Skip to main content Skip to search
17 Aug 2018
6 min 34 sec
Rating
0
No votes yet
Video Overview
Creators: 
Sonam Tobgye, Sangay Tshomo

Phuntsho Wangdi from Nagtshang tells the story about a poor couple. He says the moral of the story is to convince the listener that if we give things whole-heartedly, we will be rewarded. In old days, families used to share stories like these at night, but this tradition has largely disappeared.

 

Show More

  • ཕུན་ཚོགས་དབང་འདུས།/Phuntsho Wangdi
    ཧེ་མ་ གཡུས་ཝ་ར་ཎ་སི་ལུ་ཨིན་མས་འ་ནཱི་འདི། གཡུས་ཝ་ར་ཎ་སི་ལུ་ རྨགཔ་དང་ཨམ་སྲུ་གཉིས་སྤྱང་ཀ་ཨིན་པས་སྤྱང་ཀ དྲོ་པ་བཟའ་ནི་གི་དྲོ་པ་ལྷང་ ཉི་མ་བཟའ་ནི་གི་ཉི་མ་ལྷང་ ཕྱི་རུ་བཟའ་ནི་གི་ཕྱི་རུ་ལྷང་སྟེ་ དེ་སྦེ་ར་ཟ་སྡོད་དོ་ཡོདཔ་མས། ཁོང་གཉིས་ཨིན་རུང་རུང་མེན་རུང་ གོ་ལ་མེད་པའི་སྒྱེན་མོ་ཨིན་པས། ཁོང་གཉིས་ལུ་ ཨིན་རུང་མེན་རུང་ཁ་ཤ་ ཁ་གང་གྲུ་བཞི་མ་གཅིག་ཡོདཔ་ཨིན་མས། མི་ཊར་དེ་ཅིག་གི་གྲུ་བཞི་མ་གཅིག་རྐྱངམ་ཅིག
  • ཕུན་ཚོགས་དབང་འདུས།/Phuntsho Wangdi
    ཏེ་ རྨགཔ་ལྟོ་ལྷང་པར་འགྱོཝ་ད་ལུ་ ཨམ་སྲུ་འདི་རྩྭ་སྐམ་ནང་ན་ རྩྭ་སྐམ་ནང་ན་འཛུལ་སྡོད་དོ་ཡོདཔ་མས། ཏེ་རྨགཔ་འདི་འ་ནཱི་ཁ་ཤ་དཀྱིས་སྦེ་འགྱོ་དོ་ཡོདཔ་མས། དེ་ལས་ ཨམ་སྲུ་ལྟོ་ལྷང་པར་འགྱོཝ་ད་ལུ་ སོར་ཡི་སོར་ཡི་འགྱོ་དོཝ་མས། ཏེ་ཨམ་སྲུ་ལྟོ་ལྷང་པར་འགྱོཝ་ད་ལུ་ རྨགཔ་རྩྭ་སྐམ་ནང་འཛུལ་སྡོད་དོཝ་མས་ ཏེ་རྨགཔ་འགྱོ་དོཝ་མས།
  • ཕུན་ཚོགས་དབང་འདུས།/Phuntsho Wangdi
