Skip to main content Skip to search
28 Jun 2018
8 min 25 sec
Video Overview
Creators: 
Yeshi Wangchuk

With the development of the country, storytellers and listeners have reduced in number as more and more youth become less interested. This story is about a Kalij pheasant and a monkey. When the monkey went to work, the pheasant prepared food, and vice versa. They would take turns. When the pheasant made eggs, the monkey also thought of preparing eggs, but the fire oil burned the monkey's bottom. This story thus reveals why we do not see any fur on the monkey's bottom. 

རྒྱལ་ཁབ་ཡར་རྒྱས་ འགྱོ་བ་ལས་བརྟེན་ སྲུང་ཉེན་མི་དང་ སྲུང་བཏང་མི་གཉིས་ཆ་ར་ མར་ཉམས་འགྱོ་དོ་ཡོདཔ་ཨིན་མས། འདི་ཡང་ ན་གཞོན་ཚུ་ ཕྱི་རྒྱལ་ཁབ་ཀྱིས་ ལམ་སྲོལ་ལུ་ སྤྲོ་བ་སྐྱེད་དོ་ཡོད་པ་ལས་བརྟེན་ཨིན་མས། ཧེ་མ་འབད་བ་ཅིན་ གློག་སྙན་བལྟ་ནི་ ལ་སོགས་པ་ཚུ་ འབད་ནི་མེདཔ་ཨིན་མས། དེ་འབདཝ་ད་ ཕམ་རྒས་ཤོས་ཚུ་གིས་ སྲུང་བཏང་དོ་ཡོདཔ་ཨིན་མས། དེ་འབདཝ་ད་ ད་རེས་ནང་པ་ སྲུང་བཏང་ནི་འདི་ མར་ཉམས་འདི་ར་ཡོདཔ་ཨིན་མས། ད་ལྟོའི་སྲུང་འདི་ ཟླཝ་བུ་ཚུ་སྐོར་ལས་ཨིན་མས།

Transcript search
No results found for this search
0 of 0
  • སངས་རྒྱས་ཚེ་དབང་ Sangay Tshewang
    སྲུང་འདི་ ག་ཁྱབ་ཟེར་བ་ཅིན་ སྲུང་དང་ཕུ་ནོར་་་ ཨཔ་དང་ཨམ་ཅིག་ལུ་ བུ་གཅིག་འབད་མི་ཅིག་སྡོད་ནུག་ལགས་ དྭ་བུཚ་འདི་ལུ་ ནོར་ཕུད་རྡོག་གཅིག་འབད་མི་གཅིག་འཚོ་ནི་སྡོད་ནུག་ དེ་ལས་ ནོར་འདི་འཚོ་བར་འབག་དོ་མས་བུཚ་དེ་གིས།
  • སངས་རྒྱས་ཚེ་དབང་ Sangay Tshewang
