Video Overview
This story, narrated in Tsangla, is about a man, Baw Gyalpo, who clears a forest to cultivate millet. His crops are destroyed after an ant infestation. This story explains why ants have fragmented bodies. An unknown man enters the scene and helps Baw Gyalpo to become a king by introducing him to the king’s daughter. The narrative does not present a reasonable connection between the two parts.
གློག་བརྙན་འདི་ནང་ འབྲུག་ཤར་ཕྱོགས་ཀྱི་ ཚངས་ལའི་ཁ་སྐད་ནང་སྦེ་ མི་གཅིག་ ནགས་ཚལ་་ནང་ས ེམས་ཅན་བཟུམ་སྦེ་ སྡོད་མི་འདི་ སྤྱ་གིས་སྦེ་ རྒྱལ་པོའི་སྲསམོ་ཅིག་དང་གཅིག་ཁར་ གཉེན་རྐྱབ་བྱིན་པའི་སྐོར་ལས་ཨིན་པས། དེ་ཡང་ ནགས་ཚལ་ནང་གི་ མི་དེ་ལུ་ ཤིང་འབྲས་ཀྱི་ ཤིང་ཅིག་ཡོད་མི་དེ་ སྤྱི་ཚུ་གིས་ བཟའ་ཚར་ཏེ་ སྤྱ་ཚུ་ བདའ་འབགཝ་ད་ གཅིག་གི་ལག་པར་ཚུདཔ་ལས་ གསད་ནི་འབདཝ་ད་ སྤྱ་དེ་གིས་ གསོལཝ་བཏབ་སྟེ་ ཁོ་མ་གསད་པ་ཅིན་ ཁོ་གིས་མ ི་དེ་རྒྱལ་པོའི་སྲསམོ་དང་གཅིག་ཁར་ གཉེན་རྐྱབ་བྱིན་ནི་ཟེར་སླབ་ལས་ མ་གསད་པར་བཞག་བཞགཔ་་ཨིན་པས། དེ་ལས་ སྤྱ་དེ་གིས་ བཟའ་ཚང་ཕྱུགཔོ་རྒན་རྒས་ཕྱུགཔོ་གཉིས་ཡོད་མི་དེ་ལུ་ མགོ་བསྐོར་རྐྱབ་སྟེ་ ནགས་ཚལ་ནང་གི་མི་འདི་ རྒྱུ་ནོར་དེ་ཚུ་གི་ བདག་པོ་ཨིནམ་བཟོ་ཞིནམ་ལས་ ལུང་པའི་རྒྱལཔོ་ལུ་ ལུང་པ་འདི་ནང་ཁ ྱོད་དང་མཉམ་པའི་ཕྱུགཔོ་གཅིག་ཡོདཔ་མི་འདི་ ཁྱོད་ཀྱི་སྲསམོ་གཅིག་དང་ གཉེན་རྐྱབ་པ་ཅིན་ དྲག་ཟེར་ སླབ་ཐོག་ལས་ མགུ་སྐོར་རྐྱབ་ཐོག་ལས་ ནགས་ཚལ་ནང་གི་ མི་དེ་ལུ་ མི་ཡང་ བྷ་བུ་རྒྱལ་པོ་ཟེར་བཏགས་ཏེ་ རྒྱལ་པོའི་སྲསམོ་དང་གཅིག་ཁར་ གཉེན་རྐྱབ་བྱིན་པའི་སྐོར་ལས་ཨིན་པས། སྲུང་འདི་གིས་ སྔོན་དང་ཕུག ས་འབྲུག་མི་ཚུ་གི་ སྲུང་དེ་ཚུ་ སློབ་སྟོན་གྱི་དོན་ལུ་ ལག་ལེན་འཐབ་དོ་ཡོདཔ་ཨིནམ་ཤེས་ཚུགས་པས་ འདི་ཡང་ ནགས་ཚལ་གྱི་མི་དེ་གིས་ ཕོ་བྲག་ནང་བཞེས་སྒོ་ སྣ་ཚོགས་འབག་འོངམ་ད་ མིང་མ་ཤེས་མི་དེ་ སྤྱ་གིས་སྟོན་བྱིནམ་ད་ ཆང་ལུ་ ཨ་རག་དང་ ཆུམ་གྱིས་འབད་འབད་བའི་ལྟོ་ལུ་ བར་ལྟོ་ཟེར་ སླབ་ཨིན་ཟེར་མི་ཚུ་ ཁ་གསལ་ཐོནམ་ལས་ སློབ་གྲྭ་ལོགས་སུ་མེདཔ་པའི་དུས་ལུ་ སློབ་སྟོན་གྱི་དོན་ལུ་ སྲུང་ལག་ལེན་འཐབ་སྲོལ་སྡོད་ཡོདཔ་པའི་ ཤེས་རྟོགས་འབད་ཚུགས་པས།
- Shali
- ཡིད་མཐུན་སྤུན་དྲུག་:Yethuen Pindukདང་ཕུ་ ཕོ་རྒནམ་བྷའོ་རྒྱལ་པོ་ཟེར་མི་ཅིག་སྡོད་སྡོདཔ་མས།
- ཡིད་མཐུན་སྤུན་དྲུག་:Yethuen Pindukབྷའོ་རྒྱལ་པོ་ ཁོ་དེ་ ཚལ་མ་ནང་ར་སྡོད་དོ་ཡོདཔ་མས།
- ཡིད་མཐུན་སྤུན་དྲུག་:Yethuen Pindukབྷའོ་རྒྱལ་པོ་འདི་ ཚལ་མ་ནང་ར་སྡོད་དེ་ སྤྱ་གིས་ ཚལ་མ་ནང་ར་སྡོད་དེ་ ཀོང་པོ(མོན་བྱཱ)་དགུའི་དོས་ཤོང་པའི་ཚལ་མ་བརྫམ་བརྫམ་ཨིན་པས།
- ཡིད་མཐུན་སྤུན་དྲུག་:Yethuen Pindukཁོ་གིས་ ཚལ་མ་བརྫམ་ཞིནམ་ལས་ ཁོ་འདི་ ཚལ་མའི་ལྟག་ལུ་ གླིངམ་འཕུ་སྡོདཔ་ད་
- ཡིད་མཐུན་སྤུན་དྲུག་:Yethuen Pindukལག་ཆ་ སྟ་རེ་ དཔའ་རྟགས་ ཟོརཝ་ལ་སོགས་པ་ཚུ་གིས་ འདི་ཚུ་གིས་ ཚལ་མ་བརྫམ་ཏེ་ དོས་དགུའི་ ཚལ་མ་བརྫམ་ཚར་ནུག
- ཡིད་མཐུན་སྤུན་དྲུག་:Yethuen Pindukདབའི་ དེ་ལས་ མོན་བྱཱ་དོས་དགུ་བཙུགས་ནུག་ དོས་དགུ་བཙུགསཔ་བཞགཔ་ད་
- ཡིད་མཐུན་སྤུན་དྲུག་:Yethuen Pindukགྱོག་མོ་གིས་ བཟའ་ཚར་མས་ མོན་བྱཱ་འདི་ མོན་བྱཱ་འདི་ གྱོག་ངམོ་ཐོན་ཏེ།
- ཡིད་མཐུན་སྤུན་དྲུག་:Yethuen Pindukདེ་ལས་ ཁྲིམས་ཨིན་ཟེར་ གྱོང་མོ་ཆ་མཉམ་ གྱིད་ཐག་བསྡམས་བསྡམསམ་མས།
- ཡིད་མཐུན་སྤུན་དྲུག་:Yethuen Pindukགྱོག་མོ་ཚུ་ གྱིད་ཐག་བསྡམས་མི་ གཙོ་བོ་ཅིག་འདི་ཨིན་པས།
