Video Overview
Narrated by Dorji Wangmo, this story discloses several messages about greed, deception and class differences in society, where the higher classes discriminate against the working class. In the story an intelligent poor boy accumulates a lot of wealth while an elite boy lost all his belongings because he was arrogant and greedy.
༉ ཆུ་ཁ་རྫོང་ཁག་ སྦོང་སྒོར་རྒེད་འོག་ལས་ ཚེ་རིང་ལྷམ་གྱིས་ ཕྱུགཔོ་དང་སྤྱང་ཀའི་བུཚ་གཉིས་ཀྱི་སྐོར་ལས་སྲུང་གཏངམ་ཨིནམ་ད་ སྲུང་འདི་ནང་ ང་བཅས་ར་ག་ར་འབད་རུང་ འདོད་པ་དང་ཆགས་པ་བསྐྱེད་མ་བཏུབ་པའི་སྐོར་ལས་ཨིན་མས། འཇིག་རྟེན་གྱི་ཁམས་འདི་ནང་སྐྱེས་མི་ཆ་མཉམ་ སོ་སོ་སྐྱེས་བོ་ཅིག་འབདཝ་ལས་བརྟེན་ འདོད་པ་དང་ཆགས་པ་མེདཔ་འདི་ ག་ཡང་མི་འོང་ནི་ཨིན་རུང་ ཆགས་པ་དང་ཞེན་པ་འདི་ ཐར་པ་ཐོབ་པའི་གེགས་འབདཝ་ལས་ ཞེན་ཆགས་འདི་སྤང་དགོ་པའི་སྐོར་ལས་སྟོནམ་ཨིན་མས། སྲུང་འདི་ནང་ སྤྱང་ཀའི་བུཚ་འདི་ རྒྱུ་ནོར་ལོངས་སྤྱོད་ལུ་འདོད་པ་མེད་མི་ཅིག་ཨིན་རུང་ ཁོ་རའི་ཀེབ་ཏང་ལེན་པར་འགྱོ་བའི་སྐབས་ གསེར་ཐོབ་སྟེ་ཕྱུགཔོ་གྱུར་ཡོདཔ་ད་ ཕྱུགཔོ་གི་བུཚ་འདི་ སྤྱང་ཀའི་བུཚ་ལུ་ ངལ་མ་རངས་པར་ ཁོ་ཡང་སྤྱང་ཀའི་བུཚ་བཟུམ་སྦེ་ ཀེབ་ཏང་ལེན་པར་འགྱོཝ་ཨིན་ཟེར་ ཁོ་གི་གདོང་འདི་ བྱི་ཙིའི་གདོང་ལུ་གྱུར་སོང་ནུག སྲུང་འདི་གི་བཅུད་དོན་འདི་ ཞེན་ཆགས་བསྐྱེད་མ་བཏུབ་པའི་སྐོར་དང་ གཞན་མི་ལུ་ཕྲག་དོག་བསྐྱེད་མ་བཏུབ་པའི་སྐོར་ལས་ཨིན་མས།
- Chukha