    ནོར་འཚོ་བར་འབག་འགྱོཝ་ད་ ཨ་ཙི་ཅིག་ལས་ ཆ་རོགས་སེམས་ཅན་འདི་ཚུ་ཨིན་པས་ ལྟོ་ཚང་བྱི་ཙི་ཅིག་ཐོན་ནུག་ལགས་ དབའི་ལྟོ་ཚང་དྭ་བུཚ་ནོར་འཚོ་བར་འབག་འགྱོཝ་ཨིན་ན་ཟེར་དྲི་ནུག
  • སངས་རྒྱས་ཚེ་དབང་ Sangay Tshewang
    འབགཔ་ཨིན་ཟེར་སླབ་སླབ་མས་ ང་ཡང་འགྱོ་གེ་ཟེར་སླབ་ལས་ ཤོག་ཤོག་ཟེར་སླབ་སྟེ་ དེ་ལས་ ཧ་ལམ་ནོར་འཚོ་སྟེ་ ལམ་ཕྱེད་ཀ་ལྷོདཔ་ད་ དབའི་ལྟོ་ཚང་ཁྱོད་ཀྱི་ནོར་གསད་ཟ་གེ་མེན་ན་ཟེར་ སླབ་སླབ་མས་བྱི་ཙི་གིས།
  • སངས་རྒྱས་ཚེ་དབང་ Sangay Tshewang
    མི་ཟ་ང་ཨའི་གིས་དྲང་འོང་ཟེར་སླབ་སླབ་མས་ དེ་ལས་ ཡ་ཡ་ཟེར་སླབ་སྟེ་ མ་བྱིན་པས་ ཡར་ལྷོདཔ་ད་ ཧ་ལམ་ཅིག་ལས་ སེམས་ཅན་ཨོ་ལ་དང་ཕྱེད་ནུག
  • སངས་རྒྱས་ཚེ་དབང་ Sangay Tshewang
    ཨོ་ལ་གིས་ཡང་ ང་ཡང་འགྱོ་གེ་ཟེར་སླབ་སྟེ་སོང་ནུག་ ཆ་རོགས་ཁྱོད་གཉིས་ནོར་འཚོ་བར་འགྱོཝ་ཨིན་ན་ ང་ཡང་འཁྱིད་གནང་ཟེར། དེ་ལས་ ཤོག་ཤོག་འཁྱིད་གེ་ ཨོ་ལ་གིས་ཡང་དེ་སྦེ་སླབ་ནུག་ ཁོ་གི་ནོར་འདི་གསད་ཞིནམ་ལས་ཟ་གེ་ཟེར།
  • སངས་རྒྱས་ཚེ་དབང་ Sangay Tshewang
    ཕུད་རྡོག་གཅིག་འབད་མི་གཅིག་ ག་ཅི་འབད་ནི་ཟེར་སླབ་རུང་ མ་བྱིན་པས་ དེ་ལས་ཧ་ལམ་ཅིག་ཁར་ལས་ སེམས་ཅན་འ་དོམ་དང་ཕྱེད་ནུག་ འདི་གིས་ཡང་ ཅོག་གཅིགཔ་སྦེ་སླབ་ནུག་ ང་ཡང་འགྱོ་གེ་ཟེར།
  • སངས་རྒྱས་ཚེ་དབང་ Sangay Tshewang
    དེ་ལས་ ཁོ་གིས་ཡང་ དེ་སྦེ་གསད་ཟ་གེ་ཟེརཝ་ད་མ་བྱིན་པས་ དེ་ལས་ མཇུག་སེམས་ཅན་གཟིག་དང་སྟག་ག་ར་ཕྱེད་ནུག་ལགས་ དེ་སྦེ་རེ་རེ་སྣ་ཚང་ཕྱེད་ནུག་སེམས་ཅན་ དྭ་བུཚ་དང་མཉམ་ཆ་རོགས།
  • སངས་རྒྱས་ཚེ་དབང་ Sangay Tshewang
    དེ་ལས་ཕར་ མཇུག་མཐའ་འཇུག་ལུ་ སྤྱ་གཅིག་དང་ཕྱེད་ཕྱེདཝ་མས་ སྤྱ་ཕྱེད་དེ་སྤྱ་གིས་སླབ་ནུག་ དེ་ལས་ག་ལྷོད་བསྡུ་ཡི་རང་འཁྱིད་སོང་སོངམ་མས་ཏེ་ དེ་ལས་ གཡུས་མེད་པའི་ལུང་པ་ཅིག་ནང་ལྷོད་ལྷོདཔ་མས།