    དེ་སྦེ་ར་ མི་ཚེ་ལྷོདཔ་ཅིག་ ཏེ་བར་རྒན་འགྱོ་དོཝ་མས། རྒྱལ་པོའི་ཕོ་བྲང་རྩ་བ་ཅིག་ལུ་ཨིན་པས་ཨིན་ཡང་། ཚར་གཅིག་ཟེརཝ་ད་ལུ་ རྒྱལ་པོའི་ཕོ་བྲང་ནང་ན་སྦེ་ རྒྱལཔོ་གིས་འབད་ ཏེ་རོགས་སངས་རྒྱས་ཤཱཀྱ་ཐུབ་པ་གདན་འདྲེན་ཞུ་སྦེ་ ཆོས་འཁོར་ཅིག་བཙུགས་ནུག ཆོས་འཁོར་བཙུགས་སྦེ་ ཏེ་ཆོས་གནང་དོ་ཡོདཔ་མས། ཆོས་གནངམ་ད་ལུ་ ང་བཅས་གཉིས་འདིནི་ ཕུལ་ནི་ག་ནི་ཡང་མེད་སྨོ་ཟེར་
  • ཕུན་ཚོགས་དབང་འདུས།/Phuntsho Wangdi
    ཚེ་ད་རེས་ལུ་ ཏེ་འ་ནཱི་བཟུམ་སྦེ་ ཏེ་མ་དག་པ་ལས་ཀྱིས་འབད་རང་ལུ་ ཧེ་མ་སྡིག་པའི་ལས་མངམ་འབད་ནི་དེ་གིས་ ང་བཅས་གཉིས་ལུ་འབྱོར་པ་ཕུན་སུམ་ཚོགསཔ་ག་ནི་ཡང་མེད། ད་ལྟོ་ ད་རེས་བཟའན་ ནངས་པར་བཟའ་ནི་མེད་ ནངས་པར་བཟའན་ གནངས་ཚེ་བཟའ་ནི་མེད་ དྲོ་པ་བཟའན་ ཉི་མ་བཟའ་ནི་མེད་ ཉི་མ་བཟའན་ ཕྱི་རུ་བཟའ་ནི་མེདཔ་འགྱོ་མི་འདི་ ཚེ་སྔ་མ་ཚོགས་མ་བསགས་པའི་རྟགས་ཨིན་པས་སྨོ་ཟེར་
  • ཕུན་ཚོགས་དབང་འདུས།/Phuntsho Wangdi
    ད་རུང་ལོག་སྟེ་ ང་བཅས་གཉིས་མི་ཚེ་ཧ་ལམ་ཕྱེད་ཀ་ཡར་སོ་ཡི་ད་བར་རྒན་ཡར་སོ་ཡི་ཟེར་ ཤི་སོ་རུང་ ལོག་སྟེ་འ་ནཱི་བཟུམ་ཅིག་ལུ་རང་ སྤྱང་ཀ་གནམ་མེད་ས་མེད་སྤྱང་ཀ་ འ་ནཱི་བཟུམ་ལུ་སྐྱེ་ནི་ཨིན་མས་ང་བཅས་གཉིས་སྨོ་ཟེར་ ཏེ་ང་བཅས་གཉིས་ལུ་ཡོད་རུང་མེད་རུང་ གཞན་ག་ནི་ཡང་མེད་ ཕུལ་ནི་གི་གཞན་འདི་ག་ནི་ཡང་མེད་ཟེར་ སངས་རྒྱས་ཤཱཀྱ་ཐུབ་པ་ལུ་ ཏེ་དད་པ་དང་མོས་གུས་ཀྱི་ཐོག་ལས་འབད་དེ་ སྙིང་ཐག་པ་ལས་འབད་ རང་གི་བརྩེ་བའི་ཐོག་འབད་དེ་ དད་པ་ལྷག་པར་དུ་བསྐྱེད་སྦེ་ ང་བཅས་གཉིས་ཀྱིས་ཁས་བླངས་འབད་དེ་ ཁ་ཤ་ཁ་གང་གྲུ་བཞི་མ་འདི་ ཆུ་འཁྱུ་སྦེ་ ཏེ་ཧིང་སང་ས་བཟོ་སྦེ་ ཕུལ་གཏང་གེ་མེན་ན་ཟེར་ བསྟུན་གྲོས་རྐྱབ་ནུག
  • ཕུན་ཚོགས་དབང་འདུས།/Phuntsho Wangdi
