Video Overview
རྒན་རྒས་བཟའ་ཚང་གཉིས་དང་ སྤྱ་ཅིག་གི་སྐོར་ལས་ཨིན་མི་སྲུང་འདི་ མགུ་སྐོར་རྐྱབ་པའི་སྐོར་ལས་ཨིནམ་ད་ སྲུང་འདི་ནང་ སྤྱ་འདི་གིས་ རྒན་རྒས་བཟའ་ཚང་གཉིས་ ཀེ་བ་བཙུགས་ནི་སྦེ་སྡོད་པའི་སྐབས་ ཀེ་བ་བཙོ་ཞིནམ་ལས་ ངང་ལའི་ཤོམ་འདབ་ནང་སྤུར་ཏེ་ བཙུགས་བཅུག་བཅུགཔ་མས། ཏེ་དེ་ཚེ་ཕྱི་རུ་ སྤྱ་འདི་ཀེ་བ་བཙུགས་སའི་ཞིང་ནང་འོང་སྟེ་ ཀེ་བ་ཆ་མཉམ་བཏོན་བཟའ་དཔ་ལས་ རྒན་རྒས་བཟའ་ཚང་གཉིས་དབུགས་འགམ་སྟེ་ སྤྱ་འདི་ལུ་ཁྲིམས་བཀལ་ནི་འབདཝ་ད་ སྤྱ་འདི་གིས་ ད་དེ་སྦེ་ ཁོ་ལུ་ཁྲིམས་བཀལ་མ་ད་ ང་གིས་ཁྱེད་གཉིས་ དགོན་པ་ཐུན་བཏང་སྡོདཔ་ད་ རྒྱགས་སྐལ་ང་གིས་བཀལ་གེ་ཟེར་ ཁ་བཟེད་བཟེདཔ་མས། ཏེ་སྤྱ་དེ་ལུ་རྒྱགས་སྐལ་བཀལ་ནིའི་ཐོན་ཁུངས་ག་ནི་ཡང་མེདཔ་ལས་ ད་རུང་ཁོ་གིས་ ས་ནམ་པ་གཞན་མི་ཅིག་མགུ་འབྱིད་རྐྱབ་སྟེ་ ཁོང་གཉིས་ལུ་རྒྱགས་སྐལ་བཀལ་བཀལཝ་ཨིནམ་ལས་ མདོར་བསྡུ་བ་ཅིན་ སྲུང་འདི་ནང་འབྱིད་སྐོར་རྐྱབ་པའི་སྐོར་ལས་ཨིན་པས།
- Lhuntse
- འཕྲིན་ལས་དཔལ་སྒྲོན། Thinley Peldenདང་པོ་ཡིན་ཅོ་ལ། དིང་པོ་ཡིན་ཅོ་ལ། ཨའི་གཅིག་མེས་མེས་གཅིག་ ཀེ་བ་བཙུགས་པ་སོང་སྟེ་འདུག་ན་ སྤྲ་གཅིག་འོང་སྟེ་ལོ། དང་ཕུ་ཨིན་མས་ལགས། དིང་ཕུ་ཨིན་མས་ལགས། ཨང་རྒས་གཅིག་དང་ཨ་རྒས་གཅིག་ ཀེ་བ་བཙུགས་པར་སོང་སྟེ་ ཀེ་བ་བཙུགས་སྡོདཔ་ད་ སྤྱ་གཅིག་འོང་མས་ལོ།
- འཕྲིན་ལས་དཔལ་སྒྲོན། Thinley Peldenདབའེ་ ཨའི་དང་མེས་མེས་ ཀེ་བ་བཙུགས་སང་ཨོ་ད་མཱན་ ཀེ་བ་བཙོ་སྟེ་ ཤོ་མ་དཀྲིས་ཏེ་བཙུགས་པ་དགོ་ཟེར་སླབ་སྟེ་མས་ སྤྲ་ཀྱིས། དབའེ་ ཨང་རྒས་དང་ཨ་རྒས་ ཀེ་བ་བཙུགས་ཐངས་དེ་སྦེ་མེན་ ཀེ་བ་བཙོ་ ཤོམ་འདབ་ཀྱིས་སྤུབས་སྦེ་བཙུགས་དགོ་ཟེར་སླབ་སླབ་མས་སྤྱ་གིས།
- འཕྲིན་ལས་དཔལ་སྒྲོན། Thinley Peldenདེ་ལས་ནངས་པར་ཕིན་སི་ གནམ་མེད་ས་མེད་ཆ་སྐྱེ་སང་ཟེར་ཏེ་ དེ་ལས་ཁྱོད་ནངས་པ་རང་ཆ་སྐྱེ་སང་ དབའེ་ རྫུན་མཱན་ནམ? ཁྱོད་ཀེ་བ་བཙོ་སྟེ་བཙུགས་སང་གི། དེ་ལས་ནངས་པར་འབདཝ་ད་ གནམ་མེད་ས་མེད་ལེགས་ཤོམ་སྦེ་སྐྱེ་འོང་ དེ་ལས་ ནངས་པར་རང་སྐྱེ་འོང་ ཟེར་སླབ་ད་ དབའེ་ ཤོབ་མེན་ན? ཁྱོད་ཀྱིས་ ཀེ་བ་བཙོ་སྟེ་བཙུགས་ནི་འདི།
