅི་ཡང་མ་རྙེད།
- ཁོས་ཕུ་བོ་གཉིས་ཐོན་པས་ལེགས་བྱུང་།
- ད་ནི་བྱ་མིག་གི་ཇོ་རི་ཡང་རྙེད་ཡོད་པས་ང་ཚོ་ཡུལ་ལ་ལོག་ཆོག
- དོ་དགོང་གནས་འདིར་ཞག་འདུག་བྱས་ཏེ་སང་ཉིན་ནངས་མོར་
- ལམ་ལ་ཆས་ན་རྟེན་འབྲེལ་ཡང་འགྲིག་ཅེས་བཤད།
- ཡབ་རྒྱལ་པོས་ཀྱང་ཕྱིར་ལོག་དུས་ཕ་གའི་ཉག་ག་ནས་ལྟོས་དང་།
- ཤིང་ཟམ་སྟེང་དུ་དངུལ་ཟམ་དང་དངུལ་ཟམ་སྟེང་དུ་
- དུང་ཟམ་དཀར་ལམ་མེར་ཡོད་ཚེ་
- ང་ད་དུང་གསོན་པའི་རྟགས་ཡིན་ཞེས་བརྗོད་མྱོང་།
- དེ་བས་རྒྱལ་བུ་གསུམ་གྱིས་ཉག་ག་ནས་ཕར་ལ་ལྟ་དུས་
- དངོས་གནས་ཟམ་པ་དཀར་ལམ་མེར་དྲངས་ཡོད་པ་མཐོང་།
- དེ་ནས་སྤུན་གཉིས་ཀྱིས་དོ་དགོང་ང་ཚོ་འདི་ནས་ཞག་སྡོད་བྱེད།
- སང་ཉིན་ནངས་མོ་ཕོ་བྲང་དུ་ཕྱིན་ན་རྟེན་འབྲེལ་ཡང་འགྲིག་ཅེས་བཤད།
- སྲས་ཐ་ཆུང་ནོར་བུ་དོན་གྲུབ་དེ་ལ་འཐད་པ་བྱུང་།
- ཁོས་བྱ་མིག་གི་ཇོ་རི་ནི་ངེད་སྤུན་གསུམ་པོས་རྙེད་པ་ཡིན་ཞེས་
- ཡབ་རྒྱལ་པོར་ཞུས་ཆོག་ཅེས་བརྗོད།
- དགུང་མོ་དེར་སྤུན་གཉིས་ཀྱིས་སྤུན་ཐ་ཆུང་ལ་ཁྱེད་ཀྱིས་ལམ་ནས་
- དཀའ་ལས་མང་པོ་མྱངས་ཡོད་པས་དོ་དགོང་ངལ་ཡག་པོ་ཞིག་གསོས་དང་།
- བྱ་མིག་གི་ཇོ་རི་ནི་ངེད་སྤུན་གཉིས་ཀྱིས་སྲུང་ཆོག་ཟེར་བས་དེ་ལྟར་བྱས།
- ཁོ་གཉིད་མ་སད་ཀྱི་མཚམས་སུ་སླབས་པའི་སྐབས་དེར།
- སྤུན་གཅིག་ན་རེ་སྲས་ཆུང་བ་ཅི་ལྟར་བྱ་ཞེས་བརྗོད་པ་ལ།
- སྤུན་གཞན་དེས་བསད་ན་ཅི་འདྲ་འདུག་ཅེས་སྨྲས་པར།
- ཡང་གཞན་དེས་གསོད་ག་ལ་རུང་ཞེས་སྨྲས།
- དེ་ན་ཁོའི་མིག་གཉིས་དབྲལ་ན་ཅི་འདྲ་འདུག་ཟེར་བར་
- སྤུན་གཞན་དེ་འཐད་པ་བྱུང་།
- འོ་ན་ཅི་ལྟར་དབྲལ་བར་བྱ་རྒྱུ་ཞེས་དྲིས་པར་གཞན་དེས་ཚེར་མས་དབྲལ་ཆོག
- དེ་ལྟར་མིན་ཚེ་ངེད་གཉིས་ལ་བྱས་རྗེས་གང་ཡང་མེད་པས་
- ཡབ་རྒྱལ་པོའི་དྲུང་དུ་ཇི་ལྟར་འགྲོ
- དེ་ལས་ལྡོག་ཏེ་སྲས་ཐ་ཆུང་གི་ངོ་སོ་དང་གོ་གནས་
