Video Overview
Karma Nedrup narrates a fictional story about a poor orphan boy who owns a cat and a dog. The boy and his animals eat fish from the river, and one day the poor boy found a group of fisherman carrying a large fish. The poor boy thought this fish was unusual, and so he bought the fish from them. The fish was actually a princess demon, and later she gave him a wish-fulfilling amulet from the king of hell. With the amulet, the boy became rich, causing the king to become jealous of him. The king deceived the boy and took the amulet, and the boy reverted to poverty. Yet the cat and the dog contrived a plan to get the amulet back. The story touches on the effects of compassion, deception, intellegence, and greed.
སྐར་མ་དངོས་སྒྲུབ་ཀྱིས་ བཤད་འདི་ཡོད་པའི་སྲུང་འདི་ བཟོ་བཟོཝ་བའི་ སྲུང་ཅིག་ཨིན་མས། སྲུང་འདི་ཡང་ སྤྱང་ཀ་དང་ དཝ་བུཚ་གཉིས་ བྱི་ལི་དང་ རོ་ཁྱི་སྲོག་སྐྱོང་སྐོར་ལས་བཤད་འདི་ཡོདཔ་ཨིན་མས། ཁོང་གཉིས་ཀྱིས་ སེམས་ཅན་ཚུ་ ཨ་རྟག་ར་ ཆུ་ནང་ལས་ ཉ་བཟུང་འདི་ བྱིན་དོ་ཡོདཔ་ཨིན་མས། ཚར་ཅིག་འབདཝ་ད་ སྤྱང་ཀའི་བུཚ་འདི་ གིས་ ཉ་གཞན་དང་ མ་འདྲཝ་ཅིག་ འབག་ཡོདཔ་ཨིན་མས། ཉ་འདི་ཡང་ རྒྱལ་པའི་སྲསམོ་ སེན་ཏ་ཨིན་མས། ཤུལ་ལས་ སྲསམོ་གིས་ ཁོ་གིས་མནོ་བའི་ བསམ་དོན་སྒྲུབ་ཐབས་ལུ་ རྒྱལཔོ་ལས་ གའུ་ཅིག་བྱིན་ཡོདཔ་ཨིན་མས། དེ་ལས་ བུཚ་སྤྱང་ཀ་འདི་ ཕྱུགཔོ་ཐལ་སོངམ་ཨིན་མས། དེ་ལས་ རྒྱལ་པོ་འདི་ ན་མེད་ས་མེད་ མིག་ཏོ་ཚ་འདི་ མགུ་སྐོར་རྐྱབ་འདི་ གའུ་འདི་ འབག་ཡར་སོངམ་ཨིན་མས། དེ་འབདཝ་ད་ རོ་ཁྱི་དང་བྱི་ལི་གིས་ གནས་སྐབས་ཐོག་ལས་ ལོག་གའུ་འདི་ ཐོབ་ཡོདཔ་ཨིན་མས།
ཡ
- ཀརྨ་དངོས་གྲུབ་དང་ཕུག་གཡུས་ཚན་ཅིག་ནང་ལུ་གཡུལ་གྱི་བུཚུ་གཅིག་ཡོདཔ་མས། ཏེ་གཡུས་ཀྱི་བུ་ཚུ་འདི་གི་ཆ་རོགས་འདི་ཁོ་ལུ་གཡུས་ཀྱི་བུཚ་འདི་ལུ་ཆ་རོགས་ཀྱི་བྱི་ལི་གཅིག་དང་ཏེ་རོ་ཁྱི་གཅིག་ཡོདཔ་མས།
- ཀརྨ་དངོས་གྲུབ་ཏེ་ཁོ་ལུ་གཡུས་ཁྱིམ་ཟེརཝ་ཡང་མེད་སྤུནམ་སྤུན་ཆ་ཟེརཝ་ཡང་མེད་ག་ནི་ཡང་མེད་པ་ཁོ་ཁོ་ར་རྐྱངམ་ཅིག་འ་ནཱེ་སྦེ་ཏེ་ཆུ་མཐའམ་བདའ་ཏེ་ཉ་བཟུང་ཡི་བཟུང་ཡི་བཟའ་དོ་མས།
- ཀརྨ་དངོས་གྲུབ་རོ་ཁྱི་དང་བྱི་ལི་འདི་ཡང་ཏེ་ད་ཉ་བྱིན་འབད་སྦེ་གསོ་ཡི་ཟེར་མས་ལགས་ཁོ་གིས་ཏེ་ཉ་འབྱིན་ཡི་བྱིན་ཡི་གསོ་སྦེ་ ནམ་ཅིག་ཚེ་འབདཝ་ད་ཁོ་ཨ་རྟག་ར་ཉ་བཟུང་ས་གི་བྱག་གི་རྩ་བ་མཚོ་ཆུང་ཅིག་མཚོ་ཆུང་ཀུ་ཅིག་ཡོདཔ་མས།
- ཀརྨ་དངོས་གྲུབ་མཚོ་ཆུང་ཀུ་ཅིག་ འ་ནཱེམ་ཅིག་གི་ནང་ལུ་ཨེ་ཧེང་་་་འ་ནཱེམ་ཅིག་ནང་ཉ་བཟུང་སྦེ་སྡོད་ཚེ་འབདན་ ཏེ་ཟླཝ་དང་པའི་ཚེས་དུས་བཟང་ཅིག་སྐོར་ཆ་ར་ཨིན་མས།
- ཀརྨ་དངོས་གྲུབ་ཏེ་འ་ནཱེམ་ཅིག་ཉ་བཟུང་འབདཝ་ད་ལུ་ཏེ་ད་མར་ལས་འ་ནཱི་མཚོ་ནང་ལས་ཡང་ཏེ་ཉ་བཟུང་སྡོད་སྡོད་པའི་བར་ན་སྐོར་ཁོང་ཉ་རོགསཔ་མི་བརྒྱད་ཆ་ཏེ་གིས་སྦེ་ཏེ་ཉ་གཅིག་བརྒྱད་དཔྱ་སྦེ་འབག་འོང་དེ་ཟེར་མས།
- ཀརྨ་དངོས་གྲུབ་ཏེ་བརྒྱད་དཔྱ་སྦེ་འབག་འོངམ་ད་དབའེ་ཏེ་ཁྱོད་ཀྱིས་ ཉ་འདི་ག་ཏེ་ལས་བཟུང་བཟུངམ་ཟེར་ ཏེ་དབུལ་པའི་བུཚ་འདི་གིས་ དེ་སྦེ་འདྲིཝ་ད་ང་བཅས་ཉ་འ་མ་ལས་བཟུང་བཟུངཔ་ཨིན་ཟེར་འབདཝ་ད།
- ཀརྨ་དངོས་གྲུབ་ཏེ་དེ་སྦེ་བཏང་འབདཝ་ད་ ཏེ་ཁོ་ལུ་ཉ་རིན་འདི་ ཁོ་གི་པ་ཀི་ནང་ལུ་གསེར་ཀྲམ་ཅིག་ཡོདཔ་མས་ལགས།དབའེ་འ་ནཱི་ཉ་འདི་ཏེ་ང་གིས་ཉོ་བ་ཅིན་ཏེ་ད་མི་བཙོང་ག་སྨ་ཟེར་ཏེ་ དབུལ་པའི་བུཚ་འདི་མནོ་བསམ་དེ་སྦེ་བཏང་བཏངམ་མས།
- ཀརྨ་དངོས་གྲུབ་གསེར་གྱི་ཏི་རུ་གཅིག་དབུལ་པའི་བུཚ་ནང་ལྷནམ་ཐེངས་དགུ་རྐྱབ་ད་ནུག་ལྷནམ་ཐེངས་དགུ་བཏབ་པའི་ནང་ན་ལུ་ཏེ་དངུལ་གསེར་ཀྲམ་ཅིག་ཡོད་ཏེ་འ་ནཱི་གསེར་ཀྲམ་འདི་ ཁོང་ལུ་འབྱིན་ཉ་འདི་ང་ལུ་འབྱིན་པ་ཅིན་ཉ་འདི་ང་གིས་ ལོག་བཏང་འབད་བ་ཅིན་ང་ལུ་ཨ་ཙི་ཅིག་ཕན་ཡོན་ཅིག་འོང་ནི་མས།
