Skip to main content Skip to search
21 Jan 2016
4 min 42 sec
Video Overview
Creators: 
Sherig Dhentshog

A local man sings a probably self-composed song called "Wai Charog" (Hello Friend). It reflects on the employment situation of the heavily populated capital city Thimphu. The lyrics say it is better to be at home and a live the rural life, as it is hard to find a job in Thimphu. The song calls on a friend, asking to go back home and rear cattle, do agricultural work and live in the Eastern way.

 

༉  གློག་བརྙན་འདི་ནང་ སྲུང་གི་མིང་དྭཝ་བུཚུ་གི་སྲུང་ཟེར་བཞག་སྟེ་ཡོདཔ་ད་ སྲུང་འདི་ པདྨ་དགའ་ཚལ་ག་ཤ་རི་ལས་པདྨ་རིན་འཛིན་གྱིས་གཏངམ་ཨིན་པས། སྲུང་འདི་ནང་ ཕོ་རྒནམ་རྒན་ཤོས་རྩ་རྒས་དང་ ནུ་གཅུང་སྤྱང་དྲགས་གསུམ་ བུམོ་གཅིག་གི་ཞོར་ལས་མ་འཆམ་པར་ ཁྲིམས་ཁང་ནང་གཏུགས་པའི་སྐོར་ལས་ཨིན་པས། དེ་ཡང་ བུམོ་དེ་ན་སྟེ་ བུ་བར་ན་སྐོརམ་དེ་གིས་སྨན་ཁང་ནང་སྐྱེལ་ བུ་ཆུང་ཤོས་དེ་གིས་ ཐུགཔ་བསྐོལ་བཞེས་སྒོ་བྱིན་ ནད་གཡོག་རྒྱུག་སྟེ་ལེགས་ཤོམ་འབད་བའི་མཐའ་མར་ བུམོ་དེ་དྲག་ཞིནམ་ལས་ བུ་ཆུང་ཤོས་གཉིས་མ་འཆམ་པར་ ཁྲིམས་ཁང་ནང་གཏུགས་པའི་སྐབས་ སྐྱེས་པའི་མ་དང་གསོ་བའི་ཕ་འདྲ་བས་ཟེར་ དཔེར་ན་ སྐལ་བ་ཅན་གྱིས་མ་གཏོགས། །རེ་བ་ཅན་གྱིས་མི་ཐོབ། །ཟེར་དོ་བཟུམ་སྦེ་ མཇུག་ལུ་རྩ་རྒས་ལུ་བྱིན་ད་ནུག

Transcript search
No results found for this search
0 of 0
  • པདྨ་རིན་འཛིན་/ Pema Rinzin:
    ང་ ནཱ་ ངང་ལམ་ ག་ཤ་རི་ལས་ཨིན། མ་པ་ ང་གིས་གཏམ་ཅིག་ཞུ་ནི་ཟེར་མནོ་སྟེ་ཡོད།
  • པདྨ་རིན་འཛིན་/ Pema Rinzin:
    གཏམ་འདི་ག་ཅི་སྨོ་ཟེར་བ་ཅིན་ དང་ཕུ་
  • པདྨ་རིན་འཛིན་/ Pema Rinzin:
    འ་ནཱ་ལུ་ ང་འདི་ གཡུས་ ནཱ་ག་ཤ་རི་ལས་ པདྨ་རིན་འཛིན་ཟེར་མི་གིས་ གཏམ་ཅིག་ཞུ་དོ།
  • པདྨ་རིན་འཛིན་/ Pema Rinzin:
    དང་ཕུ་ འ་ནཱི་གཡུས་ཅིག་ལུ་ མི་ སྤྱང་ཀ་ཨ་ལོ་ཚུ་ཡོདཔ་ཨིན་མས། ཨ་པ་ཨའི་མེད་མི་ ཡོདཔ་ཨིན་མས།
  • པདྨ་རིན་འཛིན་གྱི་ཆ་རོགས་/ Pema Rinzin's Friend:
    ཨེ་་་་་།
  • པདྨ་རིན་འཛིན་/ Pema Rinzin:
    འ་ནཱ་ལུ་ ཏེ་ ས་ཐང་གནམ་མེད་ས་མེད་ ལེགས་ཤོམ་ཡོདཔ་མས། ས་ཐང་ལེགས་ཤོམ་ཡོདཔ་ཨིན་མས། འ་ནཱི་གཡུས་ལུ་ ས་ཐང་ལེགས་ཤོམ་ལུ་འདི། མི་ལེ་ཤ་མེདཔ་མས་ཁོང་ འ་ནཱ་འདི་ གླེན་གོ་གཅིག་ དེ་ལས་ ནུ་གཅུང་གཉིས་ བུམོ་གནམ་མེད་ས་མེད་ འཇའ་རིསམོ་ཅིག་ཡོདཔ་ཨིན་མས།
  • པདྨ་རིན་འཛིན་གྱི་ཆ་རོགས་/ Pema Rinzin's Friend:
    ཨེ་་་་་་།
  • པདྨ་རིན་འཛིན་/ Pema Rinzin:
    འ་ནཱ་འདི་ བུམོ་འཇའ་རིསམོ་དང་ ཁོང་གསུམ་ གླེན་གོ་ ཁོང་ ཐང་ལེགས་ཤོམ་ལུ་ ཆུ་ཅིག་བཏོན་ནི་སྦེ་ བསྟུན་གྲོས་རྐྱབ་ནུག
  • པདྨ་རིན་འཛིན་གྱི་ཆ་རོགས་/ Pema Rinzin's Friend:
    ཨེ་་་་་་།
  • པདྨ་རིན་འཛིན་/ Pema Rinzin:
    བསྟུན་གྲོས་འབད་དེ་ ཏེ་ གནམ་མེད་ས་མེད་ འ་ནཱ་ལུ་ ཆུ་བཏོན་ནི་སྨེ་ཟེར་ ཞིང་རྨོ་སྦེ་ ཨ་རིང་བཟོ་ནི་ཟེར་ གླེན་གོ་ སྤུན་ཆ་གཉིས་ བུམོ་འཇའ་རིསམོ་ ཁོང་བཞི་བསྟུན་གྲོས་འབད་སྦེ་ ཆུ་བཏོན་བཏོནམ་མས།
  • པདྨ་རིན་འཛིན་གྱི་ཆ་རོགས་/ Pema Rinzin's Friend:
    ཨེ་་་་་་།
  • པདྨ་རིན་འཛིན་/ Pema Rinzin:
    ཆུ་བཏོན་ཏེ་ སྤུན་ཆ་གཉིས་འདི་ གནམ་མེད་ས་མེད་གསལ་དྲགས་ཡོདཔ་ཨིན་མས། གླེན་གོ་འདི་གླེན་གོ་ཨིན་མས་ཁོ་ ཨམ་སྲུ་འདི་ཨམ་སྲུ་སྦེ་སྡོད་སྡོདཔ་མས། ཨ་ནཱ་ལས་འདི་ སྤུན་ཆ་གཉིས་ཀྱི་ས་གོ་ལུ་འདི་ ཆུ་བཏོན་ཚར་ཚརཝ་ཨིན་པས།
  • པདྨ་རིན་འཛིན་གྱི་ཆ་རོགས་/ Pema Rinzin's Friend:
    ཨེ་་་་་་།
  • པདྨ་རིན་འཛིན་/ Pema Rinzin:
    ཏེ་ གླེན་གོ་གི་འདི་ མ་བཏོནམ་ཨིན་པས། དེ་ལས་ བུམོ་འཇའ་རིསམོ་འདི་ ཆུ་བཏོན་རནམ་ད་རང་ བུམོ་འཇའ་རིསམོ་ན་ཆི་ནུག གནམ་མེད་ས་མེད་ན་ཆི་འདུག
  • པདྨ་རིན་འཛིན་གྱི་ཆ་རོགས་/ Pema Rinzin's Friend:
    ཨེ་་་་་་།
  • པདྨ་རིན་འཛིན་/ Pema Rinzin:
    ཏེ་ ན་སྦེ་ ཏེ་ གླེན་གོ་ག་ཅི་ཡང་མ་ཤེས་པས་ གླེན་གོ་འདི་ གླེན་གོ་མ་ཤེས་ཞིནམ་ལས་ ཏེ་ འ་ནཱི་ ནུ་གཅུང་ཕོ་རྒནམ་འདི་གིས་ འུམ་ ང་རའི་ཨམ་སྲུ་བཟོ་ནི་ ང་ར་གི་ཟེར་ ཁོ་གིས་ སྨན་ཁང་ནང་འཁྱིད་ཆི་ནུག
  • པདྨ་རིན་འཛིན་གྱི་ཆ་རོགས་/ Pema Rinzin's Friend:
    ཨེ་་་་་་།
  • པདྨ་རིན་འཛིན་/ Pema Rinzin:
    སྨན་ཁང་འཁྱིདཔ་ད་ལུ་ ཏེ་ འགྱོཝ་ད་ལུ་འདི་ དེ་ལས་ འ་ནཱི་ ནུ་གཅུང་གིས་འདི་ ད་ ཐུགཔ་བསྐོལ་བྱིན་བྱིནམ་མས། ན་ཡི་ ནདཔ་ཟེར།
  • པདྨ་རིན་འཛིན་གྱི་ཆ་རོགས་/ Pema Rinzin's Friend:
    ཨེ་་་་་་།
  • པདྨ་རིན་འཛིན་/ Pema Rinzin:
    ཏེ་ ཕོ་རྒནམོ་གིས་འདི་ ཁོ་གིས་འདི་ ཏེ་ སྨན་ཁང་ནང་འབག་འགྱོ་འགྱོཝ་མས། དེ་ལས་ འ་ནཱི་ ནུ་གཅུང་གིས་འདི་ ཐུགཔ་བསྐོལ་ཏེ་ ལེགས་ཤོམ་འབད་གསོ་གསོཝ་མས་ འ་ནཱི་བུམོ་འདི།
  • པདྨ་རིན་འཛིན་གྱི་ཆ་རོགས་/ Pema Rinzin's Friend:
    ཨེ་་་་་་།
  • པདྨ་རིན་འཛིན་/ Pema Rinzin:
    ཁོང་གཉིས་འདི་ འ་ནཱི་བུམོ་ ཁོང་གཉིས་བཟོ་ནི་ཨིན་མས། སྤུན་ཆ་གཉིས་འགྲན་བསྡུར་འབད་དོཝ་མས།
  • པདྨ་རིན་འཛིན་གྱི་ཆ་རོགས་/ Pema Rinzin's Friend:
    ཨེ་་་་་་།
  • པདྨ་རིན་འཛིན་གྱི་ཆ་རོགས་/ Pema Rinzin's Friend:
    འ་ནཱི་བུམོ་འཇའ་རིསམོ་གི་དོན་ལས། གླེན་གོ་འདི་ག་ཅི་ཡང་མི་ཤེས་དོ་ཡོདཔ་མས། དེ་ལས་ ཏེ་ སྨན་ཁང་ནང་འབག་སྦེ་ ཏེ་ ནུ་གཅུང་གིས་ཐུགཔ་ཁ་ནང་བླུགས་བྱིན་སྦེ་ དྲག་སྟེ་ སྨན་ཁང་ནང་འཁྱིད་ ཕོ་རྒནམོ་གིས་འབག་སྟེ་ དེ་ལས་ འ་ནཱི་བུམོ་དྲག་དོ་ཡོདཔ་མས།
