Skip to main content Skip to search
21 Jan 2016
7 min 11 sec
Video Overview
Creators: 
Sherig Dhentshog

This short story narrated in the video by a local lay monk of Mendrelgang village in Pemagatshel district was an animal story. The story tries to tell that one should not do just to get what some one has got and also tries to say that one should not be selfish. It also tries to form a factious reason of why monkeys have red buttock. The porcupine and monkey digs potatoes together but the monkey takes the boiled potato on a tree for himself. After begging the monkey helps porcupine on the tree to join him to eat some of the potatoes but leave the porcupine on the tree alone without helping him down. A huge buffalo helps the porcupine down from the tree but the animal dies and as the porcupine informs the king of the huge meat, he gets rewarded. Monkey after knowing about the reward, catches a squirrel and informs of a huge meat but as he miss informed of the huge meat, he gets punished with by rubbing heated iron on his buttock.

༉  པདྨ་དགའ་ཚལ་ མནྜལ་སྒང་ལས་ གཡུས་ཁའི་ཆོསཔ་རྒས་ཤོས་ཅིག་ཨིན་མི་ཚེ་རིང་རྡོ་རྗེ་གིས་ རྒྱུ་ནོར་ལོངས་སྤྱོད་ཀྱིས་གནོད་པའི་སྐོར་ལས་གཏང་མི་སྲུང་འདི་ རྒྱལ་པོའི་སྲས་ཅིག་དང་ཕྱུག་པོའི་བུཚ་ཅིག་གི་སྐོར་ལས་ཨིན་པས། རྒྱལ་པོའི་སྲས་དང་ཕྱུག་པོའི་བུཚ་གཉིས་ དཔེ་ཆ་བལྟ་བར་གཅིག་ཁར་སོངམ་ད་ལུ་ རྒྱལ་པོའི་སྲས་འདི་ དཔེ་ཆ་སྙིང་རུས་བསྐྱེད་དེ་བལྟ་བའི་སྐབས་ ཕྱུག་པོའི་བུཚ་འདི་ ཕ་མའི་རྒྱུ་ནོར་གུ་མི་ཚེ་སྐྱེལ་ཏེ་སྤྲོ་བ་བཏོན་སྡོད་སྡོདཔ་མས། དཔེ་ཆ་བལྟ་ཚརཝ་ད་ རྒྱལ་པོའི་སྲས་དེ་གིས་ དཔེ་ཆ་ལེགས་ཤོམ་སྦེ་བལྟ་བལྟཝ་གི་གྲུབ་འབྲས་ལས་བརྟེན་ གཟེངས་བསྟོད་གསེར་གྱི་གསོལ་རས་ཅིག་ཐོབ་སྟེ་ གཡུས་ཁར་ལོག་འོང་པའི་ལམ་ཁར་ གསེར་འབག་ནི་གི་དོན་ལས་ཕྱུག་པོའི་བུ་གིས་ རྒྱལ་པོའི་སྲས་དེ་བསད་དཔ་མས། ཨིན་རུང་ རྒྱལ་པོའི་སྲས་དེ་གིས་ ཕྱུག་པོའི་བུ་གི་ལགཔ་ཁར་ ཁོ་གི་ཨ་པ་ལུ་ཡི་གུ་ཅིག་འབག་གནང་ཟེར་ ཁོ་གིས་ཧ་མ་གོཝ་སྦེ་ གབ་ཚིག་ནང་སྦེ་སྐྱེལ་བཏང་མི་དེ་ནང་ རྒྱལ་པོའི་བུ་དེ་བསད་བསདཔ་སྦེ་ཧ་གོ་ཞིནམ་ལས་ ཕྱུག་པོའི་བུ་དེ་ཁྲིམས་བཀལ་ནུག དེ་གིས་འབད་ རྒྱུ་ནོར་ལོངས་སྤྱོད་ལུ་ཆགས་པ་བསྐྱེད་མ་བཏུབ་སྦེ་སྟོནམ་ཨིན་མས།