- ཡིད་མཐུན་སྤུན་དྲུག་:Yethuen Pindukདེ་ལས་ བྷའོ་རྒྱལ་པོ་འབྱོན་དོ་ཟེར་ གཡུས་ཚན་ཅིག་ལུ་ བྷའོ་རྒྱལ་པོ་བྷའོ་རྒྱལ་པོ་ཟེར་ གནམ་མེད་ས་མེད་ཅིག་འདུག་ཟེར་ སླབ་ནུག
- ཡིད་མཐུན་སྤུན་དྲུག་:Yethuen Pindukཤོབ་རྐྱབ་རྐྱབ་མས་ མི་ཅིག་གིས་ ཤོབ་རྐྱབ་ད་ དབའི་ བྷའོ་རྒྱལ་པོ་ཨིན། ང་བཅས་ཀྱི་རྒྱལ་པོ་ཨིན། གནམ་མེད་ས་མེད་
- ཡིད་མཐུན་སྤུན་དྲུག་:Yethuen Pindukརྒྱལཔོ་སྦོམ་ཨིན་མས། ཕྱུགཔོ་ས་ལྕགས་གནམ་ལྕགས་ཨིན། ག་དེ་འབད་རུང་ རྟ་གུ་ཞོན་ཏེ་འབྱོནམ་ཨིན་ཟེར་སླབ་ད་
- ཡིད་མཐུན་སྤུན་དྲུག་:Yethuen Pindukདེ་ལས་ གཉེན་རྐྱབ་ནི་ཟེར་ ཁོ་འབག་དོ་ཡོདཔ་མས་ མི་ཅིག་གིས་ འབགཔ་ད་ ཕར་ལྷོདཔ་ད་ ཆུ་ཅིག་ཡོདཔ་མས།
- ཡིད་མཐུན་སྤུན་དྲུག་:Yethuen Pindukཆུའི་མཐའ་མར་ལྷོདཔ་ད་ གོ་ལ་སོར་ནི་དང་ རྟའི་སྒ་ཆས་ག་ར་འབག་ཤོག་ཟེར ་སླབ་སླབ་མས་ ཁོ་གིས་ མི་གིས་
- ཡིད་མཐུན་སྤུན་དྲུག་:Yethuen Pindukབྷའོ་རྒྱལ་པོ་འདི་ ཚལ་མ་ནང་སྡོད་པའི་ སྤྱ་བཟུམ་ཨིན་པས་ ག་ཅི་ཡང་མ་ཤེས་མི་
- ཡིད་མཐུན་སྤུན་དྲུག་:Yethuen Pindukཨ་ ཁྱོད་ར་ འབག་མ་འོང་ག་ཟེརཝ་ད་ ནཱ་ ཆུ་གིས་འབག་ཆེ་ཡི་ཟེར་
- ཡིད་མཐུན་སྤུན་དྲུག་:Yethuen Pindukརྟའི་རྐངམ་ ཤིང་གི་བཟོ་ཞིནམ་ལས་ བྱེམ་ནང་བཙུགས་ཏེ་ འགྱོ་འགྱོཝ་བཟུམ་སྦེ་ བཟོ་བཞག་ནུག།
- ཡིད་མཐུན་སྤུན་དྲུག་:Yethuen Pindukརྟ་ཀྭ་ལས་ཟེརཝ་ད་ རྟ་ཡང་ཆུའི་འབག་ཆེ་ཡི་ཟེར་ ཆུ་སྦོམ་ནང་འཛུལ་ཏེ་ ཟམ་ལས་འབད་རུང་མ་བཏུབ་ཟེར་ ཤོབ་རྐྱབ་རྐྱབ་མས།
- ཡིད་མཐུན་སྤུན་དྲུག་:Yethuen Pindukཨ་ཁོ་གི་ གོ་ལ་སོར་ནི་དང་ གཞན་ཆ་མཉམ་འབག་སྟེ་ རྟ་ཡང་ལྷོད་དེ་ རྟ་གུ་བཀལ་ཏེ་འབག་ཡར་སོང་ནུག
- ཡིད་མཐུན་སྤུན་དྲུག་:Yethuen Pindukང་བཅས་ཀྱི་ རྒྱལ་པོ་ཨིན་ཟེར་
- ཡིད་མཐུན་སྤུན་དྲུག་:Yethuen Pindukཏེ་ཡར་གདན་ མིག་གིས་མཐོང་ར་མ་མཐོང་མ་ གདན་འཐིང་བྱིནམ་ད་ ག་ཅི་སྨོ་འདི་ཟེར་ སླབ་སླབ་མས།