  • པདྨ་རིན་འཛིན་གྱི་ཆ་རོགས་/ Pema Rinzin's Friend:
    ཨེ་་་་་་།
  • པདྨ་རིན་འཛིན་/ Pema Rinzin:
    དེ་ལས་ ཁོང་གཉིས་ སྤུན་ཆ་གཉིས་མི་འཆམ་དོ་ཡོདཔ་མས། འ་ནཱ་ ང་དང་གཅིག་ཁར་རང་སྡོད་དགོ་ ང་དང་གཅིག་ཁར་རང་སྡོད་དགོ་ ཟེར་སླབ་དོ་ཡོདཔ་མས། འ་ནཱི་སྤུན་ཆ་གཉིས་ཀྱིས། དེ་ལས་ ཡར་ལུ་ ཏེ་ མི་བཏུབ་པས་ཟེར་ ཁྲིམས་ཁང་ནང་གཏུག་དོཝ་མས། སྤུན་ཆ་གཉིས་ཀྱིས།
  • པདྨ་རིན་འཛིན་གྱི་ཆ་རོགས་/ Pema Rinzin's Friend:
    ཨེ་་་་་་།
  • པདྨ་རིན་འཛིན་/ Pema Rinzin:
    དེ་ལས་ དཔང་པོ་འབད་ དཔང་མོ་འབད་དེ་ དཔང་པོ་འབད་སྦེ་ ཁོ་ གླེན་གོ་འཁྱིད་དོ་ཡོདཔ་ཨིན་མས། ཏེ་ མར་ ཁྲིམས་ཁང་ལས་ དྲི་དཔྱད་འབད་དོ་ཡོདཔ་མས། ཏེ་ ཁྱེད་ཆ་ཁྱབ་ ཁྲིམས་ཁང་ནང་འོང་དགོ་པའི་དོན་དག་ག་ཅི་སྨོ་ཟེར་
  • པདྨ་རིན་འཛིན་གྱི་ཆ་རོགས་/ Pema Rinzin's Friend:
    ཨེ་་་་་་།
  • པདྨ་རིན་འཛིན་/ Pema Rinzin:
    ག་ཅི་འབད་འོང་དགོཔ་སྨོ་ ཟེར་སླབ་སླབ་མས། ཏེ་ འ་ནཱི་བུམོ་འདི་ ང་བཅས་རའི་ཆུ་བཏོན་སྡོདཔ་ད་ ན་ཡི་ཟེར་ དེ་ལས་ ང་གི་ ཕོ་རྒནམོ་གིས་སླབ་ནུག
  • པདྨ་རིན་འཛིན་/ Pema Rinzin:
    འ་ནཱི་ བུམོ་འདི་ན་སྟེ་ ང་གིས་སྨན་ཁང་ནང་འབག་ ང་གིས་དྲག་དྲགཔ་ཨིན། ང་དང་གཅིག་ཁར་སྡོད་དགོ ཟེར་སླབ་དོ་ཡོདཔ་མས། ཕོ་རྒནམ་གིས་འདི།
  • པདྨ་རིན་འཛིན་གྱི་ཆ་རོགས་/ Pema Rinzin's Friend:
    ཨེ་་་་་་།
  • པདྨ་རིན་འཛིན་/ Pema Rinzin:
    ཨུམ་ མི་བཏུབ་ ང་རང་ ང་ ཐུགཔ་བྱིན་ཏེ་རང་ ང་ ནདཔ་གཡོགཔ་འབད་སྦེ་ ཏེ་ ང་གིས་ལྟོ་བྱིན་ ཆུ་བྱིན་ཏེ་ དྲག་དྲགཔ་ཨིན། ང་དང་གཅིག་ཁར་རང་སྡོད་དགོ ཟེར་སླབ་དོ་ཡོདཔ་མས་ ནུ་གཅུང་གིས།
  • པདྨ་རིན་འཛིན་གྱི་ཆ་རོགས་/ Pema Rinzin's Friend:
    ཨེ་་་་་་།
  • པདྨ་རིན་འཛིན་/ Pema Rinzin:
    ཨོ་ ཁྲིམས་ཁང་ནང་མ་འགྲིག་པར་ ཁོང་གཉིས་ རྩོད་གཞི་ཕྱེ་དོ་ཡོདཔ་མས། དེ་ལས་ ཁྲིམས་ཀྱིས་ཕྲང་དོ་ཡོདཔ་མས། ཁྲིམས་ཀྱིས་ཕྲངམ་ད་ ག་དེ་སྦེ་ཕྲངམ་སྨོ་ ཟེར་བ་ཅིན་ ཏེ་ ཁྱོད་འདི་ ག་ཅི་འབད་ཡི་ལོ་ཟེར་ ཁྲིམས་ཁང་གི་ དྲང་དཔོན་གྱིས་ཕྲང་དོ་ཡོདཔ་མས།
  • པདྨ་རིན་འཛིན་/ Pema Rinzin:
    དེ་ལས་ ཕོ་རྒནམོ་གིས་ ག་ཅི་འབད་ཡི་ལོ་ ཟེར་སླབ་ནུག དེ་ལས་ ཕོ་རྒནམོ་གིས་འདི་ ང་ མོ་ ན་སྟེ་ཤི་ནི་འབདཝ་ད་ ང་གིས་སྨན་ཁང་ནང་འབག་སྟེ་ མོ་དྲག་ཅི་ ཟེར་སླབ་དོ་ཡོདཔ་མས།
  • པདྨ་རིན་འཛིན་གྱི་ཆ་རོགས་/ Pema Rinzin's Friend:
    ཨེ་་་་་་།
  • པདྨ་རིན་འཛིན་/ Pema Rinzin:
    ཨུམ་ ཏེ་ ནུ་གཅུང་གིས་ག་ཅི་སླབ་ཅི་ལོ་ ཟེར་སླབ་ནུག ནུ་གཅུང་གིས་འདི་ ང་ ཐུགཔ་བྱིན་སྦེ་ ལྟོ་འབད་བྱིན་ཏེ་ ང་གིས་གསོ་ཡི་ ང་དང་གཅིག་ཁར་རང་སྡོད་དགོ ཟེར་སླབ་དོ་ཡོདཔ་མས།
  • པདྨ་རིན་འཛིན་གྱི་ཆ་རོགས་/ Pema Rinzin's Friend:
    ཨེ་་་་་་།
  • པདྨ་རིན་འཛིན་/ Pema Rinzin:
    དེ་ལས་ ཁྲིམས་ཁང་གིས་ཕྲང་ནུག་ ད་ ཏེ་ ཁྱེད་གཉིས་ ཁྱེད་གཉིས་ཤོག་ ག་ར་ གླེན་གོ་ཡང་ཤོག ག་ར་ཤོག་ ཟེར་སླབ་ནུག དེ་ལས་ དེ་སྦེ་ ཁྲིམས་ཀྱིས་ཕྲང་ནུག ཡ་ འ་ནཱི་འབད་མི་འདི་ སྨན་ཁང་ནང་འབག་འོང་མི་འདི་ ཨ་པ་སྐྱེ་བའི་གསོ་བའི་ཕ་ཨིན་མས།
  • པདྨ་རིན་འཛིན་/ Pema Rinzin:
    དེ་ལས་ ཐུགཔ་བསྐོལ་བྱིན་མི་འདི་ དྲིན་ཆེན་ཕ་མ་ ཨའི་ཨིན་མས། དྲིན་ཆེན་ཕ་མ་ གསོ་བའི་དྲིན་ཆེན་ཕ་མ་དང་ སྐྱེ་བའི་མ་ཟེར་ ཕ་མ་ལྟ་བུ་ཟེར་ ཁྱེད་གཉིས་མི་ཐོབ་ཟེར་ གླེན་གོ་ལུ་བྱིན་བཏང་ནུག འ་ནཱི་བུམོ་འདི་ ཏེ་
  • པདྨ་རིན་འཛིན་གྱི་ཆ་རོགས་/ Pema Rinzin's Friend:
    ཨེ་་་་་་།
  • པདྨ་རིན་འཛིན་/ Pema Rinzin:
    གླེན་གོ་ཐོབ་ཅི་ལོ་ཟེར་ དེམ་ཅིག་ཞུཝ་ཨིན། ངེའི་རྫོགས་སོ་ཡི་ དེམ་ཅིག་སྦེ་གཏམ་འདི།། །།