Skip to main content Skip to search
31 Aug 2015
11 min 41 sec
Video Overview
Creators: 
Sherig Dentshog, Sangay Choki

པདྨ་དགའ་ཚལ་ ཤུ་མར་ལས་ ཕངས་པའི་རྡོ་རྗེ་གིས་གཏང་མི་སྲུང་འདི་ནང་ ཤར་ཕྱོགསཔ་ཁ་ནང་༼ཨ་མ་མོ་རིན་མོ་༽ཟེར་ རྨགཔ་གྱོངས་པའི་ཨམ་སྲུ་ལུ་སླབ་ཨིན། ཨམ་སྲུ་འདི་གིས་ ཨ་ལོ་༼སྨན་སངས་༽ཟེར་ ཁེ་རྒོད་ཡོད་མི་ སྟོབས་ཤུགས་ཅན་ཅིག་ སྐྱེས་སྐྱེཝ་ཨིན་མས། འ་ནི་འབད་ནི་འདི་གིས་ གཞན་གྱིས་འདི་ཕར་བཞག་ རྒྱལཔོ་གིས་ཡང་ བཏུལ་མ་ཚུགསཔ་ཨིན་པས། སྲུང་འདི་གིས་ བརྗོད་དོན་འདི་ ཁེ་རྒོད་ཡོད་མི་ སྟོབས་ཤུགས་ཅན་ཅིག་ཨིན་པ་ཅིན་ མི་དབང་ཚད་ཅན་ཅིག་ཨིན་རུང་ གནོདཔ་སྐྱེལ་མི་ཚུགས་ ཟེར་བའི་དོན་ཨིན་མས།

 

Like in other parts of the world, storytelling is a very popular bedtime routine to entertain children in Bhutan. This particular story narrated by Phangpay Dorji from Shumar, is a tale about an orphan who later becomes a rich man due to being friends with a “Naga boy.” 

 

Transcript search
No results found for this search
0 of 0
  • འཕང་པའི་རྡོ་རྗེ་
    ཏེ་ཧེ་མ་ དྭཝ་བུཚུ་ སྡོད་ནི་གི་ ཁྱིམ་མེད་པར་ འཁན་པའི་ལྡུམ་རེ་ནང་ལུ་སྡོད་དེ་ ཏེ་རྒྱལ་པོའི་ ལཱ་འབད་དེ་ར་ སྡོད་སྡོདཔ་མས། རྒྱལཔོ་ ཕོཝ་ ལྟོའི་ཕོཝ་གི་དོན་ལས་ཨིན་ཟེར་ ལགཔ་ཡང་མེད་པར་ ཁོ་ལུ་ཏེ་ ཏི་རུ་ཡང་བྱིན་ནི་ཡང་མེད། དེ་སྦེ་བྱིན་བཞག་སྟེ་ ལྟོ་རྐྱངམ་གཅིག་ ཏེ་ཤུལ་ལས་ཏེ་ ཏེ་རྒྱལ་པོའི་ ལཱ་ལུ་འགྱོཝ་ད།
  • འཕང་པའི་རྡོ་རྗེ་
    སྦུལ་ཆུང་ཀུ་ཅིག་ འ་ནཱ་ ཁྱ་རྒོད་ཀྱིས་བཟུང་སྟེ་ འབག་འབགཔ་ཨིན་པས། ཁྱ་རྒོད་ཀྱིས་བཟུང་འབག་སྟེ་ ཨ་མ་ འ་ནཱི་ ག་ཅི་སྦེ་འབགཔ་ཨིན་ན་ཟེར་ ཏེ་ཁྱ་རྒོད་ལུ་ རྡོ་བླུགཔ་ད་ སྦུལ་ཆུང་ཀུ་ བུད་སོངཔ་ཨིན་པས། སྦུལ་ཆུང་ཀུ་ བུད་དེ་ དེ་ལས་ཏེ་ སྦུལ་ཆུང་ཀུ་གིས་ སླབ་སླབ་མས།
  • འཕང་པའི་རྡོ་རྗེ་
    ཨའེ་ ང་ མི་ཡུལ་ལུ་ བསྐོར་བ་འོང་འོངམ་ཨིན་ཟེར་ ང་ ཀླུའི་རྒྱལ་པོའི་སྲས་ཨིན་ཟེར་ སླབ་སླབ་མས། ང་ ཀླུའི་རྒྱལ་པོའི་སྲས་ཨིན་སྨ་རེ། ཁྱོད་ཀྱིས་ ང་སྲོག་སྐྱབས་འབད་ཡི། ཁྱོད་ཀྱི་ དྲིན་ལེན་འདི་ ང་གིས་ མ་པ་ལས་ར་འབྱོར་ནི་ཨིན། ཏེ་ཁྱོད་དེ་ འདྲོག་དགོཔ་ར་མེད། ངེ་ཁྱིམ་ནང་ འགྱོ་གེ་སྨ་རེ་ཟེར།
