Skip to main content Skip to search
05 Jun 2018
24 min 33 sec
Video Overview
Creators: 
Dawa Tshering

Human are born pure but when they are brought up in the world of lust, people become greedy. Hence, the story narrated by Ap Tshering Lham discloses lessons to reduce greed and anger among the people. It tells of a poor boy and a rich boy, in which the poor boy was rewarded with gold whereas the rich boy was rewarded with a rat face because he went with the anticipation of receiving gold. Thus, the story discloses the themes of greed and desire. 

༉  དྭཝ་བུཚ་གི་སྲུང་འདི་ ཆུ་ཁ་རྫོང་ཁག་ སྦོང་སྒོར་རྒེད་འོག་སྤང་མེ་ཁ་ལས་ རྡོ་རྗེ་དབང་མོ་གིས་གཏངམ་ཨིན་མས། སྲུང་འདི་ནང་ མི་སྡེའི་ནང་གནོད་ཉེན་ཆེ་བའི་འདོད་པ་དང་གཡོ་སྒྱུའི་སྒོ་ལས་ལཱ་འབད་ནི་མི་འོང་ ཟེར་སྟོནམ་མས། དེ་ཡང་ དབང་ཚད་དང་སྟོབས་ཤུགས་ཅན་གྱི་མི་ཚུ་གིས་ སྟོབས་དང་དབང་ཤུགས་གུ་བཀལ་ཏེ་ མི་གཞན་མི་ཚུ་ལུ་བང་ཅན་དབང་ཅན་བཙོང་པ་ཅིན་ སྲུང་འདི་ནང་གི་ནང་དོན་བཞིན་ དྭཝ་བུཚ་རིག་པ་ཅན་དེ་གིས་ རྒྱུ་ནོར་ལོངས་སྤྱོད་སྤུས་ཙ་སྦེ་སྒྲུབ་ཚུགས་རུང་ ཕྱུག་པོའི་བུཚ་འདི་ འདོད་པ་དང་གཡོ་སྒྱུ་ཆེཝ་ལས་བརྟེན་ རྒྱུ་ནོར་ལོངས་སྤྱོད་ཚུ་སྒྲུབ་ནི་ཕར་བཞག་ རྒྱུ་ནོར་ཆ་མཉམ་བརླག་སྟོར་ཤོར་སོང་ནུག སྲུང་འདི་བཟུམ་སྦེ་ འདོད་པ་དང་གཡོ་སྒྱུ་ངན་སེམས་ལ་སོགས་པའི་སྒོ་ལས་གཞན་ལུ་གནོདཔ་བཀལ་བ་ཅིན་ མཐའན་མཇུག་ལུ་ རང་ལུ་སྟབས་མ་བདེཝ་འབྱུང་འོང་ཟེར་བའི་དོན་དང་ བསགས་པའི་མཐའ་མར་ཟད། མཐོ་བའི་མཐའ་མར་ལྷུང་། སྐྱེས་པའི་མཐའ་མར་འཆི་བའི་རང་བཞིན་ཨིནམ་ལས་ ཐོབ་རུང་དགའ་ནི་མེད་ མ་ཐོབ་རུང་སྐྱོ་ནི་མེདཔ་སྦེ་སྡོད་དགོཔ་ཨིན་པས།

Transcript search
No results found for this search
0 of 0
  • ཨམ་རྡོ་རྗེ་དབང་མོ་
    Dorji Wangmo: ད་རུང་ར་དང་ཕུ་དུང་ཕུ་ཅིག་ཨིན་མས་ཏེ་ དང་ཕུ་དུས་ཅིག་ལུ་ ཏེ་ཕྱུག་པོའི་བུ་གཅིག་དང་དྭཝ་བུཚ་ཅིག་ལྟོ་ཚང་ཨིན་མས་ཁོང་གཉིས་ ལྟོ་ཚང་འཆམ་ཏོག་ཏོ་སྦེ་ དེ་ལས་དྭཝ་བུཚ་འདི་གིས་ཏེ་ ཕྱུག་པོའི་བུ་འདི་འཆམ་ཏོག་ཏོ་ག་དེམ་ཅིག་རང་ཨིན་རུང་ ད་ཁྱིམ་ནང་ལས་ལྟོ་ཕོགས་གཅིག་ཡང་བྱིན་མ་ཚུགས་མནོ་ དེ་ལས་དྭཝ་བུཚ་འདི་གིས་ཏེ་ ཁྱིམ་ཚང་ཁྱིམ་བཤལ་ཆུམ་ལྷང་ ཆུམ་སྤར་རི་གང་གང་ གང་གང་ལྷང་ ཁྱིམ་ནང་སྐྱེལ་བཞག་ དེ་ལས་ཤ་ཆུང་ཀུ་རེ་ལྷང་ ཚྭ་ལྷང་ ཚོ་ཏོག་ལྷང་ ག་ར་ལྷང་འབག་ ཁྱིམ་ནང་སྐྱེལ་ དེ་ལས་ལྟོ་འབད་ཚོདམ་བསྐོལ་ ཇ་འབད་ ཆང་ལས་འགོ་བཙུགས་ལྷང་སྟེ་ ཏེ་དེ་ལས་དེ་ཚེ་ཉིནམ་ཅིགཔ་འདི་ ཁོང་གཉིས་མཛར་ཅུམ་ལངསམ་ཅིག་ཨིན་མས་ལོ་ཏེ།
  • ཨམ་རྡོ་རྗེ་དབང་མོ་
    Dorji Wangmo: དེ་དཝ་བུ་་་་ ཕྱུག་པའི་བུ་འདི་ཁྱོད་ར་ཁ་ལག་འའཁྱུ་སྦེ་ཤོག་སྨ་རེད་ ད་ནངས་པར་ངེའི་ཁྱིམ་ནང་ཟེར་སླབ་ ཏེ་ཁོའི་ཁྱིམ་ཧོ་རལ་དེ་ནང་བཀལ་ གདན་རྐྱབ་ ཏེ་མ་བཏུབ་བཏུབ་སྦེ་བྱིན་བྱིནམ་མས། ཏེ་དེ་ལས་མ་བཏུབ་བཏུབ་སྦེ་བྱིན་ ད་འབདན་ད་རེས་ན་ལས་ཟ་ད་ཡི་ ཏེ་ནངས་པར་ངེའི་ཁྱིམ་ནང་ཤོག་སྨ་རེད་ཟེར་ནུག འེ་འེ་ཟེར་ནུག་ དེ་ལས་འདི་གི་ནངས་པར་དྲོ་པ་ ཁོ་ཁ་ལག་འའཁྱུ་སྦེ་ འུམ་་་་ རོགས་ཕྱུག་པོའི་བུ་མས་ ང་ཁོ་ལུ་ག་ནི་ཡང་བྱིན་མ་ཚུགསཔ་ ད་ཁོ་སྡོད་སར་འདི་རོགས་ཟ་ཆོག་ཆོག་འཐུང་ཆོག་ཆོག་ཨིན་ གནམ་མེད་ས་མེད་ཕྱུགཔོ་ཨིན་མནོ་ སོང་སོངམ་མས་ཏེ་ ཁ་ལག་འཁྱུ་བགོ་ལ་འགྱོན་སྦེ་སོང་བ་གིས་ ཧེ་མ་ཁ་ར་མི་སླབ་པས་ཟེརཝ་མས་ལོ་ཏེ་ ཨའི་འདི་དང་ ཁོ་ར་གིས་འདི་ དབའེ་ད་ཁ་ཙ་ངེའི་ལྟོ་ཚང་གི་ཁྱིམ་ནང་ལས་མ་བཏུབ་བཏུབ་ཟ་ཟཝ་ཨིན་ ཨའི་ཁོ་ལུ་བཞེས་སྒོ་ཅིག་ལེགས་ཤོམ་སྦེ་ འབད་བྱིན་དགོ་སྨ་རེད་ ཟེར་སླབ་སླབ་མས།
