27 Jan 2016
3 min 8 sec
Video Overview
Creators:
Sherig Dentshog, Sangay Choki
Yethuen Pinduk tells a humorous story about an old couple being fooled by a monkey. An old couple asked a monkey to teach them to plant potato. The monkey told them to boil the potatoes, peel off the skin, put them in their garden, and put a stick where each one was planted. The next day, the potatoes were gone; the monkey had eaten them all. The old man went to kill the monkey, who suggests he wait until he gets fatter. The old couple feeds the monkey before it runs away and hides in a tree. The old woman waited below with a sack while the old man fought the monkey in the tree. The old man falls into the sack but his wife thinks it is the monkey inside; she beats him relentlessly until she realized her mistake.
- Shali
- ཡིད་མཐུན་སྤུན་དྲུག་:Yethuen Pindukདང་ཕུ་ བོ་ཟོང་(དའུ)བཙུགསཔ་ད་ བཙུགས་ནིའི་ལས་རིམ་མ་ཤེས་མས།
- ཡིད་མཐུན་སྤུན་དྲུག་:Yethuen Pindukཨང་རྒས་དང་ ཨ་རྒས་ཅིག་ཡོདཔ་ཨིན་པས།
- ཡིད་མཐུན་སྤུན་དྲུག་:Yethuen Pindukཨ་་་སྤྱ་ལུ་འདྲི་འདྲིཝ་མས། དབའི་ ཕོ་རྒནམ་སྤྱ་
- ཡིད་མཐུན་སྤུན་དྲུག་:Yethuen Pindukདའུ་བཙུགས་ནིའི་ དུས་ཚོད་མི་ཤེས་པས། ནམ་བཙུགས་ནི་སྨོ? ག་དེ་སྦེ་བཙུགས་ནི་སྨོ་ཟེརཝ་ད་
- ཡིད་མཐུན་སྤུན་དྲུག་:Yethuen Pindukཨེ་་་འ་ནཱི་འདི་འཇམ་ཟེར་ སླབ་ནུག་ སྤྱ་གིས།
- ཡིད་མཐུན་སྤུན་དྲུག་:Yethuen Pindukདང་པ་ར་ བཙོ་དགོ་ བཙོ་སྨ་རེ་ སྤག་ཀོ་ཤུབས་ དེ་ལས་ འདབ་མ་གིས་ སྤུརཞིནམ་ལས་དོང་རྐོ་སྟེ་ འདི་ཁར་ ཁརཝ་བཙུགས་བཞག་ཟེར་ སླབ་སླབ་མས།
- ཡིད་མཐུན་སྤུན་དྲུག་:Yethuen Pindukཨ་་་་ཨང་རྒས་དང་ ཨ་རྒས་གཉིས་འདི་ དའུ་བཙོ་ སྤག་ཀོ་ཤུབས་སྦེ་ ཤིང་གི་འདབ་མ་གིས་ སྤུར་ཞིནམ་ལས་དོང་རྐོ་སྟེ་
- ཡིད་མཐུན་སྤུན་དྲུག་:Yethuen Pindukདེ་ཁར་ ཆ་མཉམ་ཁརཝ་བཙུགས་སྦེ་བཞག་བཞགཔ་མས།
- ཡིད་མཐུན་སྤུན་དྲུག་:Yethuen Pindukཁརཝ་བཙུགས་སའི་སྦོག་ལོག་ལས་ སྤྱ་གིས་ཆ་མཉམ་བཏོན་ཏེ་ བཟའ་བཞག་བཞགཔ་མས།
- ཡིད་མཐུན་སྤུན་དྲུག་:Yethuen Pindukཨ་རྒས་ཀྱིས་ སྤྱ་བདའ་བ་ ཡར་སོང་ནུག།
- ཡིད་མཐུན་སྤུན་དྲུག་:Yethuen Pindukསྤྱ་བདའ་བ་སོང་སྟེ་ སྤྱ་བདའ་ཟུན་ནུག་ བབདའ་ཟུན་ཏེ་འཁྱིད་འོང་ནུག།