- ཨ་ཞང་ཚེ་རིང་ལྷ་མོ/Azha Tshering Lham:ཏེ་འ་ནཱི་སྲུང་འདི་མ་པ་ དང་ཕུ་གི་སྲུང་ ག་ཏེ་ཡང་མེད་པའི་སྲུང་ཨིན་འ་ནཱི། ཏེ་ད་མ་པ་དང་ཕུ་འདི་ཡོད་ དེ་འབདཝ་ད་ ད་རེས་ནངས་པར་ག་གིས་ཡང་མི་བཏང་པས་བ། དང་ཕུ་[དུས་བཞི་?]ཅིག་ཡོདཔ་མས་པ་ ཏེ་འ་ནཱི་གི་ཚེ་ དྭཝ་བུཚ་གཅིག་དང་ ཕྱུག་པོའི་བུཚ་གཅིག་ཡོདཔ་མས། ད་འ་ནཱི་ཕྱུག་པོའི་བུ་འདི་དང་དྭཝ་བུཚ་འདི་ ཏེ་ཨ་རྟག་ར་ནོར་འཚོ་བར་འགྱོ་དོ་ཡོདཔ་མས་བ།
- ཨ་ཞང་ཚེ་རིང་ལྷ་མོ/Azha Tshering Lham:ཏེ་ནོར་འཚོ་བ་འགྱོཝ་ད་ཏེ་ དྭཝ་བུཚ་འདི་ ཏེ་ཟ་ནི་འཐུང་ནི་ཨ་ཙི་དཀོན་སུ་འབད་སྦེ་ ཏེ་ཁོ་བྱཱོ་ཕྱེ་གི་དྲོན་གོང་བསྣད་འབག་དོ་ཡོདཔ་མས་ལྟོ་མཛར་འདི་ ད་ནེམ་ཅིག་འབག ཟ་སྤགས་འདི་ ཏེ་ཨེ་མ་ཅིག་སྦྱར་འབག་སྦེ་ ཏེ་ཕྱུག་པོའི་བུ་འདི་ ལྟོ་འབད་སྤགས་བཙོ་ཨ་རྟག་ར་འ་ནཱི་སྦེ་འབག་དོ་ཡོདཔ་མས། ཏེ་འ་ནཱི་འབག་སྦེ་ནོར་འཚོ་བར་འགྱོ་སྦེ་འབདྭཝ་ད་ ཏེ་ཉིནམ་ཅིག་གི་ཚེ་ ཏེ་དྭཝ་བུཚ་འདི་ཏེ་ དྲོན་གོང་འདི་ཟ་ནི་འབད་ལྟོ་རས་ནང་ལས་ཁ་ཕྱེ་སྦེ་ ཟ་ནི་འབད་དྲོན་གོང་འདི་ཟ་ནི་སྦེ་འབདྭཝ་ད་ ཏེ་དྲོན་གོང་འདི་ལགཔ་ལས་ཤོར་སྦེ་རྦོབ་རིལ་ཡར་སོ་འདུག་ནཱ་ལས་མར།
- ཨ་ཞང་ཚེ་རིང་ལྷ་མོ/Azha Tshering Lham:ཏེ་དེ་ལས་ དྭཝ་བུཚ་འདི་ རྣམ་རྟོག་ལངས་ ཏེ་ཟ་ནི་ཟེར་རང་ ཏེ་ད་དྲོན་གོང་ཅིག་ལས་འགལ་མེད་བྱཱོ་ཕྱེ་གི་ ཏེ་འདི་ཏེ་ད་ ད་དེ་ཡང་ལགཔ་ལས་ཤོར་སྦེ་རྦོབ་རིལ་ཡར་སོང་ཡི་ ད་ལྟ་མ་གནམ་མེད་ས་མེད་ལྟོ་བཀྱེས་འོང་ཟེར་ ཏེ་རྟིང་བདའ་རྒྱུག་རྒྱུགཔ་མས་ཏེ་ ནཱ་ལས་མར་ རྒྱུག་ཏེ་གནམ་མེད་ས་མེད་རྟིང་བདའ་རྒྱུག་སྦེ་འབདྭཝ་ད་ ཕྲང་ཕྲང་མར་དོང་ཅིག་ནང་ལས་མར་འཛུལ་སོངཔ་མས་ལོ།