  • འཕང་པའི་རྡོ་རྗེ་
    སླབ་སྟེ་ འགྱོ་ནུག། འགྱོཝ་ད་ལུ་ཏེ་ མཚོ་ནང་ལུ་ འཛུལཝ་མས་ཟེར་ཨིན་པས། འ་ནཱི་ཨ་ལོ་འདི། འ་ནཱི་ སྦུལ་ཆུང་ཀུ་འདི་ ཆུ་ནང་ན་འཛུལ་ཏེ་ ཆུ་ནང་ འཛུལ་འགྱོཝ་ད་ལུ་ཏེ ད་ དྭཝ་བུཚུ་འདི་ ཕྱི་ཁར་ལུས་སྟེ་ ཆུ་ནང་འཛུལ་མ་ཚུགས་པར་ མཚོ་འ་ནཱེ་སྦེ་ སྤར་མི་ནང་ འཛུལ་མ་ཚུགས་པས་ལགས།
  • འཕང་པའི་རྡོ་རྗེ་
    དེ་ལས་ཏེ་ ད་རུང་ ཕྱི་ཁར་ཐོན་ཏེ་ ཁྱོད་ཀྱི་དྲིན་ལམ་འབྱོར་གེ་ཟེར་ ཏེ་གསེར་བྲེ་གིས་འཇལ་ཏེ་ འབག་ནི་སྨོ་ཟེར་ སླབ་འོང་ཟེར་ དངུལ་བྲེ་གིས་འཇལ་ཏེ་ འབག་ནི་སྨོ་ཟེར་ སླབ་འོང་ མར་ཨ་པ་གིས་ཟེར་ ཁྱོད་ མ་འདྲོག་ཟེར་ ཨ་པ་ར་ མིག་ཏོག་གསུམ་ཡོད་ཟེར་ སླབ་དེས་ཟེར་ཨིན་པས་ འ་ནཱི་ཨ་ལོ་ སྦུལ་ཆུང་ཀུ་གིས།
  • འཕང་པའི་རྡོ་རྗེ་
    ཨ་པ་མིག་ཏོག་གསུམ་ཡོད་ཟེར་ ཁྱོད་འདྲོག་མིན་དགོ་ཟེར་ ཏེ་སྒོའི་རྒྱབ་ཁར་ ང་བཅས་ཀྱི་ རོ་ཁྱི་རྐོང་ཟད་ཅིག་ཡོད་ཟེར་ རོ་ཁྱི་རྐོང་ཟད་ཅིག་ཡོད། འ་ནཱི་ རོ་ཁྱི་རྐོང་ཟད་འདི་ གནང་ཟེར་ སླབ་ཟེར་ འ་ནཱི་འདི་གནང་ཟེར་ གཞན་ག་ཅི་ཡང་ ང་མི་ཞུ་ཟེར་ སླབ་ད་ ཁྱོད་ཀྱི་ཟེར་ སླབ་ནུག་ལགས།
  • འཕང་པའི་རྡོ་རྗེ་
    འ་ནཱི་ སྦུལ་ཆུང་ཀུ་གིས་ འ་ནཱེ་སྦེ་ སླབ་ཞིནམ་ལས་ཏེ་ ཡ་ ཁྱོད་འོང་མི་ཚུགས་པས་ག་ཟེར་ དེ་ལས་ཏེ་ བ་གི་ཨ་བ་ ཆུའི་མཐའ་མ་བཀལ་ཏེ་ ཁྱོད་ མིག་ཏོག་བཙུམ་ཏེ་ མཆོངས་ད་ཁྱོད་ཟེར་ སླབ་ནུག་སྦུལ་ཆུང་ཀུ་གིས་ སྟོན་བྱིན་ནུག་དྭཝ་བུཚུ་ལུ་ མཆོངས་བཏངམ་ད་ འགྱེལ་ཏ་རྐྱབ་སྟེ་འབདཝ་ད་ མཚོ་ནང་ན་འཛུལ་སྟེ་ ཏེ་ཁྱིམ་འདུག་ཟེར་ཨིན་མས་ནང་ན།
  • འཕང་པའི་རྡོ་རྗེ་
    ེཏེ་དོན་དག་པ་ར་ཨིན་པས་ཟེར་ཨིན་པས། མིག་ཏོག་སྦོམ་སྦོམ་ཙང་ཙ་འདུག་ཟེར་ཨིན་པས་མར་ ཨ་པ་ ཀླུའི་རྒྱལ་པོ་ཟེར་ ཏེ་ག་བཟུམ་ མཚོའི་གནས་པོ་ཨིན་པས། དེ་ལས་ཏེ་ དེ་སྦེ་འཁྱིད་ཏེ་ དེ་ལས་ཏེ་ རོ་ཁྱི་ཅིག་བྱིན་ཏེ་ ཏེ་ཨ་མ་ཟེར་ ཕངས་ནུག་ཏེ་ ངེ་རོ་ཁྱི་རྐོང་ཟད་འདི་ གནམ་ར་འབད་རུང་ བྱིན་ནི་མིན་འོང་ཟེར་ སླབ་དེས་ཟེར་ཨིན་པས།
  • འཕང་པའི་རྡོ་རྗེ་
