Video Overview
In this video, Kinzang narrates “The Story of Older Brother Phechung.” Once an older brother Phechung (pouch) got pricked by a thorn. He met another brother Phechung and asked him to give him a needle to remove that thorn, but brother Phechung refused to lend him the needle. Next, the older brother Phechung met a cat and told him to eat brother Phechung for his greed, but the cat refused. Later, he met a dog and told him to eat the cat for its disobedience. The dog, however, also refused. Similar encounters continued to happen: first with a wooden log, then with fire, water, and an ox, until a tiger agreed to attack the ox. Because of the ox’s fear of being killed, it agreed to drink the water. The story then follows the reverse path until brother Phechung agreed to lend his needle to the older brother Phechung. Thus, this story conveys the message that one should cultivate generosity and should never be attached to material wellbeing.
- Monggar
- ཀུན་བཟང་།དང་ཕུ་ ཕོ་རྒནམ་ཕད་ཅུང་ཟེར་མི་གཅིག་སྡོད་ཅི་ལོ། ཕད་ཅུང་ཟེར་མི་ ཕར་ཚུར་འགྱོ་ད་རྐང་མ་རྩང་འཛུལ་སོངམ་མས་ ག་ཅི་ལོ་ མི་འདི་གི་རྐང་མ་རྩང་འཛུལ་ཡོདཔ་མས། དེ་ལས་ མི་འདི་གི་ཕོ་རྒནམ་ཕད་ཅུང་ལུ་ ཁབ་བརྙ་དགེ་ངེའི་རྐང་མ་རྩང་འཛུལ་སོང་ཡི་སླབ་སླབ་མས།
- ཀུན་བཟང་།ཁབ་མེད་སླབ་སླབ་མས་ དེ་ལས་ བྱི་ལི་ཕྱད་ཡོདཔ་མས་ ཕོ་རྒནམ་བྱི་ལི་ཁབ་བརྙ་དགེ་ཟེརཝ་ད་ ཁབ་མེད་ཟེརཝ་མས་ལོ། དེ་ལས་ རོ་ཁྱི་ཕྱད་ཡོདཔ་མས་ ཕོ་རྒནམ་རོ་ཁྱི་ཁྱོད་ཀྱི་བྱི་ལི་གི་ཁབ་བརྙ་མ་བྱིན་ བྱི་ལི་ཟ་ད་སླབ་ད་ མི་ཟ་སླབ་མས་ལོ།
- ཀུན་བཟང་།དེ་ལས་ ཤིང་དུམ་གཅིག་དང་ཕྱད་ དབའི་ཤིང་དུམ་ ཨ་ཕི་རོ་ཁྱི་གི་བྱི་ལི་ཟ་ཟེརཝ་ད་ཟ་མ་བཏུབ་ རོ་ཁྱི་གྲང་ད་ཟེརཝ་ད་ ཤིང་དུམ་གཡི་མི་གྲང་ཟེར་དེས་ལོ།
- ཀུན་བཟང་།དེ་ལས་ མེ་ཕྱད་ཡོདཔ་མས་ ཕོ་རྒནམ་མེ་འ་ནི་ཤིང་དུམ་གྱི་ རོ་ཁྱི་གྲང་ཟེརཝ་ད་མབཏུབ་ འཚིག་ད་ཟེརཝད་ མི་འཚིག་ཟེརཝ་མས་ལོ། དེ་ལས་ ཕོ་རྒནམ་ཆུ་ ཨ་ཕི་མེ་གིས་ཤིང་དུམ་འཚིག་མ་བཏུབ་ མེ་གསད་ད་ཟེརཝ་ད་ མི་གསད་ཟེརཝ་མས་ལོ་ཆུ་གི།
- ཀུན་བཟང་།དེ་ལས་ གླང་རྒྱ་ཚ་གཅིག་ཕྱད་ཡོདཔ་མས་ ཕོ་རྒནམ་རྒྱ་ཚ་ཨ་ཕི་ ཆུ་འཐུང་ད་མེ་གསད་སླབ་ད་ཉན་མ་བཏུབ་སླབ་ད་ མི་འཐུང་སླབ་མས་ལོ་རྒྱ་ཚ་གི། དེ་ལས་ སྟག་དང་ཕྱད་ཡོདཔ་མས།
- ཀུན་བཟང་།ཕོ་རྒནམ་སྟག་ འ་ནི་གླང་རྒྱ་ཚ་ཟ་ད་ ཆུ་འཐུང་སླབ་ད་མ་བཏུབ་ཟེརཝ་ད་ དེ་ལས་ སྟག་གིས་ཟ་གེ་སླབ་མས་ལོ་ དེ་ལས་ རྒྱ་ཚ་གིས་ཆུ་འཐུང་ནི་ དེ་ལས་ ཆུ་གིས་མེ་གསད་ནི་ དེ་ལས་ མེ་༼ཤིང་དུམ༽རོ་ཁྱི་གྲང་གེ་ དེ་ལས་ རོ་ཁྱི་གིས་བྱི་ལི་ཟ་ནི་ བྱི་ལི་གིས་ཕད་ཅུང་ཟ་ནི་སླབ་དེ་ལོ་ དེ་ལས་ ཕད་ཅུང་གིས་ཁབ་བྱིན་གེ་ཟེར་དེ་ལོ།
- ཀུན་བཟང་།དེ་ལས་ ཁབ་བྱིན་འབད་དེ་ རྩང་བཏོན་འབད་རྫོགས་སོང་ཡི་ལགས།