Skip to main content Skip to search
28 Jun 2018
25 min 1 sec
Video Overview
Creators: 
Penchela
Transcript search
No results found for this search
0 of 0
  • ཀུན་བཟང་རྡོ་རྗེ་ Kezang Dorji
    ཧེ་མ་ཧེ་མ་ དང་ཕུ་གཡུས་ཚན་ཅིག་གི་ནང་ན་ ཨམ་མོ་རེངསམོ་ཅིག་གི་བུ་གཅིག་ཡོདཔ་ཨིན་མས་ལགས། ཏེ་ཆུང་ཀུའི་བསྒང་ལས་རང་ཤ་བདའ་ དེ་སྦེ་ཟ་སྡོད་མི་ ཉིནམ་ཅིག་ཟེརཝ་ད་ ཁོ་ཤ་བདའ་སྟེ་འགྱོཝ་ད་ལུ་ཏེ་ རི་གཅིག་ལུ་ལྷོདཔ་ད་ སེམས་ཅན་སྦོམ་ གནམ་མེད་ས་མེད་ རི་བཟུམ་ཅིག་ཕྱད་ཅི་ཟེར་ཨིན་མས་ལགས།
  • ཀུན་བཟང་རྡོ་རྗེ་ Kezang Dorji
    འ་ནཱི་ཕྱད་སྦེ་ ཏེ་ཁོ་གིས་ སེམས་ཅན་ལུ་ལྟ་སྟེ་ དབའི་ སེམས་ཅན་ཁྱོད་ ནམ་རང་མ་མཐོང་བའི་སེམས་ཅན་མཐོང་ནི་དེ་གིས་ དབའི་སེམས་ཅན་ཁྱོད་ ང་གིས་ཁྱོད་བཟུམ་མའི་སེམས་ཅན་ ག་ཏེ་ཡང་མཐོང་མ་མྱོང་ཟེར་ ཁྱོད་བྱོག་འགྱོ་བ་ཅིན་འགྱོ་ མི་ལུ་ང་ མི་གི་ནང་ལས་ཡང་ མི་ལུས་རིན་ཆེན་ནང་ལས་ཡང་ སྲ་ཀྲག་ང་ལས་ལྷགཔ་མེད་ཟེར་ དེ་སྦེ་ ཁོ་གིས་སེམས་ཅན་ལུ་སླབ་ད་ སེམས་ཅན་གྱིས་ཡང་སླབ་ནུག་ལགས།
  • ཀུན་བཟང་རྡོ་རྗེ་ Kezang Dorji
    ཏེ་ སེམས་ཅན་གྱི་ནང་ལས་ཡང་ སྦོམ་ཤོས་ཡང་ང་ལས་ལྷགཔ་མེད་ སྲ་ཀྲག་ཡང་ང་ལས་ལྷགཔ་མེད་ཟེར་ ཁྱོད་བྱོག་འགྱོ་བ་ཅིན་འགྱོ་ནི་མ་གཏོགས་ ང་མི་འགྱོ་ཟེར་ སེམས་ཅན་གྱིས་དེ་སྦེ་སླབ་སྟེ་ དེ་ལས་ཁོང་གཉིས་ ཨིན་ཟེར་བ་ཅིན་ ཁྱོད་ཨ་ཙི་མར་ཤོག་ ང་ཨ་ཙི་ཡར་འོང་གེ་ཟེར་ ཁོང་གཉིས་སྦུག་ལུ་འཛོམས་སྦེ་འབདཝ་ད་ལུ་ འ་ནཱི་ཨ་ལོ་གི་ལགཔ་ཁར་ གསེར་གྱི་ཟོརཝ་ཅིག་ཡོདཔ་ལས་བརྟེན་ཏེ་ ཁོ་གིས་གསེར་གྱི་ཟོརཝ་གིས་འབད་ འ་ནཱི་སེམས་ཅན་འདི་ བསད་ཅི་ཟེར་ཨིན་མས་ལགས།
  • ཀུན་བཟང་རྡོ་རྗེ་ Kezang Dorji
    བསད་དེ་ སེམས་ཅན་སྦོམ་དེ་ཡང་ གནམ་མེད་ས་མེད་རི་བཟུམ་ཅིག་ གནམ་ག་ར་སྤུབས་པའི་སེམས་ཅན་ འ་ནཱི་བསད་དེ། དེ་ལས་ཤ་དོས་ཡང་ཁོ་བསད་འབགཔ་ད་ཡང་ ཤ་དོས་ཁལ་གཅིག་དང་དགུ་ཐོན་ཡི་ཟེར་ཨིན་མས་ལགས། དེ་སྦེ་འབག་འགྱོ་སྦེ་ འ་ནཱི་སེམས་ཅན་སྦོམ་བསདཔ་ད་ལུ་ མགུ་ཏོ་གིས་ ང་འདི་མ་ཟ་ ང་གི་གཟུགས་འདི་ཟ་ད་ ང་འདི་མ་ཟ་ཟེར་ ཁོ་གི་མགུ་ཏོ་གིས་སླབ་སླབ་པས།
  • ཀུན་བཟང་རྡོ་རྗེ་ Kezang Dorji
    ཨ་ང་ ཁྱོད་རང་དགོཔ་ཨིན་ ཁྱོད་རང་ཟ་ནི་ཟེར་ ཁོ་གིས་འབག་འགྱོ་སྦེ་ ཕར་མགུ་ཏོ་འདི་འབག་སྦེ་ ཁྱིམ་ནང་ ཨའི་འདི་མ་ཎི་བགྱངས་སྡོད་དོ་ཡོདཔ་ཨིན་མས་ལགས་ཁོ་གི་ཨའི། དེ་ལས་ཁྱིམ་ནང་འབག་སྦེ་ ཁོ་གིས་ སྒོའི་རྒྱབ་ཁར་འབག་བཞག་བཞགཔ་མས་ཨའི་མ་མཐོངམ་སྦེ། ཏེ་བཞགཔ་ད་ལུ་ ཁོ་འདི་ཤ་ལེན་པར་ལོག་འགྱོཝ་ད་ལུ་ སྒོའི་རྒྱབ་ཁ་ལས་ ས་བ་སུ་བུ་ས་བ་སུ་བུ་ ཟེར་སྐད་རྐྱབ་ས་གོ་སྟེ་ དེ་ལས་ཨའི་གིས་ ག་ཅི་ཨིན་ན་ཟེར་འགྱོ་བལྟཝ་ད་ ཏེ་སྒོ་ཁར་བལྟཝ་ད་ འ་ནཱི་མགུ་ཏོ་མཐོང་སྟེ་ མགུ་ཏོ་གིས་ ང་སྲོག་སྐྱབས་འབད་གནང་ཟེར།
  • ཀུན་བཟང་རྡོ་རྗེ་ Kezang Dorji
    ཁྱོད་ཀྱི་བུ་གིས་ ང་ཟཝ་མས་ སྲོག་སྐྱབས་འབད་གནང་ཟེར་སླབ་ད་ དེ་ལས་མ་ཎིཔ་ཨང་རྒས་ཀྱིས་སྲོག་སྐྱབས་འདི་ག་དེ་སྦེ་འབད་ནི་ ཁྱོད་འདི་མགུ་ཏོ་རྐྱངམ་ཅིག་འདུག་ གཟུགས་མིན་འདུག་མེན་ན་ཟེརཝ་ད་ བཏུབ་ཨིན་རུང་ང་སྲོག་སྐྱབས་འབད་ཟེར་ དེ་ལས་མོ་གིས་སྲོག་སྐྱབས་འབད་ནི་ཟེར་འབག་སྟེ་ཨང་རྒས་ཀྱིས་ རྩང་ཚལ་སྦོམ་ཅིག་ནང་ ག་གིས་ཡང་འགྱོ་མ་ཚུགས་པའི་ཚལ་མ་ནང་འབག་སྟེ་བཙུགས་བཞག་སྦེ།
  • ཀུན་བཟང་རྡོ་རྗེ་ Kezang Dorji
    འ་ནཱི་ སེམས་ཅན་གྱི་མགུ་ཏོ་འདི། དེ་ལས་སོང་སྟེ་ བུ་འདི་ལོག་འོངམ་ད་ལུ་ ཁྱོད་ཀྱི་བུ་ལུ་མ་སླབ་ཟེར་སླབ་སླབ་མས། ཏེ་ལོག་འོང་སྟེ་ བུ་འདི་ཤ་དོས་འབག་འོངམ་ད་ ཨའི་ངེའི་མགུ་ཏོ་ ངའི་འ་ནཱི་མགུ་ཏོ་ག་ཏེ་སྨོ་ཟེརཝ་ད་ མ་ཤེས་ རོ་ཁྱི་དང་བྱི་ལི་གིས་ཟ་ཟཝ་འོང་ ང་འདི་མ་མཐོང་ཟེར་ ཨའི་གིས་ཤོབ་སླབ་སྟེ་ ཨའི་ཟེར་ བྱི་ལི་གིས་འདི་ག་ཏེ་ཟ་ཚར་ནི་ རོ་ཁྱི་གིས་ཡང་ཟ་མི་ཚར་ ངེའི་ཨ་ནཱི་མགུ་ཏོ་ ཁྱོད་ཀྱིས་ མགུ་ཏོ་ག་ཏེ་སྐྱེལ་བཞག་ཡི་ཨའི་ཟེརཝ་ད་ མ་ཤེས་ ང་འདི་ཤེས་རང་མ་ཤེས་སྨེ་ཟེར།
  • ཀུན་བཟང་རྡོ་རྗེ་ Kezang Dorji
    ང་འདི་མ་ཎི་བགྱངས་སྡོད་སྡོདཔ་ཨིན་ ང་འདི་ཤེས་རང་མ་ཤེས་ཟེར་ ཨའི་གིས་ཤོབ་སླབ་སྦེ་ ཏེ་སོང་སྦེ་ ཁོ་འ་ནཱི་སྦེ་སྡོདཔ་ད་ ཤ་བདའ་སྡོད་པའི་སྐབས་ དེ་ལས་ཨའི་གིས་ འ་ནཱི་སེམས་ཅན་འབད་སར་འགྱོ་བལྟ་ སེམས་ཅན་ལུ་ ལྟོ་ཨ་ཙི་རེ་ཨ་ཙི་རེ་བྱིན་ཏེ་ ལྟོ་བྱིན་ཡི་བྱིན་ཡི་ ལྷོདཔ་ཅིག་ལས་སེམས་ཅན་ རྨ་ཁ་དྲག་སྟེ་སྦོམ་འགྱོ་དོ་ཡོདཔ་མས། འ་ནཱི་སྦེ་སྦོམ་འགྱོ་སྟེ་ ཁྱོད་ཀྱི་བུ་འདི་ འ་ནཱི་སེམས་ཅན་གྱིས་སླབ་དོ་ཡོདཔ་མས་ འ་ནཱི་སེམས་ཅན་སྦོམ་གྱིས།