  • སངས་རྒྱས་ཚེ་དབང་ Sangay Tshewang
    འ་ནཱ་ལྷོདཔ་དནི་དེ་ལས་ ད་སྤྱ་གིས་སླབ་ནུག་ དབའི་ལྟོ་ཚང་དྭ་བུཚ་ག་ཅི་འབད་ནི་ནོར་ཕུད་རྡོག་གཅིག་གིས་མི་གཅིག་ལཱ་སྟོང་ཆག་སྟེ་ དོན་དག་ག་ནི་ཡང་མིན་འདུག་ གསད་ཟ་གེ་མེན་ན་ཟེར་སླབ་སླབ་མས།
  • སངས་རྒྱས་ཚེ་དབང་ Sangay Tshewang
    མི་གཅིག་ནོར་གཅིག་ལཱ་སྟོང་ཆག་སྟེ་ག་ཅི་འབད་ནི་ཟེར་ ཡང་ན་མངམ་སྦེ་འཚོ་ནི་མིན་འདུག་ཟེར་ དེ་བ་གསད་ཟ་བ་ཅིན་དྲག་ཟེར་སླབ་སླབ་མས་ དེ་ལས་ ཨིན་པས་སྨོ་ཟེར་ སྤྱ་གིས་སླབ་པའི་ཁ་ལུ་ཉན་ཏེ་ ནོར་བསད་ཟ་ནུག་ཏེ།
  • སངས་རྒྱས་ཚེ་དབང་ Sangay Tshewang
    ནོར་བསད་ཟ་འབད་ཞིན་ན་ དེ་ལས་ སྤྱ་གིས་དེ་སྦེ་མི་བཏུབ་སྨ་རེད་ཆ་རོགས་ཟེརཝ་ད་ ཁོ་གི་ནོར་གཅིག་ཡོད་མི་འདི་ བསད་ཟ་ཡི་ ད་ཁོ་ལོག་འགྱོ་བ་ཅིན་ཨའི་གིས་དྲང་འོང་།
  • སངས་རྒྱས་ཚེ་དབང་ Sangay Tshewang
    ད་ཁོ་ལུ་ ལོག་འགྱོ་བ་ཅིན་ཨའི་གིས་དྲང་འོང་ ནཱ་ལུ་ཁྱིམ་གཅིག་རྐྱབ་བྱིན་དགོ་པས་ཟེར་སླབ་སླབ་མས་ དེ་ལས་ཁྱིམ་རྐྱབ་སྟེ་ རབ་རུབ་བཏང་ཁྱིམ་རྐྱབ།
  • སངས་རྒྱས་ཚེ་དབང་ Sangay Tshewang
    དབའི་ད་ཁྱིམ་ཅིག་རྐྱབ་ཚར་ཞིནམ་ལས་ཁོ་ར་རྐྱངམ་གཅིག་ག་དེ་སྦེ་སྡོད་ནི་ སྟབས་མི་བདེ་ནི་མས་ཟེར་ མནའམ་གཅིག་བཙུགས་དགོ་ནི་མས་ཟེར་སླབ་སླབ་མས་ཆ་རོགས་ཚུ་ལུ།
  • སངས་རྒྱས་ཚེ་དབང་ Sangay Tshewang
    ད་མནའམ་ལེན་པར་ཨོ་ལ་ཁྱོད་འགྱོ་སྨ་རེད་ཟེར་སླབ་སླབ་མས་ སྤྱ་གིས་གནས་སྐབས་བཏོན་ནུག་སྦ་ག་ར་ ཏེ་ཁོང་གི་མཇུག་ལུ་ མར་མར་དཔོན་གྱི་ཕོ་བྲང་ཅིག་འདུག་ཟེར་ཨིན་པས་ དཔོན་གྱི་ཕོ་བྲང་གི་ནང་ན་སྲསམོ་གསུམ་ཡོད་དོ་མས།
  • སངས་རྒྱས་ཚེ་དབང་ Sangay Tshewang
