Skip to main content Skip to search
04 Jun 2018
16 min 49 sec
Video Overview
Creators: 
Dawa Tshering

The story of Sey Dawai Yoe Chen was narrated by Dorji Wangmo from Bongo Gewog. She learned the story from her parents while she was young. The story is about a King and his two wives, an evil Queen and an angel Queen. Without the knowledge of the King, the evil Queen destroyed the lives of many attendants, the infant prince, and the Angel Queen. Later, the King realized that the evil Queen's true nature. Thus, the story reveals the theme of greed and anger. 

༉  ཆུ་ཁ་རྫོང་ཁག་ སྦོང་སྒོར་རྒེད་འོག་ སྤང་མེ་ཁ་ལས་རྡོ་རྗེ་དབང་མོ་གིས་ སྲས་ཟླ་བའི་འོད་ཅན་གྱི་སྲུང་ཅིག་གཏངམ་ཨིནམ་ད་ སྲུང་འདི་ མོ་ར་ཆུང་ཀུ་སྦེ་སྡོད་པའི་སྐབས་ མོ་རའི་ཕམ་ཚུ་ལས་ལྷབ་ལྷབ་ཨིན་མས། སྲུང་འདི་ནང་ རྒྱལཔོ་ཅིག་ལུ་བཙུནམོ་གཉིས་ཡོད་ས་ལས་ གཅིག་མཁའ་འགྲོའི་སྤྲུལ་པ་དང་ གཅིག་བདུད་ཀྱི་སྤྲུལ་པ་ཨིནམ་ལས་ བདུདམོ་འདི་གིས་ མོ་ར་རྒྱལ་པོའི་བཙུནམོ་ངོ་མ་འབད་དགོ་མནོ་སྟེ་ རྒྱལ་པོའི་འཇར་རོགས་ལེ་ཤ་ཅིག་གི་སྲོག་ལུ་བར་ཆད་རྐྱབ་མ་ཚད་ རྒྱལ་པོའི་ཐུགས་ལུ་གཅེས་པའི་སྲས་ ཟླ་བའི་འོད་ཅན་དང་ མཁའ་འགྲོའི་སྤྲུལ་པ་ཨིན་མི་བཙུནམོ་དེ་ཡང་ རྒྱལཔོ་གིས་མ་མཁྱེནམ་སྦེ་བཀྲོངས་དཔ་ཨིན་མས། ཤུལ་ལས་རྒྱལཔོ་དེ་གིས་ བཙུནམོ་དང་སྲས་ཟླ་བའི་འོད་ཅན་བཤགས་དགོ་པའི་གནད་དོན་ཚུ་མཁྱེན་རུང་ དེ་བསྒང་ལས་ཕྱི་ར་ཕྱི་སོངཔ་མས། སྲུང་འདི་ནང་ འདོད་ཆགས་དང་ང་རྒྱལ་ཚུ་ཤུགས་ཆེ་བ་ཅིན་ གཞན་ལུ་གནོདཔ་བཀལ་ནི་ལུ་ཡང་ཚེར་བ་མེད་པར་སྡིག་པའི་ལཱ་འབད་དེ་ མཐའན་མཇུག་ལུ་ལས་ཀྱི་རྣམ་སྨིན་དེ་ རང་གིས་ར་མྱོང་དགོ་ནི་དེ་གིས་ དེ་ཚུ་སྤང་དགོཔ་སྦེ་སྟོནམ་ཨིན་པས།

Transcript search
No results found for this search
0 of 0
  • ཨམ་རྡོ་རྗེ་དབང་མོ་/Dorji Wangmo:
    དང་ཕུ་དུས་བཞི་ཅིག་ཡོདཔ་མས་ཏེ་ དང་ཕུ་དང་ཕུ་ལུ་ཏེ་ དེམ་ཡབ་བློ་གྲོས་ཟེར་མི་ཅིག་དང་ ཡུམ་ལྷ་དབང་བུ་དར་ཟེར་མི་ཅིག་ཡོདཔ་མས། ཏེ་འ་ནཱི་ལུ་ ཏེ་སྲས་གཅིག་ཡོདཔ་མས་ སྲས་ཟླ་བའི་འོད་ཅན་ཟེར་ དེ་ལས་སྲས་འདི་ སྲས་འདི་གིས་མནའམ་འདི་ཏེ་ཕར་ ཤར་ཕྱོགས་པདྨ་གླིང་ལས་ལེན་ལེནམ་མས་ལོ།
  • ཨམ་རྡོ་རྗེ་དབང་མོ་/Dorji Wangmo:
    དེ་ལས་རྟ་ རྟ་རྒྱབ་ལོ་ དེ་ལས་ནོར་ ཏེ་གནམ་མེད་ས་མེད་འ་ནཱི་ཕར་ཕུལ་ ཏེ་ཤར་ཕྱོགས་པདྨ་གླིང་ལས་ཞུ་ཞུཝ་མས་ཏེ་མནའམ་འདི་ ཏེ་མནའམ་འདི་ལེན་སྐྱེལ་ ཏེ་དེ་ལས་དགའ་སྟོན་འབད་ དེ་ལས་ཁྲི་གུ་བཀལ་བཞག་བཞགཔ་མས། ཏེ་དེ་ལས་འ་ནེམ་ཅིག་སྦེ་ར་ ཟླཝ་གཅིག་དེ་ཅིག་ལངསམ་ད་ དེ་ལས་ ཏེ་རྒྱལཔོ་འདི་ རི་ཁ་ལས་ཕར་བྱོན་བྱོནམ་མས་ ད་རུང་ཁམས་སངས་ ཁམས་སངས་བྱོན་འབདཝ་ད་ ད་རུང་བུམོ་མ་འདྲཝ་ཅིག་འདུག་ཟེརཝ་མས་ལོ་ཏེ་ རི་ཁར།
  • ཨམ་རྡོ་རྗེ་དབང་མོ་/Dorji Wangmo:
    ཏེ་དབའེ་བུམོ་ཁྱོད་ན་ཤོག་ཤིག་ ཁ་སླབ་དགོ་པས་ཟེར་ སླབ་སླབ་མས་རྒྱལཔོ་འདི་གིས། དེ་ལས་བུམོ་འདི་གདོང་ཁར་འོང་འོངམ་མས་ཏེ་ ཁ་སླབ་ད་ཁྱོད་གཡུས་ག་ལས་སྨོ་ ཁྱོད་ག་ཏེ་སྡོདཔ་སྨོ་ ཟེར་གསུངས་གསུངསམ་མས་རྒྱལཔོ་འདི་གིས་ ཏེ་གསུངས་པ་སླབ་མས་ཟེརཝ་མས་ལོ་བུམོ་འདི་གིས་ མོ་སྟེང་ལྷའི་རྒྱལ་པོའི་སྲསམོ་ཨིན་ཟེར་ ཏེ་མ་པ་སྲསམོ་མེན་པས་ལོ་ཏེ་ སྟེང་ལྷའི་རྒྱལ་པའི་སྲསམོ།
  • ཨམ་རྡོ་རྗེ་དབང་མོ་/Dorji Wangmo:
    ཏེ་མོ་བདུདམོ་ཅིག་མས་ལོ་བུམོ་འདི་ ཏེ་རྒྱལ་པོ་གིས་མ་མཁྱེན་པས་ཏེ་ ཏེ་དེ་ལས་ རྒྱལ་པོ་གིས་ཏེ་འཁྱིད་ ཕར་སྐྱེལ་སྐྱེལཝ་མས་ཁོ་རའི་ཕོ་བྲང་ནང་ སྐྱེལ་ དེ་ལས་ཁོ་གི་བཙུནམ་སྦེ་བཞག་བཞགཔ་མས་བུམོ་འདི་ཡང་ ཏེ་གཉིས་སྦེ་བཞགཔ་ད་ དེ་ལས་འ་ནཱི་སྲས་འཁྲུངས་ནི་གི་སྲས་འཁྲུངས་ནི་འབད་འབདཝ་མས་ འ་ནཱི་སྲསམོ་ཉིན་ཟླ་བཟངམོ་ཟེར་མི་འདི་ སྲས་འཁྲུངས་ནི་འབད་སྦེ་ དེ་ལས་ཏེ་ ནམ་ཅིག་གི་ཚེ་འཁྲུངས་འཁྲུངསམ་མས་སྲས་ ཏེ་མོ་ཡང་སྲས་འཁྲུངས་ནི་ཟེར་ཏེ་ སྡོད་སྡོདཔ་མས་འ་ནཱི་རི་གནས་བུམོ་འདི་ བུམོ་འདི་གི་མིང་རི་གནས་བུམོ་ཟེར་དོཝ་མས།
  • ཨམ་རྡོ་རྗེ་དབང་མོ་/Dorji Wangmo:
    ཏེ་སྲས་འཁྲུངས་ནི་ཟེར་ཏེ་ དེ་ལས་ཧེ་མ་ཏེ་ འ་ནཱི་ཨ་ཞེ་འདི་འཁྲུངས་འཁྲུངསམ་མས་རོགས་མར་ མནའམ་ལེན་མི་འདི་ འཁྲུངསམ་ད་ཏེ་ སྲས་སྤ་་་་་ ལེགས་ཤོམ་ཅིག་མས་ཟེར་མས་ལོ་ དེ་ལས་མོ་ཚ་ངེར་བཏོན་ཏེ་ སྲས་འདི་འཁྲུངསམ་ཅིག་དེ་ལས་ཏེ་ གནག་ཐགས་འབུབ་གཅིག་འབག་སྦེ་ གནག་ཐག་ནང་སྤུས་རྩ་སྦེ་ རྡོ་སྒོང་འདེ་སྒོང་སྦེ་ དེ་མར་རྒྱལ་པོའི་ལྡུམ་ར་ནང་སྦ་ཆི་ནུག་ཏེ་སྦ་སྦེ་དེ་ལས་ རོ་ཁྱི་ཕྱུག་གུ་འཐུ་སྐྱེལ་སྐྱེལཝ་མས།
  • ཨམ་རྡོ་རྗེ་དབང་མོ་/Dorji Wangmo:
    དེ་ལས་རྒྱལ་པོ་ལུ་ཞུ་བ་ཡར་སོ་ནུག་ཏེ་མོ་གིས་ དབའེ་ཁྱོད་གནམ་མེད་ས་མེད་ཀྱི་ ཕར་ཤར་ཕྱོགས་པདྨ་གླིང་ལས་ཞུ་མི་གི་མནའམ་འདི་ཏེ་ ན་ཞུ་སྟེ་ར་སྐྱེལ་ དགའ་སྟོན་འབད་ མ་བཏུབ་བཏུབ་འབད་ཚརཝ་ད་ དེ་ལས་ད་རེས་འབད་བའི་བསྒང་ལས་ ཨ་ལོ་རོ་ཁྱི་ཕྱུག་གུ་ཅིག་ཨིན་མས་སྲས་འདི་ཟེརཝ་མས་ལོ། འུམ་་་་ དེ་སྦེ་མི་འཚམས་པས་ དེ་སྦེ་འབད་བ་ཅིན།
