Skip to main content Skip to search
29 Jan 2016
5 min 59 sec
Video Overview
Creators: 
Sonam Tobgye, Sangay Tshomo

"Local people from Konbar village perform the boedra song “Azhang Gawai Zhabdro” (Dance of Happy Uncle) during the Mongar annual festival at Mongar Dzong. Oral tradition states that one of the disciples of Tokden Shakya Shri (1853-1919) learned it in Tibet. After returning to Bhutan, he taught the song to the people of Konbar. Some claim this song has a strong connection with Chöjé Drukpa  Künlek (1455-1529) as it contains some bawdy lyrics.

"

 

མོང་གར་རྫོང་ཁག་ ཀོན་བར་གྱི་ མི་ཚུ་གིས་ བོད་སྒྲའི་གླུ་གཞས་ ཨ་ཞང་དགའ་བའི་ཞབས་བྲོ་ཟེར་མི་འདི་ འཐེན་སྲོལ་ཡོདཔ་ ཨིན་མས། དེ་ཡང་ མོང་གར་ཚེས་བཅུ་སྐབས་ལུ་ འཐེན་སྲོལ་ཡོདཔ་ཨིན་མས།  ལོ་རྒྱུས་ལས་འབད་བ་ཅིན་ གླུ་གཞས་འདི་བོད་ལས་ཨིན་མི་ སྟོང་ལྡན་ཤཀྱའི་ཤེས་རིགས་ལས་ ལྷབ་འདི་ཡོདཔ་ ཨིན་མས།དེ་ལས་གོ་ཕ་ལས་འབྱོན་ཞིནམ་ལས་ ཁོ་གིས་ཀོན་བར་གིས་ མི་སེར་ཚུ་ལུ་ སྟོན་ཡོདཔ་ཨིན་མས། ལ་ལུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ གླུ་གཞས་འདི་ཆོས་རྗེས་འབྲུག་པ་ཀུན་ལེགས་དང་ འབྲལ་བ་ཡོད་པའི་ གླུ་གཞས་ཅིག་ཨིན་མས།་འདི་ཡང་ གླུ་གཞས་ཀྱི་ཚིགས་ ཉན་པའི་སྐབས་ལུ་ ངོ་ཚ་ནི་གིས་ ཚིག་ཚུ་ཡང་ ཡོདཔ་ཨིན་མས།

 

Transcript search
No results found for this search
0 of 0
  • ཕུན་ཚོགས་དབང་འདུས/Phuntsho Wangdi
    ཧེ་མ་ དང་ཕུགས་ལགས། སྤྱང་ཀའི་བུཚུ་ ཉམ་ཆུང་ཅིག་ཏེ་ གྱོན་ནི་གི་གོ་ལ་མེད་ ག་ཅི་ཡང་མེད་ དུས་གཏན་ཀྱང་ ཤིང་འཐུ་སྟེ་ ཤིང་བཙོང་ཟ་དོ་ཡོདཔ་མས་ ཁོ་ལགས།
  • ཕུན་ཚོགས་དབང་འདུས/Phuntsho Wangdi