- འཕྲིན་ལས་དཔལ་སྒྲོན། Thinley Peldenཡིན་ཟེར་དེ་ དེ་ལས་ ཨའི་དང་མེས་མེས་བདེན་རྫུན་རེ་སྟེ་ དེ་ལས་ཀེ་བ་བཙོ་སྟེ་ ཤོ་མ་ཀྱིས་དཀྲིས་ཏེ་ དེ་ལས་ པགས་པ་ཁོབ་སྟེ་ བཙུགས་སྟེ་ ནངས་པར་ཕིན་སི་ པུ་ར་སྤྲ་ཀྱིས་ཟ་སྟེ་མས་ཟེར་དོ་ལོ། ཨིན་ཟེར་ དེ་ལས་ ཨ་རྒས་དང་ཨང་རྒས་ བདེན་རྫུན་རེ་སྟེ་ ཀེ་བ་བཙོ་ པགས་ཀོ་ཤུབ་སྟེ་བཙུགས་སྦེ་ ནངས་པར་ལོག་ལྷོདཔ་ད་ ཀེ་བ་ག་ར་སྤྱ་གིས་ཟ་བཞག་ནུག་ལོ།
- འཕྲིན་ལས་དཔལ་སྒྲོན། Thinley Peldenསྡོད་ཤིག་ཟེར་དེ་ ཨའི་དང་མེས་མེས་ཨིབ་སྟེ་ འདུག་སྟེ་བལྟ་ལ་ཟེར་དོ་ལོ་ ཁྱིམ་ནང་ཀེ་བ་ཆ་སང་རང་མེད་ པུ་ར་ཁྱོད་ཀྱིས་ཟ་སྟེ་མས་ཟེར་ འ་འདུག་ཤིག་ད་ ལང་མ་ཟེར། སྡོད་ཤིག་ཟེར་ཏེ་ ཨ་རྒས་དང་ཨང་རྒས་ཀྱིས་ སྤྱ་ག་ཏེ་ལས་འོང་མས་ག་ ཨིབ་བལྟ་སྡོད་ཅི་ ཟེརཝ་མས་ལོ་ དེ་ལས་ ཞིང་ནང་ཀེ་བ་སྐྱེ་ནི་རང་མེད་པ་ ཀེ་བ་ག་ར་ཁྱོད་ཀྱིས་ཟ་ནུག་ སྡོད་ཤིག་མ་རེད་ ཟེརཝ་ད་ འ་སྡོད་མས་ ལྷོང་གེ་ཟེར་སླབ་སླབ་མས་སྤྱ་གིས།
- འཕྲིན་ལས་དཔལ་སྒྲོན། Thinley Peldenདེ་ལས་ ཨའི་དང་མེས་མེས་ཀྱིས་ཁོ་བཟུང་སྟེ་ ད་ཁྱོད་གསད་སང་ཟེར་ མ་གསད་ང་ཁྱོད་ཀྱི་དྲིན་ལན་འབྱོར་པ་ལ་ཟེར་ ཅི་འབྱོར་སང་ ཁྱོད་རྫུན་ཏག་སྟེ་ཏག་སྟེ་ ངའི་ཀེ་བ་ཚུ་པུ་ར་ཁྱོད་ཟ་སྟེ་མས་ཟེར་ན། དེ་ལས་ ཨ་རྒས་དང་ཨང་རྒས་ཀྱིས་ཁོ་བཟུང་སྦེ་ ད་ཁྱོད་གསད་ནི་ཟེར་སླབ་ད་ ང་མ་གསད་ ང་གིས་ཁྱོད་ལུ་དྲིན་ལན་འཇལ་གེ་ཟེར་སླབ་ད་ ག་ཅི་འཇལ་ནི་ ཁྱོད་ཤོབ་སླབ་ཅི་ར་ ངེའི་ཀེ་བ་ག་ར་ཟ་ནུག་ ཟེརཝ་ད།
- འཕྲིན་ལས་དཔལ་སྒྲོན། Thinley Peldenབླ་མ་ ཟེར་དེ་ ཁྱོད་དགོན་པ་ཅིག་འདུག་ཤིག་ཟེར་ དེ་ལས་ང་ཀྱིས་ ཁྱོད་ཅག་གི་དྲིན་ལན་འབྱོར་སང་ ཁྱོད་ཅག་བུ་ཚ་མེད་ བུ་ཚའི་ཚབ་མ་ང་ཀྱིས་བྱ་སང་། བླ་མ་མཁྱེན་ནོ་ ཁྱོད་དགོན་པ་ལུ་བཞུགས་ཤིག་ དེ་ལས་ ང་ཁྱོད་ཀྱི་དྲིན་ལན་འཇལ་གེ་ ཁྱོད་ལུ་ཨ་ལོན་མིན་འདུག་ ཨ་ལོའི་ཚབ་ང་འབད་གེ་