    ཏེ་རྨགཔ་གིས་སླབ་ནུག་ཨམ་སྲུ་ལུ་ལྟ་སྟེ། ག་དེ་འབད་ནི་སྨོ་ ཕུལ་གཏང་གེ་ཟེརཝ་ད་ལུ་ ཏེ་ཨམ་སྲུ་གིས་སླབ་ནུག དབའེ་ནངས་པར་ལས་ལྟོ་ལྷང་པར་འགྱོཝ་ད་ ག་ཅི་དཀྱིས་འགྱོ་ནི་ ཏེ་ང་སྒྱེན་མོ་སྦེ་རྩྭ་སྐམ་ནང་འཛུལ་སྡོདཔ་ད་ལུ་ ཁྱོད་དཀྱིས་འབག་སྦེ་ ཁྱོད་འགྱོ་ནི་ཡོད། ཁྱོད་འ་ནཱི་བཟུམ་རྩྭ་སྐམ་ནང་སྡོདཔ་ད་ལུ་ ང་དཀྱིས་འབག་སྦེ་འགྱོ་ནི་ཡོད། འ་ནཱི་བཟུམ་འབདཝ་ད་ང་བཅས་ གནས་སྟངས་ཨ་ཙི་ སྟབས་མི་བདེ་བས་མེན་ན་ ང་བཅས་གཉིས་ལྟོ་བཀྱེས་ཏེ་ཤི་ནི་གི་དུས་ཚོད་རེ་ཤར་འོང་སྨེ་ཟེར་ འ་ནཱི་བཟུམ་སྦེ་འདི་ མ་ཕུལ་གེ་མེན་ན་ ཟེར་སླབ་ནུག
  • ཕུན་ཚོགས་དབང་འདུས།/Phuntsho Wangdi
    ལྟོ་བཀྱེས་ཏེ་ཤི་རུང་ཤི་གེ་ མི་ཚེ་གཅིག་ནང་ སྐྱེས་ཞིནམ་ལས་ ཤི་ར་ཤི་དགོ་ ཤི་དགོ་པའི་རང་བཞིན་ར་ཨིན། སྐྱེས་ཞིནམ་ལསན་ ཤི་དགོ་པའི་ལས་རང་ཨིན་ཟེར་ འཇིག་རྟེན་རང་བཞིན་ཨིན་ཟེར་ ཤི་ནི་ལུ་མནོ་བསམ་བཏང་སྟེ་འདྲོག་མི་དགོ་ད་ ཚེ་སྔ་ཚོགས་མ་བསགས་པ་ཅིན་ ལོག་སྟེ་སྐྱེ་བ་ཐོབ་རུང་ ད་རུང་ར་དུས་ཚོད་འདི་བཟུམ་ཅིག་ལུ་ འ་འདི་བཟུམ་ཅིག་ལུ་སྐྱེ་བ་ལངས་ཏེ་ ང་བཅས་གཉིས་ ད་རུང་ འ་ནཱི་བཟུམ་སྦེ་ལས་སྲིད་ནི་རྐྱངམ་ཅིག་ཨིན་མས་ ད་ཕུལ་གཏང་ནི་ད་ཟེར་ དེ་ལས་ཁ་ཤ་འདི་ཆུ་འཁྱུ་སྦེ་ ཧིང་སང་ས་འབད་འཁྱུ་སྦེ་ སངས་རྒྱས་ལུ་ཕུལ་བར་འབག་ནུག
  • ཕུན་ཚོགས་དབང་འདུས།/Phuntsho Wangdi
    ཕུལ་བར་འབག་གེ་ཟེར་རུང་ ག་ཅི་འབད་ཚུགས་ནི་ ཁོང་གཉིསནི་ སྒྱེན་མོ་ཡོད་བ་ཏེ་ ཕྱི་ཁར་དགེ་སློང་གཅིག་མཇལཝ་ད་ དགེ་སློང་ལུ་ཞུ་སྦེ་ སངས་རྒྱས་ཀྱི་སློབམ་དགེ་སློང་ཅིག་མཇལ་མཇལཝ་མས། དགེ་སློང་ཅིག་མཇལ་བའི་སྐབས་ལུ་ ཏེ་དགེ་སློང་ལུ་ལྟ་སྟེ་ཞུ་ཞུཝ་མས་ ཨའེ་ ད་རེས་ནཱ་ ཆོས་འཁོར་ཅིག་བཙུགས་ས་ལུ་ ཏེ་སངས་རྒྱས་ལུ་ཕུལ་ནི་གཞན་འདིནི་ ག་ནི་ཡང་མེད་ ཏེ་ང་བཅས་བཟའ་ཚང་གཉིས་ལུ་ཨིན་རུང་མེན་རུང་ འ་ནཱི་ཁ་ཤ་ཁ་གང་གྲུ་བཞི་མ་གཅིག་ཡོད་ འ་ནཱི་ ཏེ་སངས་རྒྱས་ལུ་ཕུལ་ནི་ཟེར་ ད་རེས་འབག་འོང་ཡི་ ཁྱོད་ཀྱིས་ཨ་ཙི་ སངས་རྒྱས་ལུ་ཕུལ་གནང་ཟེར་ ཏེ་ང་ནང་ན་འགྱོ་ནི་གོ་སྐབས་མིན་འདུག ང་སྒྱེན་མོ་ཡོད་ ཁྱོད་ཀྱིས་ཨ་ཙི་ཕུལ་གནང་ཟེར་ དགེ་སློང་ལུ་ལྟ་སྟེ་ཕུལ་བཏང་བཏངམ་མས།
  • ཕུན་ཚོགས་དབང་འདུས།/Phuntsho Wangdi
    ཏེ་དགེ་སློང་ལུ་ཕུལ་བཏངམ་ད་ལུ་ ཏེ་སངས་རྒྱས་ཀྱིས་མངོན་ཤེས་ཐོགས་པ་མེད་པར་གཟིགས་ཏེ་ ཁ་ཤ་ཕར་ཕུལ་བར་ལྷོདཔ་ད་ ཡ་ ཁོང་གཉིསཔོ་ ཨིན་རུང་མེན་རུང་ཁོང་གཉིས་ལུ་རྒྱུ་ནོར་ལོངས་སྤྱོད་གཞན་ག་ནི་ཡང་མིན་འདུག་ དྲོ་པ་བཟའ་ནི་དྲོ་པ་ལྷང་ ཉི་མ་བཟའ་ནི་ཉི་མ་ལྷང་ ཕྱི་རུ་བཟའ་ནི་ཕྱི་རུ་ལྷང་ཟ་སྟེ་ ཁོང་གཉིས་བསྡོམས་སྦེ་ཡོད་རུང་མེད་རུང་ ཁ་ཤ་ཁ་གང་གྲུ་བཞི་གཅིག་རང་མས།
  • ཕུན་ཚོགས་དབང་འདུས།/Phuntsho Wangdi
    ཨིན་ཏེ་འབད་རུང་ཁོང་གཉིས་ ཏེ་བསམ་པ་ཆོས་ལུ་དམིགས་ཏེ་ ཁོང་གཉིས་ ཏེ་བསམ་པ་ཆོས་བཞིན་དུ་འགྲུབ་ནི་ཟེར་ འ་ནཱི་སྦེ་ཨིན་པས་ཟེར་ ཁོང་གཉིས་ལུ་ ཏེ་ག་ནི་ཡང་མེད་རུང་ ཏེ་ཁ་ཤ་ཁ་གངམ་ཅིག་ཡོད་རུང་ ཁ་ཤ་ཁ་གངམ་ར་རྡུགས་ཅིག་ཡོད་རུང་ ཏེ་དད་པ་བསྐྱེད་སྦེ་ འ་ནཱི་བཟུམ་སྦེ་ཕུལཝ་མས་ཟེར་ སྤ་་་་ འ་ནཱི་བཟུམ་དགོ་ཟེར་ ཆོས་ལུ་དད་པ་དང་མོས་གུས་བསྐྱེད་མི་འ་ནཱི་བཟུམ་དགོ་སྨ་རེད་ཟེར་ ཏེ་ག་ཅི་ལོ་ སངས་རྒྱས་ཀྱིས་གསུངས་གནང་ནུག ཆོས་ཞུ་མི་ཚུ་དང་རྒྱལ་པོ་ རྒྱལ་པོའི་བཙུན་མོ་ཚུ་ལུ།
  • ཕུན་ཚོགས་དབང་འདུས།/Phuntsho Wangdi