    སྲསམོ་ཚུ་ སྲསམོ་ཡོད་དོ་མས་ ཨ་ནཱི་དང་ཕུ་འབད་བ་ཅིན་ ཆུ་གི་ཀ་ལི་ཟེར་མི་འོང་སྦ་ ཨ་ནཱི་གཟར་འོང་སྦ་སྨོ་ འ་ནཱི་ཁར་སྲསམོ་ཅིག་ཆུ་དབོག་པར་འགྱོ་སྟེ་ མགུ་ཏོ་ཆུ་ཁྱུ་སྟེ་ བཟོ་བཟོཝ་ད་ཏེ།
  • སངས་རྒྱས་ཚེ་དབང་ Sangay Tshewang
    འ་ནཱི་གཡུ་བྱུ་རུ་ཕར་ཕུད་བཞགཔ་ད་ འ་ནཱི་འཐུ་འབག་ཤོག་ཟེར་སླབ་སླབ་མས་སྤྱ་གིས་ ཨོ་ལ་ལུ་ དེ་ལས་ ཁྱོད་ཀྱིས་བཞག་དོ་བཟུམ་ཅིག་སྦེ་ ཡར་ཡར་་་འབག་ཤོག་ཟེར་ དེ་ལས་ ལྟ་ཚང་འ་དོམ་ཁྱོད་ཀྱིས་ཕར།
  • སངས་རྒྱས་ཚེ་དབང་ Sangay Tshewang
    སྒོ་གི་རྒྱབ་ཁར་གཡིབ་སྟེ་སྡོད་སྨ་རེད་ ལྟོ་ཚང་གཞན་མི་ཚུ་གཡིབ་ཤིག་ཟེར་ དེ་ལས་ ལྟོ་ཚང་ཨོ་ལ་གིས་བྱུ་རུ་འབག་སྟེ་ སྒོ་ཁར་ལས་འཛུལཝ་ཅིག་ འ་དོམ་གྱིས་་་་ ལྟོ་ཚང་དྭ་བུཚ་ཁྱོད་ར་ཐབ་ཀྱི་རྩ་བར་དེ་སྦེ་ཙང་ཙ་སྡོད་ཤིག་ཟེར།
  • སངས་རྒྱས་ཚེ་དབང་ Sangay Tshewang
    འ་དོམ་གྱི་ཨོ་ལ་ནང་ན་འཛུལ་ཏེ་ བུམོ་ནང་ན་འཛུལཝ་ཅིག་ ཧ་ཝ་་་་ཟེར་སྐད་རྐྱབ་ཤིག་ཟེར་སླབ་སླབ་མས་ དེ་ལས་སྤྱ་གིས་གནས་སྐབས་ག་ར་སྟོན་བྱིན་ཏེ་ དེ་བསྒང་མོ་འདྲོག་པའི་ཤུགས་ཀྱིས་ དྭ་བུཚ་གུ་མཆོངས་ཐོན་འོང་ཟེར་སླབ་སླབ་མས།
  • སངས་རྒྱས་ཚེ་དབང་ Sangay Tshewang
    དེ་བསྒང་ང་གིས་ཐོན་ཞིནམ་ལས་སླབ་གེ་ཟེར་སླབ་སླབ་མས་ ཏེ་ འ་ནཱི་སྦེ་འབད་དེ་ ཨོ་ལ་གིས་མནའམ་ལེན་པར་སོང་སྟེ་ འཁྱིད་ཐོན་ནུག་ངོ་མ་རང་ བྱུ་རུ་འཐུ་འབག་སྟེ་དེ་ལས་ བཞག་དོ་བཟུམ་སྦེ་ ཡར་ལྷོདཔ་ད།
  • སངས་རྒྱས་ཚེ་དབང་ Sangay Tshewang
    ཁྱིམ་ནང་འཛུལཝ་ཅིག་ ཝ་ཧཱ་ཧཱ་ཟེར་ འ་དོམ་གྱིས་སྐད་རྐྱབ་ཅིག་ དེ་ལས་ བུམོ་འདྲོག་སྟེ་ ཕར་བུཚ་འབད་སར་མཆོངས་འགྱོ་འགྱོཝ་མས་ ག་ཕུབ་རྐྱབ་སྟེ་ ཨ་ཛའི་འབད་དེ་ དེ་ལས།
  • སངས་རྒྱས་ཚེ་དབང་ Sangay Tshewang