- ཀརྨ་དངོས་གྲུབ་དགེ་བ་ཅིག་ད་ ག་དེ་སྦེ་ཨིན་ན་ཟེར་ ཁོ་འདི་གི་མནོ་བསམ་བཏང་སྦེ་ཞིནམ་ལས་ ཏེ་ཁོང་བརྒྱདཔ་འདི་ལུ་འདྲི་འདྲིཝ་མས་འ་ནཱི་དབུལ་པའི་བུཚ་འདི་གིས་དབའེ་ཁྱེད་ཀྱིས་ཉ་འདི་ ང་ལུ་བཙོང་གནང་མས་ཟེརཝ་ད།
- ཀརྨ་དངོས་གྲུབ་སྤ་་་ཉ་ག་ཏེ་བཙོང་ནི་ཟེར་མི་བཙོང་ཁྱོད་ག་ནིཡང་མེད་པ་ ཁྱོད་སྡོད་སའི་ཁྱིམ་ཡང་མེད་པའི་མི་གིས་ ང་གི་ཉ་སྦོམ་ཤོས་རྫོགས་ཀྱི་རིང་ག་ལས་འཐོན་ནཱིམ་ཟེར་འབདཝ་ད་དབའི་ད་དེ་སྦེ་མེན།
- ཀརྨ་དངོས་གྲུབ་ར་སྡུག་སྦུག་ལུ་གསེར་འཐོན་ཟེར་ནཱེམ་མི་དཔྱེ་གཏམ་དང་ཕུའི་དཔྱེ་གཏམ་འ་ནཱེ་སྦེ་ སླབ་ནི་ཡོད་ཁ་ཕྱེ་ཟེར་ར་ཏོག་སྦུག་ལས་གསེར་འཐོན་ཏེ་ང་གསེར་ཀྲམ་གཅིག་འབྱིན་གེ་ཟེར་ཏེ་སླབ་ད་ནུག་ཁོ་དབུལ་པའི་བུཚ་འདི་གིས་དབའེ་ཁོ་དགོད་འདྲ་སི་སི་སླབ་མས།
- ཀརྨ་དངོས་གྲུབ་ར་སྡུག་སྦུག་ལས་གསེར་འཐོན་ལོ་ཁོ་སླབ་ཚེ་བལྟ་གེ་ནོ་དེན་ཏེ་བཙོང་གེ་དེན་ད་བཏུབ་ཡར་འབག་པ་ཅིན་ ང་བཅས་རའི་ཉ་འབག་འཐོན་འོང་ཕམ་བུཚ་ག་ར་བགོ་བའི་བསྒང་ལས་ཏེ་སྲང་གང་ག་དོ་དོ་འ་ནཱེ་ལས་མི་ཁྱབ་པས་ཟེར་ཏེ་འ་ནཱེ་སྦེ་ཁོང་ར་ཆ་ཁྱབ་བསྟུན་གྲོས་འབད་སྦེ་ཏེ་ ཉ་འདི་ཁོ་ལུ་བཙོང་ནུག
- ཀརྨ་དངོས་གྲུབ་ཏེ་གསེར་ཀྲམ་འདི་འཐོན་འབད་སྦེ་ཏེ་གསེར་ཀྲམ་འདི་ཡར་ད་འ་ནཱི་ཁྱོད་འབད་ཤིག་ཟེར་འབད་ཤིག་གསེས་འབདཝ་ད།ཉ་འདི་ཁོང་ལུ་བཙོང་པའི་ཤུལན་ འདི་ལས་ཁོ་གི་འ་ནཱི་པ་ཀི་ནང་ལས་ཚེམས་ཐེངས་དགུ་སྤེདཔ་ད་ གསེར་ཀྲམ་གཅིག་འཐོན་ཡི་ཟེར་མས་
- ཀརྨ་དངོས་གྲུབ་གསེར་ཀྲམ་འདི་ལུ་དང་ཕུག་འབད་བ་ཅིན་ གསེར་ཀྲམ་འདི་ལུ་ བརྒྱ་གཅིག་འཐོབ་པའི་ལོ་ཏི་རུ་ཏི་རུ་བརྒྱ་གཅིག་འབད་བ་ཅིན་ ང་བཅས་མི་བརྒྱད་འདུག་ཡུདཔ་ཅིག་ཧ་ལམ་ ང་བཅས་ར་ཨོ་ཏོག་ཏོ་སྦེ་ཁྱབ་ནི་མས་ཟེར་ མནོ་བསམ་འདི་བཏང་སྦེ་དེ་ལསན་ཏེ་ ཉ་འདི་འགྲོས་ཀྱིས་བཏང་ ཁོང་འ་ནཱི་ ཉ་བཟུང་སའི་མཚོ་འདི་ནང་ མགུ་ཏོག་འདི་བཙུགས་བཞག་འབད་སྦེ།
- ཀརྨ་དངོས་གྲུབ་ཡུདཔ་ཅིག་ལས་ ཉ་འདི་འགྲོས་ཀྱིས་བཏང་མཚོ་ནང་བཏང་ད་ནུག་ལགས་ཁོ་ མཚོ་ནང་བཏང་སྦེ་འབད་བའི་ཤུལན་དེ་ལསན་ཏེ་དེ་གི་འདི་ནང་ཉ་བཟུང་སྟེ་ར་སྡོད་ ཏེ་བྱི་ལི་རོ་ཁྱི་འདི་གཡས་ཁ་ཐུག་མེན་བྱི་ལི་འདི་གཡས་ཁ་ཐུག་སྦེ་རོ་ཁྱི་འདི་གཡོན་ཁ་ཐུག་བཞག་ཁོ་ར་ཉ་འདི་ར་བཟུང་བྱི་ལི་ཉ་འདི་རོ་ཁྱི་བྱིན་ཁོ་ར་ཡང་བཟའ་བྱི་ལི་ཡང་བྱིན་ འ་ནཱེ་ར་སྡོད་སྡོདཔ་མས།
- ཀརྨ་དངོས་གྲུབ་ཏེ་འ་ནཱི་འབདཝ་ད་ནམ་ཅིག་གི་ཚེ་སང་ཕོད་སང་ཕོད་འབདཝ་ད་སྟེ་ད་དེ་ཚེ་གི་ཉ་ཉ་མར་བཏང་མའི་དུས་ཚོད་ཁར་ལྷོདཔ་ཅིག་ཏེ་འ་ནཱི་མཚོ་ནང་ལས་ཏེ་ གནམ་མེད་ས་མེད་མཚོ་གག་ཞིནམ་ན་ མཚོ་ལྦ་གཤགས་ཞིནམ་ན་ད་འ་ནཱི་སྦུག་ནང་ལས་ཡར་ ཁོད་སྨད་འདི་སྦུལ་སྦེ་ཁོད་སྨད་འདི་ཉ་སྦེཁོད་སྟོད་འདི་མི་སྦེ་ཏེ་མི་གཅིག་ཐོན་ཡི་ཟེར་མས།
- ཀརྨ་དངོས་གྲུབ་ཁོང་གཉིས་ཁོང་གསུམ་གྱི་སྒོ་གདོང་ཁར་ལས་མར་དེ་ལསན་ཁོང་གསུམ་བྱོག་འགྱོཝ་ད་ལུ་ཏེ་ཏེ་འ་ནཱི་མ་བྱོག་སྡོད་སྡོད་ཟེར་སྡོད་སྡོད་བྱོག་མི་དགོ་ཟེར་ ག་ཅིག་སྨོ་ཟེར་བ་ཅིན་ ཁྱོད་ལེན་པ་བཏང་བཏངམ་ཨིན་ཟེར།
- ཀརྨ་དངོས་གྲུབ་མར་འོག་ཀླུའི་རྒྱལ་པོའི་ ཁྱོད་ལེན་པ་བཏང་བཏངམ་ཨིན་ཟེར་འབདཝ་ད་ཏེ་དབུལ་པའི་བུཚ་འདི་གིས་སླབ་སླབ་མས།ཏེ་འོག་ཀླུའི་རྒྱལ་པོ་གིས་ ང་ལེན་པ་བཏང་དགོཔ་ཡང་མེད་ཟེར་ག་ཅིག་སྦེ་བཏང་དགོཔ་སྨོ་ཟེར་ཏེ་ང་ཁོ་དང་ང་ངོནི་མི་ཤེས་ཟེར་ག་ནི་ཡང་མི་སྦེ་ཟེར་ཏེ་ཉ་འདིན་རོགས་ ཆུ་ནང་ལས་འོངམ་མས།
- ཀརྨ་དངོས་གྲུབ་ཏེ་ཉ་འདིན་བཟུངམ་བདེན་ཟེར་ ཏེ་ཁོ་འབདན་ཏེ་འདྲོག་བྱེལ་ཅིག་ ཉ་འདི་བཟུང་ནི་འདི་གི་ གནས་བདག་ཅིག་ཨིནམ་འདྲས་མནོ་ཁོ་འདི་གི་འབད་འདྲོག་ཆེཝ་མས་ལགས།
- ཀརྨ་དངོས་གྲུབ་ཏེ་འ་ནཱེ་སྦེ་ཏེ་ཉ་འདིན་བཟུངམ་བདེན་ཏེ་ད་ང་འོག་ཀླུའི་རྒྱལ་པོའི་ ང་ལེན་པ་འོང་དགོཔ་ག་ནི་ཡང་མེད་ཟེར་སླབ་འདི་མེན་ཐད་རི་བ་རི་ ཁྱོད་ལེན་པ་ཨིན་ཁྱོད་ར་ངེའི་ལྟག་ཀོ་ནང་མཆོངས་ཤིག་ཟེར་ཁྱོད་ར་ཕར་ལས་ཚུར་མཆོངས་ཤིག་ཟེར་ སླབ་སླབ་མས།