- ཨ་ཞང་ཚེ་རིང་ལྷ་མོ/Azha Tshering Lham:དྲོན་གོང་འ་ནཱི་དྲོན་གོང་འདི་ ཏེ་མར་དོང་ནང་འཛུལ་སྦེ་ ཏེ་དྭཝ་བུཚ་འདི་ན་ལས་མར་འདྲན་འདྲ་འཛུས་སོང་འདུག་ཏེ་ ཏེ་ན་ལས་མར་དོང་ནང་ལས་མར་འདྲན་འདྲ་འཛུལ་སྦེ་འབད་བའི་བསྒྒང་ལསན་ ཕྲང་ཕྲང་མར་བྱི་ཙི་གི་དོང་ནང་མས་ཟེརཝ་མས་ལོ། ཏེ་གནམ་མེད་ས་མེད་ཀྱི་བྱི་ཙི་འདུག་ཟེརཝ་མས་ལོ་ ཏེ་མར་ ཏེ་བྱི་ཙི་ཚུ་གིས་ ཏེ་དབའེ་ ཏེ་དྭཝ་བུཚ་ནཱ་ཁྱོད་ག་དེ་སྦེ་འོང་འོངམ་སྨོ་ཟེར་དྲི་དྲིསཝ་མས།
- ཨ་ཞང་ཚེ་རིང་ལྷ་མོ/Azha Tshering Lham:ཏེ་དེ་ལས་རོགས་ དྭཝ་བུཚ་འདི་གིས་སླབ་འདུག ད་ང་འ་ནཱི་སྦེ་ ང་ཟ་ནི་མེད་འཐུང་ནི་མེད་ ང་རང་ཟ་ནི་རང་ཟེར་རུང་དྲོན་གོང་ཅིག་ལས་འགལ་མེད་ དེ་ཡང་རྦབ་རིལ་འབད་སྦེ་ཕྲངམ་ཕྲང་སར་ འ་ནཱི་དོང་ནང་འཛུལ་ཡི་ ཏེ་ང་རྟིང་བདའ་འོང་འོངམ་ཨིན། ད་དྲོན་གོང་འདི་ ང་རང་ལེན་པར་ཨིན་ཟེར་སླབ་སླབ་མས། དཔའ་ཁྱོད་ནང་མ་དོག་ཤིག་ ད་རེས་ནཱ་སྡོད་ཤིག་ཟེར་ བྱི་ཙི་དེ་གིས་དེ་སྦེ་སླབ་མས་ལོ།
- ཨ་ཞང་ཚེ་རིང་ལྷ་མོ/Azha Tshering Lham:ཏེ་ནཱ་སྡོད་ཤིག་ཟེར་ ཏེ་མར་སྡོད་འབད་སྦེ་ ཏེ་ཁྱོད་ཡར་སྡོདཔ་ད་ལྟོ་ག་ཅི་ཟ་དོཝ་ཟེར་ནུག ཏེ་ང་ལྟོ་འདི་ ཏེ་ཡར་སྡོདཔ་ད་ ཏེ་ཟ་ནི་འ་ནཱི་རང་ཨིན་ཏེ་ དྲོན་གོང་འདི་རང་བྱཱོ་ཕྱེ་འདི་རང་ཨིན་ ཏེ་གཞན་ཟ་བནི་ ཏེ་རང་ལུ་མིན་ནུག་ཟེར་ ཏེ་འ་ནཱི་སྦེ་སླབ་སླབ་མས།
- ཨ་ཞང་ཚེ་རིང་ལྷ་མོ/Azha Tshering Lham:ཏེ་དེ་ཚེ་ བྱི་ཙི་ཚུ་གིས་ལྟོ་འབད་ སྤགས་བཙོ་མ་བཏུབ་བཏུབ་འབད་བྱིན་མས་ཟེརཝ་མས་ལོ། དྭཝ་བུཚ་འདི་ལུ་ ཏེ་སྤུས་ཙ་འབད་ཟ་ ཏེ་དེ་ལས་ཞག་ཉལ་སའི་གདན་མལ་ཆ་ཡང་མ་བཏུབ་བཏུབ་བཅོཝ་བྱིན་མས་ལོ།
- ཨ་ཞང་ཚེ་རིང་ལྷ་མོ/Azha Tshering Lham:ཏེ་ཕྱི་རུ་བྱི་ཙི་ཚུ་ག་ར་ མགུ་ཏོ་གུ་ལས་ཕར་འཛེགས་འཆམ་རྐྱབ་ ཏེ་འ་ནཱི་བཟུམ་སྦེ་ ཏེ་སྡོད་འོང་ སྡོད་འོང་ནུབ་མོ་ལུ་ ན་འཐན་མིག་ལོགཔ་ད་ ཏེ་འ་ནཱི་བསྒང་ ཁྱོད་ར་གནམ་མེད་ས་མེད་མ་སྤར་ ཙང་བཏང་སྡོད་ ཏེ་ནངས་པར་ལོངམ་ཅིག་ ཏེ་མགུ་ཏོ་འདི་[སྤྱུག་?]