Transcript search
No results found for this search
0 of 0
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    ང་གིས་ སྲུང་ཅིག་བཏང་ནི་ཨིན་ལགས། ག་ཅི་སྦེ་ཟེར་བ་ཅིན་ དང་ཕུ་ རྒྱལ་པོའི་སྲས་ཅིག་དང་ ཕྱུག་པོའི་སྲས་ ཁོང་གཉིས་ ཡོན་ཏན་ལྷག་པར་འགྱོ་བའི་སྐོར་ལས་ སྲུང་ཅིག་སླབ་ནི་ཟེར་ ཞུ་ནི་ཨིན་ལགས།
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    ཁོང་གཉིས་ རྒྱ་གར་ལུ་ ཆོས་ སློབ་གྲྭ་ནང་འགྱོ་ནུག་ལགས། ད་ལྟོ་ ག་ཅི་ སློབ་གྲྭ་ཨིན་སྨོ ཡོན་ཏན་ལྷག་པར་སོང་ནུག།
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    དེ་ལས་ རྒྱལ་པོའི་སྲས་འབད་ནི་དེ་གིས་ རིག་པ་ཅན་ འབད་ནི་དེ་གིས་ ཉིནམ་གཅིག་བ་ཉིནམ་གཅིག་ མཁས་པ་འགྱོ་ཡི་ཟེར་ཨིན་པས་ལགས།
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    ཁོ་ ཕྱུག་པོའི་ཨ་ལོ་དེ་ཏེ་ ཨ་པ་དང་ཨའི་གི་ རྒྱུ་གུ་བཀལ་ཏེ་ གནམ་མེད་ས་མེད་ དཔེ་ཆ་མ་ལྷབ་པར་ བཀྲ་མ་ཤིསཔ་འབད་དེ་ དེ་སྦེ་སྡོད་ནུག་ཟེར་ཨིན་ལགས།
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    དེ་སྦེ་སྡོད་དར་ ཁོང་གཉིས་ ལོ་དག་པ་ཅིག་སྡོད་དེ་ ཏེ་རྒྱལ་པོའི་སྲས་དེ་ གནམ་མེད་ས་མེད་མཁས་དེ་ཏེ་ སློབ་དཔོན་ལས་ཡང་ ཁོ་ལྷག་སྟེ་ ཏེ་འོང་ཡི་ཟེར་ཨིན་མས། འ་ནཱི་གཅིག་མར་ འ་ནཱི་གིས་ སློབ་དཔོན་ཚུ་གིས་ ཡ་ ཁྱོད་ད་འབདན་ཏེ་།
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    ཁྱོད་ཏེ་ ཨང་དང་པ་ཐོན་ཡི། ད་ གསོལ་རས་ གསེར་ཅིག་གནང་ཡི་ཟེར་ ཨིན་མས་ལགས། དེ་ལས་ དེ་འབག་སོང་། གཞན་མི་ཏེ་ ག་ཅི་ཡང་མེད་པར་ བཀྲ་མ་ཤིས་པར་ དེ་སྦེ་སྡོད་དེ་ ལོག་འོང་སྟེ་ ལམ་ཁར་ལྷོདཔ་ད།
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    ཡ་ ཁོ་འདི་ གསེར་ཐོབ་ཅི། ང་འདི་ཡོན་ཏན་ཡང་མེད་པར་ འ་ནཱེ་མི་བཏུབ་པས། ད་འབདན་འཛིངམ་ད་ ཁོ་རྒྱལ་དོ་ཡོདཔ་འོང་ནི་མས་ ཕྱུག་པོའི་ཨ་ལོ་དེ། གསེར་འཕྱོག་ཞིནམ་ལས་ ང་འབག་སྟེ་ ཁོ་གསད་ནི་ཟེར་ མནོ་མནོཝ་མས་ ཁོ་ངན་སེམས་ཀྱིས། དྭཝ་བུ་ཚུ? འཐབ་འཛིང་འབདཝ་ཏེ་ སྐྱ་གུ་ལས་བཟུང་སྟེ་ གང་རྐྱལ་འབད་དེ་ མར་ཨེབ་ཏེ་ གསད་ནི་འབད་ཡི་ཟེར་ ཨིན་མས་ལགས། ཏེ་གསེར་འཕྱོག་ནིའི་དོན་ལས།