  • ཀུན་བཟང་རྡོ་རྗེ་ Kezang Dorji
    ཁྱོད་ཀྱི་བུ་འདི་ཏེ་ སིྲན་པོ་ངོ་མ་ཨིན་སྨེ་ སྲིན་པོ་ཨིན་ཁྱོད་ཀྱི་བུ་འདི་ ཁྱོད་ཀྱི་བུ་འདི་ སྲིན་པོ་མེན་ཟེར་བ་ཅིན་ ཁྱོད་ཀྱི་བུ་འདི་དོམ་ལུ་བྱིན་བལྟ་ཤིག་ཟེར་ དོམ་གྱིས་ཡང་མི་ཟ་སྨེ་ ཁྱོད་ཀྱི་བུ་ཟེར་ དེ་ལས་མོ་གིས་ ཏེ་ག་དེ་སྦེ་བྱིན་ནི་ ང་གིས་འདི་གནས་སྐབས་མིན་འདུག་ ག་དེ་སྦེ་བྱིན་ནི་ ཟེར་སླབ་ད་ ཨའི་གིས་ཕར་སེམས་ཅན་ལུ་སླབ་ད་ གནས་སྐབས་ང་གིས་བཏོན་གེ་ཟེར་
  • ཀུན་བཟང་རྡོ་རྗེ་ Kezang Dorji
    ཁྱོད་ན་རྫུ་བཏབ་སྟེ་ ཡར་དོམ་གྱི་ཨོམ་བཞོ་འབག་འོང་སྦེ་ དབུར་བ་ཅིན་དྲག་ནི་མས་གསེས་སླབ་ཟེར་ མོ་བཏབ་མི་ལུ་ འ་ནཱི་སྦེ་སླབ་བཏང་ད་ ཟེར་སླབ་སྦེ་ དེ་ལས་ཨ་མའི་གིས་མོ་བཏབ་མིའི་སྦོ་ལོགས་ཁར་སོང་སྦེ་ལྷུ་སྟེ་ ངེའི་བུ་སྲིན་པོ་ངོ་མ་ཨིན་མས་ དོམ་ལུ་བྱིན་བལྟ་དགོ་པས་ ཁྱོད་ཀྱིས་དེ་སྦེ་སླབ་ཟེར་ མོ་བཏབ་མི་འབད་སར་སོང་སྟེ་སླབ་སྦེ་ ཏེ་ཨའི་འདི་ན་རྫུ་བཏབ་སྟེ་ དེ་ལས་གནམ་མེད་ས་མེད་ཤི་ནི་བཟུམ་བཟོ་སྟེ་ ན་རྫུ་བཏབ་ སོང་སྦེ་ཏེ།
  • ཀུན་བཟང་རྡོ་རྗེ་ Kezang Dorji
    ཨ་ནཱི་མོ་བཏབ་མི་འབད་སར་ མོ་བཏབ་འབག་ཤོག་ས་ ང་ན་སྟེ་ཤི་ནི་མས་ ཡར་ཆོསཔ་འབད་སར་སོང་སྟེ་ བུ་འདི་ཡར་ ཆོསཔ་འབད་སར་མོ་བཏབ་པར་འགྱོཝ་ད་ ཏེ་ཆོསཔ་གིས་ ཁྱོད་ཀྱི་ཨའི་འདི་ དོམ་གྱི་ཨོམ་བཞོ་འབག་འོང་བྱིན་པ་ཅིན་ ཁྱོད་ཀྱི་ཨའི་འདི་ དྲག་ནི་མས་ དབུར་བ་ཅིན་དྲག་ནི་མས་ཟེར་ ཏེ་ཁོ་ཨིནམ་པ་ཅིན་ ང་འགྱོ་ནི་ཟེར་ ཁོ་གི་མདའ་གཞུ་ཡང་ ཡར་བཙུགས་བཞག་སྦེ་ དོམ་གྱིས་ཨོམ་བཞོ་འབག་འོང་པར་འགྱོ་འགྱོཝ་མས།
  • ཀུན་བཟང་རྡོ་རྗེ་ Kezang Dorji
    སོང་སྦེ་ ཡར་ལྷོདཔ་ད་ལུ་ ནགས་ཚལ་སྦོམ་ནང་ན་ལྷོདཔ་ད་ མདེའུ་ཕུད་རྡོག་གཅིག་འབད་མི་ཅིག་ཕྱད་ཕྱདཔ་མས། འ་ནཱི་མདའུ་འདི་ ཁ་ཡར་ལྟ་ཐེངས་ཕོག་གཅིག་ལུ་བཏོག་ ཁ་མར་ལྟ་ཐེངས་ཕོག་གཅིག་གུ་བཏོག་འབག་འགྱོཝ་ད་ འགྱོ་སྟེ་ཀྲིག་ཀྲི་སྤང་ཐང་ཅིག་ལུ་ལྷོདཔ་ད་ལུ་ དོམ་ཕྱུག་ཀུ་གཉིས་གནམ་མེད་ས་མེད་རྩེདམོ་རྩེ་སྡོད་སར་འཕྱད་ཡི་ཟེར་ཨིན་མས།
  • ཀུན་བཟང་རྡོ་རྗེ་ Kezang Dorji
    ཨ་ནཱི་སྦེ་རྩེདམོ་རྩེ་སྡོད་སར་འཕྱད་དེ་ དེ་ལས་དོམ་ཕྱུག་ཀུ་གཉིས་ཀྱིས་ ཁོ་མཐོང་སྟེ་ མགྱོགས་པ་རང་དོམ་ཕྱུག་ཀུ་གཉིས་ཀྱིས་ ཁྱོད་ག་ཏེ་འགྱོཝ་སྨོ་ཟེར་ ཁྱོད་ངའི་ཨའི་གིས་ཤེས་པ་ཅིན་ ཁྱོད་ད་ལྟ་ར་ཟ་འོང་ཟེར་སླབ་ད་ ང་གི་ཨའི་ན་སྟེ་ གནམ་མེད་ས་མེད་ནང་དོག་སྟེ་ཡོད་ ཤི་ནི་གུ་རང་ཐུག་སྟེ་ཡོད་ ཁྱེད་ཀྱི་ཨའི་གི་ཨོམ་བཞོ་འབག་འོང་པ་ཅིན་ ང་གི་ཨའི་དྲག་ནི་ཨིན་མས་ལོ་ ཟེར་སླབ་ད།
  • ཀུན་བཟང་རྡོ་རྗེ་ Kezang Dorji
    ཏེ་སེམས་ཅན་གྱིས་ འ་ནཱི་དོམ་གྱིས་ ཡ་ང་དེ་སྦེ་ཨིནམ་པ་ཅིན་ ང་བཅས་གཉིས་ལས་གཅིག་གསད་ད་ཏེ་ཟེར་སླབ་ད་ ཏེ་ཡ་ ཁྱེད་གཉིས་ལས་ག་འདི་གསད་ནི་ཏེ་ སླབ་ཟེརཝ་ད་ ང་བཅས་གཉིས་ ཁྱོད་ར་བལྟ་སྦེ་ ག་བཟུམ་གསད་རུང་གསད་ ཁྱད་མེད་ གསད་ཟེར་ ཏེ་གཅིག་སྦོམ་ཡོད་དེ་བསད་སྦེ་ ཏེ་པགས་ཀོ་བཤུབས་ཏེ་ འ་ནཱི་ནང་ན་ ཁོ་འཛུལ་ཟེར་ དོམ་གྱིས་སླབ་སྟེ་ དེ་ལས་ཁོ་ནང་ན་འཛུལ་ཏེ་ ཡ་ལྟ་མ་ཨོམ་བྱིན་པར་འཐོན་འོང་སྨེ་ ཨོམ་བྱིན་པར་འོངམ་ད་ ཤིང་འབྲས་ཚུ་འབག་འཐོན་འོང་སྨེ་ཟེར།
  • ཀུན་བཟང་རྡོ་རྗེ་ Kezang Dorji
    འབག་འོངམ་ད་ལུ་ ཕྲང་ཕྲང་ང་ ཤིང་འབྲས་ལུ་མེན་པར་ ཨོམ་ལྟ་སྟེ་འགྱོ་འོང་ ཁྱོད་ཡང་ཨོམ་ལྟ་སྟེ་འོང་སྦེ་ ཨོམ་བཞོ་སྨེ་ཟེར་ དེ་ལས་ཨའི་གིས་ཤིང་འབྲས་ཚུ་འབག་འོང་སྟེ་ཁ་ལས་སྐྱུགས་བྱིན་འོང་སྨེ་ དེ་སྦེ་བྱིནམ་ད་ལུ་ ང་གིས་ཕྲངམ་ཕྲང་སར་འ་ནཱི་ཤིང་འབྲས་གུ་མཆོངས་རྫུ་བཏབ་གེ་སྨེ་ ཁྱོད་ཡང་ཤིང་འབྲས་གུ་མཆོང་སྨ་རེད་ དེ་ལས་དོམ་གྱིས་ ཁོང་གཉིས་བསྟུན་གྲོས་འབད་དེ་ དོམ་གྱིས་སྟོན་བྱིན་ཏེ།
  • ཀུན་བཟང་རྡོ་རྗེ་ Kezang Dorji
    དེ་ལས་ཨའི་འདི་གིས་ དེ་སྦེ་འབག་འོངམ་ད་ལུ་ ཨ་ནཱི་སྦེ་ ཁོ་གིས་ག་ཅི་འབདཝ་ཅིག་ ཆ་རོགས་ཀྱིས་ག་ཅི་འབདཝ་ཅིག་ དེ་སྦེ་འབད་དེ་ ཨོམ་བཞོ་སྟེ་ པ་ལང་ནང་འདེགས་ སྦ་ནང་འདེགས་ཏེ་ དེ་ལས་ཨའི་གིས་ སྐྱུགས་ཏེ་མཆོངས་འགྱོཝ་ད་ སོ་སོ་ཆ་རོགས་ཀྱིས་ཤིང་འབྲས་ལུ་མཆོངམ་ད་ ཁོ་གིས་ཡང་ཤིང་འབྲས་ལུ་མཆོངས་ཏེ་ དེ་ལས་ཨའི་འདི་ ལོག་སྟེ་ནགས་ཚལ་ནང་ཤིང་འབྲས་འཚོལ་བར་ ནགས་ཚལ་ནང་སོང་།
  • ཀུན་བཟང་རྡོ་རྗེ་ Kezang Dorji
