Skip to main content Skip to search
21 Jun 2018
5 min 44 sec
Video Overview
Creators: 
Sonam Chophel, Duptho

In this video, Therpo from Zor village in Jamkhar Gewog, Trashiyangtse narrates the story of two women, one poor and one rich. The poor woman did chores and wove kiras for the rich woman. One day, while she was weaving a kira, a dove came and took her puta container. She followed the dove and requested the bird to return her container. When she reached a plain, the dove felt pity on her and gave her a precious cat’s eye coral to her. Later, she became richer than the rich woman.

 

Transcript search
No results found for this search
0 of 0
  • མཐར་པོ་ Tharpo
    ཏེ་ ང་བཅས་ར་བགོ་ལ་འཐག་སྡོད་མི་ཨམ་སྲུ་ཅིག་ ནམ་རང་འབད་རུང་མོ་གླ་བཏགས་ཏེ་ཟ་ ཏེ་ལཱ་གཞན་ག་ཅི་ཡང་མི་བཀོལ་ ཁྱོད་ཐགས་ར་འཐག་སྟེ་ ངེའི་ཨར་མོ་བཟུམ་སྦེ་ ངེའི་ཐགས་ཅིག་འཐག་གནང་ ལཱ་གཞན་ག་ཅི་ཡང་འབད་མི་དགོ་ ཏེ་འ་ནཱིམ་ཅིག་འབད་བྱིན་པ་གིས་བཏུབ་ ཁྱོད་ཐགས་འདི་འབདན་ མེ་ཏོག་འབདན་ ཨ་ཙི་ཅིག་ཡང་འཛོལ་མ་བཅུག་ ལེགས་ཤོམ་འབད་འཐག་གནང་ ང་རང་གྱོན་ནི་ཨིན་ ཁྱོད་ཀྱིས་ལེགས་ཤོམ་འབད་འཐག་མ་རེག་ གཞན་གྱིས་ལེགས་ཤོམ་མི་ཐོན་པས་ ཁྱོད་ཀྱིས་ལེགས་ཤོམ་ཐོནམ་ཨིན་ ལཱ་གཞན་འབད་མི་དགོ་ ཁྱོད་ལུ་བྱིན་གེ་སྨེ་ བཏུབ་ག་ཟེར།
  • མཐར་པོ་ Tharpo
    ཏེ་མོ་གི་ཨ་རྟག་རང་ ལྟོ་འབད་རུང་ གླ་འབད་རུང་ བཟའ་ནི་ག་ཅི་ཨིན་རུང་ཏེ་ [ལམ་ཤ་བཀང་ཉི་?] མོ་གི་ལྟོ་འབད་རུང་ ག་ཅི་འབད་རུང་ འ་ནཱི་རྐྱངམ་ཅིག་བྱིན་དོཝ་མས་ ཨ་རྟག་རང་ལགས། འ་ནཱི་བྱིན་སྦེ་སྡོདཔ་ད་ ཉིནམ་ཅིག་འ་ནཱི་གེ་ཟ་ཟ་ཡི་ཟ་ཡི་ ཐགས་འཐག་སྡོདཔ་ད་ ཨའི་སྨོ་ང་ ཕམ་སྤྱང་ཀ་གི་བུཚ་ཟེར་ རོགས་འདིན་འབྱོར་པ་ཅན་ ཟ་མ་ཚར་འཐུང་མ་ཚར་བ་འདུག་སྨོ་ཟེར་ རང་བཟའ་ནི་མེད་ འཐུང་ནི་མེད་ གྱོན་ནི་བཀབ་ནི་ག་ནི་ཡང་མེད་པའི་ཐོག་ཁར་ ལྟོ་ཡང་ཏེ་གེ་ཟ་བརྔོ་བརྔོཝ་ཅིག་ཨིན་མས་ང་ ཨ་ནཱི་མི་ཚེ་ནང་ཟེར་ ཨིན་རུང་ཁྱད་མེད་ ཉིནམ་ཅིག་ཟེརཝ་ད་ང་ སངས་རྒྱས་ཀྱིས་སྐྱིད་སྡུག་གཟིགས་པར་ཤོག་ཟེར་ སྨོན་ལམ་བཏབ་སྟེ་མོ་ཐགས་འཐག་དོ་ཡོདཔ་ཨིན་མས་ལགས།
  • མཐར་པོ་ Tharpo
    ཉིནམ་ཅིག་ཟེརཝ་ད་ ཐི་ལི་རྒྱལམོ་ཅིག་ འཕིར་རི་རི་བཏང་འོང་སྦེ་མོ་གི་ [ལམ་ཤ་ག་?] གེ་ཟ་བརྔོ་བརྔོཝ་དང་སྦྲགས་ འབག་ཡར་སོངཔ་ཨིན་མས་ལགས། [ཏོག་ཀེན་?] འབག་འགྱོ་སྟེ་ དབའ་ང་བཟའ་ནི་འདི་ ག་དེ་སྦེ་ཡོད་རུང་ ལྟོ་བཀྱེས་སྡོད་རུང་ཁྱད་མེད་ ང་སྤྱང་ཀ་གི་བུཚ་ཨིན་ རོགས་ཀྱི་ཕུད་ཏ་འདི་ཁྱོད་ཀྱིས་འབག་ཡར་སོ་ཡི་ ཏེ་ཕུད་ཏ་ཅིག་ལོག་གནང་ཟེར་ ཨཱན་ཏེ་བ་གླིང་ རེད་ཆོ་ཇ་ཟ་ན་ནི་ ཕུད་ཏ་ལོག་འཕྱོགས་ཤིག་ དབའེ་ཨཱན་ཏེ་བ་གླིང་ ཡོན་བདག་གིས་ང་བརྡུང་མ་ལ་ བརྡུང་མ་ལ་ཟེར་ རྟིང་བདའ་འགྱོཝ་ད་ལུ་ ཡར་རང་ཤོག་ཤིག་ཟེརཝ་མས་ལོ། ད་རུང་ ཧ་ལམ་ཅིག་གི་ས་ཁར་བདའ་འགྱོཝ་ད་ ཨཱན་ཏེ་བ་ལིང་ ཕུད་ཏ་ལོག་གནང་དབའི་ ལོག་གནང་ཟེརཝ་ད་རང་ ཡར་ཤོག་ཟེར་ ཡར་ཡར་རང་འབག་སྟེ།
  • མཐར་པོ་ Tharpo
    ད་ལྟོ་འབད་བ་ཅིན་ ནགས་དང་སྤང་གི་མཚམས་ལུ་ལྷོདཔ་ད་ལུ་ ཏེ་འ་ནཱ་ཆགས་ཏེ་སྡོད་ནུག་ཟེར་ཨིན་མས་ ཕུད་ཏ་སོ་བཏབ་སྟེ་ལགས། དབའི་ཨཱན་ཏེ་བ་ལིང་ ཁྱོད་ཅག་འབྲེ་ཟ་ན་ནི་ ང་ཕུད་ཏ་ལོག་གནང་དབའེ་ ཡོན་བདག་གིས་ང་གསད་མ་ལ་འོང་ཟེར་སླབ་ད་ ཡར་རང་ཤོག་ཤིག་ཟེར་ ཡ་བྱིན་ནི་ག་ནི་ཡང་མེད་ ཁྱོད་སྤྱང་ཀ་ཨིན་མས་ཡ་ བྱིན་ནི་མེད་ གཟི་ཙང་ཙ་ ཤལ་གཅིག་གནང་ཡི་ཟེར་ཨིན་མས་ལགས་མོ་ལུ་གསོལ་རས། ང་བྱིན་ནི་ག་ནི་ཡང་མེད་ ང་ཨ་ལོ་ལེ་ཤཱ་ཡོད་ དེ་འབད་རུང་ང་ལུ་ལངམ་ ག་ཅི་ཡང་ཡོད་ ཁྱོད་འ་ནཱི་གིས་ཕན་ཐོགས་ བཟའ་ནི་ཡང་ལང་མ་རེད་ཟེར་ ཏེ་འ་ནཱི་མོ་ལུ་བྱིན།