    ཏེ་ ཤིང་ཨ་རྟག་རང་ ཤིང་ཏེ་འ་ནི་སྦེ་འབག་འོང་ཡི་རང་ ཐག་ཚད་མཇལ་སྦེ་བཙོང་སྟེ་ ཁོ་ལམ་ཁ་ངལ་འཚོ་སྡོད་ནི་གི་ས་གོ་ཅིག་ རྡོ་སྦོམ་ཅིག་ ཏེ་ཁ་འདི་ཆུ་སྲིན་གྱི་ཁ་བཟུམ་ཅིག་ཡོཔ་ཨིན་མས་ལགས།
  • ཕུན་ཚོགས་དབང་འདུས/Phuntsho Wangdi
    ཁ་འ་ནི་སྦེ་ཁ་བརྒྱངས་བརྒྱངསམ་ ཆུ་སྲིན་གྱི་ཁ་བརྒྱངས་བརྒྱངསམ་བཟུམ་ཅིག་ འ་ནི་ཐོག་ཁར་ངལ་འཚོ་ཡི་རང་ ཏེ་འབགཔ་ད་ དེ་ལས་འགྱོ་སྦེ་ ཤིང་བཙོང་ ཉིནམ་རེ་ཆད་མེད་པ་རང་ འ་ནི་སྦེ་རང་ཟ་སྡོད་དེ་ཏེ་ སྡོད་སའི་ཁྱིམ་ཡང་སྦ་སྒོར་ཆུང་ཀུ་ཅིག་རྐྱངམ་ཅིག་ཡོདཔ་མས་ལགས།
  • ཕུན་ཚོགས་དབང་འདུས/Phuntsho Wangdi
    ཉིནམ་ཅིག་འབདཝ་ད་ཏེ་ འུ་སྡུག་དྲགས་ཏེ་ ལྟོ་བཀྱེས་ཁ་སྐོམ་ ཤིང་འབག་དྲགས་ཏེ་ སྒལ་ཏོག་ཡང་པགས་ཀོ་ཤུབ་སྟེ་ ཉིནམ་ཅིག་འབདཝ་ད་ ཤིང་ཤུགས་སྦེ་ར་ ཧེང་བཏང་ནུག་ལགས། གྲབ་་་ གཱརའོ་་་་་ བཏང་སྟེ་ དེ་ལས་རྡོ་གིས་ཁ་སླབ་མས་ ཟེརཝ་མས་ལོ་ དབའེ་སྤྱང་ཀའི་བུཚུ་ འུ་སྡུག་རང་སྡུག་ཆི་སྦོ་ཁྱོད? ཟེར་སླབ་སླབ་མས།
  • ཕུན་ཚོགས་དབང་འདུས/Phuntsho Wangdi
    ག་ཅི་དཀའཝ་སྤྱོདཔ་སྨོ་ཁྱོད་ ཤིང་འཐུ་སྟེ་ འུ་སྡུག་རང་སྡུག་ཆི་སྨོ་ཟེར་ ཁྱོད་ནངས་པ་ལས་ཡར་ འུ་སྡུག་མི་དགོ་སྨེ་བཏུབ་ག ཁྱོད་མི་ཚེ་གཅིག་ལང་པའི་དངོས་གྲུབ་འདི་ ང་གིས་ད་རེས་ ཐོགས་པ་མེདཔ་སྦེ་ ཁྱོད་ལུ་བྱིན་གེ་ཟེར་ ཁྱོད་ར་མི་ཚེ་ཅིག་གི་རིང་ སྐྱིདཔོ་སྐྱོང་སྟེ་ ཟ་སྨ་རེད་ཟེར།
  • ཕུན་ཚོགས་དབང་འདུས/Phuntsho Wangdi
    ཁྱོད་དཀའཝ་སྤྱད་མི་དགོ་ཟེར་ ཏེ་ཁོ་གི་ཁ་ནང་ལས་ཏེ་ གསེར་ཕྱེ་ལགས་ གསེར་ཕྱེ་ལགས། ཕད་ཙེ་གཅིག་ལྟེམ་ལྟེ་སྦེ་བྱིན་ཡི་ལོ་ལགས།
  • ཕུན་ཚོགས་དབང་འདུས/Phuntsho Wangdi
    དེ་ལས་ ཨ་ནི་གསེར་ཕྱེ་འབག་སྦེ་ གཡུས་ཁར་ གཡུས་ནང་ན་ཏེ་ ཁོ་གི་གསེར་ཕྱེ་འདི་ བཙོང་ཡི་བཙོང་ཡི་ཟ་སྡོདཔ་ད་ལུ་ ཕྱུག་པོའི་བུཚུ་ ཁྱིམ་ཚང་ རོགས་ཕྱུགཔོ་ གནམ་མེད་ས་མེད་ཀྱི་ཏེ་ མིང་གཏམ་ཅན་ཅིག་ཨིན་མས་ལགས།
  • ཕུན་ཚོགས་དབང་འདུས/Phuntsho Wangdi