    ནགས་ཚལ་ནང་སོང་སྟེ་ དེ་བཟུམ་འབདཝ་ད་ལུ་ ཁྱོད་མགྱོགས་པར་སོང་ ལྟ་མ་ ཨའི་ལོགཔ་ད་ཟ་འོང་ཟེར་སླབ་སྦེ་ ཏེ་འ་ནཱི་པགས་ཀོ་འདི་ག་ཅི་འབད་ནི་ ང་འ་ནཱི་པགས་ཀོ་འདི་བཀོ་ག་ ག་ཅི་འབད་ནི་ཟེརཝ་ད་ དོམ་ཆུང་ཀུ་གིས་ མ་དགོ་པའི་དུས་ཅིག་ གཅིག་ཡང་མེད། །འདི་ཡང་དགོ་པའི་དུས་ཅིག་ཤར། །ཟེར་ དུས་ནམ་ཅིག་དགོཔ་འོང་ འ་ནཱི་པགས་ཀོ་ ཁྱོད་འབག་སོང་ཟེར་ བཏང་སྟེ་ དོམ་ཕྱུག་ཀུ་གིས་དེ་སྦེ་སླབ་སྟེ།
  • ཀུན་བཟང་རྡོ་རྗེ་ Kezang Dorji
    དེ་ལས་ དོམ་གྱི་ཨོམ་འབག་སྟེ་ ཕར་ཁྱིམ་ནང་འབག་སྦེ་ ཨའི་ལུ་དབུརཝ་བཅུགཔ་ད་ལུ་ དེ་ལས་ཨའི་འདི་ འ་ནཱི་ཧེང་སྐལ་ མེན་པའི་ལཱ་ངན་པ་འབདཝ་ལས་བརྟེན་ཏེ་ ཨའི་འདི་ཧེང་སྐལ་ན་སྟེ་ དོམ་གྱི་ཨོམ་དབུར་བཏངམ་ད་ སྦོ་སྟེ་གཟུགས་ག་ར་སྦོ་སྟེ་ དེ་སྦེ་འབད་དེ་ བླ་་་་ ང་འདི་ དོ་རུང་བུ་འདི་ཤ་བདའ་བར་འགྱོཝ་ད་ལུ་ འ་ནཱི་ཨའི་གིས་ སེམས་ཅན་སྦོམ་འབད་སར་སོང་སླབ་སྟེ།
  • ཀུན་བཟང་རྡོ་རྗེ་ Kezang Dorji
    ང་འདི་ དེ་སྦེ་དབུར་ཡི་ས་ ཧེང་སྐད་སྦོ་སྟེ་ དེ་སྦེ་དཀའཝ་སྤྱད་དེ་ན་ཡི་ཟེར་ དེ་སྦེ་སླབ་ད་ ཡ་ཁྱོད་དབུར་ནི་དེ་མེན་ དབུར་ཡི་ དབུར་ནི་ཟེར་བཞག་དགོ་ གཟུགས་འཁྱུ་ཞིནམ་ལས་ དབུར་ནི་ཟེར་བཞག་སྟེ་ དབུར་ནི་དེ་མེན་ཁྱོད་ཟེར་ ཁྱོད་ཀྱི་བུ་སྲིན་པོ་ངོ་མ་ཨིན་ཟེར་སླབ་ཅི་མེན་ན་ ཨིན་མས་གོ་ཤིག་ སྲིན་པོ་ཟེར་སླབ་སྟེ་ འ་ནཱི་ཨའི་འདི་ དེ་སྦེ་སླབ་སྟེ་ དེ་ལས་ཁྱོད་ ཁྱོད་ཀྱི་བུ་འདི་ དོ་རུང་བརྟག་དཔྱད་འབད་ནི་གི་དོན་ལས་ ཕར་སྟག་ཡོད་སར་བཏང་བལྟ་ཤིག་ཟེར།
  • ཀུན་བཟང་རྡོ་རྗེ་ Kezang Dorji
    ཏེ་སྟག་གིས་ཡང་མ་ཟ་བ་ཅིན་ ཁྱོད་ཀྱི་བུ་སྲིན་པོ་ཨིན་ཟེར་སླབ་སྟེ་ དེ་ལས་ཨའི་འདི་གིས་ ཕར་མོ་བཏབ་མི་འབད་སར་སོང་སྟེ་ དེ་སྦེ་སླབ་ཟེར་ མོ་བཏབ་མི་འབད་སར་སོང་སྟེ་ དེ་སྦེ་སླབ་སྟེ་ མོ་བཏབ་སར་སོང་སླབ་སྦེ་ དོ་རུང་ཨའི་ན་སྟེ་ ཁྱོད་ཀྱིས་ མོ་ཡང་ལེགས་ཤོམ་སྦེ་མ་བལྟཝ་འདྲས་ ལོག་སོང་སྟེ་ མོ་ལེགས་ཤོམ་སྦེ་བལྟ་ཤིག་ཟེར་སླབ་སྟེ་ དེ་ལས་དོ་རུང་ མོ་བཏབ་སར་འགྱོ་རྫུ་བཏབ་སྟེ།
  • ཀུན་བཟང་རྡོ་རྗེ་ Kezang Dorji
    དེ་ལས་ མོ་བཏབ་མི་གིས་ ཡ་་་་ ཁྱོད་ཀྱི་ཨའི་འདི་ དྲག་ནི་གི་དོན་ལས་ གཞན་འདི་ཐབས་དང་གནས་སྐབས་ག་ཅི་ཡང་མིན་འདུག་ དོམ་གྱི་ཨོམ་འདི་འབག་བྱིན་ནུག་ད་ སྟག་གི་ཨོམ་ཅིག་བཞོ་འབག་འོང་སྦེ་དབུར་བྱིན་པ་ཅིན་ འདི་གིས་དྲག་ནི་བཟུམ་འདུག་ ཁྱོད་ཀྱི་ཨའི་དྲག་འོང་ཟེར་ ཏེ་མོ་བཏབ་མི་གིས་དེ་སྦེ་སླབ་སྟེ་ ཁོ་འདི་ ཏེ་སྟག་གི་ཨོམ་བཞོ་འབག་འོང་ནི་ཟེར་སོང་སྟེ་ དོ་རུང་ར་ ནགས་ཚལ་སྦོམ་ནང་ན་ལྷོདཔ་ད་ དེ་ཡང་ སྦ་ཕུད་རྡོག་གཅིག་རྐྱངམ་ཅིག་འབད་མི་འཕྱད་ཅི་ཟེར་ཨིན་མས།
  • ཀུན་བཟང་རྡོ་རྗེ་ Kezang Dorji
    འ་ནཱི་འཕྱད་དེ་ འ་ནཱི་སྦ་འདི་ ཁ་ཡར་ལྟ་ཐེངས་ཕོག་གཅིག་གུ་བཏོག་ ཁ་མར་ལྟ་ཡང་ཐེངས་ཕོག་གཅིག་གུ་བཏོག་འབག་སྦེ་ ཡར་སྤང་ཐང་སྦོམ་ནང་ན་ལྷོདཔ་ད་ སྟག་ཕྱུག་ཀུ་གཉིས་གནམ་མེད་ས་མེད་འཐབ་སྟེ་ རྩེདམོ་རྩེ་སྡོད་སར་འཕྱད་དེ་ དེ་སྦེ་རྩེདམོ་རྩེ་སར་ ཡ་ འ་ནཱི་སྟག་ཕྱུག་ཀུ་གཉིས་ཀྱིས་ ཁོ་མཐོངམ་ད་ ཡ་ དབའེ་ ཁྱོད་ག་ཏེ་འགྱོཝ་སྨོ་ ངེའི་ཨའི་གིས་ ད་ལྟོ་རང་ཟ་འོང་ཁྱོད་ ཁྱོད་ལོག་སོང་ཟེརཝ་ད་ ང་ཁྱོད་ཀྱི་ཨའི་གི ཨོམ་བཞོ་འབག་འོང་པ་ཅིན་ ངེའི་ འ་ནཱ་ཨའི་དྲག་འོང་ཟེར་སླབ་སྟེ་ཡོད་ཟེར།
  • ཀུན་བཟང་རྡོ་རྗེ་ Kezang Dorji
    སླབ་སྟེ་ ཁོ་གིས་ སྟག་གི་ཕྱུག་ཀུ་གིས་ ཡ་ དེ་སྦེ་ཨིན་པ་ཅིན་ ང་བཅས་གཉིས་ལས་གཅིག་གསད་ཟེར་སླབ་སྟེ་ དེ་ཡང་ཁྱོད་གཉིས་ལས་ག་འདི་གསད་ནི་ཟེར་སླབ་ད་ ཁྱོད་རང་བལྟ་སྟེ་གསད་ཟེར་སླབ་སྟེ་ དེ་ལས་བསད་སྦེ་ཁོ་ ཏེ་པགས་ཀོ་བཤུབ་སྟེ་ འ་ནཱི་ཅོག་འཐདཔ་སྦེ་ དོམ་ཕྱུག་ཀུ་བཟུམ་སྦེ་ར་ པགས་ཀོ་བཤུབ་སྦེ་འཛུལ་ཏེ་ ཡ་ ལྟ་མ་ཨའི་གིས་ལྷོད་འོང་ ཤ་འབག་སྦེ་ལྷོད་འོང་ ཤ་འབག་སྟེ་ལྷོདཔ་ད་ ཤ་ལུ་མེན་པར་ ང་གིས་ཕྲངམ་ཕྲང་སར་ཨོམ་གུ་མཆོང་འོང་ཟེར།
  • ཀུན་བཟང་རྡོ་རྗེ་ Kezang Dorji
    ཁྱོད་ཨོམ་ལུ་ཤོག་ ཁྱོད་ཨོམ་བཞོ་སྨེ་ ཨོམ་འཐུང་རྫུ་བཏབ་སྟེ་ ཨོམ་བཞོ་སྨེ་ཟེར་སླབ་སྟེ་ དེ་ལས་ལྟ་མ་ཨའི་གིས་རུ་ཏོ་ གུརཔ་གུརཔ་ དཀྲུམས་བྱིན་འོང་ དཀྲུམས་བྱིན་ཏེ་ དེ་སྦེ་དཀྲུམས་ཚརཝ་ད་ ཨའི་གིས་མཆོང་འགྱོ་འོང་སྨེ་ མཆོང་འགྱོཝ་ད་ལུ་ ང་ཕྲངམ་ཕྲང་སར་ཤ་ལུ་མཆོང་རྫུ་བཏབ་གེ་ ཁྱོད་ཡང་ཤ་གུ་མཆོངས་ཏེ་ ཤ་ཟ་རྫུ་བཏབ་སྨེ་ཟེར་སླབ་སྟེ་ དེ་ལས་དེ་སྦེ་ ཁོང་ཨའི་ ཨོམ་འབག་སྟེ་ལྷོད་དོ་ཡོདཔ་མས་ ཤ་འབག་སྟེ་ ཕར་ལས་ཚུར་ལྷོདཔ་ད་ ཁོ་གིས་ཕྲངམ་ཕྲང་སར་ཨོམ་གུ་མཆོངས་མཆོངསམ་མས།
  • ཀུན་བཟང་རྡོ་རྗེ་ Kezang Dorji