- ཡིད་མཐུན་སྤུན་དྲུག་:Yethuen Pindukཁྱོད་ག་ཅི་སྦེ་ དའུ་བཟའ་བཟའ་སྨོ? ཤོབ་རྐྱབ་སྟེ་ མགུ་སྐོར་རྐྱབ་སྟེ་ ཏེ་དྲང་ནི་འབདཝ་ད་
- ཡིད་མཐུན་སྤུན་དྲུག་:Yethuen Pindukགསད་ནི་འབདཝ་ད་ འ་་ད་ལྟོ་འདི་ ང་ ཉམ་ཤོར་ཏེ་ཡོད་མ་གསད་ ཤུལ་ལས་ ཉམཤ་རྒྱགསཔ་ད་གསད་ ད་ལྟོ་འདི་ མཉམ་ཤོར་ཏེ་ཡོད།
- ཡིད་མཐུན་སྤུན་དྲུག་:Yethuen Pindukཨ་་ཨང་རྒས་དང་ ཨ་རྒས་ཀྱིས་ ཡར་སྟེང་ཐོག་ལུ་འབག་སྟེ་ ལུདཔ་ནང་བཙུགས་བཞག་བཞགཔ་མས།
- ཡིད་མཐུན་སྤུན་དྲུག་:Yethuen Pindukཞིམ་རྩེའི་ལུདཔ་ནང་བཙུགས་བཞག་ནུག ཞིམ་རྩེ་ལུདཔ་གཅིག་བཟའ་སྟེ་ སྤྱ་ཉམ་རྒྱགས་ཏེ་ སྦོམ་སྦོམ་འགྱོ་སོང་སོངཔ་མས།
- ཡིད་མཐུན་སྤུན་དྲུག་:Yethuen Pindukདེ་ལས་ རེད་བཟའ་བཅུག་ འ་ནཱི་རེད་རྫོགསཔ་ད་ གཡང་རེད་ཀྱི་ ལུདཔ་ནང་བཙུགས་
- ཡིད་མཐུན་སྤུན་དྲུག་:Yethuen Pindukང་་ཡ་ གསད་ནི་གསད་ནི་ཟེརཝ་ད་ ད་རུང་ར་ ཨ་ཙི་ཅིག་ཉམ་རྒྱགས་འོང་ སྦོམ་འགྱོ་འོང་ཟེར་
- ཡིད་མཐུན་སྤུན་དྲུག་:Yethuen Pindukཨ་་་ལུགཔ་རེ་རེ་སྦེ་བཟའ་སྟེ་ ཨ་རྟག་ར་ ཆུམ་གཡང་རེད་ ལུདཔ་རེ་རེ་སྦེ་ བྱིན་ཏེ་ཚར་ཏེ་
- ཡིད་མཐུན་སྤུན་དྲུག་:Yethuen Pindukདེ་ལས་ ཧ་ལམ་ཅིག་ལས་ སྟེང་ཐོག་གི་ ཨང་རྒས་དང་ ཨ་རྒས་ཀྱི་ འབྲུ་སྣ་ཚུ་རྫོགས་ཞིནམ་ལས་
- ཡིད་མཐུན་སྤུན་དྲུག་:Yethuen Pindukད་འབདན་གསད་ནི་ཟེརཝ་ད་ མིན་དགོ། འ་ན་འདི་ར་ ཨ་ཕར་ ཆུའི་རྩ་བར་འབག་སྟེ་དསད་ཟེར་ སླབ་སླབ་མས།
- ཡིད་མཐུན་སྤུན་དྲུག་:Yethuen Pindukཨ་་སྤྱ་འཁྱིད་སོང་སྟེ་ ཕར་ཆུའི་རྩ་བར་གསད་ནི་འབདཝ་ཅིག་ ཤིང་གི་ཐོག་ཁར་ཡར་སོང་ནུགསྤྱ་གིས་རེང་རེང་ཟེར།
- ཡིད་མཐུན་སྤུན་དྲུག་:Yethuen Pindukཨ་་ཨ་རྒས་དེ་ད་རུང་ སྤྱའི་རྟིང་བདའ་སོང་བལྟ་ནུག། སྤྱ་སྦོམ་ འ་ནཱི་ཅིག་ཡར་སོང་ནུག
- ཡིད་མཐུན་སྤུན་དྲུག་:Yethuen Pindukཤིང་ཐོག་ཁར་འཛིངམ་ད་ལུ་ ཨ་རྒས་ཕམ་སྟེ་ སྤྱ་གིས་ འཐུ་བཀོ་ད་ནུག
- ཡིད་མཐུན་སྤུན་དྲུག་:Yethuen Pindukཨང་རྒས་ཀྱིས་འོག་ལས་ ཕད་ཙི་ བཟེད་བཟེདཔ་མས།
- ཡིད་མཐུན་སྤུན་དྲུག་:Yethuen Pindukཨ་རྒས་ཀྱིས་ ང་ཡོད་ ཨང་རྒས་ཨང་རྒས་ཟེརཝ་ད་ ཕད་ཙི ཨ་རྒས་དྲངས་དྲངསམ་མས་ ཨང་རྒས་ཀྱིས།
- ཡིད་མཐུན་སྤུན་དྲུག་:Yethuen Pindukཔེང་པེང་ ཞིམ་རྩེ་ལུདཔ་གཅིག་བཟའ་ཚར་ཡི། གཡང་རེད་ལུདཔ་གཅིག་བཟའ་ཚར་ཡི། རེད་ལུདཔ་གཅིག་བཟའ་ཚར་ཡི།
- ཡིད་མཐུན་སྤུན་དྲུག་:Yethuen Pindukཨ་རྒས་དྲངས་ཡི་ར་ ཏ་མ་ཁ་ཕྱེ་བལྟཝ་ད་ ཨ་རྒས་ རྒྱ་བོ་ར་ཟིང་ཟིང་སྦེ་ ཤིང་སོང་ནུག་ཟེར་ཨིན་པས།
- ཡིད་མཐུན་སྤུན་དྲུག་:Yethuen Pindukཨང་རྒས་ཀྱིས་ ཨ་རྒས་བསད་པའི་གཏམ་ཨིན།