- ཀརྨ་དངོས་གྲུབ་སྤ་་་ཁྱོད་ལྟག་ཀོ་ནང་ ག་དེ་སྦེ་མཆོང་ནི་ཟེར་མར་མཇུག་བལྟ་བ་ཅིན་སྦུལ་བཟུམ་མས་མགོ་འདི་མི་ཨིན་མས་ཏེ་ང་གིས་འདི་ ཁྱོད་ལྟག་ཀོ་ནང་མཆོང་མི་ཚུགསཔ་ཟེར་འབདཝ་ད་མཆོངས་ག་ནི་ཡང་མི་འབད་ཟེར་འབདཝ་ད་དེ་ལས་ཁོ་ར་རང་རང་ས་ར་ ལུང་བསྟན་དང་འཁྲིལ་སྦེ་འབད་བའི་ཤུལ་ལསན།
- ཀརྨ་དངོས་གྲུབ་འགྱོ་དགོ་པའི་ལུང་བསྟན་འདི་ཡོདཔ་ལས་བརྟེན་ཏེ་གི་སྦེ་དེ་ལས་ཁོ་གིས་སླབ་ནུག་ཏེ་ད་ང་མར་འགྱོཝ་ད་ ངེའི་རོ་ཁྱི་འདི་དང་བྱི་ལི་འདི་ཏེ་བལྟ་མི་མེད་ཏེ་ག་གིས་བལྟ་བ་ལྟོ་ག་གིས་འབྱིན་ནི་ཟེར་འབདཝ་ལས་ཏེ་དེ་ལས་ཉ་འདི་གིས་བསླབ་བསླབ་མས།
- ཀརྨ་དངོས་གྲུབ་མི་འདི་མར་ལས་ཐོན་མི་འདི་གིས་ ཁྱོད་རོ་ཁྱི་དང་ བྱི་ལིའི་ཐད་ཁ་ལྷོདཔ་ད་ ཁྱོད་ནང་དོགས་མི་དགོ་འདི་ང་བཅས་ཀྱིས་གསོ་འོང་ཟེར་ང་གསོ་འོང་ཁྱོད་ར་བལྟ་ཁྱོད་དེམ་ར་འབད་མི་དགོ་ཟེར་ཁྱོད་ར་ངེའི་ལྟག་ཀོ་ནང་མཆོངས་ཟེར་ཨ་འོ་ཁྱོད་ངེའི་ང་ཁྱོད་ཀྱི་ལྟག་ཀོ་ནང་འདི་མཆོང་མི་ཧུམ་ནི་མས།
- ཀརྨ་དངོས་གྲུབ་ཁྱོདན་ཆུའི་སྦུག་མས་ཟེར་ལོག་ག་ཅིག་འབདན་ན་མི་ཤེས་ཟེར་སླབ་སླབ་མས་མཆོངས་ཤིག་ཟེར་བའི་ལོ་དེ་ལསན་ཏེ་རོགས་ད་ཏེ་རང་རང་སའི་ལུང་བསྟན་གུ་ལྷོདཔ་ད་ལུ་ཏེ་རྒྱབ་ཤུག་རྐྱབ་ཏེ་ཕར་ལས་ཚུར་ལྟ་ ལག་པ་ཚིལ་མ་བཏབ་མཆོང་ནི་འདུག་པ་སྨོ་ལགས།
- ཀརྨ་དངོས་གྲུབ་འ་ནཱེ་སྦེ་མཆོང་ནི་འབདཝ་ད་མཆོང་མ་ཧུམ་པས་ཚར་གསུམ་འབདཝ་བའི་བསྒང་ལས་འགྱེལ་ཏ་རྐྱབ་ཅིག་ མར་ཁོའི་ལྟག་ཀོ་ནང་ལྷོད་སོང་ནུགམར་ལས་ཆུ་རྡོ་གུ་ལས་འགྱེལ་ཏ་རྐྱབ་ཅིག་ཕར་ལྷོདཔ་ཅིག་མི་ཏོག་བཙུམ་ཤིག་ཟེར་སླབ་སླབ་མས།
- ཀརྨ་དངོས་གྲུབ་འ་ནཱི་མར་ལས་འོང་མི་འདི་གིས་ མིག་ཏོ་བཙུམ་ཅིག་ད་མིག་ཏོ་ཁ་བརྒྱང་ཟེར་བའི་ལོ་ སླབ་ཅིག་མིག་ཏོ་ཁ་བརྒྱང་བི་བསྒང་ལས་ ཁོ་མར་གནམ་མེད་ས་མེད་ཀྱི་ མེ་ཏོག་སྦུག་ལྷོད་སོང་ནུག་ཟེར་ཨིན་མས་ལགས།
- ཀརྨ་དངོས་གྲུབ་མེ་ཏོག་གནམ་མེད་ས་མེད་ཀྱི་སྦུག་ལུ་ཁྱིམ་ཅུང་གཅིག་འདུག་ཟེར་མས་ཏེ་འ་ཕཱི་ཁྱིམ་ནང་ཁྱོད་ར་ འ་ནཱ་སྡོད་སྨ་རེ་ཟེར་ཏེ་ཁྱོད་ར་འ་ནཱ་སྡོད་ཤིག་ཟེར་ཡར་ལས་མི་བཏང་གེ་ཟེར་ཡར་གནམ་མེད་ས་མེད་རི་གི་རྒྱལ་པོ་བཟུམ་གཅིག་གི་ཕོ་བྲང་སྟེ་གསེར་གྱི་ཕོ་བྲང་བཟུམ་ཅིག་གསེར་རང་འབྱུང་སྦེ་མཐོང་མས་མཇལཝ་མས་ཟེར་མས།
- ཀརྨ་དངོས་གྲུབ་འོག་ཀླུའི་རྒྱལ་པོའི་ཕོ་བྲང་འདི་ཏེ་འ་ནཱི་ འ་ནཱི་ག་ཅིགམ་ཟེརཝ་ད་ ཏེ་འ་ནཱི་རྒྱལ་པོའི་ཕོ་བྲང་ཨིན་ཟེར་འབདཝ་ད་ཏེ་ཁོ་འ་མར་ཁྱིམ་ཅུང་ནང་འཁྲུལ་ཁྱིམ་མས་ལགས་མར་ལུ་ཨེང་་འཁྲུལ་ཁྱིམ་ ཏེ་ཨཱེ་་་ཏེ་ཁོ་མི་ནང་བཞག་མས་ཟེར་མས།
- ཀརྨ་དངོས་གྲུབ་ད་ད་རེས་མི་མི་འོང་ ཁྱོད་ར་བཞེས་སྒོ་དང་ག་ར་འདི་ནང་འཐོན་འོང་ཟེར་མི་ཡང་མི་ལྷོད་ཟེར་ནང་པ་དྲོ་པ་ཉིམ་རྩེ་དང་སྦྲགས་ ཏེ་བུམོ་ཅིག་འཐོན་འོང་སྨ་རེ་ཟེར་བུམོ་ཅིག་བཏང་འོང་ཏེ་འ་ནཱི་བུམོ་འདི་གིས་ ཁྱོད་ཆུ་བཤལ་རྐྱབ་ནི་ཨིན་ཟེར་འ་ནཱི་གིས་ ཏེ་འཁྲུལ་གནང་ནི་སྦེ་སྡོད།
- ཀརྨ་དངོས་གྲུབ་ང་བཅས་ཀླུ་གྲིབ་མི་ལུ་ཕོག་ཀླུ་གྲིབ་ཀླུ་ལུ་ཕོག་འ་ནཱི་གི་ཚ་གྱང་འདུག་པ་ཏེ་སྨོ་ལགས? འ་ནཱི་ལོ་གསུམ་འཁྲུལ་གནང་བཞག་ད་ནུག་ ལོ་གཅིག་མེན་པས་དེ་ལསན་ཏེ་འ་མི་ནང་དེ་ལསན་ནངས་པ་དྲོ་པ་བཞེས་སྒོ་དང་འདི་ཚུ་ དུས་ཚོད་ཁར་ ཀྲིག་ཀྲི་ལྷོདཔ་མས་ཟེར་མས།
- ཀརྨ་དངོས་གྲུབ་མི་ག་ཏེ་ཡང་མེད་པའི་དུས་ཚོད་ཁར་ཀྲིག་ཀྲི་སྦེ་བཞེས་སྒོ་ཀྲིག་ཀྲི་སྦེ་ཏེ་བཞེས་སྒོ་འདི་ར་བཟའ་ཏེ་ནངས་པ་དྲོ་པ་འབདན་ཉིམ་རྩེ་འདི་དང་སྦྲགས་ཡར་ལས་མར་ཏེ་པ་བུམོ་ག་ནི་བ་ལེགསཔ་ཅིག་འོང་དེས་ཟེར་མས།
- ཀརྨ་དངོས་གྲུབ་ག་ནཱི་བ་ཏེ་ཏེ་མིག་ཏོ་ཉིམ་ནང་བཞག་པ་ཅིན་བཞུ་ནི་བཟུམ་གྱིབ་མ་ནང་བཞག་པ་ཅིན་འཁྱེག་ནི་བཟུམ་མར་ལྷོདཔ་ཅིག་ཆུ་ཆུ་ ནཱ་་་འཁྲུལ་ཁང་ནང་བཙུགས་ཏེ་བཀྲབ་༼ཝ་༽ནང་བཙུགས་ཏེ་ཆུ་ཝ་ནང་བཙུགས་ཏེ་ཉིནམ་རེ་ཚར་གསུམ་གསུམ་གསུམ་གསུམ་བུམོ་འདི་གིས་ཏེ་འཁྱུ་འཁྱུཝ་མས་ཏེ་ཁོ།
- ལོ་གསུམ་མི་ནང་སྡོད་ནུག་ལགས་ ལོ་གསུམ་མི་ནང་སྡོད་པའི་སྒང་ལསན་རོགས་ཁོ་ཡང་ཏེ་ཏེ་ཁོ་ཡང་ཏེ་ཡུདཔ་ཅིག་ཏེ་ད་གཙང་སྦྲ་འཕྲོད་བསྟེན་ལས་བརྟེན་ཏེ་ཁོ་ཡང་ཏེ་གནམ་མེད་ས་མེད་གཙང་ཏོག་ཏོ་ཐལ་དེ་ལས་བུམོ་འདི་དང་ཆ་གཉེན་རྐྱབ་ནུག