  • ཨམ་རྡོ་རྗེ་དབང་མོ་/Dorji Wangmo:
    དེ་ལས་ཚ་ངེར་བཏོན་ འབངས་མི་སེར་བཀུག་ ཏེ་དེ་ལས་ འཛོམས་འདུ་བཀུག་བཀུགཔ་མས་ཏེ་འབངས་མི་སེར་ག་ར་བཀུག་ ཏེ་དྲི་དྲིསཝ་མས་ ཏེ་དབའེ་འ་ནཱི་སྦེ་ ངེ་གི་བཙུནམོ་འདི་ཏེ་ འ་ནཱི་སྦེ་རོ་ཁྱི་ཕྱུག་གུ་མས་ ཏེ་ཆུ་བཀལཝ་དྲག་ག་ མེ་བཏངམ་དྲག་ག་ དོང་ནང་སྦཝ་དྲག་ག་ ཁྱོད་ཀྱིས་ཁ་ལས་སླབ་དགོ་པས་ཟེར་ནུག ཏེ་རྒྱལཔོ་འདི་ཡང་ མ་པ་ཕྲངམ་ཅིག་ཨིནམ་མས་བ་ཏེ་ དེ་ལས་ཁོང་གིས་སླབ་ནུག་ཏེ་ ཨ་ད་ཆུ་ཡང་བཀལ་མི་དགོ་པས་ཟེར་ནུག
  • ཨམ་རྡོ་རྗེ་དབང་མོ་/Dorji Wangmo:
    ལ་ལོ་གིས་སླབ་ནུག་ ཆུ་བཀལཝ་དྲགས་ཟེར་ ལ་ལོ་གིས་མེ་བཏང་བཏངམ་དྲག་ཟེར་ནུག ཏེ་དེ་ལས་ ན་ལས་རོགས་ཨཔ་རྒས་ཤོས་ཅིག་འཐོན་ཞུ་ཞུཝ་མས་ ཨ་རྒྱལ་པོ་དེ་སྦེ་མ་མཛད་ཟེར་ད་ ཆུ་ཡང་བཀལ་མི་དགོ་པས་ མེ་ཡང་བཏང་མི་དགོ་པས་ དོང་ནང་ཡང་སྦ་མི་དགོ་པས་ཟེར་ཏེ་ ད་མོ་ར་ཕར་རི་ཁ་ལས་ཕར་ ཚེ་ཐར་བཏང་པ་ཅིན་དྲག་ནི་མས་ཟེར་ནུག
  • ཨམ་རྡོ་རྗེ་དབང་མོ་/Dorji Wangmo:
    ཏེ་ག་ཅི་འབད་ནི་ཟེར་ དེ་སྦེ་གསད་བརྡུངས་ཏེ་ ཏེ་ཨིན་པས་སྨོ་ཟེརཝ་མས་ལོ་ ཏེ་ཨིན་མས་སྨོ་ཟེར་སླབ་ ཏེ་དེ་ལས་ ཁོང་བློན་པོ་གཉིས་འཁྱིད་ བློན་པོ་གཉིས་དང་བཏང་ད་ནུག་ཏེ་རི་ཁ་སྐྱེལ་བར་ ཏེ་མི་གིས་མ་ལྷོདཔ་ བྱ་གིས་མ་ལྷོདཔ་ བྱིའུ་གིས་མ་ལྷོད་པའི་ས་ཁར་སྐྱེལ་སྐྱེལཝ་མས།
  • ཨམ་རྡོ་རྗེ་དབང་མོ་/Dorji Wangmo:
    ཏེ་སྐྱེལ་ མོ་ཤིང་འབྲས་བཏོག་ཟ་ ཏེ་འ་ནཱི་སྦེ་སྡོད་སྡོདཔ་མས་ ཏེ་འ་ནཱི་རི་ཁ་གི་སེམས་ཅན་སྤྱི་རིགས་སྣ་ཚོགས་ཀྱི་ཤིང་འབྲས་བཏོག་བྱིན་བྱིནམ་མས་ཏེ་མོ་ལུ་ ཏེ་འ་ནཱི་སྦེ་ཟ་ མོ་ལྟོ་ཡང་མ་བཀྱེས་པས་ ཁ་ཡང་མ་སྐོམ་པས་འ་ནིམ་ཅིག་སྦེ་ར་སྡོད་ དེ་ལས་འ་ནཱི་རི་གནས་བུམོ་བདུདམོ་འདི་ཏེ་ དེ་ལས་མོ་གི་གྲིབ་འདི་གིས་ ཏེ་མོ་གི་ཨ་ལོ་ཡང་མེདཔ་ཡར་སོང་ཡི་ཟེར་ནུག་མོ་ཤོམ་རྐྱབ་ ཏེ་ན་རྫུ་བཏབ་སྡོད་སྡོཔ་མས།
  • ཨམ་རྡོ་རྗེ་དབང་མོ་/Dorji Wangmo:
    ཏེ་དེ་ལས་ཏེ་ འ་ནཱི་ཕར་རི་ཁ་སྐྱེལ་མི་གི་བུམོ་འདི་ལུ་ ག་ནི་ཡང་མིན་ནུག་ཏེ་ མོ་ལུ་གསོལཝ་ཚོགས་མ་བཏུབ་བཏུབ་སྦེ་དྲངས་ གནམ་མེད་ས་མེད་ནཝ་ཨིན་ཟེར་ རིམ་གྲོ་རྐྱབ་འ་ནཱི་སྦེ་འབད་འབདཝ་མས་ ཏེ་ཡུདཔ་ཅིག་ལས་དྲགཔ་ཨིན་ཟེར་སྡོད་སྡོདཔ་མས་ད་རུང་མོ།
  • ཨམ་རྡོ་རྗེ་དབང་མོ་/Dorji Wangmo:
    ཏེ་དེ་ལས་ འ་ནཱི་སྲས་ཟླ་བའི་འོད་ཅན་གྱི་ཡབ་འདི་གིས་མནོ་མནོཝ་མས་ཏེ་ དབའེ་ང་མནའམ་འདི་འ་ནཱི་སྦེ་ ཐག་རིང་རྒྱང་ལས་ གནམ་མེད་ས་མེད་ཕར་ འ་ནཱི་སྦེ་ཐག་རིང་རྒྱང་ལས་ལེན་ལེན་མའི་མནའམ་ཅིག་ཨིན་ད་ གནམ་མེད་ས་མེད་ ཁོང་གིས་ མནའམ་དེམ་འབད་ཆི་ཡི་ད་ མནའམ་འདི་ལེན་པ་ལེན་ནི་གི་ཆོས་སེམས་མནོ་བའི་གི་སྒྱུམ་རྐྱབ་མི་ཅིག་འཚོལ་དགོ་པས་མནོ།
  • ཨམ་རྡོ་རྗེ་དབང་མོ་/Dorji Wangmo:
    ཏེ་ཉིནམ་ཅིག་ཚེ་རྒྱལཔོ་ ཏེ་བཤལ་བྱོན་བྱོནམ་མས་ཁྲོམ་ཁར་ལས་མར་ སྒོམ་ཆེན་སྒྱུམ་རྐྱབ་མི་ལེགས་ཤོམ་ཅིག་འདུག་ཟེར་སླབ་ ཏེ་སེམས་ཁར་ཆོས་སེམས་མནོ་ནི་གི་སྒྱུམ་མས་ཏེ་ དེ་ལས་སྒོམ་ཆེན་འདི་འདུག་ཟེརཝ་མས་ལོ་མར་ཁྲོམ་གྱི་མཇུག་ ཏེ་སྒོམ་ཆེན་འདི་ལུ་སླབ་སླབ་མས་དབའེ་ སྒོམ་ཆེན་པ་ཟེར་ནུག་ ཁྱོད་སྒྱུམ་རྐྱབ་ཤེས་ལོ་སྨོ་ཟེར་གསུངས་གསུངསམ་མས་ རྐྱབ་ཤེས་ལགས་ཟེར་ནུག
  • ཨམ་རྡོ་རྗེ་དབང་མོ་/Dorji Wangmo:
    ག་དེ་སྦེ་རྐྱབ་ཤེསཔ་ཟེར་ནུག་ ཤ་ལོ་མ་འགྱུར་བའི་སྒྱུམ་ཡང་ཤེས་ཟེར་ནུག་ ལོམ་ཤ་འགྱུར་བའི་སྒྱུམ་ཡང་ཤེས་ཟེར་ནུག་ དེ་ལས་སེམས་ཆོས་སེམས་མནོ་བའི་གི་སྒྱུམ་ཤེས་ག་ཟེར་ནུག་ སྤ་ཤེས་ཟེར་སླབ་སླབ་མས་ དེ་འབད་བ་ཅིན་ང་དང་མཉམ་འགྱོ་ཤིག་ཟེར་ རྒྱལ་པོ་གིས་འཁྱིད་ དེ་ལས་ཡར་སྐྱེལ་ ཏེ་དེ་ལས་ཁོ་རའི་སྲས་འདི་ལུ་སླབ་སླབ་མས་ ཡབ་འདི་གིས་ ཡབ་འདི་བློ་གྲོས་ཟེརཝ་མས་བ་ ཡུམ་ལྷ་དབང་བུ་དར་ཡབ་བློ་གྲོས་ཟེར་ ཏེ་འཁྱིད་མར་སྐྱེལ་ དེ་ལས་ ད་ཁམས་སངས་བྱོན་གེ་ཟེར་ཏེ་ གུར་སྤུབས་ མར་རི་གཙང་ས་ལས་མར་ ཐང་ནང་གུར་སྤུབས།
  • ཨམ་རྡོ་རྗེ་དབང་མོ་/Dorji Wangmo:
    ཏེ་དེ་ལས་ ཇ་བཟོ་ ཏེ་དེ་ལས་མོ་ཉན་མ་བཏུབ་པས་ད་རུང་ བདུདམོ་བཟའམོ་འདི་གིས་ མོ་ཡང་འགྱོ་དགོ་ཟེར་ ཏེ་མོ་ཡང་འདྲན་འདྲ་འཁྱིད་ ཏེ་མོ་ཞབས་ཁྲ་རྩེད་སྣ་སྒྱུར་ཏེ་གདོང་ཁར་སྡོད་སྡོདཔ་མས་ དེ་ལས་སྒོམ་ཆེན་འདི་ ཡབ་རྒྱལཔོ་ཡུམ་ལྷ་དབང་བུ་དར་དང་ དེ་ལས་སྲས་ཟླ་བའི་འོད་ཅན་དང་ ཏེ་འདི་ནང་ཇ་ཕོརཔ་བཀང་བཞག་སྦེ་དེ་ལས་ སྒོ་ཆེན་འདི་གིས་གསུངས་གསུངསམ་མས་ ད་འབདན་རྒྱལཔོ་རང་ གཟིགས་ནི་རང་ཨིན་ ད་ང་སྒྱུམ་རྐྱབ་གེ་ཟེར་ནུག་ རྐྱབ་རྐྱབ་མས་ཏེ་ གདོང་སྐོར་སྦེ་སྡོད་སྦེ།
  • ཨམ་རྡོ་རྗེ་དབང་མོ་/Dorji Wangmo:
    སྒྱུམ་རྐྱབ་པའི་བསྒང་ལས་ དེ་ལས་ཁོ་གི་མིག་ཏོ་ཁར་ ཏེ་མར་འོག་ཀླུ་འཐོན་སོང་ནུག་ཟེརཝ་མས་ལོ་ འོག་ཀླུ་འཐོན་སོང་ནུག་ལོ་ཏེ་ འ་ནཱི་རྒྱལཔོ་ཟླབ་བའི་འོད་ཅན་འདི་ ཁོ་འ་ནཱི་སྦེ་སྡོད་སྡོད་པར་ར་ མར་ལྷོད་པའི་བསྒང་ལས་ འོག་ཀླུའི་རྒྱཔོ་འདི་གི་སྲསམོ་ བུམོ་རབ་མཛེས་བུམོ་ཟེར་མི་ཅིག་ཡོདཔ་མས་ འ་ནཱི་ཁོ་གི་བཙུནམོ་མས་ཟེརཝ་མས་ལོ་ ཁོ་མར་ལྷོད་དེ་ཏེ་ལོ་བཅུ་གཉིས་ཡར་སོ་ནུག་ལོ་ཏེ་ ཁོ་མིག་ཏོ་ཁར་ བུ་སྦོམ་ཤོས་འདི་ལོ་བཅུ་གཉིས་ཁོ་མར་ལྷོད་ འདི་གི་འོག་ལས་ཀྱི་བུམ་འདི་ལོ་དྲུག་ འདི་གི་འོག་ལས་གི་སྲས་ཅིག་མས་ལོ་ད་རུང་ ལོ་གསུམ་ཡར་སོང་ནུག་ལོ།
  • ཨམ་རྡོ་རྗེ་དབང་མོ་/Dorji Wangmo:
    ཏེ་དེ་ལས་ཉིནམ་ཅིག་གི་ཚེ་ཁམས་སངས་བྱོན་གེ་ཟེར་ཞུ་ཞུཝ་མས་ མར་གྱི་འ་ནཱི་བཙུནམོ་འདི་གིས་ ཡ་ཡ་ཟེར་ ཏེ་ཡར་རྒྱ་མཚོ་མཐའ་མར་བྱོན་བྱོནམ་མས་ཏེ་ ཡར་མཚོའི་མཐའ་མར་ དེ་ལས་མཚོའི་མཐའ་མར་བྱོན་ཡུདཔ་ཅིག་ལས་བསྐོར་ར་རྐྱབ་ བསྐོར་ར་ཚར་གསུམ་ཟེརཝ་ཅིག་དང་པ་ར་ མོ་ར་ན་ སྲས་སྦོམ་ཤོས་འདི་མཆོངས་ད་ཡི་ཟེར་བས་ལོ་ མར་མཚོ་ནང་།
  • ཨམ་རྡོ་རྗེ་དབང་མོ་/Dorji Wangmo:
    དབའེ་དབའེ་དབའེ་དབའེ་ ངེ་གི་སྲས་འདི་ད་མར་མཆོངས་ད་ཡི་ཟེར་ནུག་ འདི་གི་ཤུལ་ཤུལ་ལོ་གསུམ་ ལོ་དྲུག་འབད་མི་འདི་མཆོངས་ད་ཡི་ལོ་ ད་འབདན་མེད་སྨ་རེད་ཟེར་སླབ་སླབ་མས་ དེ་ལས་ཨ་ལོ་འདི་ཡང་འབག་སྦེ་ མོ་ར་མཆོངས་ད་ནུག་ཏེ་ ཁོ་གི་མིག་ཏོ་ཁར་ ཏེ་དྲན་མེད་ངང་ལུ་བརྒྱལ་སོང་ནུག་ན་ལས་ཕར་ ད་འབདན་མེད་ཟེར་ དེ་ལས་རྒྱལཔོ་འདི་ ཟོས་ཏོས་མར་གྱིས་ཞོང་ཡར་ལྷོང་ལྷོངམ་མས་ཏེ་ ག་དེ་སྦེ་ལྷོང་རུང་རྒྱལཔོ་དྲནམ་བདའ་མ་ཟུན་པས་ཡུདཔ་ཅིག་ཁར་ དེ་ལས་ཟོས་ཏོས་མར་གྱིས་ཞོང་ ཏེ་ཡར་ལྷོང་སྦེ་དྲིས་བའི་བསྒང་ལས་ ཏེ་ཁོ་ཨ་ལོ་ ལོ་བཅུ་གཉིས་འབད་མི་ཅིག་ཡང་མར་མཚོ་ནང་མཆོངས་ད་ཡི་ཟེར་ དེ་ལས་ཨ་ལོ་ ལོ་དྲུག་འབད་མི་ཅིག་ཡང་མཆོངས་ད་ཡི་ཟེར་ བུམོ་ དེ་ལས་མོ་ར་དང་ སྲས་ཆུང་ཤོས་ལོ་གསུམ་འབད་མི་འདི་ཡང་མཆོངས་ད་ཡི་ཟེར།
  • ཨམ་རྡོ་རྗེ་དབང་མོ་/Dorji Wangmo:
    རྒྱལཔོ་དྲན་མེད་ལས་ཨ་ནཱི་སྦེ་ཚོརཝ་མས་ཟེར་བས་ལོ་ དེ་ལས་ཏེ་ན་ལས་ཡར་འབག་ དེ་ལས་སྒོམ་ཆེན་འདི་ (སྤུས་རྩ་སྦེ་ལེབ་ལེབ་) མས་ཏེ་ ཡབ་འདི་གིས་ ཁྱོད་སེམས་ཆོས་སེམས་མནོ་བའི་གི་སྒྱུམ་རྐྱབ་ཟེར་སླབ་མ་གཏོགས་ མི་དྲན་མེད་བརྒྱལ་ནི་གི་སྒྱུམ་རྐྱབ་བཅུག་བཅུགཔ་མེན་ཟེར་ དེ་ལས་ཏེ་སྒོམ་ཆེན་འདི་ཁྲིམས་ནང་བཙུགས་ད་ནུག་ཏེ་ མར་ཨོག་ཁང་ནང་བཙུགས་ དེ་ལས་ཕྱི་རུ་ཏེ་ འ་ནཱི་ཡབ་འདི་ ཡར་ཐོག་ལུ་བཞུགས་དོ་ཡོདཔ་མས་གཟིམ་ཅུང་ཡར་ཐོགམ་འདི་ནང་ ཡར་ཡར་དབུ་རྩེ་ནང་།
  • ཨམ་རྡོ་རྗེ་དབང་མོ་/Dorji Wangmo:
    དེ་ལས་ཁོ་མནལ་གཟིམ་སྦེ་བལྟ་བའི་བསྒང་ལས་ མར་ལས་ཡར་སྦུལམོ་གསུམ་འཐོན་དེས་ཟེར་བས་ལོ་ གསེར་ཁྲི་གི་རྩ་བ་ལས་ཡར་ སྦུལ་འདི་གིས་སོ་བཏབ་དོ་བཏབ་དོ་བཏབ་དོ་མནོ་ཁོ་བྱོག་བྱོགཔ་མས་ཏེ་ བྱོག་ དེ་ལས་གཟིམ་ཆུང་ཐོག་ལས་མར་བུད་སོ་ནུག མར་མཆོངས་ད་ནུག་ཏེ་ དེ་ལས་ཡབ་རྒྱལཔོ་བཤགས་སོ་ནུག
  • ཨམ་རྡོ་རྗེ་དབང་མོ་/Dorji Wangmo:
    སྒྱུམ་རྐྱབ་མི་སྒོམ་ཆེན་འདི་གི་སྐྱོན་མས་ཏེ་འདི་ དེ་ལས་སྒོམ་ཆེན་འདི་ ད་སྒོམ་ཆེན་འདི་ཡང་གཏང་ད་ཟེར་ དེ་ལས་ཏེ་ རྒྱལཔོ་གནམ་མེད་ས་མེད་སྲས་འདི་ ཏེ་ཐུགས་ཕམ་ ཏེ་སྒོམ་ཆེན་ཡང་གཏང་ཟེར་ སྒོམ་ཆེན་ཡང་ཁྲིམས་ནང་ལས་བཏང་ དེ་ལས་ཡུམ་འདི་མཚམས་བཅད་བཞུགས་བཞུགསཔ་མས་ ཡུམ་མཚམས་བཅད་བཞུགསཔ་ད་ ད་རུང་རང་འ་ནཱི་བདུདམོ་བཟའམོ་འདི་གིས་ཏེ་ ཇ་གསོལ་ཇ་བཟོ་ དེ་ལས་ཏེ་ མ་བཏུབ་བཏུབ་སྦེ་གསོལ་ཇ་བཟོ།
  • ཨམ་རྡོ་རྗེ་དབང་མོ་/Dorji Wangmo:
    དེ་ལས་ འདི་ནང་ག་ར་གསོལ་དུག་བླུགས་འབག་སྦེ་ཡུམ་ལུ་དྲང་པ་འཛུལ་སོ་ནུག་ ཏེ་ཡུམ་གསོལ་ཇ་ཞེས་ཟེར་ནུག མི་དགོ་ཟེར་ཞུ་ཞུཝ་མས་ སླབ་སླབ་མས་མོ། ཏེ་གསོལ་དུག་འབག་འོངམ་འདི་ ཤེས་པས་བ་གཞན་ ཏེ་དགའ་སྐྱོ་མེད་པ་རང་འཐུང་ད་ནུག་ཏེ་ ཏེ་ཡུམ་ཡང་བཤགས་སོ་ནུག་ ཡུམ་ཡང་བཤགས་ དེ་ལས་ཏེ་ ཡབ་ཡང་བཤགས་སོ་ནུག་ དེ་ལས་ཏེ་ཁོ་སེམས་སྐྱོ་ཆི་ནུག་འ་ནཱ་ལས་འབདན་ ཆོས་སེམས་ ད་འབདན་མནོ་སྡོད་ དེ་ལས་འ་ནཱི་སྲས་འདི་མར་ལྡུམ་རའི་ནང་ [བླམ་?]མེ་ཏོག་སྤུན་གསུམ་སྦེ་ཤར་སྡོད་ནུག་ཟེརཝ་མས་ལོ་ མེ་ཏོག་ཧ་ལོའི་མེ་ཏོག་མ་འདྲཝ་སྦེ།
  • ཨམ་རྡོ་རྗེ་དབང་མོ་/Dorji Wangmo:
    ཁོ་གི་རོ་སྦ་ས་འདི་མས་ཏེ་ ཁོང་ར་མ་ཤེསཔ་མས་ མེ་ཏོག་ཧ་ལོའི་མེ་ཏོག་སྤུན་གསུམ་སྦེ་ཤར་ དེ་ལས་རྒྱལཔོ་ཁོ་ར་བཤལ་ཏེ་བྱོནམ་ད་ འ་ནཱི་མཐོང་ཆི་ནུག་ཏེ་མེ་ཏོག་འདི་ མེ་ཏོག་མཐོང་སྦེ་ དེ་ལས་སྲུང་རྒྱབ་བློན་པོ་ཁལ་ལྔ་དང་ལྔ་བཙུགས་བཞག་བཞགཔ་མས་ ཏེ་འ་ནཱི་མེ་ཏོག་འདི་མ་འདྲཝ་ཅིག་ཨིན་མས་ འ་ནཱི་སྲུངས་ཤིག་ ཁྱོད་ཁལ་ལྔ་དང་ལྔ་ཡོད་ཟེར་ དེ་ལས་ད་རུང་བདུདམོ་འདི་གིས་ ཏེ་ཤེས་ཆི་ནུག་ཏེ་ དེ་ལས་བདུདམོ་འདི་གིས་ ཕྱི་རུ་ད་རུང་རང་ བློན་པོ་ཁལ་ལྔ་དང་ལྔཔོ་འདི་ ཏེ་ཆང་དུག་བླུགས་ ར་བཟི་ནི་གི་སྨན་གཉིད་ཁུག་ནི་གི་སྨན་མས་ཏེ་ འ་ནཱི་བླུགས་སྦེ་ ད་ཁྱོད་ཨ་ནཱི་འུ་སྡུག་སྦེ་ ཕྱི་རུ་ནུབ་གཅིགཔོ་ཞག་ཉལ་ནི་མིན་ནུག་ འ་ནཱི་བཞེས་ཤིག་ཟེར་ དྲངས་དྲངས་མས།
  • ཨམ་རྡོ་རྗེ་དབང་མོ་/Dorji Wangmo:
    བློན་པོ་ཁལ་ལྔ་དང་ལྔཔོ་འདི་འ་ནཱི་འཐུང་སྦེ་ རོགས་མིག་བོང་ཐ་ཁནམ་མས་ཟེརཝ་མས་ལོ་ དེ་ལས་མོ་ ལུག་གི་བ་རའི་ཁ་ཕྱེ་སྦེ་ལུག་ག་ར་བཏང་ད་ནུག་ཏེ་ ལྡུམ་ར་ནང་ལས་ཕར་ དེ་ལས་ག་ར་ཟ་ད་ནུག་ མེ་ཏོག་ག་ར་ཟ་ དེ་ལས་ད་རུང་དྲོ་པ་མོ་ལོངས་སྦེ་ ལུག་གི་སྒོ་བཅད་ ལུག་ག་ར་ཕར་ནང་ནང་བཙུགས་སྒོ་བསྡམས་བཞག་སྦེ་ རྒྱལ་པོ་ཞུ་ཞུཝ་མས་ རྒྱལཔོ་ཡར་བཞེངས་ ཁྱོད་ཀྱི་བློན་པོ་ཁལ་ལྔ་དང་ལྔཔོ་འདི་ག་ཏེ་འཛུལ་སྡོད་སྡོདཔ་ཨིན་ན་མི་ཤེས་ མེ་ཏོག་གཅིག་ཡང་མ་བཞག་པར་ཟ་ད་ནུག་ཟེར་ནུག
  • ཨམ་རྡོ་རྗེ་དབང་མོ་/Dorji Wangmo:
    ལུག་བཏང་བཞག་སྦེ་ དབའེ་དེ་སྦེ་འདི་མེནམ་པས་སོང་ཟེར་ནུག་ བལྟ་བལྟཝ་མས་ཨིན་མས་ལོ་ཏེ་ དེ་ལས་བློན་པོ་ཁལ་ལྔ་དང་ལྔཔོ་འདི་ ཆུ་བཀལ་ནི་མས་ཏེ་དེ་ཚེ་ བློན་པོ་ག་ར་བཀུག་བཞག་སྦེ་ ཁྱོད་ག་ཏེ་སྡོད་སྡོདཔ་སྨོ་ཟེར་ ངེའི་མེ་ཏོག་གཅིག་ཡང་མ་བཞག་པས་ཟེར་ དེ་ཡང་ཟ་ད་ནུག་ལོ་མེ་ཏོག་འདི་ཡང་ མེ་ཏོག་ཕུད་རྡོག་གསུམ་གྱི་དོན་དག་ལས་ ཁྱོད་ཁལ་ལྔ་དང་ལྔ་ཡོད་ཟེར་ དེ་ལས་ཏེ་ བློན་པོ་ན་འཐན་ཧ་འགམ་ དོ་ཆ་བསྡམས་ཆུ་སྐྱེལ་ནི་མས་ལོ་ཏེ་ དོ་ཆ་གྲ་འགྲིགས་མས་ཟེརཝ་མས་ལོ།
  • ཨམ་རྡོ་རྗེ་དབང་མོ་/Dorji Wangmo:
    ཏེ་ད་རུང་འདི་ནང་ལས་བློན་པོ་རིག་པའི་རྒྱལཔོ་ཟེར་མི་ཅིག་ཡོདཔ་མས། བློན་པོ་རིག་པ་རྩལ་དྲགས་ཅིག་ འདི་གིས་ཞུ་ནུག་ ཨ་དེ་སྦེ་མ་མཛད་ཤིག་ཟེར་ འདི་ང་གིས་ཞུ་ནི་ཡོད་ ཨ་ཙི་མགྱོགས་མ་དྲགས་ཤིག་ཟེར་ ལུག་བརྟག་དཔྱད་རྐྱབ་ནི་མས་ཏེ་ དེ་བསྒང་ལས་དེ་ལས་ལུག་བརྟག་དཔྱག་རྐྱབ་ ལུག་བརྟག་དཔྱད་རྐྱབ་ ཟླཝ་གསུམ་ལུ་འཚརཝ་མས་བ་ལུག་ ཏེ་ཡར་རྫོང་གི་དབུ་རྩེ་ནང་ མ་ཤེསཔ་སྦེ་སྦ་བཞག་ འ་ནཱི་སྦེ་བཞག་བཞགཔ་མས་ དེ་ལས་མོ་ཡང་ཚུར་འབོ་འབོཝ་མས་ཏེ་ འ་ནཱི་ཁོ་ར་གི་ཨམ་སྲུ་ རི་ཁར་བཏང་མི་འདི།
  • ཨམ་རྡོ་རྗེ་དབང་མོ་/Dorji Wangmo:
    ཚུར་འབོ་སྟེ་ཞག་གསུམ་དང་བཞི་ཡང་མ་ལངས་པས་ ད་རུང་ཨ་རྟག་ཧ་ལུགས་སྦེ་བཞག་བཞགཔ་མས་ཁོ་ ད་རུང་མོ་ངལ་མ་རངས་པས་ དབའེ་ཨ་ཞེ་ཁྲུས་གནང་པར་བྱོན་གེ་ཟེར་ནུག ཁྲུས་གནང་པ་བྱོན་གེ་ཟེར་ ཏེ་མོ་གིས་ཉན་མ་བཏུབ་པ་འགྱོ་ཤིག་འགྱོ་ཤིག་ཟེར་སླབ་འགྱོ་ དེ་ལས་ཕར་མཚོའི་མཐའ་མར་ ཧེ་མ་མོ་འཁྱུ་བཅུགཔ་མས་ཏེ་ མོ་བཀྱག་ཕྲོས་ཕྲོས་སྦེ་སྤུ་རྩ་སྦེ་འཁྱུ་ དེ་ལས་ཡུདཔ་ཅིག་ལས་ མོ་ད་ང་འཁྱུ་གེ་ ད་ང་འཁྱུ་ཚར་ཡི་ ད་ཨ་ཞེ་འཁྱུ་གེ་ཟེར་ནུག་ སྲསམོ་ཉིན་ཟླ་བཟངམོ་ དེ་ལས་སྒལ་ཏོག་གུ་ཆུ་སྤར་རི་གསུམ་བླུགས་སྦེ་ ཏེ་ལྷོག་བཀོ་ད་ནུག་ཏེ་ རྡོག་ཐེ་ཐེངས་ཕོག་གཅིག་གུ་ མཚོ་ནང་འགྱོ་བའི་བསྒང་ལས་ མཚོ་ཨོམ་གང་སོང་ནུག་ཟེརཝ་མས་ལོ་ཏེ་ མོ་མཁའ་འགྲོ་ཨིན་མས་བ་ཏེ་རོགས་ དེ་ལས་ཏེ་རྒྱལ་པོའི་གདོང་ཁ་ལས་ཕར་ དབའེ་ད་འབདན་ཨ་ཞེ་འདི་གིས་ཉན་མ་བཏུབ་པར་ ཏེ་ཕར་མཚོ་ནང་འགྱོ་ ཏེ་ཨ་ནཱི་སྦེ་མོ་མཚོ་ནང་ཐིམ་སོང་ཡི་ཟེར་ནུག