    ངེ་རོ་ཁྱི་རྐོང་ཟད་འདི་ བྱིན་ནི་གི་ར་མེན། ཨིན་རུང་ ངེ་བུ་ ངེ་བུ་འདི་ ཤི་ནི་གི་ ཤི་ནི་འབདཝ་ད་ ཁྱོད་ཀྱིས་ སྐྱབས་འབད་ནུག། ཁྱོད་ཀྱིས་ གནམ་མེད་ས་མེད་ ལེགས་ཤོམ་སོང་ནུག་ ཐབས་མིན་འདུག་མས་ཟེར་ ཏེ་ལྟོ་བཅིང་སྟེ་ བྱིན་མས་ཟེར་ཨིན་པས་ མར་ལས་ ཨ་པ་དང་ཨ་མ་གིས་ ལྟོ་བཅིང་བྱིན་ཏེ་ ཡ་ ཁྱེད་གཉིས་ ཆུའི་མཐའ་མ་ལུ་ལྷོདཔ་ད་ མཚོའི་མཐའམ་ལུ་ལྷོདཔ་ད་ གཅིག་ཁར་བཟའ་ཟེར།
  • འཕང་པའི་རྡོ་རྗེ་
    སླབ་དེས་ཟེར་ཨིན་པས། ཏེ་ཆུའི་མཐའ་མ་ལས་ཐོན་འོང་སྟེ་ ཏེ་ཁོང་གཉིས་ ཨ་ཙི་ཅིག་མ་དགའ་བས་ཏེ་ རོ་ཁྱི་རྐོང་ཟད་འདི་ཨིན་པས། རོ་ཁྱི་དང་ མི་ ལྟོ་བཟའཝ་ད་ཏེ་ ཨ་ཙི་ཅིག་ བགོ་བཤའ་རྐྱབ་ཏེ་བྱིནམ་ད་ རོ་ཁྱི་གིས་ ལོག་ཡར་སོང་ཡི་ཟེར་ཨིན་པས། དེ་ལས་ཏེ་ ད་རུང་ ག་ཏེ་ཨིན་ན་ཤེས་སྟེ་ ད་རུང་ ཁོ་གིས་ ཧེ་མའི་ནང་འཛུལ་ཏེ་འགྱོཝ་ད་ལུ་ཏེ།
  • འཕང་པའི་རྡོ་རྗེ་
    ད་རུང་ མར་སོང་སྟེ་ ཉལ་སྡོད་ནུག་ཟེར་ཨིན་པས་ རོ་ཁྱི་རྐོང་ཟད། ང་གིས་ ད་རུང་ དེ་བཟུམ་སྦེ་འོང་ཡི་ ད་འབདན་ཟེརཝ་ད་ ལྟོ་བཅིང་བཅིངམ་དེ་སྦེ་ བཟའ་ནུག་ ཁྱོད་ཀྱིས་ ཨ་ཙི་ཅིག་ གཅིག་ཁར་ར་བཟའ་ཟེར་ སླབ་སྟེ་ དེ་ལས་ཏེ་ འོང་སྟེ་ ད་རུང་ར་ ལོག་འཐེན་འཁྱིད་འོང་སྟེ་ ཏེ་མཚོའི་མཐའ་མར་ལྷོད་དེ་ ལྟོ་བཅིང་བཅིངམ་ གཅིག་ཁར་བཟའ་ཡི་ཟེར་ཨིན་པས།
  • འཕང་པའི་རྡོ་རྗེ་
    ཁོ་ཁམ་ཏོ་གཅིག་ རོ་ཁྱི་ཁམ་ཏོག་གཅིག་ ཁོ་ཁམ་ཏོག་གཅིག་ རོ་ཁྱི་ཁམ་ཏོག་གཅིག་སྦེ་བཟའ་སྟེ་ དེ་ལས་ཏེ་ དེ་ལས་ ཁོ་གི་ འཁན་པའི་ཁྱིམ་ནང་ ལྷོད་ནུག། ཁོ་གི་ གུར་ཁྱིམ་ནང་ལྷོད་དེ་ ཏེ་ཉིནམ་གསུམ་བཞི་དེམ་ཅིག་ རྒྱལ་པོའི་ལཱ་སར་མ་འགྱོ་བས། ཏེ་མ་འགྱོ་བར་སྡོདཔ་ད་ ཏེ་ཁོ་སོང་ནུག། ལཱ་སར་སོང་སྟེ་ ད་རུང་ ལྟོ་ཁོདམ་འབག་བྱིན་ཏེ་།
  • འཕང་པའི་རྡོ་རྗེ་
    བདུན་ཕྲག་གཅིག་དེམ་ཅིག་འགྱོཝ་ད་ལུ་ མེའི་ཤིང་དུམ་གཉིས་སྒྲིགས་བཞག་ནུག་ཟེར་ ཨིན་མས་ཐབ་ནང་། ཐབ་མེད་པའི་ ཐབ་རྡོ་གསུམ་བཙུགས་སྟེ་ མེའི་ཤིང་དུམ་ ཤིང་གཉིས་སྒྲིགས་བཞག་སྟེ་ དབའི་ཟེར་ འ་ནཱ་ལས་ཡང་ རྣམ་རྟོག་མེད་པར་འགྱོ་སྟེ་ ད་རུང་ འགྱོ་རུང་ རོ་ཁྱི་རྐོང་ཟད་འདི་ སྒོའི་རྒྱབ་ཁར་ར་ ཉལ་ཏེ་འདུག་ཟེར་ཨིན་པས།
  • འཕང་པའི་རྡོ་རྗེ་