- ཡིད་མཐུན་སྤུན་དྲུག་:Yethuen Pindukཙང་ཙ་འབད་སྡོད་ཟེར་ སྡོད་བཅུག་གདན་གུ་སྡོད་བཅུག་བཅུགཔ་མས།
- ཡིད་མཐུན་སྤུན་དྲུག་:Yethuen Pindukདེ་ལས་ ཨ་ར་ཅིག་ སྒོང་རྡོ་བླུག་སྦེ་ འབག་འོང་དེས་ཟེར་ཨིན། འདི་བཟའ་ནི་དེ་ ག་ཏེ་བཟའ་ནི་ མིག་གིས་ར་མ་མཐོང་པས།
- ཡིད་མཐུན་སྤུན་དྲུག་:Yethuen Pindukའ་ནཱི་འདི་ ག་ཅི་སྨོ་ཟེར་ སླབ་སླབ་མས། ཙང་ཙ་སྦེ་འཐུང་། ཙང་ཙ་སྦེ་འཐུང་ཟེར་
- ཡིད་མཐུན་སྤུན་དྲུག་:Yethuen Pindukདེ་ལས་ རྒྱལ་པོའི་སྲས་མོ་འཁྱིད་དོ་ཡོདཔ་མས་ ཁོ་གིས། རྒྱལ་པོའི་སྲསམོ་གནའམ་སྦེ་འཁྱིད་དེ།
- ཡིད་མཐུན་སྤུན་དྲུག་:Yethuen Pindukབྷའོ་རྒྱལ་པོ་དེ་ མ་ཤེས་པས། མགུ་སྐོར་རྐྱབ་ཏེ་ བྷའོ་རྒྱལ་པོའི་ མིང་བཏོན་ཏེ་ ཨིན་ནི་དེ་ གཞན་མི་ཅིག་ཨིན་པས།
- ཡིད་མཐུན་སྤུན་དྲུག་:Yethuen Pindukཁོ་གིས་ འཁྱིད་སོང་སྟེ་ ཨ་་་་སྲིན་པོའི་ ཁྱིམ་གྱི་རྩ་བར་ལྷོད་དོ་ཡོདཔ་མས། པད་ཀར་ལེ་ཤ་བསྡུ་ཞིནམ་ལས་ སྤུངས་བཞག་ནུག་ཟེར་ཨིན་པས།
- ཡིད་མཐུན་སྤུན་དྲུག་:Yethuen Pindukཨ་་་ཁོ་གིས་ མེ་བཏང་དཔ་མས་ ཨ་ནཱི་མི་དེ་གིས། སྲིནམོ་གིས་ བདའ་འོང་མས་ལོ་ སྲིན་པོ་གིས།
- ཡིད་མཐུན་སྤུན་དྲུག་:Yethuen Pindukབརྡ་འོངམ་ད་ དབའི་ག་ཅི་སྨོ་ཟེར་ སླབ་ནུག
- ཡིད་མཐུན་སྤུན་དྲུག་:Yethuen Pindukཕར་པད་ཀར་རྒྱལ་པོའི་ དམག་འོང་དོ་ཟེར་སླབ་སྟེ་ བྱོག་འགྱོ་འགྱོཝ་མས། སྲིན་པོའི་ཚལ་མ་ཚུ་ཡང་ མེ་བཏང་ཞིནམ་ལས་
- ཡིད་མཐུན་སྤུན་དྲུག་:Yethuen Pindukབྱོག་སོང་ཞིནམ་ལས་ དེ་ལས་ རྒྱལ་པོ་འདི་ ག་ཅི་ཡང་མ་ཤེས་པར་
- ཡིད་མཐུན་སྤུན་དྲུག་:Yethuen Pindukགཞན་མི་དེ་གིས་ མགུ་སྐོརརྐྱབ་སྟེ་ རྒྱལ་པོ་བཙོང་སྟེ་ ཁོ་གི་ ཨམ་སྲུ་ བཞེས་ཡི་ཟེར་ཨིན་པས་ འ་ནཱི་འདི།