- ཀརྨ་དངོས་གྲུབ་ཁོ་འཁྲུལ་གནང་མི་བུམོ་འདི་དང་ཏེ་གཉེན་ཏེ་གཉེན་གྲོགས་འགྱོ་ཁོང་གཉིས་གཉེན་དུ་གྲོགས་ཏེ་ནངས་པ་ཏེ་ཟླབ་དང་པའི་ཚེས་དུས་ཆེན་དང་འཁྲིལ་ཏེ་ཏེ་ད་རྒྱལ་པོའི་ཕྱག་དབང་བཅར་ནི་མས་དེ་ལས།
- ཀརྨ་དངོས་གྲུབ་ཏེ་རྒྱལ་པོའི་ཕྱག་དབང་ཨིན་སྨ་རེ་ད་ཚེ་ཕྱི་རུ་སླབ་སླབ་མས་ བུམོ་འདི་གིས་དྲོ་པ་འགྱོ་ད་ད་ཁྱོད་རྒྱལ་པོའི་ཕྱག་དབང་བཅར་ནི་རྒྱལ་པོའི་ཕྱག་དབང་བཅརཝ་ད་ལུ་རྒྱལ་པོ་གིས་ཁྱོད་ལུ་ཏེ་རི་གི་རྒྱལ་པོ་རི་རབ་གསེར་དངུལ་ཟངས་ལྕགས་ག་ར་ཁྱོད་ལུ་ གནམ་མེད་ས་མེད་ཀྱི་འབུལ་བ།
- ཀརྨ་དངོས་གྲུབ་གནམ་མེད་ས་མེད་ཀྱི་འབྱུ་ཕྱེ་ཀྲམ་གནམ་མེད་ས་མེད་གནམ་མེད་ས་མེད་ཀྱི་གནང་འོང་ཟེར་གནངམ་ད་ལུ་མི་ཞུ་ཟེར་ དེ་སྦེ་ཞུ་སྨ་རེ་ང་ག་ནི་ཡང་མི་ཞུ་ཟེར་མི་ཞུ་ཟེར་ཞུཝ་ད་ལུ་ལོག་ལགས་ན་༼མཇུག་ལུ་༽ མནའ་འབོ་གེ་ཟེར་གསུངས་འོང་ཟེར།
- ཀརྨ་དངོས་གྲུབ་ཁྱོད་ ཁྱོད་ག་དགོ་མི་འདི་བྱིན་གེ་ཟེར་མི་འདི་རྒྱལ་པོ་གིས དབུ་ནང་བཞེས་འོང་སྨ་རེ་ཟེར་འ་ནཱི་ཚེ་དབུ་ནང་བཞེས་ཚརཝ་ཅིག་འབདན་རྒྱལ་པོའི་སྐུ་རྒྱབ་ཀྱི་འ་ནཱ་ལུ་སྲུང་འཁོར་གའུ་ཅིག་ཡོདཔ་མས་ལགས་གའུ་ད་འ་ནཱའི་ནང་ ནོར་བུ་བསམ་འཕེལ་ཡོདཔ་མས།
- ཀརྨ་དངོས་གྲུབ་འ་ནཱི་གའུ་ནང་སྨོན་ལམ་ག་བཏབ་མས་འ་ནཱི་ལགས་འ་ནཱི་དགོ་འ་ནཱི་ཞུ་གེ་ཟེར་ཞུ་སྨ་རེ་ཟེར་ ཏེ་འ་ནཱེ་སྦེ་འབད་སྦེ་ཏེ་འ་ནཱི་ཞུ་གེ་ཟེརཝ་ཅིག་་ཞུ་སྨ་རེ་ཁྱོད་ར་ཟེར་སླབ་སྦེ་འེང་འེ་ཟེར་སླབ་སྦེ་ཏེ་ནངས་པ་དྲོ་པ་ཝ་་་ཡར་འགྱོ་བའི་བསྒང་ལས་ཨིན་པས་ལོ།
- ཀརྨ་དངོས་གྲུབ་གནམ་མེད་ས་མེད་ཀྱི་དེམ་འ་ནཱེ་ང་བཅས་ར་ཁྱིམ་བཟུམ་སྦེ་སྤུངས་ཏེ་གསེར་དངུལ་ཟངས་ལྕགས་གཡུ་བྱུ་རུ་མུ་ཏིག་གནམ་མེད་ས་མེད་ཀྱི་ཁོ་ཏེ་ཏེ་ག་ཅིག་སྨོ་ཟེར་བ་ཅིན་ཏེ་འ་ནཱི་འ་ཡི་ཉ་འདི་འོག་ཀླུའི་རྒྱལ་པོའི་སྲསམོ་མས།
- ཀརྨ་དངོས་གྲུབ་ཉ་ཡར་འོང་མི་འདི་ད་ཁོ་ཡར་འཇིག་རྟེན་འཛམ་བུ་གླིང་ལུ་ལྟེདམོ་བལྟ་བར་འབྱོན་བྱོནམ་མས་ཏེ་འ་ནཱི་བསྒང་ ཉ་རོགསཔ་ཚུ་གི་བཟུང་འབད་སྦེ་ཏེ་ཡར་འ་ནཱེ་སྦེ་འབག་འོང་དེས་ཟེར་མས།
- ཀརྨ་དངོས་གྲུབ་འ་ནཱི་བཀའ་དྲིན་དྲན་པ་སྦོམ་འབད་དགོཔ་ཡོད་ཟེར་ ད་འ་ནཱེ་སྦེ་ཡར་གསོལ་ཇའི་མདུན་བསུ་ ཡ་ད་འབདན་ཁྱོད་དབུལ་པའི་བུཚ་ཁྱོད་ད་ངེའི་བུམོ་འདི་གུ་སྲོག་སྐྱོབས་འབད་མི་འདི་གིས་བཀའ་གནམ་མེད་ས་མེད་བཀའ་དྲིན་ཆེ་ཡི་ཟེར།
- ཀརྨ་དངོས་གྲུབ་ཏེ་ང་གིས་ ཁྱོད་ལུ་ག་ནི་ཡང་འབྱིན་ནི་མེད་ཏེ་འ་ནཱི་འབག་འ་ནཱི་འབག་འ་ནཱི་འ་ནཱི་ཚུ་ སྤུ་ར་ཁྱོད་འབག་སྨ་རེ་ཟེར་འབདཝ་ད་ ཁོ་མི་ཞུ་ཟེར་ ད་མ་ཞུཝ་མེན་འདི་འབག་ར་འབག་དགོ་ཟེར་འབདཝ་ད་ད་དངམ་ཅིག་ང་གིས་དངམ་ཞུ་ཡང་མི་ཞུ་གཉིས་པ་ཅིག་ལུ་ ང་ལུ་གནང་རུང་ཡང་ ང་གིས་ ནཱ་ལས་མར་འབག་ཐབས་ཅིག་རྩ་ལས་མེད་ཟེར།
- ཀརྨ་དངོས་གྲུབ་ང་ག་དེ་སྦེ་འབག་ནི་ཟེར་འབདཝ་ད་འབག་ནི་གི་སྐོར་ལས་ཁྱོད་ནང་དོགས་མི་དགོ་འབག་ནི་ང་བཅས་ར་བསྐྱལ་ད་འོང་ཟེར་ཏེ་མར་ལས་བཀའ་དེ་སྦེ་དེ་ར་འབད་རུང་མི་ཞུ་ཟེར་པུ་ལས་ར་མི་ཞུ་ཟེར་དེ་ལསན་བཏུབ་ཟེར་ཏེ་ཁྱོད་གཅིག་འདི་ཨིན་རུང་མེན་རུང་དགོ་ཟེར་ཁྱོད་གཅིག་འདི་ཨིན་རུང་མེན་རུང་དགོ་པས།
- ཀརྨ་དངོས་གྲུབ་དགོཔ་ད་ལུ་ཁྱོད་ལུ་ཏེ་ག་ཅིག་ཁྱོད་ར་ག་དགོ་ཟེར་མི་འདི་ ང་འབྱིན་གེ་ཟེར་ད་ཁྱོད་འ་ནཱི་དགོ་ཟེར་མི་འདི་ ང་གིས་འབྱིན་ནིའི་མནའ་བཟའ་གེ་ཟེར་ཏེ་མནའ་བཞེས་ཆེ་ནུག་ཟེར་མས།
- ཀརྨ་དངོས་གྲུབ་དབུ་མནའ་བཞེས་འབད་སྦེ་འདི་ལས་ཡར་ གསེར་གྱི་བུམ་པ་ནང་ལས་ཁྲུས་ཆུ་བཞེས་ད་ནུག་ཏེ་མར་ཀླུའི་རྒྱལཔོ་མནའ་ཆུ་བཞེས་སྦེ་ཁོ་ལག་པ་ལས་ཡ་ཁྱོད་དགོ་ཟེར་མི་འདི་ ང་གིས་ཕུལ་འབྱིན་ནི་ཟེར་མནའ་ཆུ་བཞེས་ཏེ་དེ་ལསན་ཏེ་ད་མི་ཞུ་ཟེར་བ་ཅིན་ཏེ་ཡབ་རྒྱལ་པོ་གི་གསན་མི་བཏུབ་པས་ཟེར།
- ཀརྨ་དངོས་གྲུབ་ད་ང་ར་འབག་དགོ་བདེ་བ་ལུ་ཏེ་ཡངས་པ་ལུ་སྦེ་ཏེ་ཐུགས་དང་བདེནམ་ཅིག་ཡོདན་ཏེ་སྐུ་རྒྱབ་ཀྱི་གའུ་འདི་ཞུ་གེ་ཟེར་ཏེ་དེ་ལས་འ་ནཱེ་སྦེ་ཞུ་བའི་བསྒང་ལས་དབའེ་ཁྱོད་མི་དགོ་མི་དགོ་ཟེར་ཏེ་ཏེ་དགོ་པའི་བསྒང་ལས་སྦོམ་མས།