  • ཨམ་རྡོ་རྗེ་དབང་མོ་
    Dorji Wangmo: དེ་ལས་ཨའི་འདི་གིས་ག་ནི་ཡང་མ་སླབ་པར་ ཁུ་སིམ་སིམ་སྦེ་སྡོདཔ་མས་ཟེརཝ་མས་ལོ་ ཧེ་མ་ ཏེ་ཤུལ་ལས་སླབ་ནུག་ ཁ་འ་ནཱི་དྭཝ་བུཚ་འདི་ཁོ་ར་ག་ནི་ཡང་མེད་པ་ཁྱིམ་ནང་། ཁྱིམ་ནང་བཞག་བཞག་པའི་ཤུལ་ཡང་མེད་པ་ག་ཅི་བྱིན་ནི་ཁོ་གིས་ ཨ་ཡར་བྱཱོ་ཁུ་ལེ་ཅིག་སློག་ ཨེ་མ་ཅིག་བརྡུངས་བྱིན་ཟེརཝ་མས་ལོ། ཏེ་བྱཱོ་ཁུ་ལེ་འ་ནེམ་ཅིག་ཟུང་གཅིག་སློག་ ཨེ་མ་གཅིག་བརྡུངས་སྦེ་བྱིན་བྱིནམ་མས། ཏེ་དེ་ལས་ཇ་ཐང་ཅིག་བསྐོལ་སྦེ་ གཞན་ག་ནི་ཡང་རེ་མ་སྟེར་བས་ ཏེ་འདི་ཟ་ འདི་ཟ་སྦེ་ ཏེ་ཁོང་ར་གཉིས་འ་ནཱི་ཟ་ ཏེ་ཟ་ཡི་སྨ་རེད་ད་ཁྱོད་ལས་ སྤ་འོ་་་་ ད་ངེའི་ལྟོ་ཚང་གི་ཁྱིམ་ནང་ལས་ ལྟོ་ཚང་ཞནམ་འབད་རུང་ གནམ་མེད་ས་མེད་མཆོག་འགྲིགས་བཀལ་ཟ་ ཏེ་ངེའི་ཁྱིམ་ནང་ལྷོདཔ་ད་ ཏེ་ང་གི་ངེའི་ཨའི་འདི་གིས་འ་ནེམ་ཅིག་ལས་རེ་མ་སྟེར་བས་ ད་དེ་འབད་རུང་ཁྱད་མེད་ ད་ང་བཅས་གཉིས་ཀུ་ཚོང་བཤལ་འགྱོཝ་ད་འབདན་ ཏེ་ང་ཏི་རུ་བྱིན་གེ་ཟེར་ནུག
  • ཨམ་རྡོ་རྗེ་དབང་མོ་
    Dorji Wangmo: བཏུབ་བཏུབ་ཟེར་ནུག དེ་ལས་ཨའི་ད་ང་བཅས་གཉིས་ཚོང་རྐྱབ་པར་འགྱོ་ནི་ཟེར་ནུག་ དེ་མའི་ཞན་པའི་བུཚུ་དང་འགྱོ་སྦེ་ཁྱོད་ཏི་རུ་བརླག་པ་ཡ་ ཟེར་སླབ་སླབ་མས་ ཨ་ང་ང་ར་རྐྱབ་ནི་ཏེ་ ཁོ་ཁོ་ར་རྐྱབ་ནི་མས་ ད་ང་ནོར་ཉོ་བར་འགྱོ་དགོ་པས་ཟེར་ནུག་ ཏེ་ཨའི་འདི་གིས་ ཏི་རུ་སྒྲོམ་ཅུང་གང་འ་ནཱིམ་ཅིག་སྐྱེལ་ནུག་ཏེ་ ཚོང་རྐྱབ་པར་བཏང་ ཏེ་དྭཝ་བུཚ་འདི་ག་ཅི་ཡང་མིན་ནུག་ཏེ་ དྭཝ་བུཚ་འདི་ ཏེ་མ་པ་ཡོད་ནི་འདི་ཨའི་གཅིག་ཡོདཔ་མས། ཏེ་ཞན་པའི་བུཚ་འབད་ནི་འདི་གིས་ དེ་ལས་ཏེ་ཨའི་འདི་ ཏི་རུ་ཕུད་རྡོག་གསུམ་ལས་འགལ་མིན་ནུག་ཏེ་ ཏེ་འ་ནཱི་སྐྱེལ་བཏང་བཏངམ་མས་ འ་ནཱི་འབག་སྦེ་སོང་ནུག ན་ལས་མར་རང་སོང་ ཁོང་ར་གཉིས་ཀུ་ དེ་ལས་གཡུས་ཚན་ཅིག་ཁར་ལྷོད་སོང་ནུག གཡུས་ཚན་ཅིག་ཁར་ལྷོད་ ད་ཁྱོད་ར་མར་ལས་ཕར་འབད་སོང་ཞིན་ན་ འ་ནཱི་སྦེ་ཁ་བཀྲམ་འགྱོ་དགོ་ཟེར་ནུག ང་ཡར་ལས་ཕར་འབད་འགྱོ་གེ་ཟེར་ ཏེ་དྭཝ་བུཚ་འདི་ཡར་ལས་ཕར་འབད་འགྱོ་ ཁོ་མར་ལས་ཕར་འབད་བཏང་བཏངམ་མས་ནོར་འཚོལ་བར།
  • ཨམ་རྡོ་རྗེ་དབང་མོ་
    Dorji Wangmo: ཏེ་འ་ནཱི་འབད་སོང་སྦེ་ དེ་ལས་ཡུདཔ་ཅིག་ལས་ སྤ་སྤ་སྤ་་་་་ གནམ་མེད་ས་མེད་རོགས་མདའ་རྐྱབ་ དགའ་སྤྲོ་སྒྱུར་དེས་སླབ་མས་ལོ་ མདའ་རྐྱབ་ ཏེ་ཁོ་དབའེ་དབའེ་ད་འབདན་ན་བྱོན་ཤིག་བྱོན་ཤིག་དྭཝ་བུཚ་ ན་འ་ནཱ་ཇ་དང་ཆང་དང་བཞེས་ཤིག་ཟེར་ གདན་རྐྱབ་ ཏེ་དེ་ལས་ཁོ་ལྟོ་དང་སྤགས་དང་ཇ་དང་ཆང་དང་སྤུས་རྩ་སྦེ་ཟ་ དེ་ལས་ཏི་རུ་གསུམ་ལས་འགལ་མིན་ནུག་ཏེ་ ཏི་རུ་གཅིག་འདི་ནང་གསོལ་རས་སྦེ་གནང་ དེ་ལས་དེ་བསྒང་ལས་ཁོ་ཏི་རུ་གཉིས་རང་མས་ ཏེ་དེ་ལས་ལྟོ་དང་སྤགས་འདི་གདམ་འབག་སྦེ་ ཏེ་ད་ཡར་སོང་ནུག་ན་ལས་ཕར་ སོང་ དེ་ལས་ཕྱུག་པོའི་བུ་འདི་གནམ་མེད་ས་མེད་ལྟོ་བཀྱེས་ ཏི་རུ་སྒྲོམ་གང་འབག་ནི་འདུག་ཏེ་ མར་ལས་ཡར་འབད་ ཁོ་དང་ཕྱད་ཕྱདཔ་མས་ཏེ་ དེ་ལས་དབའེ་ད་ང་འདི་ ལྟོ་བཀྱེས་ཁ་སྐོམ་དྲེགས་མ་ཚུགས་ཟེར་ནུག ཏེ་དེ་ལས་ཁོ་ལྟོ་ཨ་ཙི་ཅིག་སྤགས་ཆུང་ཀུ་ཅིག་བཏོག་བྱིན་ ཁྱོད་ར་ད་ལྟོ་ང་འོང་ས་ལས་ཕར་འབད་སོང་ཤིག་ཟེར་ནུག
  • ཨམ་རྡོ་རྗེ་དབང་མོ་
    Dorji Wangmo: འ་ནཱི་ལུ་རོགས་མདའ་རྐྱབ་ རྡོས་སྒོར་བརྡུང་དེས་ འ་ནཱ་ཏེ་གནམ་མེད་ས་མེད་ལྟོ་དང་སྤགས་ཐོབ་པས་ཟེར་ནུག ཨིན་མས་ག་ དེནི་ང་ཡང་འགྱོ་གེ་ཟེར་ ད་ག་དེ་སྦེ་སླབ་དགོ་ག་ཟེར་ནུག་ཕར་ལྷོདཔ་ད་ ཨའོ་་་ ད་འབན་ང་རྟེན་འབྲེལ་ཡང་ཉེས་སོ་ནུག ཁ་བརྗེ་ཡང་མིན་ནུག་ཟེར་སླབ་དགོ་ཟེར་ནུག ཨིན་ན་ཨིན་ན་ཟེར་ནུག དེ་ལས་སླབ་ནུག་ དབའེ་དབའེ་ཨ་ལོ་ ན་བྱོན་ཤིག་ན་བྱོན་ཤིག་ ང་བཅས་དགའ་སྤྲོ་སྒྱུར་བའི་བསྒང་ཟེར་ནུག མི་ཆ་མཉམ་མདའ་རྐྱབ་དེས་ཟེརཝ་མས་ལོ། ཨའོ་་་ ང་ད་རེས་ཁ་བརྗེ་ཡང་མིན་ནུག རྟེན་འབྲེལ་ཡང་ཉེས་སོ་ནུག་ཟེར་ནུག ཁྱོད་སླབ་པའི་བློ་ ག་དེ་སྦེ་ལོ་ ཟེར་སླབ་སླབ་མས།
