Skip to main content Skip to search
22 Aug 2018
7 min 7 sec
Video Overview
Creators: 
Duptho
Transcript search
No results found for this search
0 of 0
  • འཕྲིན་ལས Thinley
    ཧེ་མ་རྒྱལ་པོ་སྲས་ཅིག་དང་སྲསམོ་ཅིག་ཡོདཔ་མས་ དེ་ལས་ ཨ་ཞིམ་འདི་འོག་ལུ་སྡོད་ ནུ་གཅུང་འདི་མཐོ་ཁ་སྡོད་སྡོདཔ་མས། ཏེ་ཨ་ཞིམ་འདི་འོག་ལུ་སྡོད་ནི་འདི་གི་ འདོད་ཆགས་ལོང་འདི་འབད་མ་ཚུགས་བ་ རྡོ་གི་འོག་ལུ་འགྱོ་ནུག དེ་ལས་རྡོ་འོག་ལུ་འགྱོཝ་ད་ཉིམ་ཤར་ནུག་ དེ་ལས་བདུན་ཕྲག་གཅིག་དེ་ཅིག་འགྱོཝ་ད་ཨ་ཞིམ་འདི་འགྱོ་ནུག
  • འཕྲིན་ལས Thinley
    འ་ནཱི་གང་ལས་ ཟླཝ་ལང་སོང་ནུག་ ཏེ་ དེ་ལས་ རྨགཔ་མེད་པའི་ཨ་ཞིམ་འདི་ རྡོ་འོག་ལུ་རྐྱབ་ད་ནུག་ ཏེ་ གསེར་དངུལ་འདི་ཚུ་འབག་ རྟ་གུ་བཀལ་འབད་བྱོག་འགྱོ་ནུག དེ་ལས་འགྱོ་འདི་སྡོད་པའི་གང་ ནུ་གཅུང་འདི་ཁ་སྐོམ་ཡི་ཟེར་ ཨ་ཞིམ་འདི་ ཆུ་ལེན་འབག་བར་འགྱོ་བའི་སྐབས་ བདུདམོ་གི་ནུ་གཅུང་འདི་བཟའ་ད་ནུག ཏེ་ གུ་རུ་རིན་པོ་ཆེ་མི་སྤྱང་ཀ་གཅིག་ལུ་སྤྲུལ་འདི་བྱོན་ནུག
  • འཕྲིན་ལས Thinley
    རིན་པོ་ཆེ་ ང་གི་ནུ་གཅུང་ཤི་སོང་ནུག་ ཟས་སྔགས་ཅིག་གནང་ན་ཟེར་སླབ་ད་ ཟས་སྔགས་གནང་འདི་ ད་རུང་ལོང་ཆད་ནུག ད་རུང་ དམ་ཚིག་གི་མ་བཏུབ་བ་ ད་རུང་ཤུལ་ལས་སྲིན་པོ་འོང་ རྟ་ཡང་བྱང་ ཨ་ཞིམ་གྱི་ཆིབས་རྟ་ཡང་བཟའ་ ནུ་གཅུང་ རྟ་ཡང་བཟའ་ ཏེ་ དེ་ལས་ཨ་ཞིམ་གི་ཧེམ་ཅུང་ནང་འདི་ མོ་རྒྱལ་པོའི་སྲསམོ་འབད་ནི་འདི་གི་ གྱི་རིང་ཅན་མ་ཟེར་མི་ཅིག་ཡོད་ལོ་ འདི་གི་འདི་ ཕར་བཏངམ་ཅིག་ ལ་དགུ་རྒྱབ་ཁ་ལྷོད་ལོ་ དེ་ལས་སྲིནཔོ་སྤུ་དགུ་ག་རང་གསད།
  • འཕྲིན་ལས Thinley
    ཏེ་ དེ་ལས་ཁོང་གཉིས་བྱོག་འགྱོ་ ཏེ་ ལ་ལུ་ལྷོདཔ་ད་ མེ་ཏོག་གསེརཔ་ཅིག་དང་དཀརཔ་ཅིག་འདུག་ལོ་ ཏེ་ ལས་ཀྱི་མ་བཏུབ་པ་མེ་ཏོག་གསེརཔ་འདི་དབུར་ཅིག་སྤྱ་ལུ་འགྱུར་ཡར་སོང་ནུག ཏེ་ ཨ་ཞིམ་ཅིག་ལུས་སོང་ནུག་ ཏེ་ ཨ་ཞིམ་འདི་སྟུ་ལོང་ མིང་མ་ཤེསཔ་མས་ ཏེ་ སྒརཔ་འབད་འཛུལ་དགོ་བས་མནོ་རུང་ མིང་མ་ཤེས་ དེ་ལས་ཡུབ་ཅིག་ལས་ཆབ་གསང་ཤོར་ནུག་ལོ་ ཏེ་ ཤིལཝ་ཤིལཝ་ཟེར་ཆུ་བཏང་ནུག