    སྤྱ་གིས་སླབ་ནུག་ཏེ་ ཛའི་དེ་མི་གི་ལུང་བསྟན་ག་དེ་སྦེ་ཨིན་ན་ ང་བཅས་ནཱ་གི་ཆ་རོགས་གཅིག་ལུ་མནའམ་གཅིག་དགོ་པས་ཟེར་ སྡོད་སྡོད་པནི་ཀྲིག་ཀྲི་ཨིན་པས་ རང་རང་སོའི་སྔ་མའི་འཕྲོ་དེ་སྦེ་ཨིན་པས་དབའེ་ཛའི།
  • སངས་རྒྱས་ཚེ་དབང་ Sangay Tshewang
    དེ་མི་གི་ལུང་བསྟན་ག་དེ་སྦེ་ཨིན་ན་ རྣམ་རྟོག་ཟ་དོ་བཟུམ་བཟོ་སྟེ་ སྤྱ་གིས་ཐོན་ཏེ་ ཁྱོད་ལུ་ཕོ་གཅིག་དགོ་ ཁོ་ལུ་མོ་གཅིག་དགོ་ཟེར་སྦྲགས་བཞག་ནུག་ཏེ་ སྦྲགས་ཏེ།
  • སངས་རྒྱས་ཚེ་དབང་ Sangay Tshewang
    དེ་ལས་ ཤུལ་ལས་འབདཝ་ད་ རོགས་རྒྱལ་པོ་སྲས་མོ་འཚོལ་མ་ཐོབ་པར་ཧ་ལམ་ཡར་སོང་ནུག་ཏེ་ རྩིས་པ་མཁས་པ་ཚུ་འབོ་སྟེ་ ས་རི་སྐྱུར་ཏེ་ ཕྱོགས་བཅད་དེ་འབགཔ་ད་ ཁོ་བདའ་འཛིན་ནུག་ཏེ།
  • སངས་རྒྱས་ཚེ་དབང་ Sangay Tshewang
    དེ་ལས་ ཕྱོགས་བཅད་དེ་འབགཔ་ད་ དྭ་བུཚ་འདི་བཟུང་འབག་ཞིནམ་ལས་ བཙོན་ཁང་ནང་བཙུགས་ནུག་ཏེ་ཁྱིམ་གྱི་འོག་ཐོག་ལུ་ མར་འོག་ཐོག་ནང་བཙུགས་བཞག་བཞགཔ་མས་ དེ་ལས་ བྱི་ཙི་གིས་སྐད་རྐྱབ་ནུག་ཏེ།
  • སངས་རྒྱས་ཚེ་དབང་ Sangay Tshewang
    ཏེ་ མ་པ་སླབ་རང་སླབ་ནུག་ཏེ་ བྱི་ཙི་ལུ་སླབ་སྨ་རེད་ཟེར་སྤྱ་གིས་ མ་པ་སྤྱ་གིས་ཀྲིག་ཀྲི་ཤེས་ཤེསཔ་མས་ཏེ་ ཁོ་བཙོན་ཁང་ནང་བཙུགས་པར་འབག་འབགཔ་མས་ བུམོ་ལོག་འབག་སྟེ།
  • སངས་རྒྱས་ཚེ་དབང་ Sangay Tshewang
    ཙི་ཙི་བཏང་སྐད་རྐྱབ་རྐྱབ་མས་ ཙི་ཙི་ཕར་བཞག་ཤིག་ ཁྱོད་ཆ་ཁྱབ་རབ་རུབ་འབད་དེ་ ངེའི་ནོར་གཅིག་ཡོད་མི་འདི་བསད་ཟ་ ད་ང་བྱ་བ་འ་ནེམ་ཅིག་ཁར་ཐུག་སྟེ་ནཱ་ཡོད་ ཙི་ཙི་ཕར་བཞག་ཤིག་སླབ་སླབ་མས།
  • སངས་རྒྱས་ཚེ་དབང་ Sangay Tshewang
    ཨཱ་་་བྱི་ཙི་གིས་ཕྲང་ཕྲང་སར་ སྤྱ་འབད་སར་སླབ་པར་སོང་ནུག་ ང་བཅས་རའི་ལྟ་ཚང་དྭ་བུཚ་གིས་དེ་སྦེ་སླབ་དེས་སྨ་རེད་ ཁོ་དེ་སྦེ་བྱ་བ་ཐུག་སྟེ་ཨིན་ལོ་ཟེར་སླབ་མས།
  • སངས་རྒྱས་ཚེ་དབང་ Sangay Tshewang