- ཇེ་མཐོར་འགྲོ་སྲིད་ཅེས་བརྗོད།
- སྲས་ཐ་ཆུང་གིས་གསལ་བོར་ཐོས་ཀྱང་ཁ་རོག་གེར་བསྡད།
- དེ་ནས་སྤུན་གཉིས་ཀྱིས་གླ་ཚེར་གྱི་ཚེར་མ་སྲས་ཐ་ཆུང་གི་མིག་འབྲས་སུ་
- སྣུན་དེ་མིག་གཉིས་ལོང་བར་བཏང་།
- སང་ཉིན་ནངས་མོར་སྤུན་གཅིག་གིས་བྱ་མིག་གི་ཇོ་རི་འཁྱེར།
- གཅིག་གིས་སྲས་ཐ་ཆུང་ཁྲིད་དེ་དུང་ཟམ་སྟེང་དུ་སྐྱོད།
- ཟམ་པའི་དཀྱིལ་དུ་སླེབས་པའི་ཚེ་སྔར་ནས་གྲ་སྒྲིག་ཡོད་པའི་
- སྤུན་གཉིས་ཀྱིས་རྒྱལ་བུ་ནོར་བུ་དོན་གྲུབ་ཆུ་བོའི་ནང་དུ་འཕངས།
- རྒྱལ་བུས་འཕག་འཚག་གི་ཁྲོད་ནས་སྔར་གྱི་ཤིང་ཟམ་གྱི་
- ཤིང་ལེབ་ཅིག་འདུག་པ་དེ་པང་ནས་ཆུ་བོའི་གཞུང་དུ་འཁུར།
- སྤུན་གཉིས་ཀྱིས་བྱ་མིག་གི་ཇོ་རི་ཡབ་རྒྱལ་པོར་ཕུལ་བ་དང་།
- རང་གིས་དཀའ་སྡུག་ཇི་འདྲ་མྱངས་ཚུལ་དང་
- སྤུན་ཐ་ཆུང་ནོར་བུ་དོན་གྲུབ་གར་སོང་མ་ཤེས་པ་སོགས་ཀྱི་རྫུན་སྨྲས།
- ཡབ་རྒྱལ་པོས་དོན་དག་ངོ་མ་ཅི་ཡིན་གསལ་བོར་མཁྱེན་པས་
- ཡིད་མགུ་བ་ཕར་ཞོག་སྐྱོ་གདུང་གིས་མནར་བར་གྱུར།
- བྱ་མིག་གི་ཇོ་རི་ནི་གཟེབ་དྲའི་ནང་དུ་མེ་ཏོག་སྣ་ཚོགས་ཀྱིས་
- བརྒྱན་པར་གྱུར་ནའང་སྐྱོ་གདུང་གིས་ཟས་ཀྱང་མི་ཟ་བར་གྱུར།
- རྒྱལ་བུ་ཐ་ཆུང་ཆུ་བོས་འཁུར་ནས་རྒྱ་ནག་རི་བོ་རྩེ་ལྔར་སླེབས།
- གནས་དེ་རུ་རྒྱལ་པོ་ཞིག་འདུག་པར་སྲས་མོ་གསུམ་ཡོད།
- ཕོ་བྲང་ནང་དུ་སྒོམ་ཆེན་པ་ལུངས་རྩིས་ལ་མཁས་པ་ཞིག་
- འདུག་པ་དེས་མདང་ནུབ་ཁོས་རྨི་ལམ་ཡག་པོ་ཞིག་རྨིས་བྱུང་།
- ང་ཚོའི་ཡུལ་ཕྱོགས་འདི་ལ་ཡིད་བཞིན་ནོར་བུ་ཞིག་འབྱོར་སྲིད་པས།
- ཁྱེད་ཚོས་གང་ཞིག་རྙེད་ན་དེ་འཁྱེར་ཤོག་ཅེས་གསུངས།
- དེ་ནས་སྲས་མོ་འབྲིང་བ་ཆུ་ལེན་དུ་བསྐྱོད་དུས་
- མི་ཞིག་ཆུས་འཁུར་བ་མཐོང་ནས་སྲས་མོས་དེའི་སྲོག་སྐྱབས།
- རང་གི་ཕྱི་གོས་མི་དེར་བསྐོན་ནས་ཕྱིར་ཕོ་བྲང་དུ་འཁྱེར།