    དེ་སྦེ་ ཨོམ་ལུ་མཆོངམ་ད་ལུ་ ཏེ་ཨོམ་འཐུང་རྫུ་བཏབ་སྟེ་ ཁོ་གི་པ་ལང་ནང་འདེགས་སྦེ་ ཏེ་ཧ་ལམ་ཅིག་ལས་ ཨའི་རུ་ཏོ་དཀྲུམས་ཚར་སྦེ་ མཆོངས་འགྱོ་དོ་ཡོདཔ་མས་ ཨའི་མཆོངས་འགྱོཝ་ད་ལུ་ ཕྲངམ་ཕྲང་སར་ཤ་ལུ་མཆོངས་ཏེ་ འ་ནཱི་ཨའི་ཕར་སོང་སྟེ་ ཧ་ལམ་ རྡོས་སྒོར་གྱི་དཔག་ཚད་འཚམས་ཅིག་སོ་སྟེ་ལོག་སྟེ་ རྒྱབ་ལོག་སྟེ་བལྟ་སྦེ་ ངར་སྐད་རྐྱབ་སྟེ་ར་འགྱོ་དོ་ཡོདཔ་མས་ཨའི། སོང་སྟེ་ དེ་ལསན་ཏེ་ ཁྱོད་མགྱོགས་པར་མགྱོགས་པར་སོང་ ལྟ་མ་ཨའི་ལོགཔ་ད་ཟ་འོང་ཟེར།
  • ཀུན་བཟང་རྡོ་རྗེ་ Kezang Dorji
    ཏེ་འ་ནཱི་པགས་ཀོ་འདི་ག་ཅི་འབད་ནི་ཟེར་སླབ་ད་ སྟག་ཕྱུག་ཀུ་གིས་ཡང་དེ་སྦེ་སླབ་སླབ་མས་ལགས། མ་དགོ་པའི་དུས་ཅིག་གཅིག་ཡང་མེད། །འདི་ཡང་དགོ་པའི་དུས་གཅིག་ཤར། །ཟེར་ སྟག་གིས་ཡང་ཤེས་ཤེསཔ་མས་བ་ལགས། དེ་སྦེ་འགྱོ་སྦེ་ ཏེ་ཁོ་ པགས་ཀོ་འདི་འབག་འོང་སྟེ་ ཨའི་ལུ་ཨོམ་བྱིན་ཏེ་ པགས་ཀོ་ག་ར་སྒྲོམ་ནང་བཙུགས་ཏེ་ འ་ནཱི་ ཨའི་ལུ་འ་ནཱི་པགས་ཀོ་འདི་ ཨའི་འ་ནཱི་སྒྲོམ་ནང་བཙུགས་སྨེ་ཟེར་ ཨའི་ལག་པར་བྱིན་བྱིནམ་མས། སྟག་གི་པགས་ཀོ་དང་དོམ་གྱི་པགས་ཀོ་བཙུགས་བཅུག་སྦེ།
  • ཀུན་བཟང་རྡོ་རྗེ་ Kezang Dorji
    དེ་ལས་ཁོ་སོང་སྡོདཔ་ད་ ཤ་བདའ་བར་སོངམ་ད་ ངེའི་བུ་འདི་ ཐད་རི་བ་རི་ སྲིན་པོ་ཨིན་མས་ཟེར་ སྟག་གི་ཨོམ་ཡང་བཞོ་འབག་སྟེ་ལྷོད་ཅི་ ཐད་རི་བ་རི་སྲིན་པོ་ཨིན་མས་ ངའི་བུ་ཟེར་སླབ་ད་ ཁྱོད་ཀྱི་བུ་འདི་ ཐད་རི་བ་རི་སྲིན་པོ་ཨིན་ཟེར་སླབ་ཅི་མེན་ན་ཟེར་ ཏེ་ཁྱོད་ཀྱི་འ་ནཱི་བུ་འདི་ ད་འབདན་ དོ་རུང་ར་ན་རྫུ་བཏབ་སྟེ་ དྲག་མ་བཏུབ་བཟོ་སྟེ་ ཁྱོད་མར་ སྲིན་ཡུལ་ལུ་འགྱོ་ཤིག་ཟེར།
  • ཀུན་བཟང་རྡོ་རྗེ་ Kezang Dorji
    སྲིན་ཡུལ་ལུ་བཏང་སྨེ་ ཁྱོད་ཀྱི་འ་ནཱི་བུ་སྲིན་པོའི་གཡུས་ཁར་བཏང་ད་ཟེར་ སྲིན་པོའི་བུམོ་གཅིག་གཉེན་འབག་འོང་པ་ཅིན་རྐྱངམ་ཅིག་དྲག་ནི་མས་ཟེར་སླབ་ཟེར་ དེ་ལས་མོ་གིས་ ཨའི་དེ་གིས་ན་རྫུ་བཏབ་སྟེ་ ཡར་མོ་བཏབ་སར་ཡང་དེ་སྦེ་སླབ་བཅུག་སྟེ་ ངེའི་བུ་འདི་ སྲིན་པོ་ངོ་མ་ཨིན་མས་ སྟག་གིས་ཡང་མ་ཟ་ དོམ་གྱིས་ཡང་མ་ཟ་ ད་འབདན་ཚར་གཅིག་སྲིན་པོའི་གཡུས་ཁར་བཏང་དགོ་པས་ ཁྱོད་ཀྱིས་ཡང་ སྲིན་པོའི་བུམོ་གཅིག་གཉེན་རྐྱབ་འོང་པ་ཅིན་ དྲག་ནི་མས་ཟེར་སླབ་སྨེ་ཟེར་སླབ་སྟེ།
  • ཀུན་བཟང་རྡོ་རྗེ་ Kezang Dorji
    ཡ་ དེ་བཟུམ་སྦེ་ མོ་བཏབ་མི་གིས་ཡང་ ད་རུང་ར་ཁོ་ ཤ་བདའ་སྟེ་ལོག་ལྷོདཔ་ད་ གནམ་མེད་ས་མེད་ ཨའི་གི་དཔྱལཝ་ག་ར་ཨོ་ཀྲོ་བཙུམ་སྟེ་ སྡོད་རྫུ་བཏབ་སྟོ་ཡོདཔ་མས། ཨའི་གིས་ ཡ་ ང་ ཁྱོད་ཀྱིས་ མོ་ལེགས་ཤོམ་སྦེ་བལྟ་མི་འོང་དོ་ཡོདཔ་མས། ད་ལྟོ་ཚར་གཅིག་ལོག་སོང་སྟེ་ མོ་བཏབ་མི་འབད་སར་སོང་སྟེ་ ལོག་བལྟ་བཅུག་ཤིག་ཟེར་ ང་ཤི་ནི་མས་ས་ཟེར་སླབ་སྦེ་ ཏེ་མོ་བཏབ་མི་འབད་སར་ མོ་བཏབ་པར་སོངམ་ད་ ཡར་མོ་བཏབ་མི་གིས་ ཁྱོད་ཀྱི་ཨའི་འདི།
  • ཀུན་བཟང་རྡོ་རྗེ་ Kezang Dorji
    དྲག་ནི་གི་དོན་ལས་ གཞན་ག་ཅི་ཡང་འབད་ཚར་ཡི་ ད་ཁྱོད་ སྲིན་པོའི་གཡུས་ཁར་སོང་སྟེ་ སྲིན་པོའི་བུམོ་ཅིག་དང་གཅིག་ཁར་ གཉེན་འགྲོགས་བསྡོམས་ཏེ་ གཉེན་རྐྱབ་སྟེ་བུམོ་གཅིག་འབག་འོང་པ་ཅིན་ མནའམ་སྦེ་འབག་འོང་པ་ཅིན་ ཁྱོད་ཀྱི་ཨའི་དྲག་ནི་ ཐད་རི་བ་རི་ཨིན་ཟེར་ ཐད་རི་བ་རི་དྲག་འོང་ག་ཟེརཝ་ད་ དྲག་འོང་ཟེར་སླབ་སྟེ་ ཁོ་གིས་ཁྱིམ་ནང་འོང་སྦེ་ གཞུ་འདི་ ཡར་ [གེརམ་?]གྱི་འོག་ལུ་བཙུགས་བཞག་སྦེ།
  • ཀུན་བཟང་རྡོ་རྗེ་ Kezang Dorji
    དེ་ལས་ཁོ་འགྱོ་འགྱོཝ་ཨིན་མས། འགྱོ་སྟེ་ ཕར་རྒྱ་མཚོ་ཆེན་མོའི་མཐའ་མར་ལྷོདཔ་ད་ ག་ཏེ་ཡང་འགྱོ་སར་མེད་པར་ རྒྱ་མཚོ་སྦོམ་དེ་ནང་སོང་སྟེ་ ཕར་སྡོད་པའི་བར་ན་ ཁོ་གི་ཨའི་སྨོན་ལམ་བཏབ་སྡོད་སྡོདཔ་མས། ཡ་ང་ སྲིན་པོའི་གཡུས་ཁར་འགྱོཝ་ཨིན་ ང་ལས་དགཔ་ མ་དགཔ་ཡོད་པ་ཅིན་ ང་འ་ནཱ་ རྒྱ་མཚོ་ནང་ན་ཐིམ་སྟེ་ཤི་བཅུག་ཟེར་ ང་ལས་དག་པ་ཡོད་པ་ཅིན་ ང་འ་ནཱ་ལས་ཕར་འགྱོ་བཅུག་ཟེར་ སྨོན་ལམ་བཏབ་སྟེ་ རྒྱ་མཚོ་གི་ནང་ན་རྐངམ་བཙུགས་སྦེ་ སྨོན་ལམ་བཏབ་སྦེ་སྡོདཔ་ད་ལུ་ཁོ།
  • ཀུན་བཟང་རྡོ་རྗེ་ Kezang Dorji
    གཉིད་ཚར་གཅིག་ལོགཔ་ད་ ཏེ་གཉིད་ལོགཔ་ད་ལུ་ ཁོ་གི་ འ་ནཱི་རླུང་མ་སི་རི་རི་བཏང་འབད་དོ་བཟུམ་ཅིག་ཁར་ ཏེ་ཁོ་ཕར་རྒྱ་མཚོའི་མཐའ་མར་འབག་སྐྱེལ་བཞག་ནུག་ཟེར་ཨིན་མས། ཏེ་སྐྱེལ་བཞག་སྦེ་ ཏེ་དེ་ལས་ཁོ་ཚུར་གཡུས་ཀྱི་ལོགས་ལུ་གདོང་བསྒྱིར་ཏེ་ ཡ་ ང་ལྷོད་ནི་དེ་ནཱ་རྒྱ་མཚོའི་མཐའ་མར་ལྷོད་ཅི། ཡ་ ང་ག་ཏེ་ལས་འགྱོ་ནི་སྨོ་ ད་འ་ནེམ་ཅིག་འདུག་ཟེར་ ག་ར་རི་གིས་བསྐོར་ཚར་ཚར་ཚལརཝ་ཅིག་འདུག་ ག་དེ་སྦེ་འགྱོ་ནི་ད་ ཟེར་མནོ་སྡོདཔ་ད་ལུ།
  • ཀུན་བཟང་རྡོ་རྗེ་ Kezang Dorji