    ནོར་གཅིག་ཡོད་མི་འདིནི་ ཁྱོད་ཆ་ཁྱབ་ཀྱིས་བསད་ཟ་ ཁྱོད་རབ་རུབ་འབད་དེ་ཁྱིམ་ཅིག་ཡང་རྐྱབ་མནའམ་བཙུགས་པའི་ཟེར་ ང་བྱ་བ་འ་ནེ་སྦེ་ཐུག་བཅུག་ཡི་ ཁྱོད་ཙི་ཙི་ཡང་ཕར་བཞག་ཟེར་དེ་སྦེ་སླབ་མས་ཟེར་ འའོ་་་ད་འབདནི་དེ་སྦེ་མི་བཏུབ་སྨ་རེད་ཟེར།
  • སངས་རྒྱས་ཚེ་དབང་ Sangay Tshewang
    དེ་ལས་ འཛོམས་བསྡུ་རྐྱབ་ནུག་ཏེ་ སེམས་ཅན་ག་ར་ ད་ང་བཅས་རའི་དྭ་བུཚ་ལོག་བཏོན་དགོ་ཐ་དམ་ཚིག་ལས་རྒྱུ་འབྲས་དགོ་ཟེར་ ཁོ་ནོར་ཡོད་མི་བསད་ཟ་ ད་ཁོ་དེ་སྦེ་བཞག་ནི་མེན་ བཏོན་ནི་གི་གནས་སྐབས་བཏོན་དགོ་ཟེར་སྤྱ་གིས།
  • སངས་རྒྱས་ཚེ་དབང་ Sangay Tshewang
    དེ་ལས་ འ་ནཱ་སེམས་ཅན་ཚུ་བཀུག་ཞིནམ་ལས་ ད་འབདནི་གཟིག་ཁྱོད་ཀྱིས་ རྒྱལ་པོ་གི་ལུག་འདི་ཚུ་བསད་ཤིག་ རྟ་འདི་ཚུ་ཡང་བསད་ སེམས་ཅན་སྟག་ཁྱོད་ཀྱིས་ མར་མཐའ་སར་གི་ནོར་འདི་ཚུ་བསད་ཤིག་ཟེར།
  • སངས་རྒྱས་ཚེ་དབང་ Sangay Tshewang
    དེ་ལས་ གཟིག་གིས་རྟ་དང་འདི་ཚུ་བསད་ འཕརཝ་འདི་ཚུ་གིས་ ཡར་ལ་ནོར་འདི་ཚུ་བསད་ཤིག་ཟེར་ དེ་ལས་ ལྟོ་ཚང་བྱི་ཙི་གིས་ རྒྱལ་པོའི་ན་བཟའ་འདི་ཚུ་སོ་བཏབ་ དབུ་སྐྲ་འདི་ཚུ་ཡང་ སོ་བཏབ་བྱིན་ཤིག་ཟེར།
  • སངས་རྒྱས་ཚེ་དབང་ Sangay Tshewang
    ཨོ་ལ་ཁྱོད་ཀྱིས་ ཡར་གནམ་ཁར་གསེར་ཐོག་གུ་འཛེགས་ཞིན་ན་ ཨ་ཨ་་་འབད་དེ་ལྟས་ངན་བཏོན་ཤིག་ ནམ་ལངསམ་ཅིག་ འ་དོམ་ཁྱོད་ཀྱིས་ ཕོ་བྲང་བསྐོར་ཏེ་ ཕྱི་རུ་སྐད་རྐྱབ་ཤིག་ཟེར་སླབ་སླབ་མས།
  • སངས་རྒྱས་ཚེ་དབང་ Sangay Tshewang
    དེ་ལས་ སྤྱ་གིས་ ང་སྒོམ་ཆེན་ཅིག་བཟོ་འགྱོ་གེ་ཟེར་སླབ་ནུག་ དེ་ལས་ ཨིན་པས་ཡ་ཡ་ཟེར་ ཀྲིག་ཀྲི་བློ་སླབ་སྟེ་ བཀོད་བྱ་ཁོ་གིས་རྐྱབ་སྟེ་ དེ་ལས་ ཡར་སོང་ནུག་ཏེ་ དེ་ལས་ འདི་ཚུ་གིས་བཀྲ་མ་ཤིསཔ་འབད་ཡི་རང་བདའ་ནུག་ཏེ།
  • སངས་རྒྱས་ཚེ་དབང་ Sangay Tshewang