    ཡོངས་གྲགས་ཅན་ཅིག་ལགས། ཕྱུགཔོ་ནང་ལས་ གནམ་མེད་ས་མེད་ ག་ཅི་འབད་རུང་ རྒྱུ་ནོར་ལོངས་སྤྱོད་ལས་འབད་རུང་ བཀབ་གོ་ལ་ལས་འབད་རུང་ ག་ཅི་འབད་རུང་ཁོ་གི་ཏེ་ གནམ་མེད་ས་མེད་ ནོར་སེམས་ཅན་ཡང་གནམ་མེད་ས་མེད་ཡོདཔ་མས་ལགས།
  • ཕུན་ཚོགས་དབང་འདུས/Phuntsho Wangdi
    དེ་ལས་ ཁྱོད་ཀྱི་གསེར་ཕྱེ་ ག་དེ་སྦེ་ཐོབ་ཐོབ་སྨོ་ཟེར་ དྲི་དྲིཝ་ཨིན་མས། འ་ནི་ཕྱུགཔོ་གི་བུཚུ་གིས། ཏེ་ང་ཨ་རྟག་ར་འ་ནི་སྦེ་ ཤིང་འཐུ་སྡོད་པའི་སྐབས་ལུ་ ང་ངལ་འཚོ་སའི་ས་གོ་ཅིག་ཡོད་ རྡོ་ཅིག་ཡོད་ ཏེ་ཁོ་གི་ཁ་འདི་ ཆུ་སྲིན་གྱི་ཁ་ཅོག་ར་འཐདཔ་ཅིག་ཡོད།
  • ཕུན་ཚོགས་དབང་འདུས/Phuntsho Wangdi
    འ་ནི་རྡོ་གིས་འབད་ ང་དཀའཝ་སྤྱད་ནུག་ཟེར་ མི་ཚེ་གཅིག་སྐྱིདཔོ་སྐྱོང་སྟེ་ཟ་ཟེར་ དངོས་གྲུབ་ཏེ་ ཁོ་གིས་ གསེར་ཕྱེ་ གསེར་ཕྱེ་ཏེ་ གསེར་ཕྱེ་ཕད་ཙེ་གཅིག་བྱིན་ཡི་ཟེར་ འ་ནི་བཙོང་ཡི་བཙོང་ཡི་ཏེ་ ང་ཕྱུགཔོ་འགྱོ་ཡི་ཟེར་ སླབ་སླབ་མས་ལགས།
  • ཕུན་ཚོགས་དབང་འདུས/Phuntsho Wangdi
    དབའེ་ ང་ཡང་འགྱོ་བལྟ་དགོ་ནི་མས་ ཏེ་སྤྱང་ཀའི་བུཚུ་དེ་འབད་བ་ཅིན་ཟེར་ ཏེ་ང་ཡང་ཁྱོད་ཅོག་ར་ཅིགཔོ་སྦེ་ ང་ཡང་ཤིང་རེ་བཙོང་སྟེ་ཟ་བལྟ་དགོ་པས་ཟེར་ ང་འགྱོ་ནི་ཟེར་ དེ་ལས་ ཤིང་ཕྱུག་པོའི་བུཚ་ཡང་ཏེ་ ཤིང་ཚལ་མ་ནང་འགྱོ་སྦེ་ ཤིང་འབག་འོང་ཡི་རང་ འ་ན་ལ་ཧེང་དོ་ཡོདཔ་མས་ལགས།
  • ཕུན་ཚོགས་དབང་འདུས/Phuntsho Wangdi
    དེ་ལས་ ཉིནམ་དག་པ་ཅིག་འདི་ཏེ་ འ་ནི་སྦེ་ཤིང་འཐུ་ཡི་རང་ཏེ་བཙོང་ཡི་བཙོང་ཡི་རང་ ཅོག་ར་ཅིགཔོ་སྦེ་ལགས། ཏེ་ཉིནམ་ཅིག་འབདཝ་ད་ ཁོ་གིས་ཡང་ཏེ་ ཤིང་གི་ཁུར་ཆ་ ཤིང་ཤུགས་སྦེ་ར་ ཧེང་བཏང་ནུག་ལགས། གཱརའོ་་་་་བཏང་ དབའེ་ ཕྱུགཔོ་གི་བུཚུ་ཟེར་རང་སླབ་སླབ་མས། ཕྱུག་པོའི་བུཚ་ ཁྱོད་ག་ཅི་འབད་དེ་ནང་དོག་དོགཔ་སྨོ་ དེ་ཚུན་ཚོད་ཟེར
  • ཕུན་ཚོགས་དབང་འདུས/Phuntsho Wangdi