  • ཨམ་རྡོ་རྗེ་དབང་མོ་
    Dorji Wangmo: ང་བཅས་ན་དགའ་བའི་དགའ་སྤྲོ་སྒྱུར་བའི་བསྒང་ ཁྱོད་དེ་སྦེ་སླབ་བཏུབ་ཨིན་ན་ཟེར་ འཇེབས་འཇེབས་མ་ཕྱེ་འཐག་འཐག་ར་བརྡུངས་ད་ནུག་ཏེ་ བརྡུངས་ དེ་ལས་ཁོ་ ཏེ་ག་ནི་ཡང་མ་རེ་ས་ སྤུ་རྩ་སྦེ་སྦོ་འདུ་ཆི་ནུག ཏེ་[ཁུན་དིང་དིང་འབད་?]ད་རུང་ན་ལས་མར་ལོག་སོང་སོངམ་མས་ སོང་དེ་ལས་ད་རུང་དྭཝ་བུཚ་འདི་ ཕ་ཀི་ལོགས་ལས་ཡར་འབད་བཤལ་སོང་ ད་རུང་རོགས་ ཏེ་མི་ཤི་གནམ་མེད་ས་མེད་སྔུ་བྱེལཝ་རེ་འཐབ་སར་འཐོན་སོ་ནུག་ཏེ་ ཨ་འོ་་་་ ད་ཁྱོད་རྟེན་འབྲེལ་ཉེས་སོང་ནུག་སྨ་རེད་ང་ ད་དེ་སྦེ་མ་སྔུ་ཤིག་ཁྱོད་ དེ་སྦེ་མྱ་ངན་མ་འབད་ཤིག་ཟེར་ནུག་ ཏེ་ལོག་ནི་མེད་ཟེར་ཏེ་ ཁོ་ཏེ་[ཀོ་?]རྐྱབ་ ཁོ་ཏེ་ལྟོ་དང་སྤགས་མ་བཏུབ་བཏུབ་སྦེ་ཟ་ ཆང་འཐུང་ དེ་ལས་ཁོ་གི་ཏི་རུ་གཅིག་ན་བྱིན་ད་ནུག་ ད་ཁྱོད་ཀྱི་འ་ནཱི་སེམས་གསོ་འབད་ཤིག་ཟེར་ ང་ག་ནི་ཡང་བྱིན་ནི་མིན་ནུག་ཟེར།
  • ཨམ་རྡོ་རྗེ་དབང་མོ་
    Dorji Wangmo: དེ་ལས་ཁོ་ཏི་རུ་གཅིག་རང་མས་ཏེ་ ཏེ་དེ་ལས་ལྟོ་དང་སྤགས་འ་ནཱི་ཅིག་བསྡམས་འབག་འབགཔ་མས་ཏེ་ད་རུང་ཁོ་ བསྡམས་འབག་ ད་རུང་མར་ལས་ཕར་འབད་ལོག་སོང་ དེ་ལས་ཕྱུག་པོའི་བུ་དང་ཕྱད་ནུག་ དབའེ་ཕྱུག་པོའི་བུ་ག་ལས་ཚུར་འཐོནམ་ཟེར་ནུག་ ང་འདི་ལྟོ་བཀྱེས་ཁ་སྐོམ་དྲེགས་མ་ཚུགས་ཟེར་ནུག་ད་ དབའེ་ཁྱོད་ཏི་རུ་སྒྲོམ་གང་འབག་ནི་ཡོད་ ང་ཏེ་ཏི་རུ་གསུམ་འགལ་མེད་ ད་འདི་ཡང་རྫོགས་སོ་ཡི་ ཁྱོད་ཏེ་ག་དེ་སྦེ་སླབ་སླབ་སྨོ་ཟེར་ནུག་ ང་འདི་དྲེགས་ར་མ་ཚུགས་ཟེར་ནུག་ད་ལྟོ་ གནམ་མེད་ས་མེད་རོགས་ཀྱིས་དྲངས་ རྟེན་འབྲེལ་ཡང་ཉེས་སོང་ནུག་ ཁ་བརྗེ་ཡང་མིན་ནུག་ཟེར་ ཁྱོད་དེ་སྦེ་སླབ་ དེ་སྦེ་སླབ་སོང་པ་གིས་ རོགས་ཀྱིས་ང་ དུམ་གྲ་སྦེ་དྲངས་མ་བཞག་ཟེར་ནུག དེ་ལས་ལྟོ་ཅིག་དང་སྤགས་ཅིག་འ་ནཱི་ཅིག་བྱིན་ནུག་ འ་ནཱི་བྱིན་སྦེ་ ཏེ་མར་ལས་ཕར་ ཁྱོད་ར་ང་ད་ལྟོ་འོང་ས་ལས་ཕར་འབད་སོང་ཤིག་ འ་ནཱ་མི་རོགས་མི་ཤི་གནམ་མེད་ས་མེད་མྱ་ངན་འབད་སྡོད་ནུག་ འ་ནཱ་ལྟོ་དང་སྤགས་དང་ཐོབ་པས་ཁྱོད་ར་ འ་ནཱ་སོང་ཤིག་ཟེར་ནུག
  • ཨམ་རྡོ་རྗེ་དབང་མོ་
    Dorji Wangmo: ཏེ་ག་དེ་སྦེ་སླབ་དགོ་ག་སྨོ་ ཟེར་སླབ་སླབ་མས་ ཏེ་ག་དེ་སྦེ་སླབ་པ་ཏེ་ ད་རེས་རོགས་ཀྱིས་ཨ་ ཨ་ལོ་ ཤོག་ཤོག་ང་བཅས་སྐྱོ་ངལ་སྡོད་སར་ཨིན་ཨ་ལོ་ཟེར་སླབ་པ་ཅིན་ ཨ་་་ ང་རྟེན་འབྲེལ་ཡང་ལེགས་པས་ ཁ་བརྗེ་ཡང་འདུག་ རྟེན་འབྲེལ་ཡང་ལེགས་པས་ ཟེར་སླབ་དགོ་ཟེར་ནུག་ དེ་ལས་ཁོ་ཁ་ཉན་ཏེ་ཡར་སོང་ནུག་ན་ལས་ཕར་ སོང་སྦེ་ དབའེ་ཨ་ལོ་ ནཱ་བྱོན་ཤིག་བྱོན་ཤིག་ ང་བཅས་ནཱ་སྐྱོ་ངལ་ཨ་ནཱི་སྦེ་སྡོད་ཡོད་ཆ་རོགས་འབད་དགོ་པས་ཟེར་སླབ་སླབ་མས་ དེ་ལས་ཁོ་སླབ་ནུག་ཨ་འོ་་་་ ང་ཁ་བརྗེ་ཡང་འདུག་ རྟེན་འབྲེལ་ཡང་ལེགས་པས་སྨ་རེད་ད་རེས་འབདན་ཟེར་ནུག་ ཁྱོད་སླབ་པའི་བློ་ག་དེ་སྦེ་ལོ་ཟེར་ནུག་ ང་བཅས་ནཱ་སྐྱོ་ངལ་སྡོད་སར་ ཁྱོད་དེ་སྦེ་སླབ་བཏུབ་ཨིན་ན་ཟེར་རྟས་ཐག་གིས་སྤུ་རྩ་སྦེ་གླེབས་བཏང་བཏངམ་མས་ཏེ་ འགྱོ་ལོང་སྡོད་ལོང་མེད་པར་བདའ་ག་འགྱོ་ནུག
  • ཨམ་རྡོ་རྗེ་དབང་མོ་
    Dorji Wangmo: དེ་ལས་ད་རུང་རང་སྔུ་ གཟུགས་ག་ར་[རྨ་ཀྲེག་ཤུ་ཀྲེག་?]བཟོ་ན་ དེ་ལས་མར་ལས་ཚུར་འབད་འཐོན་འཐོནམ་མས་ འ་ནཱ་ལས་འབདན་ཏེ་མ་ཕྱད་པས་ཁོང་ར་གཉིས་ ཕྱད་ནུག་[ཨིན་པ་?]ཚར་གཅིག་ དེ་ལས་ད་རུང་ར་མར་ལས་ཚུར་འཐོན་ ཁོ་ཡར་ལས་མར་འབད་འཐོནམ་ད་ ད་རུང་གཅིག་ཁར་ཕྱད་ཕྱདཔ་མས་ ཁྱོད་ནོར་མ་ཐོབ་ག་ཟེར་ནུག་ ད་ལྟོ་ང་ནོར་རང་མ་ཉོ་ བཤལ་ཏེ་བལྟ་བའི་བསྒང་ཨིན་ཟེར་སླབ་ནུག་ ཏེ་ལྟོ་བཀྱེས་ཁ་སྐོམ་དྲེགས་མ་ཚུགས་ཟེར་ནུག