    བསད་མི་གིས་བསད་ སོ་བཏབ་མི་གིས་བཏབ་ སྐད་རྐྱབ་མི་གིས་རྐྱབ་གནམ་མེད་ས་མེད་ ཨོ་ལ་གིས་ཕོ་བྲང་གི་ཐོག་ཁར་ཆགས་ཏེ་ དྲོ་པ་ནམ་ལངསམ་ཅིག་སྐད་རྐྱབ་ ཨ་ཨ་་་་ཟེར་ལྟས་ངན་འབད་དེ།
  • སངས་རྒྱས་ཚེ་དབང་ Sangay Tshewang
    འ་དོམ་གྱིས་ཕྱི་རུ་ཕོ་བྲང་བསྐོར་ར་རྐྱབ་སྟེ་སྐད་རྐྱབ་ བྱི་ཙི་གིས་ རྒྱལ་པོའི་དབུ་སྐྲ་ཡང་སོ་བཏབ་བཏབ་མས་ ན་བཟའ་འདི་ཕར་བཞག་ དེ་ལས་ ག་ཅི་ལྟས་ངན་ཨིན་ན་ང་དུས་ཅི་དེ་མི་གི་ རྐྱེན་གནམ་མེད་ས་མེད་འོང་མས་ཟེར།
  • སངས་རྒྱས་ཚེ་དབང་ Sangay Tshewang
    རྐྱེན་བྱུང་མས་ཟེར་ རིམ་འགྲོ་ག་དེ་སྦེ་འབད་རུང་མ་ཕན་པར་ ཧ་ལམ་ཅིག་ཁར་ལས་སྤྱ་གིས་ སྒོམ་ཆེན་ཅིག་བཟོ་སྟེ་ ཇོ་ལ་ཆུང་ཀུ་ཅིག་བཏགས་ཞིནམ་ལས་ དཔེ་ཆ་རྙིངམ་ཅིག་ཡང་བཙུགས་སྦེ་ འགྱོ་འགྱོཝ་མས།
  • སངས་རྒྱས་ཚེ་དབང་ Sangay Tshewang
    དེ་ལས་ ཕར་རྒྱལ་པོའི་ཕོ་བྲང་ནང་སོང་སྟེ་ བསྐོར་ར་རྐྱབ་སྟེ་སྡོདཔ་ད་ དབའི་སྒོམ་ཆེན་ཅིག་འོང་ནུག་ཟེར་སླབ་སླབ་མས་ ཨའོ་སྒོམ་ཆེན་ཅིག་འོང་ནུག་མོ་ཅིག་བཏབ་ཤེས་དོ་འོང་ ཁོ་ཤོག་སླབ་ཤིག་ཟེར་འབོ་འཁྱིད་སོང་སྟེ་ དེ་ལས།
  • སངས་རྒྱས་ཚེ་དབང་ Sangay Tshewang
    ཧེ་མ་རང་གསོལ་ཇ་ཅིག་དྲང་དྲངསམ་མས་ གསོལ་ཇ་དྲངས་སྦེ་དེ་ལས་ དབའི་ཁྱོད་ཀྱི་མོ་རེ་བཏབ་ཤེས་དོ་འོང་ མི་ཤེས་ག་ཟེརཝ་ད་ ཨ་ཙི་རེ་བལྟ་ནི་ཡོད་ཟེར་སླབ་སླབ་མས།
  • སངས་རྒྱས་ཚེ་དབང་ Sangay Tshewang
    དེ་ལས་ ཁོ་གིས་དཔེ་ཆ་བཏོན་ཞིན་ན་ དེ་སྦེ་བལྟ་སྦེ་དབའི་་་ རོགས་ལུང་བསྟན་དང་འཁྲིལ་བའི་གཡོག་རྐྱབ་རྐྱབ་ཅིག་ཨིན་པས་ ཨ་ནཱི་ཁར་མི་གསརཔ་ཅིག་བཙུགས་ཏེ་འདུག
  • སངས་རྒྱས་ཚེ་དབང་ Sangay Tshewang