    ང་འུ་སྡུག་ཐང་ཆད་དེ་ འབད་མ་ཚུགས་ ཏེ་འ་ནི་གིས་འབད་ ཤིང་ཤུགས་སྦེ་ཧེང་ཡར་སོ་ཡི་ ཟེར་སླབ་སླབ་མས། ཡ་ ཁྱོད་འུ་སྡུག་མི་དགོ་ ང་གིས་སྤྱང་ཀའི་བུཚུ་ཅོག་ར་འཐདཔ་སྦེ་ དངོས་གྲུབ་ཁྱོད་ལུ་བྱིན་གེ་སྨེ་ཟེར།
  • ཕུན་ཚོགས་དབང་འདུས/Phuntsho Wangdi
    ཁྱོད་ར་འབག་མ་རེད་ཟེར་ ལགཔ་བཙུགས་བཙུགསཔ་མས་ལགས། ལགཔ་བཙུགསཔ་ཅིག་ ལགཔ་འདི་ རྡོ་གིས་བསྡམས་བཞག་ནུག་ལགས། སྒྲིང་སྒྲི་འབད་དེ་ལགས། སྤར་སྤར་གསིག་གསིག་མེདཔ་སྦེ་ལགས། ལགཔ་འ་ནི་ ལགཔ་གི་དཀྱི་ལི་ལས་མར་བཅད་ག་ར་བསྡམ་བཞག་སྟེ་ལགས།
  • ཕུན་ཚོགས་དབང་འདུས/Phuntsho Wangdi
    དེ་ལས་ ཨམ་སྲུ་ འཚོལ་འོངམ་ད་ལུ་ ཏེ་འ་ནི་སྦེ་བསྡམ་བཞག་བཞགཔ་མཐོང་སྟེ་ དེ་ལས་ཁོང་གཉིས་ སྔུ་ཡི་རང་ ཏེ་ད་མི་ཚེ་གཅིག་ ད་ང་མི་ཐར་ནི་ཨིན་མས་སྨོ་ཟེར་ ཚེ་སྔའི་ལས་ ག་ཅི་གི་ལས་ངན་ཨིན་ད་སྨོ་ཟེར་ ང་འ་ནི་བཟུམ་སྦེ་ལས་མ་དགཔ་ཅིག་ ང་འ་ན་ལས་མི་ཐར་ཨིན་མས་ཟེར།
  • ཕུན་ཚོགས་དབང་འདུས/Phuntsho Wangdi
    ང་གི་མི་ཚེ་ལུ་ ང་འ་ན་རང་བསྡམས་སྦེ་ ཤི་ནི་ཨིན་མས། དེ་ལས་ ཨམ་སྲུ་གིས་ མར་ལས་ལྟོ་སྐྱེལ་ཡི་སྐྱེལ་ཡི་ལགས། ནང་ན་ཡོད་མི་ག་ར་ ཧ་ལམ་རྫོགས་དོ་ཡོདཔ་མས་ལགས།
  • ཕུན་ཚོགས་དབང་འདུས/Phuntsho Wangdi
    ནང་ན་ཏི་རུ་བལ་ཀྲམ་ཡོད་མི་ཡང་རྫོགས་ རྒྱུ་ནོར་ལོངས་སྤྱོད་ཡོད་མི་ཡང་རྫོགས་ ཨམ་སྲུ་ཡང་ ཏེ་ལཱ་འབད་ནི་ཡང་སེམས་ཀྱི་སྡུག་བསྔལ་གྱི་འབད་ ལཱ་འབད་སར་མ་མཐོང་པར་ ཏེ་རང་ལུ་བསགས་མི་ཚུ་ཡང་ ཏེ་ག་ར་ཏེ་ ནོར་སེམས་ཅན་ཚུ་ཡང་བཙོང་།
  • ཕུན་ཚོགས་དབང་འདུས/Phuntsho Wangdi
    འ་ནི་འབད་དེ་ ཁོ་ལུ་ཏེ་ ཨ་རྟག་ར་ ལྟོ་སྐྱེལ་ཡི་རང་ ལྟོ་དུས་ཕོད་གསུ་གསུམ་ དྲོ་པ་དྲོ་མཛར་ལས་འགོ་བཟུང་ ཉི་མའི་ལྟོ་ ཕྱི་རུའི་ལྟོ་སྐྱེལ་ཏེ་ ལྷོདཔ་ཅིག་ལས་ སྡུག་པོ་ སྤྱང་ཀ་ངོ་མ་ཡར་སོང་ཡི་ལོ་ལགས།
  • ཕུན་ཚོགས་དབང་འདུས/Phuntsho Wangdi