  • ཨམ་རྡོ་རྗེ་དབང་མོ་
    Dorji Wangmo: དེ་ལས་ལྟོ་ཨ་ཙི་ཅིག་དང་ཚོདམ་སྤགས་ཅིག་ཡང་བྱིན་སྦེ་ དབའེ་ང་ག་འགྱོ་ས་ལས་ཕར་ཟ་ནི་འཐུང་ནི་ཐོབ་པས་ ཏེ་ཁྱོད་ག་ཅི་སྨོ་ཏེ་ཟེར་ནུག་ ད་རེས་ཡང་ང་ཨ་ཕར་གྱི་ཨཔ་འདི་གིས་ང་དོམ་དོམ་ར་བརྡུངས་ད་ཡི་ཟེར་ནུག ག་དེ་སྦེ་སླབ་སླབ་སྨོ་ཟེར་ནུག་ ང་རྟེན་འབྲེལ་ཡང་ལེགས་པས་ ཁ་བརྗེ་ཡང་འདུག་ ཟེར་སླབ་སླབ་ཨིན་ཟེར་ནུག་ ཨ་འོ་ དེ་སྦེ་མ་སླབ་དགོ་བ་ཏེ་ཟེར་ནུག་ དེ་ལས་ད་རུང་རང་ ཁྱོད་རང་མ་ལས་ཕར་འབད་བཤལ་སོང་ཤིག་ ད་འབདན་ང་བཅས་གཉིས་ནོར་ཉོ་རནམ་ཨིན་སྨ་རེད་ ད་ནོར་ཉོ་གཡུས་ཁར་ལོག་རནམ་ཨིན་ཟེར་ནུག་ ཨིན་ན་ཟེར་ནུག་ དེ་ལས་མར་ལས་ཕར་འབད་ཡར་སོང་ནུག ཁོ་ཡར་ལས་ཕར་འབད་ཡར་སོང་ནུག་ད་རུང་ འགྱོ་སྦེ་མི་གཉིས་ གཡུ་རྡོ་སྒོར་འ་ནེམ་ཅིག་མས་ཟེརཝ་མས་ལོ་ཏེ་ མེ་འབར་འདི་ ཁོང་ར་མ་འཆམ་པ་ཡར་ཡར་འཐེན་ མར་མར་འཐེན་སྡོད་ནུག་ཟེརཝ་མས་ལོ་ ཏེ་ག་ཅི་སྨོ་ཟེར་ནུག་ ཏེ་ང་བཅས་གཉིས་ ཁོ་ཧེ་མ་འགྱོ་འགྱོཝ་ཨིན་ ང་ཤུལ་ལས་ཨིན་ཟེར་ནུག་ ཐོབ་མི་འདི་ག་སྨོ་ཟེར་ནུག་ མིག་ཏོ་གིས་འདྲན་འདྲ་མཐོང་ཅི་ དེ་འབདཝ་ད་ ལགཔ་དོགཔ་འདི་ཁོ་མགྱོགས་སོ་ཡི་ཟེར་ནུག་ ཧེ་མ་འགྱོ་མི་འདི།
  • ཨམ་རྡོ་རྗེ་དབང་མོ་
    Dorji Wangmo: ཏེ་འདྲན་འདྲ་ཐོབ་པས་ ང་འ་ནཱི་ཏི་རུ་གཅིགཔ་འདི་ ཏེ་ཐ་ལ་རེ་འབད་བགོ་བཤའ་རྐྱབ་ ད་འདི་བ་འདི་ང་བྱིན་ད་ ཁྱོད་ག་ནི་ཡང་མི་བཏུབ་ཟེར་ནུག་འདི་ འདི་ཁོ་ལེན་ དེ་ལས་ཐ་ལ་རེ་ཐ་ལ་རེ་བགོ་བཤའ་རྐྱབ་བྱིན་སྦེ་ ཁོ་ཡར་སོང་ནུག་ ཁོ་འདི་འབག་སྦེ་ཡར་སོང་ནུག་ གཡུ་འདི་ཧེམ་ཆུང་ནང་བཙུགས་སྦེ་ གཡུ་འདི་ཧེམ་ཆུང་མ་བཙུགས་པས་ འ་ནཱ་ལས་མར་ བཀབ་ནེ་གིས་བཅོམ་ འ་ནཱི་ལས་མར་དཔྱངས་སྦེ་འབག་འབགཔ་མས་ མར་ལས་ཡར་མེ་ཅེམ་ཅེམ་བཏང་འབར་ དེ་ལས་དྭཝ་བུཚ་དང་ཕྱད་ཕྱདཔ་མས་ཕྱུག་པོའི་བུ་དང་ དབའེ་དབའེ་ལྟོ་ཚང་ག་ཅི་སྨོ་ཟེར་ནུག་ ང་ནོརབུ་ཡོད་ཁྱོད་རང་བལྟ་ཤིག་ཟེར་ནུག་ ཨིན་མས་ལོ་གཡུ་སྦོམ་ཤོས་འ་ནཱི་ཅིག་འབད་ ཏེ་ན་ལས་ཡར་གནམ་མེད་ས་མེད་ནོརབ་མས་ཏེ་ མེ་འབར་ཏེ་ ཏེ་ཁོ་གིས་སྟོན་སྟོནམ་མས་ ཏེ་འདི་ཁྱོད་ག་ལས་ཐོབ་ཐོབ་སྨོ་ཟེར་ནུག་ སྤ་་་་ ཕར་མི་ཕྱུགཔོ་བདེ་དྲགས་ཅིག་འདུག་འ་ནཱི་གི་གྱང་གི་རྒྱབ་ལས་སོང་ཤིག་ དྲོ་པ་ཉི་མའི་རྩེ་དང་སྦྲགས་ ཕར་དོང་སྦོམ་ཆུང་འ་ནེམ་གསུམ་འཐོན་ནི་འདུག་ཟེར་ནུག་ཕར་ལས་ ཨ་དུམ་གཏུམ་ཤོས་འ་ནེམ་བཏང་ནི་འདུག་ཟེར་ནུག་ འ་ནཱ་ཕྱག་ཐེངས་གསུམ་གསུམ་འཚལ་ ཁྱོད་རའི་བཀབ་ནེ་འདི་ ནང་ཚ་ཏོག་ཏོ་སྦེ་བླུགས་ དེ་ལས་འ་ནཱི་སྦེ་ན་ལས་བཏགས་འབག་དགོ་ཟེར་ནུག་ ང་ཡང་འ་ནཱི་སྦེ་འགྱོ་འགྱོཝ་ཨིན་ཟེར་ནུག་ ཨ་འོ་་་་ ཨིན་ན་ཟེར་ཡར་སོང་ནུག་ཏེ་ཁོ།
  • ཨམ་རྡོ་རྗེ་དབང་མོ་
    Dorji Wangmo: ཏེ་རོགས་ཀྱི་གྱང་གི་རྒྱབ་ཁར་དེ་སྦེ་རང་ཨིབ་སྡོད་ ཡུདཔ་ཅིག་ཁ་ལས་ [ཕག་དུམ་?]གསུམ་འཐོན་དེས་ཟེརཝ་མས་ལོ་ དེ་ལས་ཨ་བ་གནམ་རང་བཏང་འོང་ག་མནོ་བལྟ་སྡོད་ ཡུདཔ་ཅིག་ལས་ཨ་དུམ་སྦོམ་ཆུང་འ་ནེམ་ཅིག་བཏང་དེས་ལོ་ཏེ་ དེ་ལས་ཕྱག་ཐེངས་གསུམ་གསུམ་འཚལ་ དེ་ལས་བཀབ་ནེ་ནང་ ཏེ་རླངསམ་མ་ཡལ་དགོ་ཟེར་ནུག་ཏེ་ རླངསམ་མ་ཡལ་བར་བཅོམ་ན་བླུགས་ འ་ནཱ་ལས་མར་བཏགས་འབག་འབགཔ་མས་ ད་རུང་ཡང་ཚར་གཅིག་ཕྱདཔ་ཕྱདཔ་མས་ཁོང་གཉིས་ཀུ་ མིག་ཏོ་ཡང་སྦོམ་ཆུང་འ་ནཱི་སྦ་སྦོ་ཆི་ནུག་ཟེརཝ་མས་ལོ། དབའེ་ལྟོ་ཚང་ ག་ཅི་སྨོ་ ཁྱོད་མིག་ཏོ་ཡང་སྦོ་ཆི་ནུག་ནུག་ཟེར་ནུག་ ཨ་འོ་་་ ཁྱོད་ཁ་ཉན་ ང་ཞུ་ཞུཝ་གིས་དྲེགས་ར་མ་ཚུགས་ཟེར་ནུག་ད།
  • ཨམ་རྡོ་རྗེ་དབང་མོ་