    ཨ་ནཱི་ད་ལྟ་ཉིད་ཀྱི་བར་དུ་རང་བཏོན་དགོ་པས་ སྔར་ག་ཡོད་སར་བསྐྱེལ་དགོ་ནི་མས་ འ་ནཱི་གི་འཕྲུལ་ཨིན་པས་ རོགས་ལུང་བསྟན་དང་འཁྲིལ་བའི་ལཱ་ཨིན་པས་ རོགས་མི་གསརཔ་ཅིག་ནཱ་འཁྱིད་འོང་ནུག་ ད་ལྟོ་ཉིད་ཀྱི་བར་དུ་བཏོན་དགོ་ འདི་མ་བཏོན་པ་ཅིན་ ཁྱོད་ལུ་དེ་བ་མིནམ་རྐྱེན་སྦོམ་ཐོན་འོང་ཟེརཝ་ད་ ཡ་བླ་མ་མོ་བཟང་མས་ཟེར།
  • སངས་རྒྱས་ཚེ་དབང་ Sangay Tshewang
    དེ་ལས་ དེ་འཕྲོ་ལས་མར་གྱི་ ཆ་རོགས་དྭ་བུཚ་བཙོན་ཁང་ལས་བཏོན་ཏེ་ དེ་ལས་ ཆུ་ཁྱུ་ཞིན་ན་ཧུམ་དབུར་ཏེ་སྲསམོ་དང་ བང་འཁོར་གཡོག་ཕྱེད་ཀ་ཅིག་བགོ་བཤད་རྐྱབ་སྟེ་ ཡར་ཁོ་སྡོད་སར་བསྐྱེལ་བསྐྱེལཝ་ཨིན་ཟེར་སླབ་ཨིན་པས།
  • སངས་རྒྱས་ཚེ་དབང་ Sangay Tshewang
    འ་ནཱ་ལས་ དེ་ལས་ ཆ་རོགས་ཚུ་ག་ར་བཀུགས་ཞིནམ་ལས་ ད་འབདནི་མ་འབད་སྨ་རེད་ཟེར་ ད་ལེགས་ཤོམ་སོང་ཡི་ ད་ང་བཅས་རའི་ཆ་རོགས་འདིནི་བཏོན་ཡི་ ད་བཀྲ་མ་ཤིསཔ་མ་འབད་བར་བཞག་ཤིག་ཟེར།
  • སངས་རྒྱས་ཚེ་དབང་ Sangay Tshewang
    ད་དེ་སྦེ་མ་འབད་ཟེར་ དེ་ལས་ ག་ར་གིས་སླབ་པའི་ཁ་ལུ་ཉན་ཏེ་བཞག་ནུག་ཏེ་ ཆ་རོགས་བཏོན་ཞིན་ན་ ད་རུང་ཤུལ་ལས་སྟབས་མ་བདེ་བ་ཅིན་ བྱི་ཙི་ལུ་སླབ་སྨ་རེད་ཟེར་སླབ་སླབ་མས་ཏེ་ དེ་ལས་ སྟབས་མ་བདེཝ་མ་ཐོན་པས་ལགས།
  • སངས་རྒྱས་ཚེ་དབང་ Sangay Tshewang
    དེ་ལས་ འ་ནེམ་ཅིག་ཨིན་ལགས་འདི་ མཇུག་བསྡུ་ནུག་ཏེ་ དེ་ལས་ དེ་ལས་ ཁོ་དྭ་བུཚ་ལེགས་ཤོམ་སྦེ་སྡོད་ནུག་ཏེ་མནའམ་དང་གཅིག་ཁར་ ཐ་དམ་ཚིག་ལས་རྒྱུ་འབྲས་ཟེར་ ལྟོ་ཚང་གི་ཆ་བཞག་འདི་ འ་ནཱི་སྦེ་བརྩིས་དགོཔ་ཨིན་ཟེར་ཨིན་པས་ལགས་ ཧ་་་ཧ་་(Speaker laughs)
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    སྲུང་གི་བཅུད་དོན་འབད་བ་ཅིན་འདི་ཨིན་པས་སྨོ?
  • སངས་རྒྱས་ཚེ་དབང་ Sangay Tshewang
    ཧ་་་ཧ་་་(Speaker nod his head and laughs)
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ལགས་སོ།