    ལོག་སྟེ་རྒྱབ་བསྒྱིར་བལྟཝ་ད་ལུ་ ཏེ་སྒོ་འདི་ ཕར་ལྡེ་མིག་རྐྱབ་སའི་སྒོ་མཐོང་ གསེར་གྱི་ལྡེ་མིག་བུ་ཡང་ ལྡེ་མིག་ཆག་པ་ཅིག་མཐོང་སྟེ་ འ་ནཱི་ལྡེ་མིག་དེ་གིས་ ཕྱེས་ཡི་ཕྱེས་ཡི་ཕྱེ་ཡིས་ འ་ནཱི་གཏེར་སྒོ་ཟེར་ ཁོ་འ་ནཱི་སྒོ་ ཏེ་སྒོ་ཡང་ ཁལ་གཅིག་དང་དགུ་འདུག་ཟེར་ཨིན་མས། སྒོ་ཕྱེས་འགྱོ་ ཕར་ལྷོདཔ་ད་ སྲིན་པོའི་རྒྱལ་པོ་གི་ མར་དོ་ཀ་རེ་ཟེར་ འ་ནཱི་ ཨེ་ཁུ་གི་སྦོ་ལོགས་ཁ་ལས་ཡར་ཐོན་ཏེ་ཁོ།
  • ཀུན་བཟང་རྡོ་རྗེ་ Kezang Dorji
    ཡར་སྲིན་པོ་གི་ རྒྱལ་པོའི་དོ་ཀ་རེ་(ཨེ་ཁུག་)ལས་ཡར་འཐོན་འོངམ་ད་ སྲིན་པོའི་རྒྱལ་པོ་གིས་ དབའེ་ ཁྱེད་ཚུ་ རྟ་ཤ་མི་ཤའི་དྲིམ་ཅིག་མནམ་མས་སྨེ་ ཁྱེད་ཐབ་ཚང་པ་ཚུ་ཟེར་ རྒྱལ་པོ་གིས་སླབ་སྟེ་འགྱོ་བལྟཝ་ད་ལུ་ ཀྲིག་ཀྲི་ཕར་ལྷོད་དེ་ ག་ར་གིས་ར་ ང་བཅས་ཀྱི་ནཱ་ དབའེ་མི་ལུས་རིན་པོ་ཆེ་ ཁྱོད་ཀྲིག་ཀྲི་ནཱ་ལྷོད་དེ་ཟེར་ ཁོང་ཚུ་གིས་གསད་ནི་ཟེར་ གནམ་མེད་ས་མེད་ལྷོད་དེ་ འོངམ་ད་ལུ་ ཏེ་སྲིན་པོ་ཚུ་གིས་ཟ་ནི་ཟེར་ གནམ་མེད་ས་མེད་འོངམ་ད་ ཏེ་རྒྱལ་པོ་གིས།
  • ཀུན་བཟང་རྡོ་རྗེ་ Kezang Dorji
    དེ་ལས་ཨ་ནཱི་མི་ལུས་རིན་ཆེན་འདི་གིས་ ཁྱེད་ཀྱི་རྒྱལ་པོ་ཡོད་ས་རང་འགྱོ་ནི་ཨིན་ང་ཟེར་ ཨ་ནཱི་རྒྱལ་པོའི་ཕྱག་དབང་བཅར་ནི་ཨིན་ཟེར་ ཁོ་འགྱོ་སྟེ་ ཡར་རྒྱལ་པོའི་ཕྱག་དབང་བཅར་ནི་ཟེར་ ཡར་ལྷོདཔ་ད་ལུ་ ཏེ་རྒྱལ་པོ་གིས་ ཁྱོད་ ག་ཏེ་འགྱོཝ་སྨོ་ ཁྱོད་མི་ལུས་རིན་པོ་ཆེ་ ཁྱོད་ག་ཏེ་འགྱོཝ་སྨོ་ཟེར་ ད་རེས་ཁྱོད་ཟ་ནི་ཨིན་ཟེར་སླབ་སྟེ་ ང་འདི་ ངེའི་ཕར་ ཁྱིམ་ནང་ ཨའི་ན་སྟེ་ དེ་སྦེ་ གནམ་མེད་ས་མེད་ཤི་ནི་གུ་ཐུག་སྟེ་ཡོད་ཟེར།
  • ཀུན་བཟང་རྡོ་རྗེ་ Kezang Dorji
    རྒྱལ་པོའི་སྲསམོ་གཅིག་ ཏེ་གཉེན་རྐྱབ་སྦེ་སོང་པ་ཅིན་ ཏེ་ངེའི་ཨའི་དྲག་ནི་མས་ཟེར་འོང་འོངམ་ཨིན་ཟེར་སླབ་ད་ ཏེ་མར་ཐབ་ཚང་ནང་ ངེའི་བུམོ་གཉིས་ཡོད་ བུམོ་གསུམ་ཡོད་ཟེར་ འ་ནཱི་བུམོ་འབད་སར་འགྱོ་བལྟ་སྨེ་ཟེར་སླབ་སླབ་ཨིན་པས། དེ་ལས་བུམོ་གསུམ་འབད་སར་ ཁོ་འགྱོ་བལྟ་ཟེར་ ཕར་སོང་སྟེ་ བུམོ་སྦོམ་ཤོས་དེ་ལུ་སླབ་བལྟ་བལྟཝ་མས། ང་ཁྱེད་ཀྱི་ཨ་པ་གིས་ ཁྱེད་བུམོ་སྤུན་གསུམ་གྱི་ནང་ལས་གཅིག་ག་འབད་རུང་ གཉེན་རྐྱབ་སྟེ་འབག་ནི་འབད་ དེ་སྦེ་སླབ་སྟེ་ཡོད་ཟེར།
  • ཀུན་བཟང་རྡོ་རྗེ་ Kezang Dorji
    སླབ་བལྟ་ཟེར་ཨ་པ་གིས་ཨ་པ་གིས་བཏང་དེས་ཟེརཝ་ད་ ཏེ་ཨ་ཞིམ་དེ་གིས་ ཁྱོད་དང་གཅིག་ཁར་གཉེན་རྐྱབ་འགྱོཝ་ལས་འདི་ ང་གཞན་ཅིག་དང་གཅིག་ཁར་གཉེན་རྐྱབ་འགྱོཝ་དྲག་འོང་ཟེར་ ཏེ་ཨ་ཞིམ་དེ་སགི་ཡར་སོང་ནུག་ དེ་ལས་བུམོ་བར་ན་སྐོརམ་ལུ་སླབ་བལྟཝ་ད་ བར་ན་སྐོརམ་གིས་ཡང་ ང་ཁྱོད་དང་གཅིག་ཁར་གཉེན་རྐྱབ་འགྱོཝ་ལས་འདི་ ང་གཞན་དང་གཅིག་ཁར་གཉེན་རྐྱབ་འགྱོཝ་དྲག་འོང་ཟེར་ ཏེ་བུམོ་ཆུང་ཤོས་འབད་སར་ལྷོདཔ་ད་ལུ་ ཡ་ ང་ ཨ་པ་གིས་ ང་བཅས་སྤུན་ཆ་ཚུ་ལས་གཅིག་གིས་མ་ཉན་རུང་གཅིག་ཉོན་ཟེར་ ཚོར་བརྡ་བཏངམ་ཨིན་ཟེར་ ཏེ་ནུམོ་ཆུང་ཤོས་ཀྱིས་ཉན་བཏུབ་སྦེ།
  • ཀུན་བཟང་རྡོ་རྗེ་ Kezang Dorji
    དེ་ལས་ ཡ་འགྱོ་ཤིག་ད་ ང་བཅས་གཉིས་འགྱོ་གེ་སྨེ་ཟེར་ ཡར་ཨ་པ་འབད་སར་འགྱོ་གེ་སྨེ་ཟེར་འགྱོ་སྟེ་ ཏེ་ཕར་ལྷོདཔ་ད་ལུ་ ཕར་ བུམོ་འདི་གིས་ གཡོན་བསྐོར་སྦེ་འཁྱིད་ནི་གི་ ཁོང་ཡར་གྱི་ཁྱིམ་ཡང་ཐོག་གསུམ་ཡོདཔ་ཨིན་མས། ཏེ་ཡར་བསྐོརཝ་ད་ལུ་ ཕར་གཡས་བསྐོར་སྦེ་མེན་པར། གཡོན་བསྐོར་སྦེ་འཁྱིད་ནི་འབདཝ་ད་ ད་ མེན་པར་ ཁོ་གིས་ཆོས་བསྐོར་སྦེ་ ཚུར་ལས་བསྐོར་ཏེ་འཁྱིད་འབག་སྟེ་ འ་ནཱི་བུ་འདི་གིས་ འགྱོ་ཤིག་ཟེར་སོང་སྟེ།
  • ཀུན་བཟང་རྡོ་རྗེ་ Kezang Dorji
    ཡར་སྒོ་ཁར་ལྷོདཔ་ད་ལུ་འདི་ ཁྱོད་ཧེ་མ་འགྱོ་ཟེརཝ་ད་ བུམོ་དེ་གིས་ ཁྱོད་ཧེ་མ་འགྱོ་ཟེར་ ཏེ་ཁྱོད་ཧེ་མ་འགྱོ་ཟེརཝ་ད་ ཁྱོད་ཧེ་མ་འགྱོ་ཟེར་ དེ་སྦེ་ ནཱ་གི་མི་ལུས་རིན་ཆེན་འདི་ཧེ་མ་སོང་སྟེ་ དྭཝ་བུཚ་འདི་ ཁོ་ཧེ་མ་ནང་ན་འཛུལ་ཏེ་ ཕར་ཨ་པ་འདི་ ཁོའི་བུམོ་མ་མཐོང་ཞིནམ་ལས་ མཆེཝ་གནམ་མེད་ས་མེད་ ཡར་གྱི་མཆེཝ་གིས་མར་བཙུགས་ཏེ་ མར་གྱི་ཆེཝ་གིས་ཡར་ གནམ་མེད་ས་མེད་ བཙུགས་ཏེ་འདུག་ཟེར་ཨིན་མས་ལགས།
  • ཀུན་བཟང་རྡོ་རྗེ་ Kezang Dorji
    དེ་ལསན་ཏེ་ ཁྱོད་ཕར་ ཁྱོད་ག་ཏེ་སྨོ་བུམོ་ཟེར་ ཟ་ནི་ཟེར་སླབ་སྟེ་འབདཝ་ད་ དེ་ལས་བུམོ་འདི་གིས་ཀྲིག་ཀྲི་འཐོན་འོང་སྟེ་ ཕར་ལྷོད་པ་ད་ ཡ་ད་འབདན་ ངེའི་བུམོ་འདི་ མི་ལུས་རིན་ཆེན་འདི་ ངེའི་རྨགཔ་ལུ་གྱུར་འགྱུརཝ་ཨིན་ཟེར་སླབ་སྟེ་ དེ་ལས་བུམོ་འདི་ལུ་ མར་བསྐོར་བཤལ་འཁྱིད་འབག་ཁོ་ཟེར་ དེ་ལས་ མཆེཝ་འདི་མར་འཛུལ་ཏེ་ ལོག་འཛུལ་ཞིནམ་ལས་ བཤལ་བར་འཁྱིད་འབག་སྨེ་མར་ཟེར།
  • ཀུན་བཟང་རྡོ་རྗེ་ Kezang Dorji