    Dorji Wangmo: ད་མགྱོགས་པར་བཀོ་ད་ ཁྱོད་རླངསམ་ཕྱི་བཏང་ད་ནུག་བ་ཏེ་ ནོརབུ་ག་ཅི་འགྱུར་བ་ ད་ཕྱི་བཏོན་བཀོ་དགོ་པས་ ཁྱོད་ཀྱི་འདི་མི་བཏུབ་པས་ཟེར་ནུག་ ངེ་གི་འདི་འབད་ས་རླངསམ་ཕྱི་མ་བཏང་པར་ ན་བསྡུ་བསྡུཝ་འབད་ནི་འདི་གིས་ ན་ནོརབུ་འབད་མི་འདི་འ་ནཱི་མས་ཟེར་ནུག་ མེ་ཅེམ་ཅེ་འབད་བཏང་ འབར་མི་འདི་ ཁྱོད་ཀྱིས་རླངསམ་ཕྱི་ཁར་བཏང་ད་ནུག་ མི་བཏུབ་ཟེར་ནུག་བཀོ་ད་ཟེར་ད་ དེ་ལས་ད་འབདན་ ཏེ་ནོར་ཉོ་གེ་སྨ་རེད་ ད་ཁྱོད་ར་མར་ལས་ཕར་སོང་ཤིག་ཟེར་ ད་རུང་ཁོ་མར་ལས་ཕར་བཏང་ དེ་ལས་ཁོ་ཡར་ལས་ཕར་འབད་ སོང་སོངམ་མས་ སོངམ་ད་ཨཔ་མིག་ཏོ་འཐུམ་ཞརཝ་ཅིག་དང་ཨམ་ཅིག་ ཨཔ་འདི་གིས་ཡར་ལས་མར་སྤགས་བཏོག་བཏང་མི་འབད་ ཐོག་ཁར་འཛེགས་ ཨམ་འདི་གིས་མར་ལས་ཡར་ལྟོ་དབོགས་བཏང་མི་འབད་སྡོད་ནུག་ཟེརཝ་མས་ལོ་ དབའེ་ཨ་མ་སྤགས་ཡང་མར་ལེན་ཤིག་ཟེར་ སྤགས་བཏོག་ཅི་རང་མར་བཏང་།
  • ཨམ་རྡོ་རྗེ་དབང་མོ་
    Dorji Wangmo: དེ་ལས་ཁོ་བཙང་བཏང་ སྤགས་འདི་ཡང་ཁོ་ལེན་ ཨམ་འདི་གིས་ལྟོ་བླུགས་ ཡ་ཨ་པ་ལྟོ་ཡར་ལེན་ཤིག་ཟེར་སྤྲོདཔ་ད་ བར་ན་སྐོར་ལས་ཁོ་གིས་ལེན་ ཁོ་ལྟོ་དང་སྤགས་འགྲངསམ་སྦེ་ཟ་ དེ་ལས་ད་རུང་ར་ཨཔ་འདི་ དབའེ་སྤགས་ཅིག་ཡང་བཏང་ནི་མིན་ནུག་ཟེར་ནུག་ ཨམ་ཁྱོད་ཨིན་མས་ ཁྱོད་ལྟོ་བཏང་ནི་མིན་ནུག་མར་ལས་ཡར་ ང་ན་ལས་མར་སྤགས་མ་ཆད་པ་རང་བཏོག་བཏང་ཡི་བ་ཡ་ཟེར་ནུག་ ང་ད་ཅི་ལས་ཁྱོད་ལུ་ལྟོ་དུམ་གྲ་ དབོགས་བཏང་བཏངམ་མེན་ཟེར་སླབ་སླབ་མས་ བར་ན་སྐོར་ལས་ཟ་མི་ཡོདཔ་ཨིན་ན་ ཁྱི་ཡོདཔ་ཨིན་ན་མ་ཤེས་ཟེར་ནུག་ དེ་ལས་ཁོ་མར་[གཡོག་གི་རྩེ་མོ་?]ལས་ཕྱེན་ཕོགས་གཅིག་ག་འགྱོ་ནུག་ཏེ་ པེག་ཟེར་བས་ལོ། དབའེ་དབའེ་འདི་ནང་མི་གཅིག་འདུག་ཟེར་ནུག་ ཁྱོད་ར་དཔའ་རྟགས་འབལ་སྒོ་ཁ་ལས་སྒུགས་ཤིག་ ང་འཁརཝ་གིས་བརྡུངས་བལྟ་གེ་ཟེར་ནུག་ཏེ་ ཨཔ་འདི་དཔའ་རྟགས་འབལ་སྒོ་ཁར་ལས་བསྒུགས་ཆི་ནུག་ དཔའ་རྟགས་འབལཝ་ད་ འ་ནཱི་སྦེ་ཨིན་མས་ཟེརཝ་མས་ལོ་ཏེ་ ཨཔ་འདི་གིས་མར་སྒོ་ཁ་ལུ་བསྒུགས་ཏེ།
  • ཨམ་རྡོ་རྗེ་དབང་མོ་
    Dorji Wangmo: ཨམ་འདི་འཁརཝ་རིངམ་ཅིག་གིས་ ཏེ་འ་ནཱི་འབད་བདའ་འོང་དེས་ཟེརཝ་མས་ལོ་ ཕར་ལས་ཚུར་ ཏེ་དེ་ལས་ཁོ་སླབ་སླབ་མས་དབའེ་དབའེ་ཨཔ་དང་ཨམ་མིག་ཏོ་ཞརཝ་ཨིན་པས་ དེ་སྦེ་མ་འབད་ང་དྲིན་ལན་ཅིག་འཇལ་བྱིན་འོང་ ང་ལྟོ་བཀྱེས་ཟ་དཔ་ཨིན་ལྟོ་དང་སྤགས་ཟེར་ནུག་ ཁྱོད་དྲིན་ལན་ག་དེ་སྦེ་འཇལ་ནིམ་ ང་བཅས་ཁྱིམ་ཚང་ར་སྲིནམོ་ཨིན་ཁྱོད་ཟ་ད་ ཏེ་ང་བཅས་མིག་ཏོ་ མིག་ཏོ་བཏོན་ཏེ་ཁོང་གིས་འབག་ཡར་སོང་ཡི་ཟེར་ནུག་ ཁྱད་མེད་ཁྱད་མེད་ ང་གིས་དྲིན་ལན་འཇལ་ཚུགསཔ་ཟེར་ནུག་ ཡ་ཡ་འདིནི་སྡོད་ཤིག་ཟེར་ནུག་ ཏེ་ང་བཅས་ནོར་འཚོ་མི་འབད་སྡོད་ཤིག་ཟེར་ནུག་ཁྱོད་ར་ བཏུབ་བཏུབ་ཟེར་ནུག་ དེ་ལས་ཨཔ་འདི་དང་ཨམ་འདི་གི་ནོར་འཚོ་མི་འབད་སྡོད་སྡོདཔ་མས་ཁོ་ ཨཔ་འདི་དང་ཨམ་འདི་གི་ནོར་འཚོ་ དྲོ་པ་ནོར་མགོ་ཕུད་བཏང་ དེ་ལས་ཨམ་འདི་གིས་སླབ་ནུག་དབའེ་ ད་འབདན་ཨ་ལོ་ རོགས་སྲིན་པོ་གི་ཐོག་ནང་བཏང་མ་ད་གོ་སྨ་རེད་ ཨ་ལོ་ཁྱོད་ཀྱིས་ བཏང་ད་པ་ཅིན་ཁྱོད་ཟ་ད་ཟེར་ནུག་ཏེ།
  • ཨམ་རྡོ་རྗེ་དབང་མོ་
    Dorji Wangmo: ད་ང་བཅས་ཨཔ་དང་ཨ་མའི་མིག་ཏོ་ཡང་ ཁོ་ཁོ་མོ་གིས་བཏོན་འབག་ཡར་སོང་ཡི་ཟེར་ནུག་ ཨམ་མ་སྨད་གསུམ་ཡོད་ཟེར་ནུག་ འ་ནཱི་ཨིན་ཟེར་ཏེ་ ཁྱད་མེད་ཁྱད་མེད་ཟེར་ནུག་ དེ་ལས་ཁོ་ན་ལས་ཕར་འབད་སོང་ ནོར་ཚུ་སྲིན་པོ་གི་ཐགོ་ནང་བཙུགས་བཞག་སྦེ་ ཤིང་སྦོམ་གཅིག་འདུག་ཟེརཝ་མས་ལོ་ འ་ནཱི་གི་ན་ལས་མར་དོང་སྦོམ་ཅིག་བརྐོ་བཞག་སྦེ་ ཏེ་ཁོ་ཡར་ཤིང་གི་སྤྱི་ཏོག་གུ་འཛེགས་སྡོད་སྡོདཔ་མས་ ནོར་འདི་སྲིན་པོ་གི་ཐོག་ནང་བཙུགས་བཞག་སྦེ་ ཡར་ལས་མར་སྐད་བླུགས་དེས་ཟེརཝ་མས་ལོ།