    རྒྱལ་པོའི་ ཕར་ལས་ལྟོ་ ཁོདམ་འབག་བྱིན་ཏེ་ ཏེ་ཁོ་ཡང་བཟའ་བཅུག་སྟེ་ ཏེ་དེ་སྦེ་འབད་དེ་ ད་རུང་ ནངས་པ་ ལཱ་སར་སོང་ནུག། སོང་སྟེ་ ཧ་ལམ་ ཟླཝ་ལྷགཔ་ཅིག་འགྱོཝ་ད་ལུ་ཏེ་ ཀ་ལ་རྫམ་ཆུང་ཀུ་ འ་ནཱི་ བཟུམ་གཉིས་ལྷོད་དེ་ ལྟོ་འབད་ནུག་ལོ་ ཚོདམ་བཙོ་ནུག་ལོ་ ཁོ་གི་ཁྱིམ་ནང་། དབའི་ ངེ་ཁྱིམ་ནང་ དེ་སྦེ་བྱིན་མི་ཅིག་ ཐོན་ནུག་སྨ་རེ་ ད་འབདན་ཟེར།
  • འཕང་པའི་རྡོ་རྗེ་
    ག་ཟེར་ཅིག་གིས་ བྱིནམ་ཨིན་ན་ འ་ནཱི་བཟུམ་སྦེ་ ལྟོ་དང་ ཚོདམ་བཟོ་སྟེ་ཟེར་ སླབ་སྟེ་ ཏེ་འ་ནཱི་ རོ་ཁྱི་ལུ་བལྟཝ་ད་ རོ་ཁྱི་འདི་ དེ་ནང་ར་འདུག་ལོ་ སྒོའི་རྒྱབ་ཁར་ར་སྡོད་དེ་ དེ་ལས་ཏེ་ དབའི་ མི་བཏུབ་པས། འ་ནཱི་འདི་ཟེར་ ཚར་ཅིག་འདི་ བལྟ་ར་བལྟ་དགོ་ནི་མས་ ངེ་ཁྱིམ་ནང་ འདི་བཟུམ་སྦེ་ མེས་མེད་བཅོས་མི་ག་ཡང་མེད་ཟེར།
  • འཕང་པའི་རྡོ་རྗེ་
    མེས་མེད་བཅོས་མི་ཅིག་ལྷོད་ནུག་ ངའི་ཁྱིམ་ནང་་ ལྟོ་ ཚོདམོ་ག་ར་བཟོ་ནུག། ད་འབདན་ཟེར་ རོ་ཁྱི་ལུ་བལྟཝ་ད་ རོ་ཁྱི་དེ་ནང་ར་འདུག་ཟེར་ ཏེ་རོ་ཁྱི་ལུ་ཡང་ བླུག་བྱིན་ཏེ་ འ་ནཱི་ལྟོ་ལས་ བླུག་བྱིན་ཏེ་ ཏེ་རྒྱལ་པོའི་ཕར་ལས་ཡང་ ལྟོ་འབག་སྟེ་ ཏེ་མཇའ་ཆི་ཆི་སྦེ་བཞག་སྟེ་ འ་ནཱི་གི་ཤུལ་ལས་ བདུན་ཕྲག་ ཟླཝ་ལྷག་ཙམ་འགྱོཝ་ད་ལུ་ཏེ་ ཁོ་གིས་
  • འཕང་པའི་རྡོ་རྗེ་
    ག་ཨིན་ན་ཅིག་གིས་ མེས་མེད་བཅོསཝ་མས་ང་ཟེར་ སླབ་སྟེ་ ཁོ་སྡོད་སྡོདཔ་མས། གཡིབ་སྟེ་ ལཱ་སར་འགྱོ་བཟུམ་བཏབ་སྟེ་ གཡིབ་སྡོད་སྡོདཔ་མས། རོ་ཁྱི་རྐོང་ཟད་དེ་ ཧིང་སངས་ས་ར་ ཕུད་དེ་འདུག་ཟེར་ཨིན་པས་ལགས། བུམོ་ འཇའ་རིམ་གནམ་མེད་ས་མེད་འདུག་ཟེར་ཨིན་པས། འ་ནཱི་ རོ་ཁྱི་རྐོང་ཟད་ནང་ལས་ཐོན་ཏེ་ སོ་ཏོག་ཟེར་ ལཱ་འབད་དེ་འདུག་ཟེར་ཨིན་པས་ཁྱིམ་ནང་ མོ།
  • འཕང་པའི་རྡོ་རྗེ་
    འ་ གནམ་མེད་ས་མེད་ ལཱ་འབད་དེ་ མོ་གིས་ འབད་ནུག། དེ་ལས་ཏེ་ དབའི་ ཁྱོད་འདི་བཟུམ་སྦེ་ཡོད་པ་ཅིན་ ང་ཡང་ ལཱ་འབད་བར་འགྱོ་དགོཔ་ར་མེད་ཟེར་ སླབ་ད་ལུ་ཏེ་ དབའི་ ཁྱོད་ཀྱིས་ ང་ མཐོང་ནི་ཧ་སོང་ཡི། ང་བཅས་ཕྱད་མདའ་ ལེ་ཤ་ལང་འོང་ད་འབདན་ཟེར་ སླབ་དེས་ཟེར་ཨིན་པས།
  • འཕང་པའི་རྡོ་རྗེ་