- ཀརྨ་དངོས་གྲུབ་ཁྱད་མེད་ད་ང་མནའ་བཟའ་ཚར་ཡི་བ་འབག་སྨ་རེ་ཟེར་ཏེ་ཏེ་སྐུ་རྒྱབ་ལས་ གའུ་འདི་ཕབ་སྦེ་གནང་ནུག་ལགས་ ཁོ་ལུ་ཨེ་ཧེམ་་་་ཏེ་གའུ་འདི་མར་ཕབ་མར་གནང་འབད་སྦེ་ཏེ་མར་དེ་ལས་དེ་ཚེ་ར་ཏེ་ཨཱ་་་མར་མེ་ཏོག་གི་མར་སོང་།
- ཀརྨ་དངོས་གྲུབ་ལོག་ཨམ་སྲུ་ཡར་སོང་ནུག་ལོ་དེ་བསྒང་ལས་ཁོ་ཨམ་སྲུ་འདི་མི་འདུག་དེ་ལསན་ཏེ་འ་ནཱི་ཟླཝ་བུཚ་གི་འབག་མི་མར་སྡོད་ནུག་ལོ་འདི་དང་མཉམ་སོངམ་ཅིག་ཡ་ད་འབདན་ལྟག་ཀོ་ནང་བཞོན་ཤིག་ཟེར་བའི་བརྡ་བཟུམ་ཅིག་ཁ་བརྒྱང་མི་ཏོག་ཁ་བརྒྱང་ཟེར་བའི་བསྒང་ལས་ཡར་ཁོ་ར་གི་ཏེ་རྡོ་ལེབ་གུ་ལྷོད་སོང་ནུག་ཏེ་ལགས།
- ཀརྨ་དངོས་གྲུབ་བྱི་་་་སྤ་་བྱི་ལོ་ཡང་ གནམ་མེད་ས་མེད་ཉམས་རྒྱགས་རོ་ཁྱི་ཡང་ཉམས་རྒྱགས་སྒོང་རྡོག་རི་རི་སྦེ་གནམ་མེད་ས་མེད་སྡོད་ནུག་ཟེར་མས་ཡར་རོ་ཁྱི་དང་བྱི་ལི་ཡང་སྐོར་ར་རྐྱབ་ཁ་ལྕེ་བལྡག་ཁོ་ཏེ་ཁོང་ར་གསུམ་ཏེ་གཅིག་གིས་གཡས་ལས་འགྱོགཅིག་གི་གཡོན་ལས་འགྱོ་སྦེ་ཏེ་སོང་ཡར་ཨ་རྟག་སྡོད་སའི་ཡར་ཚལ་མ་ནང་ལས་ཡར་ཚལ་མ་ནང་ཐང་སྦོམ་གཅིག་ཡོདཔ་མས་ལགས།
- ཀརྨ་དངོས་གྲུབ་ཐང་སྦོམ་ཅིག་ནང་དེ་ལསན་ཏེ་མར་བུམོ་འདི་སླབ་བཏང་ནུག་པ་འ་ནཱི་བརྗེད་སོང་ནུག་ང་གིས་མར་བུམོ་གི་སླབ་ནུག་པ་ལགས་ཁྱོད་ར་ཡར་ལྷོདཔ་ད་ལུ་ཏེ་རྡོ་གསུམ་བརྩིགཔ་ཏེ་སྨོན་ལམ་བཏབ་ཏེ་འ་ནཱ་འདི་ཧང་གུ་བཀལ་འབད་སྦེ་ཏེ་ཡ་ད་འབདན་ཁྱོད་ར་ཁྱིམ་ག་དགོ་ནི་ན་ཁྱིམ་ཐོག་ག་དེམ་ཅིག་དགོ་ནི་ན།
- ཀརྨ་དངོས་གྲུབ་ཏེ་འཇའ་རོགས་རྒྱུ་ནོར་ག་དེ་ག་དགོ་ནི་ན་འ་ནཱི་ག་ཁྱོད་ར་ག་དགོ་མི་འདི་ཏེ་རོགས་འ་ནཱ་སྨོན་ལམ་བཏབ་ཞིནམ་ན་སྦེ་ཏེ་འ་ནཱི་མགུ་བཀལ་འབད་སྦེ་ ཉལ་སྨ་རེ་ཟེར་མར་ལས་སླབ་བཏང་བཏངམ་མས་ བུམོ་འདི་གི་མ་ལས་ར་འ་ནཱི་ཀླུ་གི་བུམོ་འདི་གིས།
- ཀརྨ་དངོས་གྲུབ་ཏེ་ཡར་ལྷོད་འབད་སྦེ་ཏེ་བྱི་ལི་འདི་གཡས་ཁ་ཐུག་ལས་ཧེང་རོ་ཁྱི་འདི་གཡོན་ཁ་ཐུག་ལས་ཧེང་འབད་སྦེ་ཏེ་རྡོ་གསུམ་ཡར་ཧང་གུ་བརྩིགཔ་ཏེ་ནོརཔ་འདི་དེ་ནང་བཀལ་འབད་སྦེ་ཏེ་ ཡ་ད་དྲོ་པ་ལོངམ་ད་ལུ་ཏེ་ཁྱིམ་ཐོག་གསུམ་དེ་ལས་སྒོ་ཁ་ལུ་འཇའ་རོགས་ཕྱི་ཁ་ལས་ཕར་དམག་མི་སྲུང་རྒྱབ་རྟ་ནོར་སེམས་ཅད་རྒྱུ་ཕྱེ་ཀྲམ་པུ་ར་སྒྲུབ་སྦེ་འགྱོ་བཅུག་ཅིག་ཟེར་སྨོན་ལམ་བཏབ་སྦེ་ཏེ་
- ཀརྨ་དངོས་གྲུབ་དྲོ་པ་ཡུདཔ་ཅིག་ལསན་ཏེ་གནམ་མེད་ས་མེད་འུར་སྒྲ་འདི་འཐོན་ཡི་ཟེར་མས་ཁོ་ཁོ་གི་ནཱི་ནང་ལུ་འ་ནཱེ་སྦེ་ལོང་བལྟ་བའི་བསྒང་ལས་སྤ་་་མར་བྱིནམ་ཐག་ར་ དུམ་གྲ་མེན་པས་ཟེར་མས།
- ཀརྨ་དངོས་གྲུབ་གོས་ཆས་ཀྱི་ལག་དུམ་ཙང་ཙ་ཏེ་མར་ལས་མར་བལྟ་བའི་བསྒང་ལསན་ཏེ་སྒོ་ཅུང་ནང་ལས་མར་བལྟ་བའི་བསྒང་ལས་ཏེ་རྟ་ནོར་སེམས་ཅད་འཇའ་རོགས་སྒོ་ཁ་ལུ་སྲུང་རྒྱབ་དམག་མི་ཀྲོབ་མདའ་འབག་མི་གནམ་མེད་ས་མེད་ལྟེམ་ལྟེམ་འདུག་ཟེར་ཏེ།
- ཀརྨ་དངོས་གྲུབ་ཏེ་འ་ནཱེ་སྦེ་སྡོད་སྡོད་པའི་བར་ན་ཕི་ནང་ལུ་ཏེ་ཁོང་རོ་ཁྱི་དང་ ཁོང་གསུམ་ཕི་ནང་སྤྲོ་བཏོན་སྡོད་པའི་བར་ན་སྐོར་ཏེ་ཕར་ཁ་ཐུག་ཆུ་ཕར་གྱི་ལོག་ལུ་རྒྱལཔོ་གཅིག་ཡོདཔ་མས་པ་ལགས་ཏེ་བྱང་ཕྱད་རེ་དོ་བ་ཏེ་སྨོ་དགོ་ཤིག་འ་ཕི་རྒྱལཔོ་འདི་ལུ་སྲསམོ་གསུམ་ཡོདཔ་མས།
- ཀརྨ་དངོས་གྲུབ་འ་ཕི་སྲསམོ་གསུམ་ཡོད་དེ་ ཏེ་དབའི་འ་ཕི་སྤང་ན་ལུ་ གཞན་ཨ་རྟག་ག་ནི་ཡང་མེད་པའི་རྩ་ཅིག་ར་ཨིན།ད་རེས་གཞན་དང་མ་འདྲ་བའི་ནུམ་གཅིག་གི་ནང་སྐོར་ལུ་ གནམ་མེད་ས་མེད་ཀྱི་ ཁྱིམ་རྐྱབ་གནམ་མེད་ས་མེད་འབྱོར་བ་ལྡན་ཏོག་ཏོ་ང་བ་སྦོམ་སྦེ་ཡོར་སོང་ཡི།
- ཀརྨ་དངོས་གྲུབ་ད་ག་དེ་སྦེ་འབད་འབདཝ་ཨིན་ན་ཟེར་ བོད་བཏང་བཏངམ་མས་ནཱ་གི་རྒྱལཔོ་འདི་གིས་བོད་བཏང་འབདཝ་ད་ཏེ་བོད་འདི་ཏེ་མར་སྒོ་ཁ་ལས་ར་དཔག་མ་ཚུགས་པས་ཕར་ལུ་དེ་ཚེ་མར་སྲུང་རྒྱབ་ཚུ་གི་འོང་ར་མ་སྟེར་བས་བ།
- ཀརྨ་དངོས་གྲུབ་དེ་ལསན་ཏེ་ལོག་ལོག་དོ་རུང་བཏང་འབདཝ་ད་བཀའ་ཤོག་བཏང་བཏངམ་མས་ཡི་གུ་འདི་ཡར་ཁོ་ལུ་སྤྲོད་འབད་སྦེ་ཏེ་ཡི་གུ་ཏེ་མི་འདི་མར་ཡར་ཁོ་དང་ཕྱད་ར་མ་ཚུགས་པས་བ།
- ཀརྨ་དངོས་གྲུབ་ཏེ་ཡི་གུ་འདི་བཏང་འབད་སྦེ་ ཏེ་ཡི་གུ་བཏང་ཡི་གུ་ལྷག་བལྟཝ་ད་ཏེ་ཕར་རྒྱལཔོ་འབད་སར་ཕྱག་དབང་འོང་ནི་ཟེར་ཕར་གྱི་རྒྱལཔོ་འདི་ཕར་གྱི་རྒྱལཔོ་དང་ཚར་ཅིག་མཇལ་དགོ་པས་ཟེར་འབདཝ་ད་འ་བཏུབ་པས་བཏུབ་པས་ཟེར་ཤོག་ཟེར་སླབ་ཟེར་ཏེ་རྒྱལཔོ་འདི་ཕྱག་བ་བཙུགས་ནུག