  • ཨམ་རྡོ་རྗེ་དབང་མོ་/Dorji Wangmo:
    དབའེ་མེན་པས་སོང་ཟེར་ནུག་ ཨིན་པས་ཟེར་ ཕར་བལྟ་བར་འགྱོ་བའི་བསྒང་ལས་ཨིན་པས་ལོ་ མཚོ་ཨོམ་གྱིས་གང་ ཏེ་རོགས་ན་ལས་ཡར་དར་ལམ་བརྐྱངས་འགྱོ་དེས་ཟེརཝ་མས་ལོ་ཏེ་མོ་ མོ་བཟུམ་སྦེ་ མོ་རང་མས་ལོ་ཏེ་ དེ་ལས་རྒྱལཔོ་འདི་གིས་ཐུགས་ཕམ་ཏེ་ ལུག་བདག་འཛིན་འབད་མི་འདི་བསྒང་ལས་ཁོ་རང་མས་ཏེ་ ལུག་བདག་འཛིན་འབད་ཟླཝ་གསུམ་ ལང་པའི་བསྒང་ལས་ ལུག་འདི་གིས་འཚར་འཚརཝ་མས་ཨ་ལོ་འདི་ ཁོ་ར་གི་ཨ་ལོ་འདི་ཏེ།
  • ཨམ་རྡོ་རྗེ་དབང་མོ་/Dorji Wangmo:
    དེ་ལས་ཨ་ལོ་འདི་ ལུག་འདི་ནང་ལས་འཚར་ འ་ནཱི་མེ་ཏོག་ཟ་མི་འདི་འ་ནཱི་སྦེ་ བློན་པོ་གཅིག་མར་ལས་སྡོད་ གཅིག་ཡར་ལས་སྡོད་ ལུག་བརྟག་དཔྱད་རྐྱབ་ནུག་བ་ཏེ་ ཁ་འ་ནེ་སྦེ་བརྒྱངས་ཡི་ར་ ཏེ་མེད་མེད་ཟེར་བཙར་ཡི་རང་བཏོན་བཀོ་ འདི་ནང་ལྷོདཔ་ཅིག་ དེམ་ཨ་ནཱ་ཁ་སྦྱར་སྡོད་ནུག་ཟེརཝ་མས་ལོ་སོ་ཡི་གུ་ ཏེ་ཁྱོད་མེན་ག་སྨོ་ཟེར་ཏེ་ འ་ནཱི་བསང་དང་ཁྲུས་ལས་བཏོན་ ཡར་དབུ་རྩེ་ནང་བདག་འཛིན་འབད་འབདཝ་མས། ཏེ་ལུག་འདི་གིས་འཚར་བའི་བསྒང་ལས་ཨ་ལོ་འདི་ཨིན་མས་ལོ་ ཏེ་ཁྱོད་ཨཔ་ག་སྨོ་ ཨ་འི་ག་སྨོ་ཟེར་ ཏེ་རྒྱལཔོ་ཁོ་ར་གིས་དེམ་ ཏེ་ཨ་ལོ་འདི་ལོ་གསུམ་ཡར་སོང་ནུག་ འ་ནཱ་ལས་ ཏེ་སྐྱེ་རབས་བཤད་བཤདཔ་མས་ཏེ་ ཏེ་ཁོ་གི་ཡུམ་འདི་ཡང་ཆུ་ནང་ལྷོག་བཀོ་མི་འདི་ འ་ནཱི་བདུདམོ་བཟའམོ་འདི་ཨིན་ཟེར་ མོ་སྐྱེཝ་མ་གཅིག་པའི་མི་ཨིན་ཟེར།
  • ཨམ་རྡོ་རྗེ་དབང་མོ་/Dorji Wangmo:
    ཏེ་ཡབ་ཁྱོད་ར་འབད་ས་མ་མཁྱེནམ་མས་ཟེར་ ཡུམ་བཀྲོང་མི་ཡང་མོ་ཨིན་ཟེར་ ག་ར་ཞུ་བའི་བསྒང་ལས་ དེ་ལས་ཏེ་མོ་ལུ་བློ་མིན་ནུག་ལོ་ ཏེ་རྩ་བོ་རེ་རེ་ནང་ལས་མར་ཁུ་ལྕགས་གཟར་གང་གང་གང་འཇུག་(བསྡུ་) ཤིང་ཤིང་གེ་ཕུད་རྡོག་རེ་རེ་འཇུག་(བསྡུ་) ཏེ་ཕར་གདངས་ར་སྦུག་ཁར་རྫིབ་བཙུགས་ འདི་གུ་ཁྲོ་བཀལ་ འདི་ནང་མར་ཁུ་བླུགས་ ཏེ་མོ་སྒྱེནམོ་ཕུད་སྦེ་ མོ་འདི་ནང་བཙུགས་བཙུགསཔ་མས་ཏེ་ འ་ནཱི་རི་གནས་བུམོ་འདི་ ཏེ་མོ་སྤུར་རི་ཞུ་ད་ནུག་ སྤུར་རི་ཞུ་ དེ་ལས་ ཏེ་འ་ནཱི་ ནཱ་ལས་མར་དོང་བརྐོ་བཞག་དོག་ནང་མས་བ་ ཏེ་འ་ནཱི་ཟངས་འདི་ཡང་ག་ཕུབ་རྐྱབ་ འདི་གུ་ལས་ཡར་མཆོད་རྟེན་གནགཔ་ཅིག་བཞེངས་བཞེངསམ་ཨིན་ལོ་ བདུདམོ་མས་བ་ཏེ་མོ་ ཏེ་འ་ནེམ་ཅིག་སྦེ་ འ་ནེམ་ཅིག་མས་ ཧི་ཧི་ཧི་ཧི་ཧི།། །།