  • མཐར་པོ་ Tharpo
    དེ་ལས་གཟི་འབག་འོང་སྦེ་ དབའེ་ང་མ་འདྲཝ་ཅིག་ཐོབ་ཅི་ འ་ནཱི་གཟི་བཏགས་འོང་སྦེ་ དེ་ལས་ ཐགས་འཐག་དོ་ཡོདཔ་མས་མོ་ མོ་གི་གེ་ཟ་འདི་ཐི་ལི་རྒྱལམོ་ཟ་ད་ནུག བལྟ་རང་མ་བལྟ་བར་ ཏེ་མོ་འ་ནཱི་འཐོབ་ཅི་ཟེར་ སེམས་དགའ་སྟེ་ དེ་ལས་དབའེ་ ང་འ་ནཱིམ་ཅིག་ཕྱུགཔོ་འབད་རུང་གཟི་མེད་ ཁྱེད་གཟི་ག་ཏེ་ལས་འབག་འོང་ཡི་ཟེར་ དྲིས་དྲིསཝ་མས་ དྲིཝ་ད་ལུ་ དབའེ་ང་འདི་ ཐི་ལི་རྒྱལམོ་གིས་འ་ནཱི་འབད་ སོ་བཏབ་འབག་སྦེ་ དེ་ལས་ གེ་ཟ་ཁྱོད་ཟ་རུང་ ཕུད་ཏ་འདི་ང་གནང་ཟེར་སླབ་སྦེ་ ནཱ་སྦྱིན་བདག་གིས་ཚོགས་བརྡ་གཏང་འོང་ཟེར་བདའ་འགྱོཝ་ད་ ཡར་ཡར་འཁྱིད་འབག་སྦེ་ ཡར་ལྷོདཔ་ད་ལུ་ དེ་ལས་མོ་གིས་འ་ནཱི་བཟུམ་ཅིག་བྱིན་དེས་ང་ལུ་ ང་འ་ནཱི་སྦེ་ཐོབ་ཅི་ ཟེར་སླབ་ད་ལུ།
  • མཐར་པོ་ Tharpo
    དབའི་ དེ་འབདན་ནངས་པར་ལས་ཡར་ལྟ་འབདན་ ད་ཁྱོད་ཀྱི་ཨར་མོ་ང་བཟོ་གེ་སྨེ་ཟེར་ ཁྱོད་ཀྱི་ཐགས་ང་འཐག་གེ་ཟེར་ དེ་ལས་ཁྱོད་འདི་ སྦྱིན་བདག་འབད་ང་གི་ཚབ་ག་ཅི་ར་ཨིན་རུང་ ཁྱོད་ཀྱིས་མཛརཝ་བརྔོ་སྦེ་ ཁྱོད་ལུ་ག་དེ་སྦེ་བྱིན་ཡི་ག་ ཅོག་ར་འཐདཔ་སྦེ་བྱིན་སྨེ་ཟེར་ ཏེ་ང་ཐགས་འཐག་གེ་སྨེ་ཟེར་ འཐག་སྦེ་སྡོདཔ་ད་ ཏེ་ད་རུང་ཐི་ལི་རྒྱལམོ་ལྷོད་དེས་ཟེར་ཨིན་མས། འོངམ་ཅིག་ད་རུང་ ཕུད་ཏ་སོ་བཏབ་འབག་འགྱོ་འགྱོཝ་མས་ འབག་འགྱོཝ་ད་ལུ་ དབའེ་ཨ་ནཱི་མི་གིས་ག་དེ་སྦེ་སླབ་ཅི་ ག་དེ་སྦེ་འབག་ཡི་ག་ ང་སླབ་ནི་གཅིག་བརྗེད་སོ་ནུག་ཟེར་ ད་རེས་ཉིནམ་གཅིག་དེ་སྦེ་ར་རྫོགས་རྫོགསཔ་མས་ལགས། ནངས་པར་བཟུམ་ཅིག་ཁར་ལྷོདཔ་ད་ལུ་ ཕྱི་རུ་ཐི་ལི་རྒྱལམོ་རྒྱབ་ཐལ་ཞིནམ་ལས་ འབག་འབགཔ་ཨིན་མས། ག་ནི་ཡང་སླབ་མ་ཤེས་པར་ འ་ནཱི་སྦེ་ལུས་ལུས་ དེ་ལས་ནངས་པར་བཟུམ་ཅིག་ཁར་ དབའེ་ཁྱོད་ཀྱི་འ་ནཱི་འབགཔ་ད་ལུ་ ཁྱོད་ཀྱིས་ག་དེ་སྦེ་སླབ་ཅི? ལྟོ་ཚང་ཟེར་སླབ་ད་ལུ་ དབའེ་ ཁྱོད་ཅག་འབྲེ་ཟ་རུང་རང་ཕུད་ཏ་ལོག་འཕྱོགིཤོག་ གནང་དབའེ་ ཨཱན་ཏེ་བ་གླིང་ ཟེར་སླབ་ཅི། ཡར་རང་ཤོག་ཤིག་ ཟེར་སླབ་དེས་སྨེ་མོ་གིས་ ཟེར་སླབ་ནུག