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    དེ་འབདཝ་ད་ ང་གསད་ནི་འདི་གསད། ང་གིས་ ཁྱོད་ལུ་ ཡི་གུ་ཅིག་འབྲི་བྱིན་གེ་ཟེར་ བཏང་ནི་ ངེ་ཨ་པ་ལུ་ འབག་བྱིན་ཟེར་ སླབ་སླབ་ཨིན་པས་ལགས། འ་ནཱེ་ རྒྱལ་པོའི་སྲས་ཀྱིས།
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    ཏེ་ཁོ་ གནམ་མེད་ས་མེད་ མཁས་པ་འབད་ནི་དེ་གིས་ ཚིག་བཞི་བཏོན་ཏེ་བཏང་ནུག་ལགས། ཨ་ ཕ་ སྐྲ་ སྐུ་ཟེར་ ཚིག་བཞི་བྲིས་སྟེ་ ཁོ་ར་དེ་ ཡོན་ཏན་མ་ལྷབ་ལས་ ལྷག་བལྟཝ་ད་ ཁུངས་མིན་འདུག། ཁོ་གིས་ འ་ནཱེ་་འདི་ཟེར་ འབག་བྱིན་གེ་ཟེར་ ཧེམ་ཅུང་ནང་བཙུགས་སྟེ།
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    དེ་ལས་ ཁོ་གིས་ གྱི་ཅུང་བཏོན་ཏེ་ གྱི་ཅུང་གི་ཡར་ སྤྱི་གཙུག་གི་མཚམས་ལས་མར་བཙུགས་ཏེ་ མགུ་ཏོ་གུ་ལས་ འ་ནཱེ་སྦེ་ བསད་ཅི་ཟེརཝ་མས་ལགས།
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    དེ་ལས་ ཁོ་ ནོར་བུ་འབག་ གསེར་འབག་སྟེ་ ཁྱིམ་ནང་སོང་ཏེ་ དེ་ལས་ འ་ནཱི་རྒྱལ་པོའི་ ཕྱག་སྒརཔ་ཚུ་གི་ མཐོང་མཐོངམ་ཨིནམ་འོང་ནི་མས། ཡ་ ལྷོད་ནུག་ དྭཝ་བུ་ཚུ་ རྒྱལ་པོའི་ ཕྱུག་པོའི་བུ་ཚུ་འདི་ རྒྱལ་པོ་ཟེར་ སླབ་ནུག་ ཞུ་ནུག་ལགས། ཡ་ ག་ཅི་སྦེ་ ལུས་སོངཔ་ཨིན་ན? སོང་ ཤོག་ཟེར་ སླབ་ད་ཟེར་ སླབ་ནུག་ལགས།
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    འོང་ནུག་ལགས། དེ་ལས་ཏེ་ རྒྱལཔོ་གིས་ ཁྱོད་ཀྱི་ཆ་རོགས་ ངེ་སྲས་འདི་ ག་ཅི་སྦེ་ལུས་སོང་ཡི་ཟེར་ གསུངས་ནུག་ལགས། དེ་ལས་ཏེ་ ཁོ་ འགྲོས་ཀྱིས་འབད་འོང་ནི་ཟེར་ ལུས་ཡི་ལགས། འ་ནཱི་ ཡི་གུ་ཅིག་བྱིན་དེས་ གནང་དེས་ལགས། ཡི་གེ་ཅིག་བྱིན་ནུག་ལགས།
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    ཨ་པ་གིས་ ལྷག་སྟེ་བལྟཝ་ད་ ཨ་ ཕ་ སྐྲ་ སྐུ་ རྐྱངམ་ཅིག་འདུག་ཟེར་ཨིན་པས། ག་ཅི་ཨིན་ན་ འ་ནཱེ་གི་དོན་དག་ ཧ་མ་གོ་བས།། མ་གོ་བར་ དེ་ལས་ ཁོང་གི་ གྲྭ་ཚང་གི་ དགེ་སློང་ཡོདཔ་ཨིན་པས་ལགས། དགེ་སློང་སྟོང་གཅིག་ཡོདཔ་ཨིན་མས། གནམ་མེད་ས་མེད་ དགེ་སློང་ཚུ་ལུ་ གནམ་མེད་ས་མེད་འབད་བལྟཝ་ད་ འ་ནཱེ འདྲི་བ་བཀོད་ནུག་ལགས།