- ཀརྨ་དངོས་གྲུབ་ཕར་ཟླཝ་བུ་ཚུ་ཕྱག་བ་ཏེ་དེ་རྒྱལཔོ་ནཱ་ལས་ཕར་གནམ་མེད་ས་མེད་ཏེ་མཆོག་སྒྲིག་བཀལ་ཕྱགམཇལ་མ་བཏུབ་བཏུབ་སྦེ་འབག་སོང་ཕར་སོང་ཏེ་ཕྱག་དབང་བཅར་མར་ཟླཝ་བུ་ཚུའི་ཕྱག་དབང་ཕྱག་དབང་བཅར་འབད་སྦེ་ཏེ་ད་འ་ད་ཏེ་ནཱ་བཙུནམོ་མིན་འདུག་ཟེར་ཏེ་བཙུནམོ་ཅིག་ཏེ་ངེའི་བུམོ་གསུམ་ཡོད།
- ཀརྨ་དངོས་གྲུབ་ཏེ་ཁྱོད་ར་ག་ཐུགས་དགྱེས་མི་ཅིག་གཅིག་བཞེས་དགོ་ཟེར་འབདཝ་ད་ཏེ་ང་མི་དགོས་ཟེར་ཁོ་གིས་བཞེས་དགོ་ཟེར་ཁོ་མི་དགོ་ཟེར་ཁོང་ཉན་མ་བཏུབ་པ་ཏེ་ད་ཡུདཔ་ཅིག་མ་པ་ཏེ་དུས་སྐབས་རྫོགས་དོ་རན་མས་པ་ཁོ།
- ཀརྨ་དངོས་གྲུབ་དེ་ལས་ན་ཏེ་ བཞེས་ར་བཞེས་དགོ་ཟེར་འབདཝ་ད་འདིན་ཏེ་ཆུང་ཆུང་ཤོས་འདི་འབད་ད་དགེ་ཟེར་ཏེ་ཏེ་བུམོ་ཕར་གྱི་རྒྱལཔོ་ངོ་མ་འདི་གི་སྲསམོ་ཆུང་ཤོས་འདི་ཕར་གྱི་གནའམ་སྦེ་བཙུགས་ནུག་དེ་ལསན།
- ཀརྨ་དངོས་གྲུབ་དེ་ལསན་ཏེ་ ནཱ་ལས་ཕར་སྦེ་ཟམ་ཟམ་རྐྱབ་ང་བཅས་ར་སྤུ་ན་ཁ་ཟམ་བཟུམ་སྦེ་བ་ཟམ་རྐྱབ་རྐྱབ་འབད་སྦེ་ཏེ་དེ་ལསན་གནའམ་བཙུགས་ཏེ་གནའམ་འདི་ཕར་ལྷོད་ལོ་གཉིས་དེ་ཅིག་ཡར་སོང་ནུག
- ཀརྨ་དངོས་གྲུབ་ཟླཝ་བུཚ་གི་གནའམ་སྦེ་དེ་སྦེ་འབད་རུང་ཨ་ལུ་མིན་འདུག་སྲས་སྲམོ་མ་འཁྲུངས་པས་ཁོང་གཉིས་ལུ་དེ་ལསན་ཏེ་ཏེ་ལོ་ཕྱད་དང་གསུམ་དེ་ཅིག་འགྱོཝ་ད་ལུ་སྲསམོ་འདི་གིས་སླབ་སླབ་མས་དབའེ་ཏེ་ད་མ་འདྲཝ་ཅིག་ར་ཡོད།
- ཀརྨ་དངོས་གྲུབ་ཏེ་ཁྱོད་ནང་ལུ་མ་འདྲཝ་ཅིག་ཅ་ལ་གཅིག་འདུག་ཟེར་འདི་ག་དེ་སྦེ་སྨོ་ཟེར་ད་འདི་ང་མཇལ་ཁ་གཅིག་གནང་ད་ཟེར་ཁྱོད་ལུ་ནོརཔ་གཅིག་ཡོད་ར་ཡོད་འདུག་ར་འདུག་ཟེར་ང་ལུ་མཇལ་ཁ་ཅིག་གནང་ཟེར་འབདཝ་ད་ང་ལུ་ག་ནི་ཡང་མེད་ཟེར།
- ཀརྨ་དངོས་གྲུབ་ང་རང་བཞིན་གྱིས་རྒྱལཔོ་ཨིན། རྒྱལཔོ་སྦེ་འོང་མ་ཅིན་ ང་ལུ་ནཝ་ལོ་ ག་ཅི་ལོ་ག་ནཱི་ཡང་མེད་ཟེར་ ཏེ་རོགས་མར་ཀླུའི་བུམོ་འདི་གིས་ ལྟག་མ་ལུང་བསྟན་གསུངས་བཏང་ནུག་པ་སྟེ་མར་ལས་རོགས།
- ཀརྨ་དངོས་གྲུབ་འ་ནཱི་སྦེ་འབདཝ་འོང་སྨ་རེ་ འ་ནཱི་སྦེ་འབདཝ་འོང་འ་ནཱི་སྦེ་འབདཝ་ད་འ་ནཱེ་སྦེ་འབདཝ་ད་ འ་ནཱི་བཏོན་ནི་མི་འོང་ཟེར་འ་ནཱེ་སྦེ་གསུངས་བཏང་རོགས་མར་ལས་ཡར་འ་ནཱེ་སྦེ་ ཞུ་བཏང་སླབ་བཏང་ནུག་པ་ཁོ་ར་ལུ་ཏེ་འ་ནཱི་སེམས་ཁར་བཞག་སྟེ་ལོ་ཕྱེད་དང་གསུམ་གྱི་ནང་སྐོར་འདི་ཏེ་བཏོན་ར་མ་བཏོན་པས་ཁོ།
- ཀརྨ་དངོས་གྲུབ་ཏེ་ལོ་གསུམ་འགྱོ་བའི་བསྒང་ལས་འབདན་ཏེ་ཁོང་གཉིས་ཅིག་ཁར་སྡོད་དེ་ ལོ་གསུམ་འགྱོ་བའི་བསྒང་ལས་དབའི་ད་འབདན་ང་བཅས་གཉིས་ཏེ་བར་ན་སྐོར་ལུ་བུཚ་མེད་པ་ཨིན་ཟེར་བུཚ་ཡོདན་བུ་ཕ་དང་མཉམ་དང་ བུམོ་མ་དང་མཉམ་འགྱོ་རན་པའི་ཟེར་ཏེ་རྒྱལ་པོ་གི་འདི་ ང་ལུ་ཙ་ལས་ར་བློ་མི་གཏད་པས་ཟེར།
- ཀརྨ་དངོས་གྲུབ་ག་དེ་སྨོ་ཟེར་ ཁྱོད་ང་ནང་ལུ་ཏེ་ ནོརཔ་ཅིག་ཡོད་ར་ཡོད་དེ་ངེའི་གདོང་ཁར་བཏོན་མ་བཏུབ་ཅིག་ཨིན་ན་ག་དེ་འབདམ་ཟེར་ ཏེ་དེ་འབད་བ་ཅིན་ ང་ཡང་ཏེ་ བཟང་བའི་ཕྱོགས་སུ་ལོག་དགོ་པས་ཟེར་ ཏེ་ད་ཁྱོད་ཀྱིས་འདི་མེན་པ་ཅིན་ ཁྱོད་ང་ལུ་བློ་མ་གཏདན་ ང་ཡང་ག་ཅི་འབད་བ་ཟེར་ ནཱ་སྡོད་དེ་བྱེལཝ་མིན་ནུག་ཟེར་འབདཝ་ད་ ཏེ་དེ་ལས་ཏེ་ འ་ནཱེ་ལས་བཏོན་བཏོན་མས་ཏེ།
- ཀརྨ་དངོས་གྲུབ་ནོརཔ་འདི་ ཏེ་ང་ལུ་ནོརབུ་ཟེར་རུང་ ག་ཅི་ཟེར་རུང་འ་ནཱི་ཨིན་ཟེར་ཏེ་ནོརབུ་བསམ་འཕེལ་འདི་བཏོན་ནུག་ དེ་ལསན་ཏེཏེ་ཁོ་གིས་ ཨམ་སྲུའི་གདོང་ཁ་ཁོ་་་་?དེ་ལས་ཁོ་ལུང་བསྟོན་རྫོགསཔ་མས་པ་ལགས།
- ཀརྨ་དངོས་གྲུབ་དེ་ལསན་ཏེ་ནོརབུ་འདི་བཏོནམ་ཤུལ་ལསན་ཏེ་འདི་གིས་ལེན་སྦེ་མགུ་ཏོག་ཁར་བཀལ་སྨོན་ལམ་བཏབ་ད་ངེའི་ཡབ་དང་ཡུམ་ལུ་ཡང་མཇལ་ཁ་ཅིག་ཞུ་དགོ་ཟེར་ད་ངེའི་ཡབ་དང་ཡུམ་ལུ་ མཇལ་ཁ་ཅིག་ཞུ་གེ་ཟེར་འབདཝ་ད་ བཏུབ་བཏུབ་ཟེར་སླབ་སྦེ་དེ་ལསན་ཏེ་ཁོ་ཡང་བློ་བདེ་ཏོག་ཏོ་ དེ་བསྒང་ཁོ་རྫོགསཔ་མས་ཏེ་དོ་རུང་ཚར་གཅིག
- ཀརྨ་དངོས་གྲུབ་ཟླཝ་བུཚ་འདི་དེ་ལས་ནོརབུ་འདི་བཀལ་བཏང་ནུག་ དེ་ལསན་ཏེ་ནོརབུ་འདི་བཀལ་བཏང་འབད་སྦེ་ཏེ་ནོརབུ་འདི་ཡར་ཡབ་དང་ཡུམ་འབད་ས་བཀལ་དེ་ལསན་ཡར་ལས་མར་ནོརབུ་འདི་ལ་ཆུ་ཡོད་སྨོ་ལགས?