  • ཨམ་རྡོ་རྗེ་དབང་མོ་
    Dorji Wangmo: དབའེ་ ཨའི་འོངམ་ད་འབདན་ སླབ་འོང་སྨ་རེད་ ཟེར་བས་ལོ་ ཨ་ལོ་གཉིས་འདུག་ལོ་འ་ནེམ་གཉིས་ ད་འབདན་ང་བཅས་ཀྱི་ཐོག་ཟ་ཚར་ཡི་ ད་ཨའི་འོང་དོ་འོང་བ་ཟེར་ནུག་ ཨའི་འོང་དོ་འོང་ང་བཅས་ཀྱིས་སླབ་གེ་སྨ་རེད་ཁྱོད་ ཁྱོད་ད་ལྟོ་ཤིང་གུ་འཛེགས་སྡོད་ཤིག་ཟེར་ནུག་ ཡུདཔ་ཅིག་ཁ་ལས་འོང་ཡི་ལོ་ཨའི་འདི་ ཨ་མ་མི་གཅིག་འདུག་ ཨཔ་འདི་དང་ཨམ་འདི་གི་ནོར་འཚོ་མི་མི་གཅིག་ འདི་ཨ་ཕར་ཤིང་གུ་འཛེགས་སྡོད་ནུག་ ནོར་གྱིས་ང་བཅས་ཐོག་ག་ར་ཟ་ཚར་ཡི་ཟེར་ནུག་ དེ་ལས་ཨམ་འདི་ དྲག་སྐྱེད་འཐོན་ཡི་ལོ་ཡར་ལས་མར་ སྤ་སྤ་སྤ་་་་་ མཆེཝ་གཡས་གཡོན་ནམ་མཁར་བཀལ་ཏེ་ དེ་ལས་ཨམ་འདི་ཡར་ལས་མར་འོང་ ཤིང་འདི་གི་མགུ་ལས་ཡར་འཛེགས་
  • ཨམ་རྡོ་རྗེ་དབང་མོ་
    Dorji Wangmo: ཡར་འཛེགསཔ་ད་རང་ ཁོ་ཡར་ལས་མར་ འ་ནཱི་ཧེམ་ཅུང་ནང་དེམ་ བྱཱ་ཁུ་སྤོག་ཏོ་གང་འདེགས་འབག་འབགཔ་མས་ འ་ནཱི་ཨ་ཙི་རེ་ཨ་ཙི་རེ་བླུགས་ ཡར་ལས་མར་[ཞུག་དར་རྐྱབ་?] (འགྱེལ་ཏ་རྐྱབ་) ད་རུང་མར་དོང་ནང་མ་འཛག་པས་ཏེ་ ད་རུང་ར་མར་ལས་ཡར་ཀྲེབ་ཀྲེབ་ཀྲེབ་བཏང་འཛེགས་འོངམ་ད་རང་ ཁོ་བྱཱ་ཁུ་ཨ་ཙི་བླུགས་[ཞུ་དར་རྐྱབ་?] (འགྱེལ་ཏ་རྐྱབ་) མར་ དེ་ལས་ན་འཐན་འུ་སྡུག་ ཡུདཔ་ཅིག་ལས་ བྱཱ་ཁུ་འདི་ཡང་རྫོགས་སོང་ནུག་ དེ་ལས་ཡར་ཀྲེབ་ཀྲེབ་ཀྲེབ་བཏང་འཛེགས་འོངམ་ད་རང་ ཁོ་བྱཱ་ཁུ་བླུགས་ དེ་ལས་ག་ར་བླུགས་ད་ནུག་ཁོ་ བླུགས་ཡར་ལས་མར་འགྱེལ་ཏ་རྐྱབ་ཅིགན་ ཏེ་མར་དོང་ནང་འཛུལ་སོང་ནུག་ཏེ་སྲིནམོ་འདི་ དེ་ལས་འབདན་ཁོ་ཚ་ངེར་བཏོན་ཡར་ལས་མར་བབས་ དེ་ལས་ཏེ་རྡོ་བཀལ་རྡོ་ལེབ་ཀྱིས་ཁ་ཏོག་བཅད་ སྲི་སྦེ་ནེམ་ད་ནུག་ཏེ་ སྲིནམོ་འདི་ སྲི་སྦེ་ནེམ་བཞག་སྦེ་ ཨམ་འདི་ དེ་ནང་དེ་སྦེ་བསད་བཞག་ ཡར་འགྱོ་བ་གི་ཨ་ལོ་འ་ནེམ་གཉིསཔ་འདི་ འདུག་ཟེརཝ་མས་ལོ་ དབའེ་ངེའི་ཨཔ་དང་ཨའི་གི་མིག་ཏོ་ ག་ཏེ་བཞག་ཡོདཔ་ཟེར་ནུག་ དེ་ལས་སྦོམ་ཤོས་འདི་གིས་སླབ་ནུག་ འ་ནཱི་ཆུང་ཤོ་འདི་གིས་ཤེས་ཟེར་ནུག་ ཆུང་ཤོ་འདི་གིས་སླབ་འདུག ང་སླབ་སླབ་རང་སླབ་དགོ་ག་ཟེར་ནུག་ སླབ་པ་ཅིན་ཨཔ་འདི་གི་མིག་ཏོ་འདི་ཨ་ཡར་སྤོག་ཏོ་་ནང་བཙུགས་བཞག་ཡོད་ ད་ལྟོ་མ་ཟ་ཟེར་ནུག་ ཨམ་འདི་གི་མིག་ཏོ་འདི་ཨ་ཕར་ སྡིག་ཆུང་ནང་བཙུགས་བཞག་ཡོད་ཟེར་བས་ལོ།
  • ཨམ་རྡོ་རྗེ་དབང་མོ་
    Dorji Wangmo: ཨམ་འདི་གི་མིག་ཏོ་དང་ཨཔ་འདི་གི་མིག་ཏོ་སོ་སོ་སྦེ་ལེན་ཞིན་ན་ ཨ་ལོ་གཉིསཔ་འདི་ཡང་བསད་ དོང་ནང་སྦ་བཞག་སྦེ་ དེ་ལས་ཕར་སོང་ དེ་ལས་འདི་གི་དྲོ་པ་རང་ཏེ་ ད་འབདན་ཁྱད་མེད་ཨཔ་དང་ཨམ་ རང་ནོར་ག་དགའཝ་སྦེ་བཏང་བཞག་ནི་རང་ཨིན་ སྲིནམོ་ཡང་ང་གིས་བསད་བཏང་ད་ཡི་ཟེར་ནུག ཤོབ་འོང་ཨ་ལོ་ དེ་སྦེ་འདི་བསད་མི་ཚུགས་ཁྱོད་གིས་ཟེར་ནུག་ ཏེ་དང་པ་ཨ་པའི་མིག་ཏོ་བཙུགས་ ཨ་པ་མཐོང་པས་ག་ཟེར་ནུག་ ཨ་ཙི་རེ་མཐོང་པས་ཟེར་ནུག་ ད་རུང་གཅིགཔ་འདི་བཙུགས་ མཐོང་པས་ག་ཟེར་ནུག་ མཐོང་པས་ཟེར་ དེ་ལས་ཨམ་འདི་གི་ཡང་ཁོ་གིས་བཙུགས་ད་ནུག་རོགས་ མིག་ཏོ་ཡར་མ་ཟ་བས་ལོ་ ཡར་སྲིནམོ་མ་གིས་ཡར་བཞག་བཞགཔ་མས་ ཨ་མའི་མིག་ཏོ་ཡང་བཙུགས་ ཨ་པའི་མིག་ཏོ་ཡང་བཙུགས་ སྤ་སྤ་སྤ་་་་་ གནམ་མེད་ས་མེད་དགའ་དྲག་ ད་འབདན་ཁྱོད་ ང་བཅས་བུ་ཡང་མེད་བུམོ་ཡང་མེད་ ད་བུ་དང་བུམོ་གི་ཚབ་མ་ཁྱོད་ཀྱིས་བཏུབ་ཟེར་ ག་ཏེ་ཡང་འགྱོ་མི་དགོ་ཟེར་ ང་བཅས་ ཕྱུགཔོ་མས་ལོ་ཏེ་རོགས་ཨཔ་དང་ཨམ་འདི།
  • ཨམ་རྡོ་རྗེ་དབང་མོ་