མ་བཏང་ ཡར་ཁྱོད་ར་གི་ཡར་ལྷོདཔ་ད་ལུ་ ཡར་ལྷོདཔ་སྤྱུག་ཟེར་སླབ་སླབ་མས། རེ་ལྡེ་བརྐྱངས་བཞག་སྦེ་སྤྱུག་ཤིག་ཟེར་ ཏེ་ཡ་ཡ་ཟེར་སླབ་སྦེ་ ཏེ་དྭཝ་བུཚ་འདི་ ཏེ་ཕྱི་རུ་ ཏེ་མལ་ཆ་བཟོ་ ཏེ་ཉལཝ་མས་ལོ་ཏེ་ ཏེ་ཉལ་སྡོད་སྦེ་ ཨིན་མས་ལོ་ནུབ་མོ་ཡུདཔ་ཅིག་ཁ་ ནུབ་ཕྱེད་དེ་ཅིག་ཁ་ལས་ ཏེ་གནམ་མེད་ས་མེད་ བྱི་ཙི་ཏེ་མགུ་ཏོ་ཁ་ལུ་འཛེགས་ས་ལས་འཛེགས་ འཆམ་རྐྱབ་ ཙི་ཙི་ཙི་ཟེར་ འ་ནཱི་སྦེ་སྡོདཔ་མས་ཟེརཝ་མས་ལོ།
- ཨ་ཞང་ཚེ་རིང་ལྷ་མོ/Azha Tshering Lham:ཏེ་དབའེ་ ཏེ་ག་དེ་སྦེ་ཨིན་ན་མནོ་འབད་སྦེ་ ཏེ་དྲོ་པ་ལོང་སྦེ་ འ་ནཱི་སྦེ་དྲོ་པ་ལོང་འ་ནཱི་སྦེ་མགུ་ཏོ་འཐུཝ་ད་ལུ་ གནམ་མེན་ས་མེད་མགུ་ཏོ་བརྗིད་བཏགས་ཆི་ནུག་ཟེརཝ་མས་ལོ། ཏེ་དབའི་ མགུ་ཏོ་འདི་ག་ཅི་ཨིན་ན་ ད་རེས་གནམ་མེད་ས་མེད་མ་འདྲཝ་ཅིག་ར་བརྗིད་འདུག་མནོ་འབད་སྦེ་ ཏེ་རོགས་བྱི་ཙི་ཚུ་གིས་སླབ་ནུག་བ་རོགས་ཁ་ཙ་ལས་ ཏེ་འ་ནཱི་སྤྱུག་མ་བཀོ་ཟེར་ ཏེ་དེ་སྦེ་སླབ་དེས་མནོ་སྦེ་ཁོ་ ཏེ་སེམས་ཁར་བཞག་སྦེ་ ཏེ་ཡར་ཁོ་ར་ཡར་ལོག་ ཏེ་ཡར་ལྷོདཔ་ད་ཁོ་རའི་ཁྱིམ་ནང་ལྷོདཔ་ད་ དེ་རེ་ལྡེ་ཅིག་འཚོལ་ རེ་ལྡེ་བརྐྱངས་སྦེ་ རེ་ལྡེ་ནང་སྤྱུག་བལྟ་བལྟཝ་མས།
- ཨ་ཞང་ཚེ་རིང་ལྷ་མོ/Azha Tshering Lham:སྤྱུགཔ་ད་ གསེར་རེ་ལྡེ་གང་ཨིན་མས་ཟེརཝ་མས་ལོ་ཏེ་ ཏེ་གསེར་རེ་ལྡེ་གང་ ཏེ་འ་ནཱི་རི་ལྡིང་ལྟེམ་ལྟེམ་གང་སྦེ་ ཏེ་ལས་ཏེ་འ་ནཱི་གསེར་འདི་འཇལ་བལྟ་ནི་གི་དོན་ལས་ ཏེ་བྲེ་མེད་པར་ ཏེ་བྲེ་འཚོལ་བར་འགྱོ་འགྱོཝ་མས། ཏེ་ཁོ་གི་ན་བྲེ་མིན་ནུག་ཏེ་ ཏེ་ཨིན་ཅིག་མིན་ཅིག་ བྲེ་འདི་ཡར་ཕྱུག་པོ་གི་ན་ལས་རང་བརྙའ་དགོ་པས་བ། ཏེ་ཡར་ཕྱུག་པོའི་བུཚ་འབད་སར་འགྱོ་འབད་སྦེ་ ཏེ་དབའེ་ བྲེ་ཅིག་བརྙའ་གེ་ཟེར་སླབ་སླབ་མས།