    ཏེ་བཤལ་བར་འཁྱིད་དེ་ མར་ལུ་ བུམོ་འདི་གིས་བཤལ་བར་འཁྱིད་དོ་འོདཔ་མས་མར་ལྟ་བཤལ་བར་འཁྱིདཔ་ད་ མར་མར་རྩ་བར་འོག་ལུ་སྦེ་ རྟ་ཆུང་ཀུ་ཆུང་ཀུ་འབད་མི་ གནམ་མེད་ས་མེད་འདུག་ཟེར་ཨིན་མས་ལགས། ཏེ་རྟ་ཕར་བཅད་བཅད་སྦེ་ཡོད་ དེ་ལས་ཁོ་འདི་ མར་རྩ་བར་འོག་ལུ་རང་ རྟ་ཆུང་ཀུ་ཆུང་ཀུ་འབད་མི་གནམ་མེད་ས་མེད་འདུག་ཟེར་ཨིན་མས། ཏེ་རྟ་བཅད་བཅད་ཡོདཔ་ད་ དོ་རུང་གཞན་མི་བཅད་ནང་འགྱོ་བལྟཝ་ད་ མི་ཨ་ལོ་ཆུང་ཀུ་ཆུང་ཀུ་འབད་མི་ གནམ་མེད་ས་མེད་ཡོད་དེ།
  • ཀུན་བཟང་རྡོ་རྗེ་ Kezang Dorji
    དེ་ལས་དོ་རུང་ ཡར་ཐོག་ཁར་འགྱོ་བལྟཝ་ད་ དོ་རུང་ཧ་ལམ་རེ་འགྱོ་མི་འདུག་ཟེར་ཨིན་མས། ཕར་རྟ་ཡང་ ཨ་ལོ་ཚུ་ག་ཅི་ཡང་ སེམས་ཅན་ཚུ་[བར་ལང་བར་ལང་?]འགྱོ་མི་ དེ་ལས་དོ་རུང་ཡར་ཐོག་ཁར་འགྱོ་བལྟཝ་ད་ལུ་ ཧ་ལམ་རེ་འགྱོ་མི་ རྒན་རྒས་འགྱོ་འདུག་ཟེར་ དེ་ལས་ཐོག་ཁར་ ཡར་ཐོག་ཁར་འགྱོ་བལྟཝ་ད་ ཕར་རྒྱལ་པོའི་སྦོ་ལོགས་ཁར་ལྷོདཔ་ད་ལུ་ ཏེ་བླ་་་་ ཨང་རྒས་ཨ་རྒས་འགྱོ་མི་ སྐྱ་དཀརཔོ་འགྱོ་མི་ རྟ་ག་ར་རྒསཔ་འགྱོ་མི་ འདི་བཟུམ་འགྱོ་མི་ཚུ་ ཁོ་གི་ཤ་གི་གྲངས་སུ་ དེ་སྦེ་འབག་བཞག་ནུག་ཨིན་མས།
  • ཀུན་བཟང་རྡོ་རྗེ་ Kezang Dorji
    ཏེ་མཐོང་ཡི་ག་ བལྟ་ཡི་ག་ཟེརཝ་ད་ བལྟ་ཡི་ཟེར་ ག་བཟུམ་འདུག་ཟེརཝ་ད་ འདི་བཟུམ་འདུག་ཟེར་ དེ་ལས་ཨ་ཞང་ ཁོ་གི་ཨ་ཞང་རྒྱལ་པོ་ཟེར་ ཕར་སྲིན་པོ་ལུ་ཞུ་སྟེ་ ཡ་ ང་འདི་ ང་གིས་གཅིག་ ཁྱོད་ལུ་ཞུ་བ་ཅིན་ ཏེ་འ་ནཱི་ཁྱིམ་ནང་སྡོད་མི་ག་ར་ ཚེ་ཐར་བཏང་པ་ཅིན་ བཀའ་དྲིན་ཆེ་ནི་མས་ཟེར་ དེ་སྦེ་སླབ་ད་ ཏེ་བཏུབ་ཟེར་ ཁོ་གིས་སླབ་མི་ད་རེས་ ག་ཅི་ར་ཨིན་རུང་ ཁོ་གིས་སླབ་མི་འདི་ཉན་དགོ་སྨེ་ད་རེས་ཟེར་ གཡུས་ཁའི་མི་ ཨ་ནཱི་ཁོ་གི་ཤ་ཚུ་ག་ར་ ཚེ་ཐར་བཏང་སྟེ།
  • ཀུན་བཟང་རྡོ་རྗེ་ Kezang Dorji
    བཏང་སྦེ་ དེ་ལས་ཁྱོད་ རྒྱལ་པོ་ཁོ་གི་ཨ་ཞང་འདི་གིས་ རྒྱལ་པོའི་འདི་གིས་སྲིན་པོའི་རྒྱལ་པོ་གིས་ ཁྱོད་ཕག་ཤ་འདི་ཟ་ནི་སྨོ་ ག་ཅི་གི་ཤ་ཟ་ནི་ཟེར་ རྒྱལ་པོ་གིས་དེ་སྦེ་སླབ་ད་ ཡ་ ང་ད་ ག་ཅི་གི་ཤ་ཟ་ནི་སྨོ་ མིའི་ཤ་རེ་བྱིན་ནི་འོང་ ཕག་ཤ་གནང་ཟེར་རང་སླབ་དྲག་ནི་མས་ཟེར་ ང་ཕག་ཤ་འདི་ ཟ་ནི་ཟེར་སླབ་སྟེ་ དེ་ལས་ཕར་ ཐབ་ཚངཔ་ཚུ་ལུ་ དབའེ་ཐབ་ཚང་པ་ཁྱེད་ཆ་ཁྱབ་ ཨོམ་འབག་ཤོག་ཟེར་སླབ་སྟེ་ ཨོམ་འབག་སྟེ།
  • ཀུན་བཟང་རྡོ་རྗེ་ Kezang Dorji
    དེ་ལས་ ཕར་ཧོངས་མའི་སྒོ་ཕྱེས་བལྟ་ཟེར་སླབ་སྟེ་ སྒོ་ཕྱེས་བལྟཝ་ད་ལུ་ ཛའི་སྦུལ་སྦོམ་གནམ་མེད་ས་མེད་ཡོད་སར་ ཏེ་ཨོམ་གཏོར་སྦེ་ ཏེ་ཨོམ་གཏོརཝ་ད་ལུ་ འ་ནཱི་སྦུལ་སྦོམ་ཚུ་ག་ར་ཨོམ་འཐུང་སྟེ་ ཨོམ་འཐུང་ཚར་ཞིནམ་ལས་ བག་བུག་མེད་པ་གཉིད་ལོག་དེས་ཟེརཝ་མས་ལོ། ཨ་ནཱི་གཉིད་ལོག་སྟེ་ འ་ནཱི་སྦོམ་འདི་རང་བཟུང་སྟེ་ འཐེན་འབག་སྦེ་ ཁོ་ཚུར་འཐེན་ཏེ།
  • ཀུན་བཟང་རྡོ་རྗེ་ Kezang Dorji
    དེ་ལསན་ཏེ་འ་ནཱི་འདི་བསད་སྦེ་བཏོགཔ་ད་ ཛའི་ཁྲག་ཟེརཝ་ཅིག་འཐེན་མི་ འ་ནཱི་ཁྲག་འདི་ ལགཔ་ལུ་ རྒྱལ་པོ་གིས་ལགཔ་གིས་ཨ་ནཱི་སྦེ་བསྡུཝ་ད་ལུ་ ལགཔ་གིས་བཅོམ་སྟེ་བསྡུཝ་ད་ལུ་ གསེར་[ཁག་ཏང་རེ་?]གྱུར་ཏེ་ ཡ་ འ་ནཱི་འདི་རྨགཔ་ ཡ་ཁྱོད་སྐུདཔོ་ཁྱོད་ཟ་ཟེར་ ཕར་མི་ལུས་རིན་ཆེན་ལུ་བྱིན་ཏེ་ ཡ་ང་ དོ་རུང་མ་ཟ་བ་ཅིན་ འ་ནཱི་སྲིན་པོ་གིས་ཟ་འོང་སྨོ་ཟེར་ ཁོ་མིག་ཏོ་བཙུམ་སྦེ་ རྩ་འགེངས་ཏེ་ར་ཟ་བཞག་སྟེ།
  • ཀུན་བཟང་རྡོ་རྗེ་ Kezang Dorji
    ཏེ་འ་ནཱི་འདི་ ཡ་བུམོ་ཁྱོད་ཟ་ཟེར་ ཟ་ནི་བཅུག་སྟེ་ དེ་ལས་ཟ་སྦེ་ འ་ནཱི་འདི་ ཡ་ཁྱོད་ཀྱི་གཡུས་ཁར་ཨའི་ལུ་ཁྱོསམ་འབག་ཟེར་ ཁྲག་[ཁག་ཏང་?]བསྡུཝ་ད་ གསེར་[ཁག་ཏག་?]གྱུར་ཏེ་ འ་ནཱི་འབག་སྟེ་ ཨའི་གི་ཁྱོསམ་འབག་ཟེར་ འབག་སྦེ་སོངམ་ད་ མར་ལྟོ་ཟ་སྦེ་ འ་ནཱི་སྦེ་སོང་སྟེ་ ཁོ་ཕར་ལྷོད་དེ་ དོ་རུང་ ཁྱོད་ག་ཏེ་ལས་འོང་ཡི་ག་ དེ་ལས་རང་བུམོ་འཁྱིད་དེ་སོང་ཟེར་ སོང་སྟེ་ གཏེར་སྒོ་ཚུ་དམ་ཡི་དམ་ཡི་དམ་ཡི་འབག་སྟེ་ ཕར་རྒྱ་མཚོ་ཆེན་མོ་ནང་ན་དོ་རུང་ལྷོད་དེ།
  • ཀུན་བཟང་རྡོ་རྗེ་ Kezang Dorji
    ཡ་ ང་སྲིན་པོའི་ཡུལ་ལས་འོངམ་ཨིན་སྨེ་ང་ཟེར་ ང་འདི་སྲིན་པོའི་གཡུས་ཁར་སོང་སྟེ་ ང་སྒྲིབ་ཕོག་སྟེ་ ང་ལས་ངན་པ་འབད་འབདཝ་ཡོད་པ་ཅིན་ ང་འ་ནཱི་རྒྱ་མཚོ་ནང་ན་ཐིམ་སྟེ་ཤི་བཅུག་ཟེར་ ང་ལས་ངན་པ་དང་སྒྲིབ་འདི་ ཕོག་ཕོགཔ་མེད་པ་ཅིན་ ང་རྒྱ་མཚོའི་མཐའ་མར་སྐྱེལ་བཅུག་ཤིག་ཟེར་ ཀྲིག་ཀྲི་སོང་སྟེ་ཕར་ འ་ནཱི་ཁོང་གཉིས་ སྲིན་པོའི་བུམོ་ལུ་ ཁོའི་མགུ་ཏོ་གུ་ཤིག་བལྟ་བཅུག་སྟེ་སྡོདཔ་ད་ ཁོང་གཉིས་ཆ་ར་གཉིད་ཐེངས་ཕོག་གཅིག་ལོགཔ་ད།
  • ཀུན་བཟང་རྡོ་རྗེ་ Kezang Dorji