    འ་ནཱི་ བུམོ་གིས་ སླབ་དེས་ཟེར་ ཨིན་མས་ད་འབདན་ ཏེ་ཕྱད་མདའ་ལེ་ཤ་ལང་འོང་ བལྟ་སྨ་རེ། རྒྱལ་པོ་གིས་ ང་བཅས་ལུ་ དགྲ་འཁྱིད་འོང་ཟེར་ སླབ་དེས་ཟེར་ཨིན་པས། དེ་ལས་ཏེ་ ཡ་ཡ་ ཏེ་ག་དེ་སྦེ་ནི་ཟེར་ ཁོ་གིས་ ལཱ་སར་མ་འབད་བར་བཞག་ནུག་ལགས། ཏེ་ལཱ་མ་འབད་བར་ ཁྱིམ་ནང་སྡོད་ད་ནུག་མེན་ན། ཁྱིམ་ནང་སྡོདཔ་ད་ ཏེ་སྒརཔ་ལྷོད་དེ་ཟེར་ཨིན་པས། རྒྱལ་པོའི་སྒརཔ་ཚུ།
  • འཕང་པའི་རྡོ་རྗེ་
    ཁོ་གི་ འ་ནཱི་ཁྱིམ་ནང་ དེ་ལས་ཏེ་ ཕར་བལྟ་ཞུ་ལོག་ཞུ་ནུག། དེ་ལས་ཏེ་ དྭཝ་བུཚུ་ ག་ཅི་འོང་ནི་ཟེར་ ལྟོ་དང་ཚོདམོ་ག་ཅི་ཡང་ ཐོབ་ཡར་སོང་ནུག། འ་ གྱིབ་མ་ནང་བཞགཔ་ད་འཁྱེག་ནི་བཟུམ་སྦེ་འདུག། ཉིམ་ནང་བཞགཔ་ད་ བཞུ་ནི་བཟུམ་སྦེ་ བུམོ་ཅིག་འདུག་ ཁོ་གི་ ཁྱིམ་ནང་ཟེར་ སླབ་ནུག།
  • འཕང་པའི་རྡོ་རྗེ་
    དེ་ལས་ཏེ་ འ་ནཱ་ལས་ཏེ་ རྒྱལ་པོ་བྱོན་ཏེ་ བྱོན་བལྟ་ནུག་ ཏེ་ད་འབདན་ ངེ་གསང་ཡུམ་སྦེ་འཁྱིད་ནི་ཨིན་ཟེར་ འ་ནཱི་འདི་ཟེར་ ཧད་བཏགས་འཚོལ་ནུག་ད་འབདན་ ཏེ་ཕྱད་མདའ་རྐྱབ་ཨིན་ལོ་ ཁོང་གཉིས་དེ་ལས། ནངས་པ་ ཁྱོད་ བསྐོར་ལམ་ལས་འོང་དགོ། ང་ ཕྲང་ལམ་ལས་འགྱོ་དགོ་ཟེར་ སླབ་དེས་ཟེར་ཨིན་མས་ རྟ་གུ་བཞོན་ཏེ་ ཡར་བཏགས་ས་ ག་ལྷོད་ནི་ཨིན་ན་ ང་བཅས་གཉིས་ཀྱིས་ དུས་སྟབས་ཡར་ལུ་ འ་ནཱ་བཞག་ནི་ ང་བཅས་གཉིས་ཟེར།
  • འཕང་པའི་རྡོ་རྗེ་
    དེ་སྦེ་སླབ་སྟེ་ ལ་མ་ དེ་ལས་ཏེ་ འ་ནཱི་ བུམོ་ལུ་ སླབ་ནུག་ཏེ་ ད་འབདན་ རྒྱལ་པོ་ང་བཅས་གཉིས་ཏེ་ ད་འབདན་ ང་ ད་རེས་ཟེར་ སླབ་ད་ ཨའེ་ མཚོའི་མཐའ་མར་སོང་ཁྱོད་ བཏུབ་ག? ཨ་པ་ ཨ་པ་ཟེར་ སླབ་སྟེ་ ང་ རྟ་ཅིག་ཞུ་གེ་ཟེར་ སླབ་ཟེར་ སླབ་སྟེ་ དེ་ལས་ རྒྱབ་འགྱིར་སྡོད་ཟེར་ སླབ་དེས་ཟེར་ཨིན་པས།
  • འཕང་པའི་རྡོ་རྗེ་
    དེ་སྦེ་ རྒྱབ་འགྱིར་སྡོདཔ་ད་ལུ་ཏེ་ རྟ་ སྤུ་ཨ་ཙི་ཅིག་ར་མེད་པའི་ བོང་ཀུ་ཅིག་ ཕྱི་ཁར་བཏོན་བཞག་ནུག་ཟེར་ཨིན་པས་ མཚོ་ནང་ལས། འ་ འ་ནཱི་ འཁྱིད་དེ་འབདཝ་ད་ ཏེ་དུས་ཚོད་བཀག་སྟེ་ ཁོང་གཉིས་ ཏེ་ཆུ་ཚོད་བརྒྱད་ལས་ དྭཝ་བུཚུ་ བསྐོར་ལམ་ལས་འགྱོ་ནི་ཨིན་པས། རྒྱལ་པོ་ཕྲང་ལམ་བདའ་སྟེ་ དྲེལ་ལུ་བཞོན་ཏེ་འགྱོ་ནི་ཨིན་པས།
  • འཕང་པའི་རྡོ་རྗེ་