  • འཕྲིན་ལས Thinley
    འུམ་ ཤིལཝ་ཤིལཝ་ཟེར་མིང་བཏག་ནུག་ དེ་ལས་སྒརཔ་འབད་འཛུལ་ནི་འབད་ནུག་ ཏེ་ ད་ ང་སྒརཔ་འབད་འཛུལ་ནི་ཨིན་ལགས་དྲགས་ཤོས་་ཟེར་ནུག་ ཏེ་ དབའི་ཁྱོད་མིང་ག་ཅིག་སྨོ་ཟེརཝ་ད་ ཤོལཝ་ཤེལཝ་ལ་ཨིན་ཟེར་ནུག་ ཡར་ཟེར་སླབ་ནུག་ ཡར་བཏུབ་ཟེར་ དེ་ལས་ཕར་ལས་བདུདམོ་འཐོན་འདི་ག་དྲག་ཟེར་སླབ་ད་ ང་བཅས་ག་གི་ཡང་འབད་མི་ཚུགས་ཟེར་ནུག་ ཏེ་ མཇུག་རང་བོད་ཤོལཝ་ཤོལཝ་ལུ་ དབའི་བོད་ བོད་ཤོལཝ་ཤོལཝ་འགྱོ་ནི་ན་ཟེརཝ་ད་ ཕྱགས་ཞུ་ནི་ལགས་ཟེར་ནུག
  • འཕྲིན་ལས Thinley
    ཏེ་ མོ་འདི་གྱི་རིང་ཅན་མ་ཡོད་ནི་འདི་གི་མས་ ཏེ་ གཞན་གྱི་འདི་ག་ཏེ་སྦེ་ བདུདམོ་དང་འཐབ་ཚུགས་ནི་ ཏེ་ མི་ཚུགས་བ། ཏེ་ དེ་ལས་བདུདམོ་འོང་དོ་ཡོདཔ་མས་ ཏེ་ བདུདམོ་དང་ཕྱད་མདའ་རྐྱབ་འབད་ མོ་ལུ་འབད་མ་ཚུགས་སྦེ་ ཏེ་ འ་ནཱི་བོད་ཤོལཝ་ཤོལཝ་ལ་་རྒྱལ་སོང་ནུག འུན་ ཁྱོད་ཆ་ཁྱབ་ང་གི་འོག་ལུ་བོད་འབད་སྡོད་འདི་ག་ཅིག་ཡང་འབད་མ་ཚུགས་ ང་གི་བོད་ཤོལཝ་ཤོལཝ་ལ་ལྷོད་འདི་ ཟླཝ་གསུམ་ཡང་མ་འགྱོ་ མོ་གི་ང་གི་རྒྱབ་ལས་བདུདམོ་ཡང་ཕམ་བཏང་ད་ཡི་ ཁྱོད་ཆ་ཁྱབ་ག་ཅིག་གོ་མ་ཆོད་སྦེ་ཟེར་ནུག
  • འཕྲིན་ལས Thinley
    ད་རུང་ཤུལ་ལས་མི་ཚུ་ཕྱི་ཁ་འགྱོ་རུང་ ལཱ་ས་འགྱོ་རུང་སྟག་གི་བཟའ་འདི་ ད་རུང་བཀའ་ཤོག་ཅིག་བཏང་ནུག རྒྱལ་པོ་ འབད་རང་མ་ཚུགས་ཟེར་ ཡ་ ད་ ང་བཅས་ག་དེ་འབད་སྦེ་ནི་ཟེར་འཛོམས་སྡུས་རྐྱབ་ནུག་ ད་ ག་འགྱོ་ནི་ ག་འགྱོ་ནི་ཟེརཝ་ད་ ཁྱོད་འགྱོ་ཁྱོད་འགྱོ་ཟེརཝ་ད་ ང་གི་འདི་ཕྱགས་ཞུ་མི་ཚུགས་ ཞུ་མི་ཚུགས་ཟེར་ནུག་ ཏེ་་ མཇུག་ལུ་རང་ ཡ་ བོད་ཤོལཝ་ཤོལཝ་ལ་ཁྱོད་འགྱོ་དགོ་འབད་ཟེརཝ་ད་ བཏུབ་ལགས་ཟེར་ནུག་ འུམ་ ང་གི་ཤེས་ ཤོལཝ་ཤོལཝ་ལ་འདི་མ་འོང་ ལོ་གཅིག་རང་མ་འགྱོ་ད་ ཁོ་གི་ཚར་གཉིས་གཉིས་རེ་ལཱ་འབད་དོ་མ་རེ་ཟེར་ནུག
  • འཕྲིན་ལས Thinley