    Dorji Wangmo: ནོར་ཡང་ན་ལངས་ཟེར་ ཁྱོད་ར་གསེར་དགོ་རུང་ དངུལ་དགོ་རུང་ ཁྱོད་ར་འགྱོ་རུང་ཡང་ཏེ་ གསེར་བྲེ་གིས་འཇལ་འབག་རུང་འབག་ དངུལ་སྦིས་འཁྱབ་ཀྱིས་འཇལ་འབག་རུང་འབག་ཟེར་ ཏེ་ཁོ་ག་ཅི་ཡང་མི་དགོ་ཟེར་ནུག་ ཁོ་ཨཔ་དང་ཨམ་མའི་ནོར་ར་འཚོ་སྡོད་ནི་ཟེར་ནུག ཨཔ་དང་ཨ་མའི་ནོར་ར་འཚོ་སྡོད་ དེ་ལས་བ་མ་འདྲཝ་ཅིག་འདུག་ཟེརཝ་མས་ལོ་ ནོར་འཕྱེལ་མི་གི་བ་མ་འདྲཝ་ཅིག་ འདི་གིས་སླབ་སླབ་མས་ ཉིནམ་ཅིག་གི་ཚེ་ལ་དབའེ་དྭཝ་བུཚ་ ཁྱོད་ག་ཅི་ཡང་མི་དགོ་ཟེར་མ་སླབ་ ད་ཨཔ་དང་ཨ་མ་ ང་ལུ་བློ་ཕོག་ར་ཕོག་པ་ཅིན་ འ་ནཱི་བ་རོ་ཁོམ་འདི་གནང་ཟེར་སླབ་ཤིག་ཟེར་ནུག འ་ནཱི་དང་དེ་ལས་གསེར་གྱི་རྭ་དུང་ཅིག་ཡོད་ཟེར་ནུག་ རྭ་དུང་རིང་ཐུང་འ་ནེམ་ཅིག་ ཡར་མཆོད་བཤམ་ནང་ཡོད་ཟེར་ནུག་ འ་ནཱི་གནང་ཤིག་ཟེར་ སླབ་ཟེར་ནུག་ འེ་འེ་་་་ཟེར་སླབ་ དེ་ལས་བ་འདི་གིས་ འ་ནཱི་སྦེ་སླབ་ ཏེ་ཁོ་ཕྱི་རུ་ཡང་དྲི་དྲིསཝ་མས་ཏེ་དབའེ་ ད་ཨ་ལོ་ཁྱོད་ཀྱི་གཡུས་ཡང་འོང་ ཨཔ་དང་ཨའི་ཡང་འོང་ ཏེ་ཁྱོད་ར་གི་བུ་ཚུ་ཡང་འོང་ ད་ཕར་ལོག་འགྱོ་བ་ཅིན་ ཁྱོད་ག་ཅི་དགོ་རུང་སླབ་ གསེར་དགོ་རུང་ དངུལ་དགོ་རུང་ དར་དང་གོས་ཆེན་ག་དགོཔ་འབག་ཟེར་སླབ་སླབ་མས།
  • ཨམ་རྡོ་རྗེ་དབང་མོ་
    Dorji Wangmo: ག་ཅི་ཡང་མི་དགོ་ཟེར་ནུག་ཁོ་ ད་ཨཔ་དང་ཨ་མ་ ང་ལུ་བློ་ཕོག་རག་ཕོག་པ་ཅིན་ ཨཔ་དང་ཨ་མའི་གི་ན་ ནོར་རོ་ཁོམ་བ་གཅིག་འདུག་ཟེར་ནུག་ འ་ནཱི་དང་དེ་ལས་ཕར་མཆོད་བཤམ་ནང་རྭ་དུང་འ་ནེམ་ཆུང་ཀུ་ཅིག་འདུག་ཟེར་ནུག་ འ་ནཱི་གནང་ད་ཟེར་ནུག་ ཨ་འོ་་་་ མི་དགོ་ཟེར་ གོང་མཐོ་དྲགས་ཨིན་ཟེར་ནུག་འདི་ དེ་ར་འབད་རུང་བྱིན་དགོ་སྨ་རེད་ཨ་ལོ་ ཨ་ལོ་ཁྱོད་མེད་པ་ཅིན་ང་བཅས་མིག་ཏོ་འབལ་ཟཝ་མ་ཚད་ ང་བཅས་ར་ཡང་ཟ་ད་ཟེར་ནུག་ ཏེ་ཕྱག་འཚལཝ་མས་ལོ་ཏེ་ ཨཔ་དང་ཨའི་འདི་གིས་ ཨཔ་དང་ཨམ་འདི་གིས་ ཏེ་དེ་ལས་འདི་རང་ཨིན་རུང་འབག་སྨ་རེད་ཟེར་ནུག་ འདི་གི་ནངས་པར་ལྟོ་མཛར་འབད་ རྒྱགས་སྐལ་འདེགས་ མ་བཏུབ་བཏུབ་སྦེ་ དེ་ལས་གསེར་གྱི་རྭ་དུང་འདི་ཡང་འཐུ་བཀལ་ བ་རོ་ཁོམ་འདི་ཡང་བདའ་ ཏེ་ཁོ་ཡར་སོང་ནུག་ན་ལས་ཕར་ ན་ལས་ཕར་འགྱོ་ཕར་ཕར་ མར་ལས་ཕར་གྱི་ལམ་འཐོན་ས་དང་ཡར་ལས་ཕར་གྱི་ལམ་འ་ནེ་སྦེ་ཨིན་མས་བ་ འ་ནཱི་སྦེ་འཐོན་ས་འདི་ཁོང་གཉིས་ཞག་དུས་བཏབ་བཏབ་མས་ཏེ་ དེ་ལས་འ་ནཱི་ཕྱུག་པོའི་བུ་འདི་ མར་ལས་ཕར་ཏི་རུ་སྒྲོམ་གང་འབག་མི་འདི་ བ་མཇུག་དུམ་མ་སྨད་ཅིག་བདའ་སྦེ་འཐོན་དེས་ཟེརཝ་མས་ལོ་ ཁོ་གིས་འ་ནཱི་གསེར་གྱི་རྭ་དུང་འདི་འཕུ་ཡི་འཕུ་ཡི་ནོར་ ནོར་རྡོག་ཁལ་ལྷགཔ་ཅིག་བདའ་ནཱི་འདུག་ཏེ་ཁོ་ ཁྱིམ་ནང་ལས་བདའ་བའི་བསྒང་ བ་ཕུད་རྡོག་གཅིག་རང་མས་ རྭ་དུང་འཕུ་འཕུ་ཟེར་སླབ་ནུག་བ་ བ་འདི་གིས་ ལམ་ཁར་ལྷོད་པའི་བསྒང་ལས་ རྭ་དུང་འདི་འཕུ་འཕུཝ་མས་ འཕུ་བའི་བསྒང་ལས་རོགས་ནོར་(རྒྱུན་ཆད་)མེདཔ་ཅིག་མས་ཟེརཝ་མས་ལོ།
  • ཨམ་རྡོ་རྗེ་དབང་མོ་
    Dorji Wangmo: ཁོ་ནོར་རྡོག་ཁལ་ལྷགཔ་ཅིག་བདའ་ ཁོ་མར་ལས་ཕར་བ་མཇུག་དུམ་ཅིག་བདའ་སྦེ་ཨིན་མས་ལོ་ ཏེ་ཁ་སླབ་སླབ་སོང་ དེ་ལས་ལམ་ཁ་ལས་དབའེ་དྭཝ་བུཚ་ཁྱོད་ ཏི་རུ་གསུམ་འགལ་འབག་ནི་མེད་ འདིན་གསོལ་རས་གནང་ཚར་ནུག་ ཏེ་ང་ཏི་རུ་སྒྲོམ་གང་འབག་ནི་ཡོད་ང་ཏེ་ཕོཝ་ཡང་ རྒྱུ་ཐག་ཆད་ང་ལྟོ་བཀྱེས་ ཁ་སྐོམ་དེ་ལས་བ་འདི་བཟོ་འ་ནེམ་ཅིག་ལས་མ་ཐོབ་ ད་ང་ཨའི་གིས་སླབ་འོང་ཟེར་ནུག་ ཨ་འོ་་་ ཏེ་རང་གི་ཚོང་སྐལ་ཨིན་མས་ཏེ་ ཁྱོད་ར་ཨིན་མས་ཏེ་ཉོ་མི་ ང་ལུ་ཉོ་མ་བཅུག་ཁྱོད་ཀྱིས་ ཏེ་ག་དེ་འབད་བ་ཏེ་ རང་གི་སྔོན་གྱི་ལས་ཨིན་མས་ཟེར་སླབ་ནུག་ ཏེ་ན་ལས་ཕར་སོང་ དེ་ལས་ཕྱུག་པོའི་བུ་འདི་[གན་?]ཆི་ནུག་ཏེ་ ཁོ་བལྟ་གནམ་མེད་ས་མེད་ ཁོ་བ་མཇུག་དུམ་འདི་བདའ་སྦེ་ ཧེ་མ་ཡར་སོང་ནུག ཧེ་མ་འགྱོ་སྦེ་ ཤིང་གནམ་མེད་ས་མེད་ཤིང་སྤུངས་བཞག་ནུག་ཟེརཝ་མས་ལོ་ ད་ད་རེས་ན་སྡོད་གེ་ང་བཅས་ ང་ཤིང་འཐུ་ཆུ་ཡང་དབོགས་བཞག་ཡོད་ད་ན་སྡོད་གེ་ཟེར་ནུག སྒར་བཅགས་ཆི་ནུག་ལོ་ བཏུབ་བཏུབ་ཟེར་ཏེ་ འདི་ནང་སྡོད་ དེ་ལས་ཏེ་ འ་ནཱི་དྭཝ་བུཚ་འུ་སྡུག་ནོར་ལེ་ཤ་སྐྱོར་དགོ་ནི་འདི་གིས་ ཏེ་ཕྱི་རུ་བཞེས་དགོ་འབད་ཟ་སྦེ་ ཁོ་མིག་བོང་ཐག་ཁནམ་ལོག་སོ་ནུག་ཏེ་ ཏེ་ཕྱུག་པོའི་བུ་འདི་གིས་ ཁོ་གཉིད་ཁུག་གནམ་མེད་ས་མེད་ཤིང་བཙུགས་ མེ་སྦོམ་འཕུ་ ཡུདཔ་ཅིག་ལས་ ཏེ་དྭཝ་བུཚ་འཐུ་སྦེ་ཕར་མེ་བཏང་ད་ནུག་ཏེ་ མེ་སྦོམ་ནང་བཙུགས་སྦེ་