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    འ་ནཱེ་ ཨ་ ག་ཅི་ལུ་གོཝ་སྨ? ཕ་ག་ཅི་ལུ་གོཝ་སྨོ? ཏ་ག་ཅི་ལུ་གོཝ་སྨོ? སྐུ་ག་ཅི་ལུ་གོཝ་སྨོ་ཟེར? དེ་སྦེ་འདྲི་བལྟཝ་ད་ གཅིག་གིས་ཡང་ ཧ་མ་གོ་བས་ལགས། འ་ནཱེ་ དགེ་སློང་སྟོང་གཅིག་གིས་ཡང་ འ་ནཱེ་ གོ་བ་ཧ་མ་གོ་བས་ཟེར་ ཨིན་པས་ལགས།
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    དེ་ལས་ཏེ་ ཡ་ ཁྱེད་ཚུ་གིས་ འཚོལ་བར་སོང་ མེད་པ་ཅིན་ ཁྱོད་ཆ་ཁྱབ་རེ་རེ་གསད་ནི་ཨིན། འ་ནཱེ་ ཧ་གོ་བ་ཅིན་ ཁོ་ཕྱུག་པའི་ བུ་གསད་ནི་ཟེར་གསུངས་སྟེ་ འཚོལ་བར་བཏང་ནུག་ལགས། ཨ་ ཕ་ སྐྲ་ སྐུའི་ དོན་དག་ འཚོལ་ཡི་ མི་མ་ཡིན་པ་ ག་ཏེ་འོང་སྡོད་སར་ལུ་ འ་ནཱེ་ དགེ་སློང་ཨ་ལོ་གིས་ གནམ་མེད་ས་མེད་ རིག་པ་ཡོདཔ་ཨིན་མས། ཉི་ནུབ་སྟེ་ ཤིང་ཐོག་ཁར་འཛེག་ནུག་ལགས
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    ས་ཁར་ཉལ་མ་བཅུག་པར་ མི་མ་ཡིན་པར་ཡོདཔ་ཨིན་མས་མར་ དེ་ལས་ མི་མ་ཡིན་པ་ འོང་དེ་ལོ་ལགས། ཁོང་ འ་ནཱེ དཔོན་གཅིག་གིས་ རྒྱལ་པོ་གཅིག་གིས་འཁྱིག་ར་ གནམ་མེད་ས་མེད་ རྐང་ཁྲི་ འབག་སྟེ་ ཚོགས་འཛོམས་འབད་དེ་ལོ་ ཤིང་གི་རྩ་བར།
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    ཡ་ ག་དེ་སྦེ་སྨོ་ ད་རེས་ཀྱི་ ཤ་མ་ཐོབ་ག་ཟེར་ སླབ་སླབ་མས་ལགས་ དཔོན་གྱིས་ བདུད་ཀྱིས་ཏེ། དེ་ལས་ ཕར་དྭཝ་ རྒྱལ་པོའི་སྲས་རྐྱངམ་ལས་གཅིག་མ་གཏོགས་ ད་རུང་ མི་ཐོབ་ག? ཐོབ་ནི་ཡོད་ལགས་ ཤ་ལེ་ཤ་ར། དགེ་སློང་སྟོང་གཅིག་གི་ ཤ་ཐོབ་ནི་ཡོད་ཟེར་ ཞུ་ནུག་ལགས། འ་ནཱེ་བདུད་ལུ་ བློན་པོ་ལུ།
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    དེ་ལས་ ག་དེ་སྦེ་ཐོབ་ནི་སྨོ་ དོན་དག་ཟེར་ སླབ་ནུག་ལགས། ད་ རྒྱལ་པོ་ལུ་ ཡི་གུ་གཅིག་འབག་ནུག་ལགས་ ཕྱུག་པའི་བུ་གིས། ཨ་ ཕ་ སྐྲ་ སྐུ་ཟེར་འདུག་ལོ་ལགས། འ་ནཱེ་ ཧ་མ་གོ་བར་ ཁོང་ཚུ་ར་ ནང་དོགས་སྟེ་ གསད་ནི་ཨིན་མས་ལགས་ ནངས་པ་འདི་ཟེར་ ཞུ་ནུག་ལགས།
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    དེ་ལས་ འ་ནཱེ་་ མི་མ་ཡིན་པའི་ དཔོན་དེ་གིས་ སླབ་ནུག་ལགས། ཡ་ ག་ཅི་སྦེ་ མ་གོཝ་སྨོ་ ཁོང་ཚུ་ ཨ་ཟེར་མི་འདི་ ཨ་མེད་པའི་ སྟོང་པའི་ནང་ ག་ཅི་ཡང་མེད་པའི་ མི་ཡང་མེད་པའི་ནང་ན་ཨ། ཕ་ ཕ་རྒྱལ་པོའི་སྲས་ ཕྱུག་པའི་བུ་ཟེར་མི་ཨིན་ལགས། ཨ་ཕ་སྐྲ་ཟེར་མི་ སྐྲ་བྱམས་པ་གོང་དུ་རྐང་པའི་འོག་ཏུ་ཨེབ་ཟེར་ སྐུ་ཟེར་ སྐུ་རིན་ཆེན་གསེར་དང་ འདི་ལས་འབྱུང་ཟེར་ སླབ་ནུག་ འ་ནཱེ་ ཧ་མ་གོ་བས་ཟེར།