    ཨ་ འ་ནཱི་ རྟ་མགྱོགས་ནུག་ཟེར་ཨིན་མས་ ཡར་ ལྷོད་ནི་གི་ ཡར་ ཁོ་མགྱོགས་སྟེ་ ཁོ་མགྱོགས་སྟེ་ ཏེ་དེ་ལས་ འ་ནཱི་གིས་ཕམ་སོང་ནུག་ཁོ། ཏེ་ནངས་པ་ བྱ་པོད་འཛིང་བཅུག་ནི་ཟེར་ སླབ་དེས་ཟེར་ཨིན་པས་ ད་རུང་ར། བྱ་པོད་གཉིས་འཛུང་བཅུག་ནི་ཟེར་ ཏེ་ཡ་ཡ་ བཏུབ་ཟེར་ ང་ག་དེ་སྦེ་ནི་ཟེར་ ད་རུང་ར་ སྡུག་བསྔལ་ཕོག་ནུག། ཁོ་ལུ་འདི་ ག་ནི་མིན་འདུག་མེནན་ཏེ? དེ་ལས་ཏེ་ ད་རུང་ར་ ག་ཅི་སླབ་དེས་ཟེར་ སླབ་སླབ་མས་ འ་ནཱི་བུམོ་གིས།
  • འཕང་པའི་རྡོ་རྗེ་
    དེ་སྦེ་སླབ་དེས་ཟེར་ སླབ་སླབ་མས། རྟ་ལོག་སྐྱེལ་ད་ མར་ལུ་ བྱ་པོད་ཅིག་གནང་ཟེར་ སླབ་སྟེ་ རྒྱབ་འགྱིར་སྡོད་ཟེར་ སླབ་དེས་ཟེར་ཨིན་པས། འ་ བྱ་པོད་ བྱ་པོད་ སྤུ་ ག་ཅི་ཡང་མེད་མི་ཅིག་ བཀལ་བཞག་ནུག་ཟེར་ ཨིན་པས་ཕྱི་ཁར། འ་ འ་ནཱི་ ལོག་འབག་འོང་སྟེ་ ཆུ་ཚོད་བརྒྱད་ལུ་ རྒྱལ་པོའི་ཐང་ནང་ འཐོན་ནི་ཨིན་པས་ཏེ་ ཁོང་གཉིས་ བྱ་པོད་འཛིང་བཅུག་ནི་སྦེ།
  • འཕང་པའི་རྡོ་རྗེ་
    འབདཝ་ད་ རྒྱལ་པོའི་ བྱ་པོད་བསད་ད་ཡི་ཟེར་ཨིན་པས་ད་འབདན་ དབའི་ འ་ནཱི་ མི་ རྟ་གུ་བཞོན་རུང་ ཁོ་ར་རྒྱལ་ཡི། བྱ་པོད་འཛིང་རུང་ ཁོ་ར་རྒྱལ་ཡི། དབའི་ ག་ཅི་སྦེ་ཨིན་ན་ཟེར་ མནོ་ནུག། ཨ་ དེ་ལས་ཏེ་ འ་ནཱི་ ལོག་སྟེ་བསྐྱལ་ཏེ་ ད་རུང་ར་ ཁྱོད་ ཆུ་ཚོད་བརྒྱད་ལུ་ རྒྱ་ཚ་ཐབས་བཅུག་ནི་ཟེར་ སླབ་དེས་ཟེར་ཨིན་པས།
  • འཕང་པའི་རྡོ་རྗེ་
    ཡ་ ག་ཅི་ཨིན་ན་ ང་ད་འབདན་ ག་ཅི་འབད་དྲག་ག་ཟེར་ མནོ་ནུག་ཨ་ལོ་ཏེ། ཨ་ལོ་མནོ་སྟེ་ སྡུག་བསྔལ་ཕོག་ཆེ་ནུག། འ་ནཱི་ སླབ་ནི་མང་བ་ཅིན་ ངོ་ཚ་ནི་ཨིན་པས་ཟེར་ འ་ དེ་ལས་ཏེ་ དེ་ལས་ བྱ་པོད་ལོག་ མར་བལྟ་སྐྱེལ་ཏེ་ ག་ཅི་ལོ་ སྐྱེལ་ཏེ་ རྒྱ་ཚ་འབག་ཡི་ཟེར་ཨིན་པས་ ད་རུང་། འ་ རྒྱ་ཚ་ཐབས་ཅི་ཟེར་ཨིན་པས། དུས་ཚོད་ལུ་ འབདཝ་ད་ལུ་ རྒྱལ་པོའི་རྒྱ་ཚ་ བསད་ཡི་ཟེར་ཨིན་པས་ད་རུང་ འ་ནཱི་ རྒྱ་ཚ་གིས་འཐབ་སྟེ།
  • འཕང་པའི་རྡོ་རྗེ་
    མཚོ་གླང་ལུ་ ག་དེ་སྦེ་འབད་ཚུགས་ནི་ ཏེ་ཕར་ མཇུག་བསྡུ་སྟེ་ དེ་ལས་ཏེ་ དབའི་ ནངས་པ་འདི་ ཞིམ་རྩི་དཀརཔོ་ དོས་གཅིག་འགྱོ་འགྱོཝ་གི་ ཚལ་ མ་བརྫམ་དགོ་ཟེར་ སླབ་དེས་ཟེར་ ཨིན་མས་ ཁོ་ལུ། ཞིམ་རྩི་དཀརཔོ་ དོས་གཅིག་འགྱོ་འགྱོཝ་གི་ ཚལ་མ་ད་ལྟོ་ར་ འབད་ཚར་དགོ་ཁྱོད་ཟེར་ སླབ་དེས་ཟེར་ ཨིན་པས་ལགས།
  • འཕང་པའི་རྡོ་རྗེ་