- ཀརྨ་དངོས་གྲུབ་ང་བཅས་ལ་ཆུ་ལ་ཆུ་འ་ནཱི་ལ་ཆུ་ལ་ཆུ་འ་གི་ཏེ་ ལ་ཆུ་གི་སྦེ་བཟོ་ཞིནམ་ན་ནོརཔ་ཅོག་ར་ནོརབུ་བསམ་འཕེལ་ཅོག་ར་ཐདཔ་སྦེ་བཟོ་སྦེ་མར་ལོག་བཀལ་མོ་ར་མ་འོང་པས་དེ་ལསན་འདི་མར་བཀལ་ ཟམ་འཐུ་བཀོ་ནུག
- ཀརྨ་དངོས་གྲུབ་མར་ཆུ་ཟམ་འདི་ཟམ་འཐུ་བཀོ་ ནངས་པ་དྲོ་པ་ནངས་པ་དྲོ་པ་ཡུདཔ་ཅིག་ཁར་ལསན་འཁོད་བསིལ་བསིལ་འབདཝ་མས་གསེས་མས་གཟུགས་དབའི་ག་ཅི་ན་སྨ་མནོ་སྟེ་ཏེ་འ་ནཱེམ་ཅིག་ཡར་ལོང་ཞིནམ་ན་ཆིད་ཨུའི་ཟེར་སླབ་སླབ་མས།
- ཀརྨ་དངོས་གྲུབ་ཨ་རྟག་ཀྱི་ཁམས་ཨ་རྟག་བྱ་རོགས་ལེ་ཤ་ཡོད་པ་ཏེ་སྨོ་ཤིག་ཨུའི་ཟེར་སླབ་པའི་བསྒང་ལསན་ཡ་ག་ཡང་མིན་འདུག་ཟེར་མས་མི་ཡང་རྟ་རིགས་རིགས་སྐད་རིགས་ག་ནི་ཡང་མེད།
- ཀརྨ་དངོས་གྲུབ་ག་ཡང་མིན་འདུག་གནམ་མཁའ་བལྟ་བ་ཅིན་ གནམ་ལྷོདམོ་ཡང་ཕྲང་ཕྲ་མཐོངམ་མས་ཏེ་ཏེ་དེ་བསྒང་ལསན་ཏེ་ལོག་བལྟ་ཚེ་ཅིན་གཡས་བལྟ་བ་གི་བྱི་ལི་འདི་ གཡས་ཁ་ཐུག་ཉལ་སྡོད་ནུག་ཟེར་མས།
- ཀརྨ་དངོས་གྲུབ་ཨ་ནཱེ་སྦེ་བལྟ་སོང་པ་ རོ་ཁྱི་ནཱ་ཉལ་སྡོད་ནུག་ཡར་བལྟ་བ་འཁན་པ་སྦ་སྒོར་ནང་མས་ཏེ་ཨ་རྟག་ག་ཨིནམ་པས་མ་པ་ལས་ག་ནི་ཡང་མེད་སྦ་ཤལ་དང་ཤུལ་ར་མེདཔ་པས་ཏེ་ཡར་ཞུ་ཆེ་ནུག་པ་ཏེ་རོགས་སྨོ་ཤིག་རྒྱལཔོ་འདི་གིས།
- ཀརྨ་དངོས་གྲུབ་ཡ་ད་འབདན་སྐལ་ས་བཀལ་ནུག་སྨ་རེ་ད་འབདན་ང་ཟེར་དེ་ལེན་ཏེ་དེ་ནང་ར་སྤུབས་དྲན་མེད་བརྒྱལ་ཏེ་སྦེ་འབད་ཏེ་འདི་ནཱ་ཏེ་གྱལ་རིལ་མར་རིལ་བསྒྱུར་འབད་སྦེ་སྡོད་སྡོདཔ་མས་ཁོ།
- ཀརྨ་དངོས་གྲུབ་ནཱ་ནཱེམ་དབུལ་པའི་བུཚ་འདི་དེ་ལས་བྱི་ལི་གི་ལོང་འབད་སྦེ་སླབ་ནུག་ དབའེ་ཟླཝ་བུཚ་སྔུ་མི་དགོ་ནོརཔ་ལོག་ལེན་གེ་ཁྱད་མེད་ལེན་འཐོབ་ཟེར་འབདཝ་ད་ཨའུ་ད་ཁྱོད་ཀྱིས་ཁྱེད་སེམས་ཅན་འ་ནཱེ་མ་གིས་ ནོརཔ་ག་དེ་སྦེ་འཐོབ་ནི་ཟེར་ད་དེམ་ལོ་རྒྱུས་ནཱ་མ་སླབ་ཟེར་ཏེ་དེ་ལས་སྔུ་འདི་ར་སྡོད་ ཏེ་རོ་ཁྱི་ཏེ་བྱི་ལི་གིས་ལག་སྐོར་བསྒྲིགས་ད་ནུག་ལགས།
- ཀརྨ་དངོས་གྲུབ་དབའེ་རོ་ཁྱི་ཁྱོད་རྩལ་རྐྱབ་ཚུགས་ག་ཟེར་ཟེརཝ་མས་པ་རྩལ་འདི་རྩལ་འདི་ང་ཁྱོད་ར་རྒྱ་མཚོ་ནང་འཛུལ་རུང་ང་རྩལ་རྐྱབ་ཚུགས་ཟེར་རོ་ཁྱི་གིས་བཏུབ་ད་དེ་འབད་བ་ཅིན་བཞེས་སྒོ་བཟའ་ཁྱོད་ར་ང་བཅས་གཉིས་ལུ་ བཞེས་སྒོ་འབག་ཤོག་ཟེར།
- ཀརྨ་དངོས་གྲུབ་ཏེ་བཞེས་སྒོ་ཟེར་ ག་ཅི་འོང་པ་ཏེ་ག་ནི་ཡང་མིན་འདུག་ཏེ་བཞེས་སྒོ་འབག་ཤོག་ཟེར་སླབ་སླབ་མས་ཏེ་བཞེས་སྒོ་འདི་བཟའ་ཡི་ཟེར་འདི་སླབ་ནི་མི་མིན་འདུག
- ཀརྨ་དངོས་གྲུབ་ཏེ་བཞེས་སྒོ་གཅིག་བྱིན་འབད་སྦེ་ འདི་བཟའ་སྦེ་??? འིམ་་་་འགྱོ་ཤིག་ ང་བཅས་འགྱོ་ནོརཔ་ལེན་པ་འགྱོ་གེ་ཟེར་ བྱི་ལི་འདི་འཁྱིད་རོ་ཁྱི་དང་བྱི་ལི་ ནོརབུ་ལེན་པ་འཛོལ་སོང་ནུག་ཏེ།
- ཀརྨ་དངོས་གྲུབ་ནོརབུ་ཡར་རྒྱལཔོ་ ཡར་ནོརཔ་ལེན་པ་འགྱོ་གེ་ཟེར་ནོརཔ་ལེན་པ་འགྱོ་སྦེ་ཏེ་ དེ་ལས་མར་རོ་ཁྱི་གི་བྱི་ལི་བྱི་ལི་ཧེ་མ་ཧེ་མ་རོ་ཁྱི་ཤུལ་ཤུལ་སྦེ་འགྱོ་འ་ཕ་ཆུ་འདི་གི་ སྦོ་ལོགས་ཁར་ ཟམ་འདིན་འཐུ་བཀོ་ནུག་གོ་ཤིག་ལགས།
- ཀརྨ་དངོས་གྲུབ་སྤ་་་རྩལ་འདི་ང་ཁྱོད་ར་ཁྱོད་འདྲོག་ར་མི་དགོ་ ཁྱོད་རྩལ་འདི་ང་སྤུས་ཙ་སྦེ་རྐྱབ་ཚུགསཔ་ཁྱོད་ར་མ་འདྲོག་མས་ཟེར་སླབ་སླབ་མས་འེང་ཟེར་སླབ།འ་ཕར་ཆུ་འདི་གི་སྦོ་ལོགས་ཁར་ཏེ་རོ་ཁྱི་ནཱ་ཤོག་ཤིག་ཁོ་རེ་རྩལ་འབདན་ན་འཐེན་རྐྱབ་དགོ་མས་ཟེར་རོ་ཁྱི་གིམ་སླབ་འབད་སྦེ་འེང་འེང་
- ཀརྨ་དངོས་གྲུབ་དེ་ལསན་ཏེ་བྱ་བྱི་ལི་འདི་རོ་ཁྱི་གུ་བཞོན་འབད་སྦེ་ཏེ་རྩལ་རྐྱབ་འཛོལ་སོང་ནུག་ནཱ་ལས་ཕར་ཆུ་ཕར་ཁར་ཆུ་ཕར་ཁར་སོང་དེ་ལསན་ཡར་སྦེ་འཛེག་རྒྱལ་པོའི་ཕོ་བྲང་ནང་ལས་ཡར་སྦེ་འཛེག་ཏེ་རོ་ཁྱི་འདི་མར་ ཁྱོད་ར་འ་ནཱ་སྡོད་ཤོག་སྨ་རེ་ང་ཡར་ནོརབུ་ལེན་སོང་གེ་གསེས།
- ཀརྨ་དངོས་གྲུབ་རོ་ཁྱི་འདི་མར་རོ་ཁྱི་འདི་མར་རྒྱལ་པོའི་ཕོ་བྲང་གི་རྩིག་པའི་ཟུར་ཁ་བཞག་སྦེ་སྐད་མ་རྐྱབ་མས་ཟེར་ སླབ་སླབ་མས་ རོ་ཁྱི་འདི་ལུ་སྐད་མ་རྐྱབ་པ་ཁུ་སིམ་སི་སྦེ་སྡོད་སྨ་རེ།