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    དེ་ལས་ མི་མ་ཡིན་པ་ རྒྱལ་པོ་འདི་གིས་ དེ་སྦེ་དོན་དག་རྟོགས་ནུག་ལགས། དེ་ལས་ འ་ནཱེ་ དགེ་སློང་ཨ་ལོ་རིག་པ་ཅན་དེ་ ཤིང་གུ་ གསིག་ནུག་ལགས། ཡར་ལུ་ འདྲོག་སྟེ་ རུ་ཏོག་ཡང་སྤར་ནུག། དེ་སྦེ་སྤར་ཏེ་ ཡ་ ད་འབདན་ཤེས་ཅིག་ཟེར་ ནངས་པ་ཨིནམ་ད་ ནངས་པ་འབག་ཤོག་ཤ་ སྟོང་ཕྲག་གཅིག་ཐོབ་ནི་ཨིན་མས་ཟེར་ བསྟུན་གྲོས་རྐྱབ་ཏེ་ ནངས་པ་བྱཔོ་འབོ་རནམ་ད་ ཧ་ལམ་ཅིག་ལས་ཏེ་ འགྱོཝ་མས་ལོ་ལགས།
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    དེ་ལས་ཏེ་ ཁོང་ཚུ་གི་ ས་ལུ་འབབ་ དེ་ལས་ ག་ར་ལུ་ འདྲི་བ་བཀོད་དོ་ཡོདཔ་མས་ཏེ་དེ་ལས་ དགེ་སློང་ག་ར་ཚར་ཏེ་ ཁོ་ འགྲོས་ཀྱིས་སྦེ་ ཉིམ་ཤརཝ་ད་རྐྱངམ་ཅིག་སོང་ནུག། རུ་ཏོག་ར་སྤར་ཡར་སོང་ནུག།? དེ་ལས་ཏེ ག་ར་འདྲི་བ་བཀོད་ཚར་ཏེ་ ཁོ་ རྐྱངམ་གཅིག་གུ་ལྷོད་ནུག་ལགས། ཁྱོད་ཀྱི་ཤེས་ཅི་ག་ གསད་ནི་རན་ནུག་ལགས། རྒྱལ་པོ་ག་ར་གིས་ ཀྲོབ་མདའ་སྤགས་ནུག། གོ་བ་འབག་ཤོག
  • ཚེ་རིང་རྡོ་རྗེ་/ Tshering Dorji:.
    ཨ་ཕ་སྐྲ་སྐུའི་ ང་གིས་ ཤེས་ལགས་ཟེར་ ཞུ་ནུག་ལགས། ཡ་ སླབ་ཤིག་ཟེར་ སླབ་ནུག་ལགས།
    ཡ་ ཨ་ཟེར་མི་ ཨ་མེད་པའི་སྟོང་པའི་ ག་ཅི་ཡང་མེད་པའི་ མི་ཡང་མེད་པའི་ས་ཁར། ཕ་ཟེར་མི་འདི་ རྒྱལ་པོའི་སྲས་དང་ ཕྱུག་པོའི་བུ། སྐུ་ སྐྲ་བྱམས་པའི་ རྐང་པའི་འོག་ཏུ་ཨེབ། སྐུ་རིན་ཆེན་སྲོག་དང་འདི་ལས་འབྱུང་ཟེར་ དེ་འབད་ཨིན་ལགས་ རྒྱལ་པོ་སླབ་ནུག་ལགས།
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    འུམ་ཟེརཝ་ཅིག་ དེ་ལས་ ཕྱུག་པའི་བུ་འཁྱིད་འོང་སྟེ་ ཕྱུག་པའི་བུ་བསད་ཡི་ཟེར་ཨིན་ལགས། འདི་ལས་བསད་དེ་ དེ་ལས་ འ་ནཱེཚུ་ མི་མ་ཡིན་པ་ཚུ་ ཕྱུག་པའི་བུ་གཅིག་རྐྱངམ་ཅིག་ཐོབ་ནུག་ དེ་ལས་ དེའི་གོ་བ་དེ་ ཁོང་ མི་མ་ཡིན་པ་ཚུ་གིས་སླབ་ལས་ ཁོང་ཚུ་གི་སྲོག་དེ་ སྲོག་སྐྱབས་འབད་ནུག། དགེ་སློང་དེམ་ཅི་ཟེར་ ཞུ་ནི་ཨིན་ལགས། ད་འབདན་འདི།
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    འ་ནཱེ དྭཝ་བུ་ཚུ་ ཕྱུག་པའི་ཨ་ལོ་ཟེར་རུང་ རྒྱུ་ལུ་བརྟེན་ཏེ་ སེམས་ངན་མནོཝ་ལས་ ད་ འ་ནཱེ་ལས་ ཁོ་ཡང་ཤི་ཡི་ཟེར་ ཞུ་ནི་ཨིན་ལགས། དེམ་ཅིག་ཨིན་ལགས།