- ཨ་ཞང་ཚེ་རིང་ལྷ་མོ/Azha Tshering Lham:དབའེ་ ཏེ་ཁྱོད་ག་ཅི་འཇལ་ནིམ་ ཏེ་ཁྱེད་ནནི་ག་ནི་ཡང་མེད་ ཁྱོད་འབྱུནི་ཁྱོད་ལུ་མེད་ ག་ཅི་ཡང་ཁྱོད་ལུ་མེད་ ཏེ་ཁྱེད་བྲེ་འཚོལ་ག་ཅི་འབད་ནི་ཟེརཝ་མས་ལོ། ཏེ་ག་ཅི་འཇལ་རུང་ང་རང་འཇལ་འོང་ ཏེ་བྲེ་ཅིག་བརྙའ་གེ་ཟེར་སླབ་འབད་སྦེ་ ཏེ་ཡར་ལས་བྲེ་ཅིག་བརྙའ་བྱིན་མས་ཟེརཝ་ལོ་བྲེ་ཅིག་ ཏེ་འ་ནཱི་གསེར་གྱི་ ག་ཅི་ལོ་ ཕྱུག་པོའི་བུ་འདི་གིས་འ་ནཱི་བྲེ་གི་གཤམ་ཁ་ལུ་ ནོར་གྱི་ཨ་བ་ཅིག་སྦྱར་སྦེ་བཏང་བཏངམ་མས་ ནོར་གྱི་ཨ་བ་ཆུང་ཀུ་ཅིག་དབུར་འབད་སྦེ་ ཁོ་ག་ཅི་འཇལ་ན་ལྟ་མ་བལྟ་ནི་འབད།
- ཨ་ཞང་ཚེ་རིང་ལྷ་མོ/Azha Tshering Lham:ཏེ་དེ་ལས་དྭཝ་བུཚ་འདི་ཕར་ལས་བྲེ་འདི་འབག་སྦེ་ ཏེ་དེ་ལས་ཚུར་ གསེར་རེ་ལྡེ་གངམ་འདི་ ཏེ་འཇལ་འཇལཝ་མས་ཏེ་ ཏེ་གསེར་རེ་ལྡེ་གངམ་འདི་བྲེ་ཁར་བཏབ་འཇལ་སྦེ་འབདྭཝ་ད་ དེ་ལས་བྲེ་འདི་ལོག་སྟེ་སྐྱེལ་བར་འགྱོ་འགྱོཝ་མས།
- ཨ་ཞང་ཚེ་རིང་ལྷ་མོ/Azha Tshering Lham:ཏེ་ཁོ་མར་གཤམ་ཁ་མ་བལྟ་བས་བ་ཏེ་ཁོ་ དཔྱད་རིག་མེད་པར་ ཏེ་ནོར་གྱི་ཨ་བ་སྦྱར་སྡོད་སྡོཔ་འབད་ནི་འདི་གིས་ ཏེ་འ་ནཱ་ལུ་གསེར་གྱི་ གསེར་གྱི་[ཞོར་ཀོ་?] ཆུང་ཀུ་རེ་འ་ནཱི་ཨ་བ་གུ་སྦྱར་སྡོད་སྡོདཔ་ཡོདཔ་མས་བ་ ཏེ་ཡར་འབགསྦེ་འབད་བའི་བསྒང་ལས་ ཏེ་འདི་ཁྱོད་གསེར་ཨིན་མས་ཟེར་ཏེ་ གསེར་འཇལ་འཇལཝ་མས་ཟེར་ འ་ནཱི་ཕྱུག་པོའི་བུ་འདི་གིས།
- ཨ་ཞང་ཚེ་རིང་ལྷ་མོ/Azha Tshering Lham:ཁྱོད་གསེར་ག་ལས་ཐོབ་ཅི་ཟེར་ གསེར་ག་ཏེ་ལས་ཐོབ་ཅི་ཟེར་ ཏེ་གསེར་ཐོབ་ས་འདི་ ཁྱོད་ས་གོ་སྟོན་སྟོན་གནང་ཟེར་ ཁོ་ཡང་དགོ་པས་ཟེར་ ཕྱུག་པོའི་བུ་འདི་གིས། ཏེ་དེ་ལས་དྭཝ་བུཚ་འདི་གིས་ཕྲང་སླབ་ནུག