    ཁྱིམ་ནང་ཡང་ ག་ཅི་ཡང་མེདཔ་འགྱོ་ ཏི་རུ་བལ་ཀྲམ་ཡང་ག་ཅི་མེདཔ་འགྱོ་ ནོར་སེམས་ཅན་ཡང་མེདཔ་འགྱོ་ དེ་ལས་ཉིནམ་ཅིག་འབདཝ་ད་ སྔུ་སྦེ་ཁ་ཆེམས་བཞག་དོ་ཡོདཔ་མས་རྨགཔ་གིས་ ད་འབདན་ ང་མི་ཚེ་གཅིག་འ་ན་ལས་མི་ཐར་ནི་མས། ཁྱོད་ར་ག་དེ་འབད་ཟ་རུང་ཟ་མ་རེད་ཟེར་ ད་ ཁྱོད་ལྟོ་ཡང་སྐྱེལ་མི་དགོ་ ག་ཅི་ཡང་འབད་མི་དགོ་ ང་འ་ན་རང་ཤི་སྡོད་ནི།
  • ཕུན་ཚོགས་དབང་འདུས/Phuntsho Wangdi
    ང་འུ་སྡུག་སྟེ་ དཔེ་འབད་བ་ཅིན་ང་ འ་ནི་ང་ ཁོགཔ་ ཕོཝ་སྟོངམ་ཐལ་ཞིནམ་ལས་ རང་བཞིན་གྱིས་ར་ང་ཏེ་ ཤི་འོང་ཟེར་ ཁྱོད་སྡུག་བསྔལ་ཡང་འབད་མི་དགོ ཁྱོད་འོང་ཡང་མི་དགོ་ཟེར་ ཁོ་གཉིས་ཆ་ར་སྔུ་ གནམ་མེད་ས་མེད་ ་གདངས་ཐོན་ཏེ་རང་སྔུ་སྦེ་ ཨམ་སྲུ་གིས་སྔུ་ རྨགཔ་གིས་ཡང་སྔུ་ འབདཝ་ད་ལུ་ཏེ་ རྡོ་གིས་སླབ་སླབ་མས་ཏེ་ ཨའི་་་་ ཁྱོད་གཉིས་འ་ནིམ་ཅིག་སྐྱོ་བ་ལངས་ཏེ་ སྐྱིད་སྡུག་བཤད་ འབད་མི་དགོ་ ད་རེས་ལས་ ང་གིས་ཁྱོད་གཏང་ནི་མས་ཟེར།
  • ཕུན་ཚོགས་དབང་འདུས/Phuntsho Wangdi
    ཏེ་ ཁྱོད་ཧེ་མ་ རྒྱུ་ནོར་ལོངས་སྤྱོད་ཡོད་པའི་མི་ཅིག་ཨིན་མས། ཁོནི་མ་པ་ལས་མེད་པའི་མི་ ནང་དོག་སྟེ་ འ་ནི་བཟུམ་བྱ་བ་བྱ་ཐབས་མེད་པའི་ལཱ་ཅིག་འབད་དེ་ཟ་ཟཝ་ཏེ་ ཁྱོད་ཏེ་ ཞེ་སྡང་ ང་རྒྱལ་ ཕྲག་དོག་ལངས་ཏེ་ འ་ནི་བཟུམ་ཏེ་ ཁྱོད་ར་འ་ནི་བཟུམ་འབད་དེ་ ཁོ་ལུ་མིག་སེར་འབད་འབདཝ་གི་ཏེ་ ཁྱོད་ཀྱི་ཨ་ནི་ ལས་ངན་འདི་ འ་ནིམ་ཅིག་སྦེ་དགཔ་སྦེ་བཞག་ད་ ང་གིས་ད་རེས་ལས་གཏང་ནི་ཟེར་ ཁྱོད་ཁྱིམ་ན་འགྱོ་མ་རེད་ཟེར་ བཏང་ཡི་ལོ་ལགས།
  • ཕུན་ཚོགས་དབང་འདུས/Phuntsho Wangdi
    འ་ན་ལས་ ཨམ་སྲུ་དང་རྨགཔ་དང་སེམས་དགའ་སྟེ་ཡར་སོ་ནུག་ལགས། འ་ནི་བཟུམ་སྦེ་དཔེ་འབད་བ་ཅིན་ཏེ་ ང་བཅས་ར་ ག་དེ་སྦེ་ར་ཨིན་རུང་ གཙོ་བོ་ར་ དམ་ཚིག་འདི་དགོཔ་ཨིན་པས་ལགས། གཙོ་བོ་ར་ཏེ་ རང་གིས་མིག་སེར་འབད་དེ་ སེར་སྣ་འ་ནི་བཟུམ་འབད་བ་ཅིན་ ཏེ་རང་སོའི་ལས་འབྲས་འ་ནི་བཟུམ་སྲིད་འོང་ ཟེར་བའི་དཔེ་ཅིག་ཨིནམ་འདྲས་མེན་ན་ལགས།
  • ཕུན་ཚོགས་དབང་འདུས/Phuntsho Wangdi
    བཀའ་དྲིན་ཆེ་ལགས། འ་ནིམ་ཅིག་རང་ཨིན་ལགས།