  • མཐར་པོ་ Tharpo
    ཁྱོད་ལུ་ག་ནི་ཡང་མ་སླབ་ག་ཟེརཝ་ད་ ག་ནི་ཡང་མ་སླབ་ ང་གིས་ཡང་ག་ནི་ཡང་མ་སླབ་ ཟེར་སླབ་ད་ ཡ་ཡ་ནངས་པར་ལྷོད་པ་ཅིན་འ་ནཱི་སྦེ་སླབ་ཟེར་ དེ་ལས་ད་རུང་ གེ་ཟ་བརྔོ་ བཀང་སྦེ་ དེ་ལས་མོ་ཐགས་འཐག་དོ་ཡོདཔ་མས། ད་རུང་ལྷོད་དེ་ ད་རུང་ཐི་ལི་རྒྱལམོ་གིས་སོ་བཏབ་འབག་ཡར་སོང་སོངཔ་ཨིན་མས་བ་ལགས། དབའེ་ཨཱན་ཏེ་བ་གླིང་ ཁྱོད་ཅག་འབྲེ་ཟ་ན་ཡང་ ཕུད་ཏ་ལོག་འཕྱོག་ཤིག་ཟེར་སླབ་ད་ ཡར་རང་ཤོག་ཤིག་ཟེར་སླབ། དེ་ལས་ཡར་འགྱོ་འགྱོཝ་མས་ དབའེ་ཕུད་ཏ་ལོག་གནང་དབའེ་ཨཱན་ཏེ་བ་གླིང་ཟེར་སླབ་ད་ ཡར་རང་ཤོག་ཤིག་ཟེར་ ཡར་ཡར་རང་འཁྱིད་འབག་སྦེ།
  • མཐར་པོ་ Tharpo
    མོ་གི་ཅོག་ར་འཐདཔ་སྦེ་ ཡར་སྤང་དང་ནགས་ཀྱི་མཚམས་ལུ་ལྷོདཔ་ད་ ཡར་རང་ཤོག་ཤིག་ཟེར་ ད་རུང་ཡར་ལྷོདཔ་ད་ མོ་གི་མནོ་བསམ་ག་ཅི་ཟེར་བ་ཅིན་ ད་གཟི་མོ་བཟུམ་སྦེ་རང་ཐོབ་སྨེ་ཟེར་ ད་ང་ཕྱུགཔོ་གི་ཐོག་ཁར་ཧེང་སྐལ་ཕྱུགཔོ་འགྱུར་ཡི་སྨེ་ཟེར་ སེམས་དགའ་སྟེ་འགྱོ་སྦེ་ཡར་ལྷོདཔ་ད་ དབའི་མོ་འདིན་སྤྱང་ཀ་འབད་ གནམ་བསྐོས་ཀྱིས་བཀོད་དེ་ ཏེ་གནམ་བསྐོས་དང་བསྟུན་ ང་བྱིན་དགོཔ་དེ་ཡང་ ཨ་ནཱི་སྦེ་བྱིན་ཡི་ ཁྱོད་འདི་ འ་ནཱི་བཟུམ་སྦེ་ ཡོད་མི་གིས་ ཧེང་སྐལ་འཚོལ་འཚོལཝ་ ཏེ་ད་ལྟོ་འ་ནཱི་བཟུམ་སྦེ་ ལཱ་འདི་མི་བཏུབ་ཟེར་ ཨ་རྒས་ཨང་རྒས་ཚུ་གིས་སླབ་དེས་ འ་ནཱི་བཟུམ་འབད་མི་བཏུབ་ཟེར་ ཏེ་ཨ་ནཱི་ཐི་ལི་རྒྱལམོ་གིས་ ཁྱོད་འ་ནཱི་བཟུམ་སེར་སྣ་འབད་མི་མི་འདི་ ང་བཅས་བུཚ་དམངས་ཀྱི་ལྟོ་ཨིན་ཟེར་ ཕྱེ་འཐག་འཐག་རང་བཅོམ་སྦེ་ ཁོ་ཆ་ཁྱབ་ཀྱིས་ཟ་བཞག་ཡི་ ཟེར་ཨིན་མས་ལགས་མོ། འ་ནཱིམ་ཅིག་ཨིན་ལགས།། །།