- ཀརྨ་དངོས་གྲུབ་ང་ཡར་ལས་ནོརབུ་ལེན་སོང་གེ་ཟེར་དེ་ལས་ནཱ་ལས་ཡར་སྦེ་གྱང་གི་ཟུར་ཁ་ལས་འཛེག་འགྱོ་ཡར་འགྱོ་བའི་བསྒང་ལས་བྱི་བྱི་ལུ་འདི་ག་ཏེ་མ་ཤེས་གུ་ཤེས་པར་ ཤ་ཚང་ན་རྐྱབ་རྐྱབ་མས་ལགས།
- ཀརྨ་དངོས་གྲུབ་ཕག་ཤ་ལེབ་ཤུ་འ་ནཱེམ་ཅིག་འཐུ་འབག་མར་རོ་ཁྱི་ལུ་བཀོ་བཀོཝ་མས།ཤའི་ཚང་ན་ཤ་ཡོད་སར་རྐྱབ་འབད་སྦེ་དེ་ལསན་ཡི་ན་ལྟོ་བཀྱེས་པའི་ཤུགས་ཀྱིས་་ཤ་འདི་སྡོད་ས་ར་བཟའ་བའི་ཤུལ་ལསན་
- ཀརྨ་དངོས་གྲུབ་ཁོ་ཡར་ལས་མར་རོ་ཁྱི་གྱིམ་དེ་ར་བྱག་ཟེརཝ་ཅིན་ རོ་ཁྱི་སྐད་རྐྱབ་རྐྱབ་མས་མར་ལུ་སྐད་ཤོར་ཏེ་སྐད་མ་རྐྱབ་སྐད་མ་རྐྱབ་ཤ་ཨིན་ཤ་བཟའ་ད་ཟེར་ཡར་ལས་མར་ཁོ་དེ་སྦེ་སླབ་སྦེ་དེ་ལསན་ཏེ་ ལོག་འོང་སྦེ་རོ་ཁྱི་འདི་ཤ་འདི་བཟའ་འབད་སྦེ་ཏེ་མི་ནང་སྡོད་ནུག་བསྒུགས་ཏེ།
- ཀརྨ་དངོས་གྲུབ་ཏེ་ད་ལས་མར་སྦེ་འབབ་འོངམ་ད་ད་ནོརཔ་འདི་མཆོད་བཤམ་ན་བཞག་འོང་ཟེར་མནོ་འབད་སྦེ་མཆོད་བཤམ་ནང་ལས་མར་བབས་འབདཝ་ད་ཏེ་རྒྱལཔོ་དང་གསང་ཡུམ་འདི་ཏེ་འ་ནཱེ་སྦེ་ཉལཝ་ད་ལུ་གཅིག་ཕར་གཅིག་ཚུར་ཉལཝ་ད་ཏེ་བློ་རྐྱབ་མས་ཟེར་མས།
- ཀརྨ་དངོས་གྲུབ་མོ་གི་བྱི་ལི་འདི་གི་མར་ལས་ཡར་སྦེ་འཇུག་ལས་ཉིད་མ་ལོག་ནུག་ཁོང་གཉིས་མཇུག་ལས་ཡར་སྦེ་ འ་ནཱེ་སྦེ་ཉན་ལྟཝ་ད་ལུ་གཉིད་མ་ལོག་སྨ་རེ་གཉིད་མ་ལོག་མས་ཟེར་ སླབ་མས་ཟེར་མས་ཁོང་གཉིས།
- ཀརྨ་དངོས་གྲུབ་ནོརབུ་འདི་ ཕར་ང་གཉིད་ལོགཔ་ད་ཁྱོད་ནང་སྤྲོད་ཁྱོད་ཉིད་ལོགཔ་ད་ངེའི་ནང་སྤྲོད་འབད་སྡོད་སྡོདཔ་མས་བ་ འ་ནཱེ་སྦེ་ཕར་ཚུ་སྤྲོད་དེ་ལས་བྱི་ལི་གི་འགྲོས་ཀྱིས་བཏང་བར་ལས་ཡར་འཐོན་འོང་ཞིན་ན་ཏེ་ཙང་བཏང་སྡོད་ཞིནམ་ན་དེ་ལསན་ཡར་ཡར་སོའི་ཟེར་མས་ཡར་ད་ལེན་ཤིག་ཟེར་ཏེ་ཕར་ལས་སྐད་མི་འདུག་དེ་ལསན་རྒྱལ་པོའི་བཙུན་མོ་འདི་ཉིད་འཐལ་སོང་མས་པ།
- ཀརྨ་དངོས་གྲུབ་ཏེ་བར་ན་སྐོར་ལས་བྱི་ལི་གི་ལེན་འབད་སྦེ་དེ་ལསན་འབག་འོང་ནུག་པ་ཏེ་ དེ་ལསན་བྱི་གིས་ཞུ་ཆེ་ནུག་དེལསན་ནོརབུ་འདི་ ཡར་ལས་ཕར་ཁོ་བྱི་ལི་གིས་ལེནམ་ཅིག་ནཱ་ལས་ཡར་སྦེ་འཛེག་ ད་རུང་ཡར་ཤ་ཚང་ནང་སོང་ཤ་འདི་བཟའ།
- ཀརྨ་དངོས་གྲུབ་ནོརབུ་འདི་ཨོལ་ཀོ་ཁར་བཏགས་འབད་སྦེ་བའི་ཤུལ་ལསན་ཏེ་ཡར་ལས་མར་སྦེ་འབབ་སྦེ་ མར་རོ་ཁྱི་རོ་ཁྱིའི་སྦོ་ལོག་ཁར་འཆོངམ་ད་ཏེ་ རོ་ཁྱི་སྐད་རྐྱབ་རྐྱབ་མས་སྐད་མ་རྐྱབ་སྐད་མ་རྐྱབ་ད་འབདཝ་སྐད་མ་རྐྱབ་སྨ་རེ།
- ཀརྨ་དངོས་གྲུབ་ནོརཔ་འབག་འོང་ཡི་ཟེར་དེ་ལསན་ཡར་སོང་ནུག་ དེ་ལས་ཡར་ལས་མར་ལོག་སྟེ་ཡར་ལས་མར་ལོག་འོང་འབད་སྦེ་ཏེ་དེ་ལས་མར་ མར་ཆུའི་མཐའ་མར་སོང་ཆུ་མཐའ་མ་ལུ་རྐྱལ་རྐྱབ་ཕར་ཁ་འཐོན་ཏེ་དེ་ལསན་ཏེ་ཕར་ནོརཔ་ཕར་བཀལ་ཟླཝ་བུཚ་ཏེ་ལྷབ་འདོམ་གང་ཞལ་ལྷབ་ཀྱི་ཁ་ཡང་ལྷབ་ལྷབ་ཁ་ནང་ཚུད་དེ་ཟེར་མས།
- ཀརྨ་དངོས་གྲུབ་སྔུ་སྔུ་བ་གི་མིག་ཏོ་ཡང་སྦོ་འུང་་ཟླཝ་བུཚ་སྔུ་མ་དགོ་ད་འབདན་ནོརབུ་འབག་འོང་ཡི་སྨ་རེ་ཟེར་ཏེ་ད་འབདན་ཁྱོད་ར་སྔུ་མི་དགོ་ད་འབདན་དྲན་པ་སྟོན་ད་ནོརབུ་འབག་འོང་ཡི་ཟེར་ཏེ་འ་འུ་ད་ག་ལས་ཡོད་པ་ཤོབ་རྐྱབ་པའི་ ད་རྫུན་པ་རེ་འོང་ཟེར་སྔུ་ཉན་མ་བཏུབ་པས།
- ཀརྨ་དངོས་གྲུབ་ད་འདི་རྫུན་པ་མེན་ཡར་ཁོང་འ་ནཱེ་སྦེ་སྡོད་ནུག་གཉིད་མ་ལོག་པ་འ་ནེ་འབད་སྦེ་ད་བར་ན་སྐོར་ལས་ང་ལེན་འབག་འོང་ཡི་ད་འ་ནཱ་བལྟ་ཤིག་ཟེར་ཏེ་ལག་པར་སྤྲོད་སྦེ་དེ་ལསན་ཏེ་ ད་རུང་ སྨོན་ལམ་བཏབ་འབད་སྦེ་དོ་རུང་ཨ་རྟག་ག་ཨིནམ་སྦེ་ཏེ་དགའ་བའི་སྤྲོ་སྟོན།
- ཀརྨ་དངོས་གྲུབ་སྐྱིད་པའི་གླུ་ལན་འབད་སྦེ་ཏེ་ད་གནས་བཤད་ཨ་རྟག་ག་ཨིནམ་སྦེ་ད་ཅིག་ཡོདཔ་བཟུམ་སྦེ་ཁྱིམ་སྦོམ་སྦེ་ཏེ་རྒྱལཔོ་སྦེ་རོ་ཁྱི་དང་བྱི་ལི་ཡང་སྤྲོ་བཏོན་ཏེ་ཁོ་ར་ཡང་འདི་ནང་ཏེ་དགའ་བའི་སྤྲོ་འཆམ་སྐྱིད་པའི་བྲོ་འཆམ་གླུ་ལེན་འབད་སྦེ་ཏེ་གནམ་མེད་ས་མེད་སྦེ་ཏེ་འ་ནཱེ་སྦེ་སྡོད་སྡོདཔ་ཨིན་ཟེར་མས།