    རླུང་མ་སི་རི་རི་བཏང་འབདཝ་ད་ ཁོང་གཉིས་ཕར་རྒྱ་མཚོ་མཐའ་མར་ལོག་སྟེ་ མི་ཡུལ་ལུ་འབག་སྟེ་སྐྱེལ་བཞག་ནུག་ ཏེ་སྐྱེལ་སྦེ་ ཏེ་ཀྲིག་ཀྲི་རྒྱ་མཚོའི་མཐའ་མར་ལྷོདཔ་ད་ལུ་ ཏེ་མེ་བཟུམ་ཅིག་ ལང་ལང་ལེང་ལེང་འབད་མི་ཅིག་ འདི་བཟུམ་ཅིག་སོང་སྟེ་ སྐད་རང་མ་འདྲཝ་ཅིག་གོ་སྟེ་ ཡ་ངའི་གཡུས་ཁར་ཡང་ སྲིན་པོ་ཅིག་ དེ་སྦེ་མེདཔ་ཨིན་ད་ ང་བཅས་ཀྱི་གཡུས་ཡང་ སྲིན་ཡུལ་བཟུམ་སྦེ་འགྱོཝ་ཨིན་མས་ཟེར་ ཐུགས་བསམ་དེ་བཟུམ་ ཁོ་དེ་བཟུམ་མནོ་བསམ་བཏང་སྡོད་པའི་སྐབས་ལུ།
  • ཀུན་བཟང་རྡོ་རྗེ་ Kezang Dorji
    ཏེ་སྲིན་པོའི་བུམོ་འདི་གིས་ཡ་ ད་འབདན་ང་ ཨ་པ་གིས་སོ་སོ་འཕྱལ་ཏེ་བདའ་བཏང་བཏངམ་ཨིན་ཟེར་ ང་ལུ་གསལ་བའི་མེ་ལོང་དཔག་ད་ཡི་སྨེ་ཨ་པ་གིས་ ད་འབདན་ང་ གཡུས་ཁར་ལོག་འགྱོ་བ་ཅིན་ ཨ་པ་གིས་ང་ཟ་འོང་ཟེར་ ང་མི་ལུས་རིན་ཆེན་འགྱོ་ཚར་ཚརཝ་ཨིན་ ཨ་པ་གིས་ཟ་འོང་སྨེ་ ང་ཕར་གཡུས་ཁར་ལོག་འགྱོ་བ་ཅིན་ཟེར་ ཁོང་གཉིས་སོང་སྟེ་ ཡར་ཁྱིམ་ནང་ལྷོད་དེ་ སྡོད་དེ་ འ་ནཱི་ཨའི་འདི་ དེ་སྦེ་སྡོད་སྡོདཔ་གི་ཏེ་ ཨའི་དྲག་ནུག་ཟེར་ཨིན་མས་ ཕར་ཁྱིམ་ནང་ལྷོད་སྦེ་སྡོད་དེ།
  • ཀུན་བཟང་རྡོ་རྗེ་ Kezang Dorji
    དེ་ལས་ ཨའི་གིས་ དོ་རུང་འ་ནཱི་སེམས་ཅན་ སྦོམ་འབད་སར་སོང་སྟེ་སླབ་སླབ་མས། ཡ་ ངེའི་བུ་འདི་ ཐད་རི་བ་རི་སྲིན་པོ་ཨིན་མས་ཟེར་ སྲིན་པོའི་གཡུས་ཁར་སོང་སྟེ་ སྲིན་པོའི་བུམོ་ཡང་གཉེན་རྐྱབ་སྟེ་ལྷོད་ཅི་ཟེར་ ཐད་རི་བ་རི་སྲིན་པོ་ཨིན་མས་ཟེར་ ཏེ་ཡ་ ཁྱོད་ཀྱི་བུ་འདི་ སྲིན་པོ་ངོ་མ་ཨིན་ཟེར་སླབ་ཅི་མེན་ན་ཟེར་ ད་ཁྱོད་ཀྱི་བུ་འདི་ གཞན་ག་གིས་ཡང་དམ་བཏགས་མི་ཚུགས་ད་ ང་རྐྱངམ་ཅིག་གིས་གསད་འོང་ཟེར་།
  • ཀུན་བཟང་རྡོ་རྗེ་ Kezang Dorji
    ཁོ་གི་བསད་དེ་ གསད་ནི་ཟེར་འབད་དེ་ ག་དེ་འབད་ནི་ཟེར་ ག་དེ་སྦེ་གསད་ནི་ཟེར་ མནའམ་འཁྱིད་འོང་བའི་དགའ་སྤྲོ་ཨིན་ཟེར་སླབ་སྟེ་ ཆང་གནམ་མེད་ས་མེད་ ནང་ཆུའི་ཆང་འདི་ལས་ཆང་བཙུགས་ ཆང་ལས་ཆང་བཙུགས་ དོ་རུང་ཆང་ལས་ཆང་བཙུགས་ཏེ་ གནམ་མེད་ས་མེད་སྲ་ཀྲག་ ཕོརཔ་གཅིག་གིས་རང་འགྱེལ་བཏང་མི་ འདི་བཟུམ་བཟོ་སྟེ་ མནའམ་འཁྱིད་འོང་པའི་དགའ་སྤྲོ་ཨིན་ཟེར་ མནའམ་དང་བུ་ལུ་བྱིན་ཟེར་ ཏེ་བྱིན་སྦེ་ཁོ།
  • ཀུན་བཟང་རྡོ་རྗེ་ Kezang Dorji
    བུ་ལུ་མནའམ་འཁྱིད་འོང་པའི་དགའ་སྤྲོ་ཨིན་ཟེར་ འདི་བཟུམ་བྱིན་སྦེ་ ཏེ་ཟ་བཅུག་འཐུང་བཅུག་སྟེ་ བུ་འདི་ཆང་འགྲངས་སྟེ་ཉལ་སྡོད་སྡོདཔ་མས་ ཉལ་ཏེ་སྡོདཔ་ད་ ནངས་པར་དྲོ་པ་འབདཝ་ད་ ཧེ་མ་ར་ཨའི་ལུ་སླབ་སླབ་མས། ཡ་ ནངས་པར་དྲོ་པ་ཆུ་ཚོད་ ཉིམ་ཤརཝ་ཅིག་རང་ལྷོད་འོང་སྨ་རེད་ཟེར་ ཡར་གནམ་ག་ར་ ང་གིས་ཨིབ་བཞག་འོང་སྨེ་ གཡུས་ག་ར་ནག་དུང་དུ་འགྱོ་འོང་སྨེ་ ཁྱོད་མ་འདྲོག་སྨ་རེད་ཟེར་ རླུང་མ་གིས་འབད་གནམ་མེད་ས་མེད་ ཤིང་རྡོ་ག་ར་ འཐུ་བཀོ་སྟེ་འབག་འོང་སྨེ་ ཁྱོད་མ་འདྲོག་ འབྲུག་ལྡིར་དོ་བཟུམ་སྦེ་སྐད་རྐྱབ་འོང་ ཁྱོད་མ་འདྲོག་ཟེར་སླབ་ནུག
  • ཀུན་བཟང་རྡོ་རྗེ་ Kezang Dorji
    ཨའི་འདི་ ག་ར་མོ་གི་འ་ནཱི་སེམས་ཅན་སྦོམ་གྱི་འོག་ལུ་འཛུལ་ཚར་ཏེ་ དེ་ལས་ཡར་ལས་མར་ ནངས་པར་འ་ནཱི་བུ་འདི་ ཆང་བྱིན་ཏེ་ བུ་འདི་ཉལ་བཞག་སྟེ་ གཉིད་ལོག་ཆང་གིས་འགྲངས་ཏེ་ དེ་ལས་ཡར་ལས་མར་ ནངས་པར་བཟུམ་ཅིག་ཁར་ གནམ་མེད་ས་མེད་ དྲོ་པ་ བླ་་་་ འབྲུག་དང་དང་ དུང་དུང་བཏང་སྟེ་ སྐད་རང་མ་འདྲཝ་རྐྱབ་སྟེ་ ཤི་རྡོ་ག་ར་ [གྲཱ་ལ་གྲཱོ་ལོ་?]བཀོ་སྟེ་ གནམ་ག་ར་ སྤུབས་ཏེ་ ནག་དུང་དུང་བཏང་འོང་སྦེ་ཏེ།
  • ཀུན་བཟང་རྡོ་རྗེ་ Kezang Dorji
    ཨ་ནེ་ག་ཅི་འོངམ་སྨོ་ནཱ་འདི་ཟེར་ སྐད་ཡང་མ་འདྲཝ་རྐྱབ་དེས་ས་ ག་ཅི་ཨིན་སྨོ་ཨིན་ནི་དེ་ཟེརཝ་ད་ ང་བཅས་ནཱ་འདི་ ཨ་རྟག་ར་དེ་སྦེ་ར་འབདཝ་ཨིན་ཟེར་ དེ་སྦེ་ར་འབདཝ་ཨིན་ཟེར་ ཨ་ནེ་དེ་གིས་དེ་སྦེ་སླབ་བཞག་སྟེ་ ཡ་ འོང་དེས་ས་ང་ ག་ཅི་ཅིག་འོང་དེས་ང་རྡོ་གིས་འབད་ཁྱིམ་ག་ར་ཕོག་སྟེ་ [གྲཱ་ལ་གྲཱོ་ལོ་?]འབག་སྟེ་ ཨ་ནེ་ག་ཅི་ཅིག་འོང་དེས་ཟེརཝ་ད་ ག་ཅི་ཡང་མེན་ དེ་སྦེ་རང་ཨིན་ཟེར་ ཏེ་མོ་གིས་ གོ་ལ་འཐག་སྡོད་སྡོད་པའི་བར་ན་ འ་ནཱི་སྲིན་པོའི་བུམོ་གོ་ལ་འཐག་སྡོད་ས་ལས་སྡོད་མ་ཚུགས་པར།
  • ཀུན་བཟང་རྡོ་རྗེ་ Kezang Dorji
    འ་ནཱི་མི་ལུས་རིན་ཆེན་བུ་འདི་ ཕང་མར་ལེན་ཏེ་ སྲིན་པོའི་བུམོ་གིས་ སྔཝ་ད་ལུ་ མིག་ཆུ་འབུད་དེ་ འ་ནཱི་བུ་གི་ཟ་ལྟབ་གུ་ལུ་ཕོགཔ་ཨིན་མས་ བུ་གི་ཟ་ལྟབ་གུ་ལུ་ཕོགཔ་ད་ལུ་ བུ་འདི་གཉིད་ཚོར་ཏེ་ ག་ཅི་འོང་དོ་ ག་ཅི་ཡང་མི་འོང་ ག་ཅི་འདུག་ཟེར་ མགྱོགས་པར་རང་སྲིན་པོའི་བུམོ་འཐུ་སྟེ་ མར་གྱི་སྒོའི་རྒྱབ་ཁར་འབག་ཨིབ་སྟེ་ ཁོ་གིས་ཡར་གྱི་སྒོའི་རྒྱབ་ཁར་ཨིབ་སྟེ་ དེ་སྦེ་སྡོད་དེ་ ག་ཅི་ཡང་མི་འོང་ཟེར་ དེ་སྦེ་སྡོད་དེ།