    དེ་ལས་རྒྱལཔོ་གིས་ཡང་སྙན་དྭངས་ཡི་བ་ དེ་ལས་ ཁོང་གཉིས་ག་ཏེ་འདུག་ཟེརཝ་ད་ དེ་ཁར་འདུག་ཟེར་ རྒྱལ་པོའི་ཕོ་བྲང་ལུ་ དེ་སྦེ་སྡོད་ནུག རྩྭ་སྐམ་ནང་ན་འཛུལ་ཏེ་དེ་སྦེ་སྡོད་ནུག ཁྱིམ་ཡང་མིན་འདུག་ཟེར་ ཏེ་སྙན་སྒྲོན་དེ་སྦེ་ཞུཝ་ད་ལུ་ རྒྱལ་པོ་གིས་ ཏེ་ཁོང་གཉིས་མི་ཚེ་གཅིག་ལང་པའི་ས་ ཁྱིམ་ཡང་རྐྱབ་བྱིན་ཏེ་ རྒྱུ་ནོར་ལོངས་སྤྱོད་ལེ་ཤ་ ཏེ་དཔེར་ན་ རྒྱ་ཆེན་ གོས་ཆེན་ འ་ནཱི་བཟུམ་ཚུ་ ཏེ་ཁོང་གཉིས་མི་ཚེ་གཅིག་ལུ་ལང་པའི་ བཟའ་ནི་གི་ནོརབུ་གནང་ཡི་ཟེར་ཨིན་མས་བ།
  • ཕུན་ཚོགས་དབང་འདུས།/Phuntsho Wangdi
    དེ་བཟུམ་སྦེ་ དཔེ་འབད་བ་ཅིན་ ཏེ་བསམ་པ་བཟང་པོ་གི་ཐོག་ལས་འབད་བ་ཅིན་ ང་བཅས་ར་བྱ་བ་ལམ་འགྲོ་ཡང་ལེགས་ཤོམ་འགྱོ་ནི་ཨིན་པས། ཏེ་བསམ་པ་ངན་པ་གི་ཐོག་ལས་འབད་བ་ཅིན་ ཏེ་ཕ་རོལ་པོ་ལུ་སེམས་ཟོགཔ་ཅིག་མནོ་སྦེ་འབད་བ་ཅིན་ རང་གི་ལས་ བྱ་བ་ལམ་འགྲོ་ཡང་ལེགས་ཤོམ་མི་འགྲུབ་ རང་ག་ཅི་ར་འབད་རུང་ ཏེ་མི་ཚེ་གཅིག་ལུ་ ཏེ་ཡང་ན་ ལས་འབྲས་སྲིད་ནི་ཡང་འོང་ཟེར་ ཏེ་རང་གིས་བསམ་པ་ལེགས་ཤོམ་བསྐྱེད་དེ་འབད་བ་ཅིན་ འ་ནཱི་བཟུམ་སྦེ་འབྲས་བུ་ ལེགས་ཤོམ་ཐོབ་འགྱོཝ་ཨིན་མས། ལས་རྒྱུ་འབྲས་འ་ནཱི་བཟུམ་ དཔེ་འབད་བ་ཅིན་ ཏེ་ལྕགས་ངར་བཟུམ་ཅིག་གིས་བརྐོ་སྦེ་ རི་འ་ནཱི་བཟུམ་རི་ དལ་ཚུགསཔ་སྦེ་ བརྐོ་ནི་སྦེ་དད་པ་བསྐྱེད་དེ་བརྐོ་བ་ལས་ བསོད་ནམས་མེ་ཟིལམ་བཟུམ་ཅིག་བསགས་བསགསཔ་དག་ ཟེར་གསུངས་བཞག་སྟེ་ཡོད།
  • ཕུན་ཚོགས་དབང་འདུས།/Phuntsho Wangdi
    ཁོང་གཉིས་བསོད་ནམས་བསག་ནི་གི་ལཱ་འདི་ ར་རྡུགས་ཁ་གངམ་ཅིག་ཕུལཝ་ལས་བརྟེན་ཏེ་ ཁོང་གཉིས་མི་ཚེ་གཅིག་ལང་པའི་ རྒྱུ་ནོར་ལོངས་སྤྱོད་ཡང་གྱུར་སྦེ་ ཏེ་རྒྱལཔོ་གིས་མ་བཏུབ་བཏུབ་སྦེ་ ཁོང་གཉིས་ལུ་གསོལ་རས་གནང་སྦེ་ མི་ཚེ་འདི་ དེ་སྦེ་མི་ཚེ་མཐའ་སྐྱོང་སྟེ་སྡོད་དེ་ཡོད། བཀའ་དྲིན་ཆེ་ དེ་ཅིག་རང་ཨིན།། །།