    དེ་ལས་ འདི་ནང་ལས་ལོགཔ་ད་ལུ་ ཁྱོད་ང་གི་ཨམ་སྲུ་འབད་བཞགས་ནི་ཟེར་ནུག་རྒྱལ་པོ་གི་ དེ་ལས་འགྱོ་ནུག་ ཏེ་ སྟག་འདི་ཚུ་བློ་སླབ་དོ་ཡོདཔ་མས་ ཏེ་ རོ་བདུདམོ་ཡང་གསད་ཚུགས་མི་མས་ ང་བཅས་ཀྱི་ག་ཅིག་འབད་ཚུགས་ནི་ འདི་བ་འདི་ ང་བཅས་རང་བྲག་གུ་ལས་ཤི་སོངམ་འདྲག་འབད་ཟེར་སླབ་ སྟག་འདི་ཚུ་ག་ར་འཐབ་འབད་ཤི་སོང་ནུག་ དེ་ལས་ མི་སེར་ཚུ་འུར་ལཱ་བཏོན་འབད་ སྟག་འདི་ཚུ་རྒྱལ་པོའི་རྡོ་གཅལ་གང་འབད་བཀལ་ད་ནུག
  • འཕྲིན་ལས Thinley
    ཏེ་ རྒྱལ་པོ་འདི་ བོད་ཤོལཝ་ཤོལཝ་ལ་གི་ཞབས་སུ་འོང་ནུག་ལོ་ ཏེ་ རྒྱལ་པོའི་ཞབས་སུ་མེན་པར་ བོད་ཤོལཝ་ཤོལཝ་འབད་ས་ བདུདམོ་ཡང་གསད་ད་ཡི་ སྟག་ཡང་གསད་ད་ཡི་ཟེར་ དེ་ལས་གཡུབ་ཅིག་ལས་ད་རུང་ཁྲིམ་བཀལ་ནུག་ ད་ ཁྱོད་ཀྱི་འདི་འབད་ཚུགས་པ་ཅིན་ཨིན་རང་ཨིན་མས་ ད་ ང་བཅས་གཉིས་ ན་སྒོ་ཁ་ལས་ཕར་ཟམ་པ་རྐྱབ་དགོ་ ཉིམ་གཅིག་ནང་ཟེར་ནུག་ ད་རུང་ཉིམ་གཅིག་ནང་རང་ཟམ་པ་རྐྱབ་ནུག་ མོ་གི་
  • འཕྲིན་ལས Thinley
    སྐུདཔ་ལྷམ་པ་མ་འདྲཝ་ལྔ་འབག་ སྤྲིང་འབད་རྐྱབ་ད་ནུག་ དེ་ལས་ཕྱག་སྒརཔ་ཚུ་གི་སྤྲོ་དོ་ཡོདཔ་མས་རྒྱལ་པོ་ལུ་ འདི་ ཟམ་འདི་སྐིད་གི་མས་ཁྱོད་གསད་ནི་འབད་མས་ཟེར། ཏེ་ ཟམ་རྐྱབ་ཕར་ཀ་ ཁྱིམ་རྐྱབ་ཚར་བའི་གང་ལས་ ད་རུང་རང་ ཤིང་འབྲས་སྣ་ཚོགས་བཙུགས་དགོ་ཟེར་ དེ་ལས་ཤིང་འབྲས་བཙུགས་ རྡོག་མ་བཏག་འཚོ་འདི་བཟའ་རེན་ནུག ཏེ་ ཤིང་འབྲས་སོན་འདི་བྱ་སྣ་ཚོགས་འབག་འོང་འོངམ་མས།
  • འཕྲིན་ལས Thinley
    འུམ་ ད་རུང་རྒྱལ་པོ་གསད་ནི་ཟེར་ ད་ལྟོ་རང་ ཁྱོད་སྐེ་རིང་རྟའི་ཨོམ་ལེན་པ་བཏང་ཟེར་བཟོ་བཀལ་བཏང་ནུག་ ཏེ་ ཁོ་སྐེ་རིང་རྟའི་ཨོམ་ལེན་འབད་ལོག་ལྷོད་ནུག ཏེ་ དེ་ལས་གསོལཝ་དྲང་ནི་འབདཝ་ད། ཏེ་ དེ་ལས་ མོ་དང་ཆ་རོགས་རྣམ་ཅོ་སྦོམ་ རྐངམ་རིངམོ་ ལགཔ་རིངམོ་ཡོད་མས་ ཏེ་ ཁོང་ག་ར་བསྡོམ་འབད་ ཤ་གི་ཚོདམ་བཟོ་ནུག་ རྒྱལ་པོ་ལུ་ཞུ་སྦེ་ ཏེ་ ནངས་པ་ང་བཅས་གསད་པ་འོང་ནི་མས་ཟེར།
  • འཕྲིན་ལས Thinley
    ཏེ་ དེ་ལས་ མི་ཏོག་སྦོམ་གི་མཐོང་ རྣམ་ཅོ་སྦོམ་གི་ཧ་གོ་ ལགཔ་རིངམོ་གི་བཟའ་ འདི་རོགས་ལུ་བཀལ་ དེ་ལས་རོགས་ཀྱི་ འདི་ནང་འབག་འོང་ ཏེ་ དེ་ལས་རོགས་འོངམ་ད་ ཁོ་ག་ར་འདི་བཟའ་འབད་ཤི་སོང་ནུག རྫོགས་སོའི་ལགས།