- སྲས་མོས་གནས་ཚུལ་ཇི་བཞིན་སྒོམ་ཆེན་པར་ཞུས་པར།
- སྒོམ་ཆེན་པས་ཡག་བྱུང་ཡིད་བཞིན་ནོར་བུ་ནི་འདི་རེད་
- ཟེར་བཞིན་རྒྱལ་བུ་དོན་གྲུབ་ཕོ་བྲང་དུ་ཞུས།
- དེ་ལྟར་སྲས་ཐ་ཆུང་ཕོ་བྲང་དེ་རུ་མག་པར་བསྡད་དེ་ཡུད་ཙམ་སོང་རྗེས།
- ཁོས་ད་ནི་ཁོ་རང་འགྲོ་བའི་དུས་ལ་རན་ཞེས་བརྗོད་པའི་ཚེ།
- རྒྱལ་བློན་ཀུན་མོས་མཐུན་མ་བྱུང་།
- ཁོས་སྔར་གྱི་གནས་ཚུལ་རྣམས་བརྗོད་ཅིང་ཡང་ཡང་ཞུ་བ་བྱས།
- མཐར་རྒྱལ་བུ་སྐྱ་མི་བརྒྱ་ཡིས་མཐའ་ནས་བསྐོར།
- གོས་སྣ་ཚོགས་ཀྱིས་བརྒྱན་དེ་ལམ་ལ་ཆས།
- གནས་ཚུལ་དེ་ཡབ་རྒྱལ་པོའི་རྨི་ལམ་དུ་འཁོར་བ་དང་།
- མདང་ནུབ་ཁོས་སྲས་ཐ་ཆུང་སླེབས་པ་རྨིས་བྱུང་བས།
- ཚང་མས་རྒྱལ་བུའི་གོས་རྣམས་གྲ་སྒྲིག་གྱིས།
- ཟས་སྣ་ཚོགས་ཀྱི་སྡེར་ཁ་ཤོམས་དང་།
- དེ་རིང་རྒྱལ་བུ་ཐོན་རྒྱུ་རེད།
- རྒྱལ་བུ་ཐ་ཆུང་ནོར་བུ་དོན་གྲུབ་མདུན་རིའི་སྒང་ནས་ཐོན།
- རྟ་ནག་པོ་འབྲུག་འདྲ་བ་ཞིག་ལ་ཞོན།
- བོའུ་ཕྲ་རིང་ཐོག་འདྲ་བ་ཞིག་འཁུར།
- མདུང་རིང་ཐག་ཞགས་འདྲ་བ་ཞིག་བཟུང་།
- སྐྱ་མི་བརྒྱ་ཡིས་བསྐྱལ་ནས་ཐོན་བྱུང་།
- དགུང་ཉི་ཤར་དང་མཉམ་དུ་ཐོན་པ་རྨིས་བྱུང་ཟེར་བར།
- བློན་པོ་ཚོས་ལྡོམ་ཟིན་པའི་རྒྱལ་བུ་ད་ཕྱིར་ཡོང་གང་ན་ཡོད་སྙམ།
- སྲས་ཐ་ཆུང་ནོར་བུ་དོན་གྲུབ་དངོས་གནས་
- ཕྱིར་ཡབ་རྒྱལ་པོའི་དྲུང་དུ་སླེབས།
- སྐབས་དེར་རྗེ་བློན་ཀུན་གྱིས་རྒྱལ་བུ་གཞན་གཉིས་གསོད་པར་རྩོམ་དུས།
- རྒྱལ་བུ་ཐ་ཆུང་གིས་བར་འདུམ་བྱས་ཏེ་གསོད་དུ་མ་བཅུག
- རྒྱལ་བུ་རྒྱ་ནག་རི་བོ་རྩེ་ལྔ་དང་ཁ་འབྲལ་ཁར་སྔར་ལྟར་
- གནས་འདིར་མ་འོངས་པ་ན་བུ་ཞིག་སྐྱེས་པར་འགྱུར།
- མིང་ལ་ནོར་བུ་དོན་གྲུབ་ཅེས་ཐོགས་དང་རྒྱལ་ས་ཟིན་འོངས་
- ཞེས་ལུང་བསྟན་བཞག་ཏེ་ཡབ་རྒྱལ་པོའི་ཁབ་ཏུ་འབྱོར་བ་དང་།
- རྒྱལ་སྲིད་བསྐྱངས་ཤིང་སྐྱིད་པའི་དཔལ་ལ་རོལ་ཏོ།།