    དེ་སྦེ་འབད་ཞིནམ་ལས་ ད་ལྟོ་ར་ བཏབ་ཚར་དགོ་ཟེར་ སླབ་དེས་ཟེར་ ཨིན་པས་ལགས། ཡ་བླ་མ་མཁྱེན་ དེ་ལས་ཏེ་ དབའི་ ད་རུང་ ཕར་ རྒྱ་ཚ་མར་བལྟ་བསྐྱལ་ཏེ་ འ་ནཱི་ཟོརཝ་གྱལ་སྦེ་བཞགཔ་ད་ ཟོརཝ་གིས་ བརྫམ་ཚར་ཡི་ཟེར་ཨིན་པས། ཏག་ཏ་ཏེག་ཏེ་ཟེར་ ཚལ་མ་ཆ་མཉམ་ བརྫམ་ཚར་ཏེ་ ཏེ་དེ་འཕྲོ་ལས་བཙུགས་ཟེར་ སླབ་དེས་ཟེར་ ཨིན་པས།
  • འཕང་པའི་རྡོ་རྗེ་
    ཞིམ་རྩི་དཀརཔོ་གི་ སོན་དོས་གཅིག་འགྱོ་མི་འདི་ དུས་འཕྲོ་ལས་བཏབ་ཟེར་ སླབ་དེས་ཟེར་ཨིན་པས། ཏེ་བཏབ་ཅི་ཟེར་ཨིན་པས་ དེ་ལས་འབདན་ འ་ བཏབ་སྟེ་ ཟོརཝ་ལོག་བསྐྱལ་ཏེ་ ལོག་སྟེ་ ད་ལྟོ་ར་ འཐུ་ཟེར་ སླབ་དེས་ཟེར་ ཨིན་པས་ལགས། དེ་ལས་ཏེ་ དེ་སྦེ་ སླབ་དེས་ང་ཟེར་ སླབ་སྟེ་ ད་རུང་ མར་བལྟ་འགྱོཝ་ད་ལུ་ཏེ་་ བྱི་ཅུང་ཚུ་བཏང་ཡི་ཟེར་ ཨིན་པས། བྱི་ཅུང་རྩིའུ་གཅིག་བཏོན་བཞག་སྟེ་འདུག་ཟེར་ཨིན་པས།
  • འཕང་པའི་རྡོ་རྗེ་
    ལོག་སྟེ་ ཀྲིག་ཀྲི་བཏོན་བྱིན་ནུག་ ཁོ་གིས་ལོག་སྟེ་ ད་རུང་ར་ འ་ནཱི་ ཞིམ་རྩི་དཀརཔོ་ ད་ལྟོ་བཙུགས་སྟེ་ ད་ལྟོ་ར་ ལོག་སྟེ་ དོས་གཅིག་ཀྲིག་ཀྲི་ རྒྱལ་པོ་ལུ་ལོག་སྟེ་ འཇལ་བྱིན་ཏེ་ དེ་ལས་ཏེ་ འ་ནཱི་ བྱི་ཅུང་ཚུ་བསྐྱལ་ཏེ་ དེ་ལས་ཏེ་ ནངས་པ་ ཆུ་ཚོད་བརྒྱད་ལས་ ཕྱད་མདའ་ཨིན་མས་ ཁོང་གཉིས་དེ་ལས་ཏེ།
  • འཕང་པའི་རྡོ་རྗེ་
    ག་ཅི་སླབ་དེས་ཟེར་ སླབ་སླབ་ཨིན་པས། འ་ནཱི་ བུམོ་ལུ་ སླབ་སླབ་མས། དེ་སྦེ་སླབ་དེས་ འ་ནཱེ་སྦེ་ སླབ་དེས་ཟེར་ སླབ་ད་ལུ་ སྒྲོམ་ཆུང་ཀུ་ཅིག་འོང་ ཕྱད་མདའ་དེ་མ་བལྟ་ ལྗིད་ཡོད་འབགཔ་ད་ལུ་ཟེར་ སླབ་དེས་ཟེར་ཨིན་པས། འ་ནཱི་ རོ་ཁྱི་རྐོང་ཟད་ཀྱི་ བུམོ་གིས་ འ་ནཱི་ འབག་ཤོག་ཟེར་ སླབ་སྟེ་ ཏེ་ག་དེ་སྦེ་འཐུ་བལྟ་རུང་ འབད་མ་ཚུགས་པས་འདུག་ཟེར་ཨིན་པས་ ལྗིད་དེ་དབའི།
  • འཕང་པའི་རྡོ་རྗེ་
    འ་ རྩ་འགེངས་ཏེ་ རྔུལ་ནག་ཙར་ཙིར་སྦེ་ཐོན་ཏེ་ མར་ ཆུའི་མཐའ་མ་ལས་འབག་སྟེ་ རྡོ་སྦོམ་ཅིག་ལུ་ལྷོདཔ་ད་ལུ་ ས་ཁར་བཞག་སྟེ་ ཕྱི་བཏངམ་ད་ལུ་ཏེ་ ག་ཨིནམ་སྨོ? ག་ཨིནམ་སྨོ? ཟེར་ ཐོཝ་ཆུང་ཀུ་ འ་ནཱི་བཟུམ་ ཙང་ཙ་ཐོན་དེས་ཟེར་ཨིན་པས། ག་ཨིནམ་སྨོ? ག་ཨིནམ་སྨོ?ཟེར་ སླབ་དེས་ཟེར་ཨིན་པས། རྡོ་གི་གུ་ རྡོ་གུ་སླབ་ཅིག་ཟེར་ཨིན་པས། རྡོ་བརྡུང་རྡོ་བརྡུང་ཟེར་ སླབ་བཞག་སྟེ།