  • ཨམ་རྡོ་རྗེ་དབང་མོ་
    Dorji Wangmo: ཏེ་དེ་ལས་ དྲོ་པ་ནོར་མང་ཧི་རྫོགསཔ་ཅིག་འདི་ ཁོ་བདའ་སྦེ་སོང་སོངམ་མས་ ཏེ་འ་ནཱི་བ་རོ་ཁོམ་འདི་གིས་འགྱོ་མ་བཏུབ་པས་ འགྱོ་མ་བཏུབ་པ་ཏེ་ བ་རོ་ཁོམ་ཁྱོད་སྡོད་པ་མི་ཕངས་ཟེར་ ནོར་གཞན་ཚུ་བདའ་ཡར་སོང་ནུག་ཁོ་ ཁོ་གི་ཨིན་ཟེར་སླབ་ནི་ཨིན་མས་ཏེ་ཕར་ལུ་ དེ་ལས་ཏེ་ བ་འདི་གིས་ལྕེ་བལྡག་ ཁོ་གི་ཐལཝ་འདི་ག་ར་བལྡག་ དྭཝ་བུཚ་འདི་བ་ལེགསཔ་ཅིག་སྦེ་འཚར་ད་ནུག་ཟེར་བས་ལོ་ ད་རུང་ན་ལས་ཕར་གསེར་གྱི་རྭཝ་འདི་འཕུ་ཡི་འཕུ་ཡི་ ཡུདཔ་ཅིག་ལས་ནོར་ཁལ་ལྔ་མས་ལོ་ཏེ། ཁོ་གིས་བདའ་འགྱོ་མི་དེ་བ་ཁོ་གི་མངམ་མས་ཟེར་བས་ལོ་ དེ་ལས་ན་ལས་མར་ཁོ་དང་ཕྱད་པའི་བསྒང་ལས་ ནོར་ག་ར་བ་འདི་གི་ཏིང་བདའ་ཨིན་ལོ་ ཁོ་གིས་བདའ་འགྱོ་མི་འདི་ཡང་ཚུར་ལོག་བ་དང་མཉམ་ དེ་ལས་ཁོ་ར་མཇུག་དུམ་མ་སྨད་ཅིག་བདའ་སྦེ་ ཏེ་ཕར་ཨའི་སྡོད་སར་སོང་ ཨའ་ིའདི་ཧ་འགམ་ཤི་སོ་ནུག་ཏེ་ དབའེ་ངེའི་བུ་འདི་ ཏི་རུ་སྒྲོམ་ཅུང་གང་འབག་འབགཔ་ཨིན་ ད་འདི་གིས་ནོར་འ་ནེམ་ཅིག་མས་ཟེར།
  • ཨམ་རྡོ་རྗེ་དབང་མོ་
    Dorji Wangmo: ཏེ་དེ་ལས་ ཁོ་གི་ཨའི་འདི་ཧ་འགམ་ཤི་སོང་ནུག་ ངེའི་ཨ་ལོ་འདི་ཏི་རུ་གསུམ་འགལ་འབག་ནི་མེད་ ནོར་མང་ཧི་དེམ་འདི་ཐོབ་མནོཝ་རང་མ་བཏང་ཟེར་ ཨའི་འདི་ཡང་གང་རྐྱལ་བོག་ཤི་ ཏེ་དེ་ལས་ད་རུང་རང་འ་ནཱི་ཕྱུག་པོའི་བུ་འདི་ ཏེ་ཧིང་མ་རངས་པས་ཏེ་ བཞག་ཤིག་བཞག་ཤིག་མནོ་ དེ་ལས་ཏེ་ཕྱི་རུ་ནམ་ཤར་ཁོ་གི་ཨོམ་འདི་ ཁོ་འཐུང་ནི་མས་ཏེ་ གནམ་མེད་ས་མེད་འདྲེ་འཐོན་འཐོནམ་མས་བ་ཁོ་ ཧེ་མ་ ནོར་གྱི་ཨོམ་ཡང་སྐྱོན་ཕོག་ མར་ཡང་བཏོན་མ་སྟེར་ དར་ཚིལ་ཡང་བཏོན་མ་སྟེར་ ག་ཅི་ཨིན་ན་རང་མནོ་སྡོད་སྡོདཔ་མས་ཁོ་ ཡུདཔ་ཅིག་ལས་ ཁོ་ཨིན་མས་ཟེརཝ་མས་ལོ་ འདྲེ་འཐོན་མི་འདི་ དེ་ལས་ཞག་ཅིག་ཚེ་ལས་ ཁོ་གཉིད་ཁུག་སྡོད་སྡོཔ་ད་ ཁོ་མེ་ནང་ག་འགྱོ་ནུག་བ་ ཁོ་མེ་བཏང་ད་ནུག་ འ་ནཱི་ཕྱུག་པོའི་བུ་འདི་ཡང་ དེ་ལས་ཁོ་རའི་བ་མཇུག་དུམ་འདི་གིས་བལྡག་འབད་བའི་བསྒང་ལས་ འཚར་བའི་བསྒང་ལས་ ལྒང་ཕུག་ཅིག་ཨིན་མས་ལོ་ ལྒང་ཕུག་འ་ནེམ་ཅིག
  • ཨམ་རྡོ་རྗེ་དབང་མོ་
    Dorji Wangmo: དེ་ལས་ཁོ་ཨོམ་ཨརཝ་རྐུ་འཐུང་པར་འོང་འོངམ་མས་ཏེ་ ཕྱི་རུ་གནམ་ཤར་ར་འ་ནཱི་ལྒང་ཕུག་འདི་གིས་ ཅུ་རུ་རུ་རུ་རུ་ཟེར་འཐུང་དཝ་མས་ཟེརཝ་མས་ལོ་ དབའེ་དྭཝ་བུཚ་གི་[སླ་ཁར་?]འགྱོ་ནིམ་མི་འགྱོ་ནིམ་ཟེར་ ཁོ་ར་གིས་སླབ་མས་ལོ་ འགྱོན་འགྱོཝ་ར་དྲག་ས་ཟེར་ འགྱོ་འགྱོཝ་མས་ལོ་ཏེ་[གླ་ཁར་?] ཁོ་གཉིད་མ་ལོག་པར་སྡོད་སྡོདཔ་མས། དེ་ལས་དྭཝ་བུཚ་གི་ [ཁྱིད་ཁྱིད་?]གུ་འཛེགས་ནིམ་མི་འཛེགས་ནིམ་ཟེར་ནུག འཛེགསནི་འཛེགསཔ་ར་དྲག་ཟེར་ ཡར་འཛེགསཔ་མས་ཟེརཝ་མས་ལོ་ དྭཝ་བུཚ་འདི་ཨོམ་ན་ཟོམ་ཕྱེས་ཏེ་རྐྱབ་ནིམ་མི་རྐྱབ་ནིམ་ཟེར་ནུག་ རྐྱབནི་རྐྱབ་ར་དྲག་ཟེར་ནུག་ ཨོམ་ཟོ་འདི་ཕྱེས་རྐྱབ་པའི་བསྒང་ལས་ སོ་རོ་རོ་རོ་རོ་ཟེར་ག་ར་ལྒང་ཕུག་ནང་འགྱོ་ལྒང་ཕུག་འ་ནེམ་ཅིག་མས་ཟེརཝ་མས་ལོ་ཏེ་ དེ་ལས་སྤུ་རྩ་སྦེ་ར་འཐུང་བཅུག་ ཁོ་རྟས་ཐག་ཅིག་གྲབ་འགྲིག་རྐྱབ་སྡོད་ དེ་ལས་མར་ལས་མར་ རྦོབ་རིལ་འགྱོ་ནི་འབདཝ་ཅིག་ ཁོ་རྟས་ཐག་ཐེངས་ཕོག་གཅིག་གིས་ ཏག་ ཟེརཝ་ཅིག་ ཨོམ་ཡང་ག་ར་ཧེག་བཏང་ཆི་ནུག་ཏེ་ ཁོ་ར་ཡང་འདི་ནང་བསད་ད་ནུག་ ཏེ་དེ་ལས་ལྷ་རྒྱལ་འདྲེ་ཕམ་ཟེར་ཏེ་ དྭཝ་བུཚ་ཕྱུགཔོ་ཐལ་སོ་ནུག་ཏེ་ ཁོ་འདི་ཤི་སོ་ནུག་ཏེ་ འ་ནེམ་ཅིག་ཨིན་མས། ཧེ་ཧི་ཧི་ཧི་་་་་་།། །།