ཏེ་ཁོ་གབ་ཆ་ར་ཨེབ་པའི་བསྒང་ལས་ ཏེ་ཁོ་ཕྲང་སླབ་ནུག་ ཏེ་ང་ཟ་ནི་མེད་པར་ ཏེ་འ་ནེ་སྦེ་ དྲོན་གོང་ཅིག་ལས་ཟ་ནི་མེད་ དེ་ཡང་རྦབ་རིལ་སྦེ་ ཏེ་མར་བྱི་ཙི་ཚང་ནང་འཛུལ་ བྱི་ཙི་དོང་ནང་ལས་མར་འཛུལ་སྦེ་རྟིང་བདའ་འགྱོ།
- ཨ་ཞང་ཚེ་རིང་ལྷ་མོ/Azha Tshering Lham:ཏེ་འ་ནཱི་སྦེ་ཐོབ་ཅི་ འ་ནཱི་སྦེ་ཨིན་ཟེར་ ཁོ་གིས་དྭངས་སངས་ས་ལེགས་ཤོམ་སྦེ་ ཏེ་དྭཝ་བུཚ་འདི་གིས་བཤད་དེ་སླབ་བྱིན་ནུག་བ་ཁོ་ལུ་ དེ་ལས་ཕྱུག་པོའི་བུ་འདི་གིས་ ཏེ་ཁོ་ལཱ་ཁག་འབད་ཁོ་ཟ་ནི་ཡོད་དེ་ཡང་ཏེ་ཁོ་ ཏེ་ལཱ་ཁག་འབད་དྲོན་གོང་བསྣད་ ཏེ་དྭཝ་བུཚ་འདི་བཟུམ་སྦེ་རང་འབག་འགྱོ་འགྱོཝ་མས་མར། ཏེ་དྭཝ་བུཚ་འདི་སྡོད་ས་འདི་གི་ས་གོ་ནང་སྡོད་འབད་སྦེ་ ལཱ་ཁག་འབད་དྭཝ་བུཚ་འདི་གི་ན་ལས་མར་ལུ་ རྦབ་རིལ་བཏང་སྟེ་ཁོ་གིས་ ཕྱུག་པོའི་བུ་འདི་གིས།
- ཨ་ཞང་ཚེ་རིང་ལྷ་མོ/Azha Tshering Lham:ཏེ་རྦབ་རིལ་བཏང་སྦེ་ ཏེ་ཕྲང་ཕྲང་འ་ནཱི་ནང་འཛུལ་ཡི་ཟེརཝ་མས་ལོ་ དྭཝ་བུཚ་འཛུལ་ས་ལས་མར་རང་ དྲོན་གོང་འདི། ཏེ་འ་ནཱི་ནང་ལས་མར་འཛུལ་འབད་སྦེ་ ཏེ་དེ་ལས་ཁོ་རྟིང་བདའ་འཛུལ་སོ་བ་ཏེ་ ཕྱུག་པོའི་བུ་འདི་གིས་ ཏེ་མར་དོང་ནང་འཛུལ་བའི་བསྒང་ལས་བྱི་ཙི་ཚུ་གིས་དྲི་དྲིསཝ་མས། ཁྱོད་ཡར་བཞེས་སྒོ་ག་ཅི་ཟ་དོ་ཟེར་ ཨ་ང་བཅས་འདི་ཡར་ལྟོ་འབད་ སྤགས་བཙོ་ ཨ་ནཱི་སྦེ་ར་ཟཝ་ཨིན་ ལྟོའི་གུ་སྤགས་བཀལ་ཏེ་ར་ཟཝ་ཨིན་ཟེར་ ཏེ་ཁོ་འ་ནཱི་སྦེ་སླབ་སླབ་མས།
- ཨ་ཞང་ཚེ་རིང་ལྷ་མོ/Azha Tshering Lham:ཏེ་དེ་བསྒང་ལསན་ ཏེ་མར་ལས་ ཏེ་ག་མེན་གུ་མེན་དྲོན་གོང་འ་ནིམ་རག་ཀ་རོག་ཀ་བྱིན་མས་ལོ་ཏེ་བཞེས་སྒོ་འདི་ཁོ་ལུ་ ཕྱུག་པོའི་བུ་འདི་ལུ། ཏེ་འ་ནེམ་ཅིག་ཟ་ ཏེ་དེ་ལས་ ག་ཅི་ལོ་ ཏེ་དྭཝ་བུཚ་འདི་ག་ཅི་ལོ་ ཕྱུག་པོའི་བུཚ་འདི་ཡར་ལོག་ཆི་འདུག ཕྱི་རུ་འོང་ མ་ལོགཔ་ཨིན་བ་ ཏེ་ཕྱི་རུ་ཉལ་སླབ་སླབ་མས་ ཏེ་མལ་ཆ་བཀབ་གེ་ཟེར་ ཏེ་མལ་ཆ་འ་ནཱི་ག་ཅི་གུ་ཅི་རག་ཀ་རོག་ཀ་འཐུ་བཀབ་ ཏེ་ཕྱི་རུ་བྱི་ཙི་སྤར་འོང་ ཁྱོད་མགུ་ཏོ་གུ་ལས་ཕར་ འ་ནཱི་བསྒང་ཁྱོད་རང་སྤྱུག་མ་བཀོཝ་མས་ ཡར་ལྷོདཔ་ད་སྤྱུག་སྨ་རེད་ཟེར་སླབ་སླབ་མས།
- ཨ་ཞང་ཚེ་རིང་ལྷ་མོ/Azha Tshering Lham:ཏེ་ཡ་ཡ་ཟེར་འདུག ཏེ་ཕྱུག་པོའི་བུ་འདིནི་ཉལ་སྦེ་ ནུབ་མོ་ཡུདཔ་ཅིག་ཁ་ལས་ཨིན་མས་ལོ་ བྱི་ཙི་གནམ་མེད་ས་མེད་སྤརཝ་མས་ད་རུང་ར་ ཏེ་འ་ནཱི་སྤར་ དེ་ལས་ དྲོ་པ་ལོང་བལྟ་བ་གིས་ བརྗིད་གནམ་མེད་ས་མེད་མགུ་ཏོ་བརྗིད་འདུག་ལོ་ཁོ་ཡང་ ཏེ་ཡར་ལྷོདཔ་ད་སྤྱུག་ཟེར་སླབ་སླབ་མས་བ་རོགས་བྱི་ཙི་ཚུ་གིས། ཏེ་རོགས་བྱི་ཙི་ཚུ་གིས་འ་ནཱི་སྦེ་སླབ་དེས་ཟེར་མནོ་འབད་སྦེ་
- ཨ་ཞང་ཚེ་རིང་ལྷ་མོ/Azha Tshering Lham:ཏེ་ན་ལས་ཡར་འགྱོ་ ཡར་ཁོ་རའི་ཁྱིམ་ན་ལྷོདཔ་ད་ ཏེ་དྭཝ་བུཚ་བཟུམ་སྦེ་གསེར་འཐོན་འོང་མནོ་མནོཝ་མས་ཏེ་ཁོ་གིས་འདི་ ཏེ་རེ་ལྡེ་སྦོམ་ཅིག་བརྐྱངས་ ཁོ་གིས་ཡང་སྤྱུག་སྤྱུགཔ་མས་ སྤྱུག་པའི་བསྒང་ལསནི་ བྱི་ཙི་ཨ་བ་རེ་ལྡེ་གང་ཨིན་མས་ཟེརཝ་མས་ལོ་ བྱི་ཙི་ཨ་བ་ བྱི་ཙི་ཨ་བ་རེ་ལྡེ་གང་ཨིན་མས་ཟེརཝ་མས་ལོ།
- ཨ་ཞང་ཚེ་རིང་ལྷ་མོ/Azha Tshering Lham:དེ་ལས་ ཏེ་ཕྱུག་པོའི་བུ་འདི་ ཏེ་བུང་འགམ་ གནམ་མེད་ས་མེད་ཙིགཔ་ཟ་སྟེ་ ཕྱུག་པོའི་བུ་འདི་ ད་འ་ནཱི་འབད་མི་འདི་ག་ཅི་སྨོ་ཟེར་བ་ཅིན་ ང་བཅས་མི་འདི་ད་རེས་ནངས་པ་ལུ་ གཅིག་གིས་གཅིག་ལུ་ཟེར་དང་ཕྲག་རྐྱབ་མི་བཏུབ་ཟེར་དངམ་ དེ་ལས་གཉིས་པ་ལུ་རོགས་ག་འབད་མི་འདི་རང་གིས་འབད་མི་བཏུབ་ཟེར་བའི་གི་ ཏེ་འ་ནཱི་གི་དཔེ་ཨིན་མས། འ་ནེམ་ཅིག་ཨིན།། །།