  • འཕང་པའི་རྡོ་རྗེ་
    འ་ རྡོ་གུ་ རྡོ་གུ་ རྡོ་གུ་ཟེར་ སླབ་ད་ ཏེ་རྡོ་མཇུག་བསྡུ་ཡི་ཟེར་ཨིན་པས་དཀྲུམས་ཏེ། འུམ་ འ་ནཱི་གིས་ ཕན་ཐོགས་ནི་ཨིན་པས་ཟེར་མནོ་སྟེ་ དེ་ལས་ཏེ་ ཕར་ ནངས་པ་ ལོག་སྟེ་ བསྡམས་སྦེ་ འབག་སོང་སྟེ་ ཡར་ ཁྱིམ་ནང་ལྷོདཔ་ད་ ཨམ་སྲུ་གིས་ སླབ་དེས་ཟེར་ཨིན་པས། འ་ནཱི་ མཚོའི་བུམོ་གི་ དབའི་ ཁྱོད་ཀྱིས་ དཀྲོགས་ནུག་སྨ་རེ་ འ་ནཱི་ཟེར་ ག་དེ་སྦེ་ བྱོག་ཐལ་ཡི་ཟེར་ སླབ་དེས་ཟེར་ཨིན་པས།
  • འཕང་པའི་རྡོ་རྗེ་
    ཏེ་མ་པ་ལས་ར་ འབག་མ་ཚུགས་པར་ ཨ་ཙི་ཅིག་ཕྱི་ལྟགཝ་ད་ ག་ཨིནམ་སྨོ? ག་ཨིནམ་སྨོ? ཟེར་སླབ་དེས། རྡོ་གུ་ རྡོ་གུ་ཟེར་ སླབ་བཞག་ཡི་ ང་འདི་ ཨིན་ན་མེན་ན་མ་ཤེས་ རྡོ་སྦོམ་ཅིག་ དཀྲིམས་ཟེར་ སླབ་ཅི་ཟེར་ ཨིན་མས་ ཁོ་གིས། འ་ནཱི་ རྡོ་ཆུང་ཀུ་ཚུ་གིས་ ཏེ་ནངས་པ་འདི་ ཆུ་ཚོད་བརྒྱད་ལས་ ཁྲོམ་ཁར་ཐོནམ་ཨིན་པས། ཁོང་གསུམ་ ཕྱད་མདའ་ལུ་ ད་འབདན།
  • འཕང་པའི་རྡོ་རྗེ་
    ཏེ་རྒྱལ་པོའི་ མི་ཚུ་ རྒྱལ་པོ་ འ་ནཱི་ཚུ་འཁྱིད་དེ་ ཕིར་ཕིར་འབདཝ་ད་ འ་་་་སྒྲོམ་ཕྱི་བཏངམ་ད་ ག་ཨིནམ་སྨོ? ག་ཨིནམ་སྨོ? ད་ མི་གུ་ མི་གུ་ཟེར་ སླབ་ནུག་ཁོ་གིས། མི་གི་ དེ་སྦེ་ སླབ་ད་ལུ་ ཆ་མཉམ་བསད་ཚར་ཡི་ཟེར་ཨིན་པས་ད་ལས། རྒྱལ་པོའི་མི་ཚུ་ག་ར་བསད་བཞག་སྟེ་ ཏེ་བསད་ཞིནམ་ལས་ཏེ་ ལོག་འབག་སྟེ་ མར་ མཚོ་ནང་ར་ ཨ་མ་འདི་ཨ་མ་ལུ་ར་ སྤྲོད་ནུག་འ་ནཱི་ ལོག་སྟེ་ རྩིས་སྤྲོད་འབད་དེ།
  • འཕང་པའི་རྡོ་རྗེ་
    དེ་ལས་ཏེ་ ག་ར་ཚར་ཏེ་ ཏེ་རྒྱལ་པོའི་ གཟིམ་ཅུང་ནང་ འ་ནཱི་ རོ་ཁྱིའི་པགས་ཀོ་ གྱང་བཞི་བཟོ་སྟེ་ གཅིགཔ་འདི་ རྟའི་རྟ་ར་ནང་བཀོ་སྟེ་ གཅིགཔ་འདི་ ནོར་གྱི་ཁྱིམ་ནང་བཀོ་སྟེ་ གཅིགཔ་འདི་ ཡར་སྟེང་ཐོག་གཉེར་ཚང་ནང་བཀོ་སྟེ་ ག་ཅི་ལོ་ ཤ་ཁང་ནང་བཀོ་སྟེ་ གཅིགཔ་འདི་ གཉེར་ཚང་ནང་ལུ་བཞག་སྟེ་ དེ་སྦེ་ཁ ོང་གཉིས་ ནུབ་མོ་ཉལ་ནུག།
  • འཕང་པའི་རྡོ་རྗེ་
    ཏེ་ཉལ་སྡོདཔ་ད་ ནངས་པ་ གནམ་བསྲོ་སྟེ་ ག་ཅི་ལོ་ གཉིད་ཚོར་བལྟཝ་ད་ ནོར་ཁྱིམ་ནང་ ནོར་ལེ་ཤ་འགྱོ་ནུག། རྟའི་རྟ་ར་ནང་ རྟ་གང་སྟེ་ ཤ་ ཡར་ ཐོག་ལུ་ སྟེང་ཐོག་ལུ་ ཤ་དང་ སྦྱིན་བདག་ག་ར་འགྱོ་ནུག་ཟེར་ དེ་སྦེ་འགྱོ་སྟེ་འདུག་ཟེར་ སླབ་ཨིན་པས་ ཡ།