  • ཀུན་བཟང་རྡོ་རྗེ་ Kezang Dorji
    སྡོདཔ་ད་ར་ ཏེ་ཕར་གྱི་སེམས་ཅན་སྦོམ་འདི་ ཕར་ལས་ཚུར་འོང་སྟེ་ སྒོ་ལས་ལྟག་ཀོ་ཕྲངམ་ཕྲང་སར་འཐོན་ཏེ་ ཕྲངམ་ཕྲང་སར་ལྟག་ལྐོག་ སྒོ་ཁ་ལས་ཚུར་འཐོནམ་ད་ ཕྲངམ་ཕྲང་སར་སྲིན་པོའི་བུམོ་གིས་ གསེར་གྱི་གྱི་ཅིག་ལུ་གྱུར་ཏེ་ གསེར་གྱི་གྱི་གྱུར་ཏེ་ དོ་རུང་ ཕར་ དྲྭཝ་བུཚུ་ འ་ནཱི་ མི་ལུས་རིན་ཆེན་འདི་གིས་ གསེར་གྱི་ཐོཝ་གྱུར་ཏེ་ ཨ་ནཱི་སེམས་ཅན་སྦོམ་དེ་གིས་ ཡོད་ག་ཟེར་སླབ་ཅིག་ ཡོད་ཟེར་ མར་གྱི་ གྱི་དཔག་སྟེ་ ཡར་གྱི་ཐོཝ་གིས་བརྡུངས་ཏེ་ ཁོ་འདི་ དེ་ནང་ཡང་ ལྟག་ལྐོག་ཚར་ཅིག་གུ་བཏོག་བཏང་ཡི་ཟེར་ཨིན་མས་ལྟག་ལྐོག
  • ཀུན་བཟང་རྡོ་རྗེ་ Kezang Dorji
    དེ་ནང་ཡང་ སེམས་ཅན་སྦོམ་གྱིས་ ག་ཅི་སླབ་དེས་ཟེར་བ་ཅིན་ ང་འདི་ཟ་ད་ ངེའི་ཕུངམ་འདི་ཟ་ད་ ང་འདི་མ་ཟ་ཟེར་ ང་ཧེ་མ་ལས་ར་ ཁྱོད་ཟ་ནི་ཨིན་ ཡ་ད་རེས་འབདན་ ཁྱོད་ཟ་རང་ཟ་ནི་ཨིན་ཟེར་ ཁོ་གིས་འ་ནཱི་ཚར་གཅིག་གུ་དུམ་ད་འཁནམ་དོགཔ་ཅིག་ འབག་སྟེ་ཕར་མེ་ནང་བཙུགས་སྟེ་ མེ་བཏང་སྦེ་ འ་ནཱི་སྦེ་བརྫམ་སྟེ་ ཁོ་གིས་མི་ཚུ་ག་ར་འཁྱིད་དེ་ཟ་བཅུག་ཡི་ཟེར་ཨིན་མས་ འཁྱིད་དེ་ སེམས་ཅན་ག་ར་དེ་སྦེ་ཟ་བཅུག་སྟེ།
  • ཀུན་བཟང་རྡོ་རྗེ་ Kezang Dorji
    འ་ནཱི་ཤ་ཚུ་ག་ར་ཟ་བཅུག་སྟེ་སྡོད་པའི་བར་ན་ར་ ཏེ་འ་ནཱི་ ཕར་ཨའི་ལུ་ ཡ་ ཨའི་ ད་རེས་འདི་ ཁོ་གིས་ང་རེ་བ་འཇོམས་ནི་ཟེར་རུང་དེམ་ཅིག་ཨིན་ འབག་ཆགས་འཇོམས་ནི་ཟེར་རུང་དེམ་ཅིག་ ཧ་ལམ་ཁོ་གིས་མཁྱེན་མཁྱེནམ་མས་བ་ཁོ་གིས། ཁོ་སངས་རྒྱས་བཟུམ་ཅིག་སྡོད་སྡོདཔ་མས་ འ་ནཱི་བུ་འདི། ཡ་ ཨའི་ཟེར་ ང་རེ་བ་འཇོམས་ནི་ཟེར་རུང་ འབག་ཆགས་འཇོམས་ནི་ཟེར་རུང་དེམ་ཅིག་རང་ཨིན་ ཨའི་ཁྱོད་ལུ་ ག་ཅི་འབད་ནི་ཨིན་རུང་ ང་གིས་དྲིན་ལན་འབྱོར་ནི་ཟེར་རུང་ ག་ཅི་འབད་ནི་ དེམ་ཅིག་རང་ཨིན་ ཨའི་ཁྱོད་ལུ་ ཁྱོད་ཀྱི་དོན་ལས་དཀཝ་མ་སྤྱདཔ་མེན་ཨའི་ཟེར།
  • ཀུན་བཟང་རྡོ་རྗེ་ Kezang Dorji
    ངེའི་སྒྲོམ་འདི་ ད་རེས་འབདན་ སྒྲོམ་ཕྱེས་ད་ ཨའི་ཟེར་སླབ་ནུག་ ཏེ་སྒྲོམ་ཕྱེས་ཟེརཝ་ད་ ཁྱོད་ཀྱི་སྒྲོམ་ནང་འདི་ ག་ཅི་ཡོད་ཟེར་ ཨ་ལོ་ཟེར་ ག་ཅི་ཡང་མེད་ཁྱོད་རའི་སྒྲོམ་ནང་ན་འདི་ཟེརཝ་ད་ ག་ཅི་ཡང་ཡོད་རུང་མེད་རུང་ ཨའི་ངེའི་སྒྲོམ་འདི་ ལྡེ་མིག་ཕྱེས་ད་ ད་རེས་འབདན་ཟེར་ ཏེ་སླབ་སྟེ་ ཁོ་གི་ཨའི་འདི་ ཨའི་འདི་ག་ར་ འ་ནཱི་སེམས་ཅན་ཤི་རུང་ ཨའི་འདི་སྲིན་པོ་ལུ་འགྱུར་ནི་སྡོད་སྡོདཔ་མས་བ།
  • ཀུན་བཟང་རྡོ་རྗེ་ Kezang Dorji
    དེ་ལས་ ཨའི་ཕྱེས་ཟེར་ ཨའི་གིས་ག་ཅི་ཡང་མེད་ཨ་ལོ་ ག་ཅི་ཡོད་ཟེརཝ་སྨོ་ མཇུག་ལུ་འ་ནཱི་ཕྱེས་བྱིནམ་ད་ ཏེ་ཨའི་འདི་ འ་ནཱ་ འ་ནཱི་དོམ་གྱི་ཕྱུག་ཀུ་དང་ སྟག་ཕྱུག་ཀུའི་པགས་ཀོ་ བཙུགས་བཞག་མི་འདི་གིས་ དོམ་དང་སྟག་གྱུར་ཏེ་ སྟག་གྱུར་འོང་སྟེ་ ཁོང་གཉིས་ཀྱིས་ སེན་མོ་བཏབ་བཏོག་སྟེ་ ཨའི་འདི་ དེ་ནང་རང་བསད་སྦེ་ ཟ་ཡི་ཟེར་ཨིན་མས་ ཟ་སྟེ་ དེ་སྦེ་རྫོགས་སྦེ་ ཏེ་ཟ་ཚར་སྦེ་ ཨའི་འདི་བསད་ཚར་ཞིནམ་ལས་ དེ་ལས་རྐྱངམ་ཅིག་ཁོང་གཉིས་ མཁསཔ་འ་ནཱི་སྦེ་སྡོད་ཡི་ ཟེར་ཨིན་མས་ལགས།
  • ཀུན་བཟང་རྡོ་རྗེ་ Kezang Dorji
    སྡོད་སྦེ་ འ་ནཱི་ཨའི་འདི་ མ་གཞི་འདི་ གཏམ་འདི་ ཁོ་འདི་ར་བརྒྱུད་འབད་བ་ཅིན་ ཧེ་མ་ཨ་རྒས་ཀྱིས་ སྲུང་བཏང་དེས་ལགས། ཨ་རྒས་གྱོངས་མི་དེ་གིས་འདི་ འ་ནཱི་བུ་དེ་གིས་འདི་ མ་གཞི་གིས་འདི་ ང་བཅས་ར་ནཱ་ལུ་ ལྷ་གཅིག་སྐྱེསཝ་ད་ འདྲེ་གཅིག་སྐྱེ་འོང་ཟེར་བའི་ འ་ནཱི་ག་ཅི་སྨོ་ཟེར་བ་ཅིན་ དེ་བསྒང་ལུ་སྲིན་པོའི་བུམོ་གཉེན་རྐྱབ་སྟེ་འཁྱིད་མ་འོང་བ་ཅིན་ ཧེ་མ་ཧེ་མ་འབད་བ་ཅིན་ འ་ནཱི་འདྲེ་འདི་ ལྷ་སྐྱེསཝ་ད་ ལྷ་འཁྲུངསམ་ད་ འདྲེ་འདི་སྐྱེ་ནི་མེད་པའི།
  • ཀུན་བཟང་རྡོ་རྗེ་ Kezang Dorji
    ཏེ་ལྷ་གཅིག་འཁྲུངསམ་ད་ འདྲེ་གཅིག་མ་པ་ལས་ར་འཁྲུངས་འོང་ཟེར་ དེ་སྦེ་འབད་མི་འདི་ དཔེ་དེ་སྦེ་ཨིན་ སྲིན་པོའི་བུམོ་མེད་པ་ཅིན་ ཁོ་འ་ནཱིམ་ཅིག་འབད་འཇོམས་ཚར་ཏེ་སྡོད་སྡོད་འོང་ཟེར་ ཏེ་སྲིན་པོའི་བུམོ་ གཉེན་རྐྱབ་འཁྱིད་འོང་འོངམ་འབད་ནི་དེ་གིས་ ཏེ་འ་ནཱི་སྲིན་པོའི་བུམོ་དེ་གིས་ དངུལ་ཁྲི་འདི་བཟུང་སྟེ་ དེ་ལས་འ་ནཱི་ ང་བཅས་རའི་མི་ལུས་རིན་ཆེན་དེ་གིས་འདི་གསེར་གྱི་ཁྲི་བཟུང་སྦེ་ ཏེ་འ་ནཱི་ ར་བརྒྱུད་དེ་ ཧེ་མ་ ཨ་རྒས་གྱོངས་མི་དེ་གིས་སླབ་དེས་ལགས། ར་བརྒྱུད་འདི་ གླིང་གེ་སེར་རྒྱལ་པོའི་ར་བརྒྱུད་རང་འགྱོ་ནི་ཨིན་ འ་ནཱི་འདི་ སྲུང་དེ་ཅིག་སྦེ་བཞག་དེས་ལགས།། །།