- འཕྲིན་ལས་དཔལ་སྒྲོན། Thinley Peldenདེ་ལས་ ཁྱོད་ཀྱིས་ ངའི་ཅི་དྲིན་ལན་འབྱོར་སང་ ང་དགོན་པ་འདུག་སེ་ ཅི་བྱ་སང་ཁྱོད་ཀྱིས? ངའི་ཀེ་བན་པུ་ར་ཁྱོད་ཟ་འདུག་ཟེར་དེ་ ཁྱོད་ཟ་བཏང་སྟེ་ དེ་ལས་ ད་ཨོ་ད་མཱན་ཟེར་དེ་ ཁྱོད་དགོན་པ་འདུག་སེ་ ང་ཀྱིས་གནམ་མེད་ས་མེད་ བཅའ་སྒྲིག་འཇོམ་སྟེ་སྐྱེལ་སང་ཟེར་དེ། དེ་ལས་ ཁྱོད་ཀྱིཧ་ ང་བཅས་ཀྱི་དྲིན་ལན་ ག་དེ་སྦེ་འཇལ་ནི་ ང་དགོན་པ་སྡོདཔ་ད? ངེའི་ཀེ་བ་འདིན་ག་ར་ཁྱོད་ཀྱིས་ཟ་ཚར་ཡི་ ད་དེ་སྦེ་མི་བཏུབ་ ཁྱོད་དགོན་པ་སྡོདཔ་ད་ ང་གིས་བཅའ་སྒྲིག་མ་བཏུབ་བཏུབ་རྐྱབ་སྟེ་སྐྱེལ་ནི་ ཟེར་སླབ་སླབ་མས།
- འཕྲིན་ལས་དཔལ་སྒྲོན། Thinley Peldenདེ་ལས་ ཁྱོད་ཀྱིས་ཅི་འཇོམས་སང་ཟེར་ མི་གང་པོ་ཨ་ཤོམ་བཏང་སྟེ་ དེ་སྦི་སོང་སང་ ཨ་ཤོམ་གནང་སྟེ་འོང་སང་ དོ་རུང་ བུ་ཁྱོད་རྐུན་མ་བཏང་སྟེ་ཟ་སང་འོང་ཟེར་ ཁྱོད་རང་ཡང་མི་འགྲངས་ཟེར་ ཨའི་དང་མེས་མེས་སླབ་སེ། དེ་ལས་ ཁྱོད་ཀྱིས་ག་ཅི་རང་འབག་འོང་ནི་ མི་ཚུ་གི་གེ་ཟ་ལྷང་འབག་འོང་གེ་ཟེར་སླབ་ད་ དོ་རུང་ ཁྱོད་ཀྱིས་ཨརཝ་བརྐུ་ཟ་ནི་འོང་ ཁྱོད་རང་ཡང་མི་འགྲངས་ཟེར་ ཨ་རྒས་དང་ཨང་རྒས་ཀྱིས་སླབ་ད་
- འཕྲིན་ལས་དཔལ་སྒྲོན། མཱན་ཟེར་འདི་ འབྱོར་སང་ཟེར་ ཁྱོད་དགོན་པའི་འདུག་ཤིག་ཟེར་ དེ་ལས་རྒྱབ་གཅིག་ཨའི་དང་མེས་མེས་ དགོན་པའི་འདུག་སེ་ ཁོ་ཡིས་འོང་ལ་ལོ་ སྤྲ་སྒོམ་ཆེན་ཅིག་ དབའེ་ཀྭ་ལས་ཟེར་དེ་ ང་བཅས་དགོན་པའི་འདུག་ན་ ཁྱོད་ཀྱིས་འོང་སང་མེད་ མེན་ཟེར་ འཇལ་ནི་ ཁྱོད་དགོན་པ་བཞུགས་ཤིག་སླབ་སླབ་མས། དེ་ལས་ ཚར་གཅིག་འབདཝ་ད་ ཨ་རྒས་དང་ཨང་རྒས་དགོན་པ་སྡོདཔ་ད་ སྤྱ་སྒོམ་ཆེན་ཅིག་འོངམ་མས་ལོ། དེ་ལས་ ཨ་རྒས་དང་ཨང་རྒས་ཀྱིས་ དབའེ་ དགོན་པ་འབག་འོང་ནི་ག་ནི་ཡང་མིན་འདུག་ཟེར་སླབ་ད་Thinley Pelden:
- འཕྲིན་ལས་དཔལ་སྒྲོན། Thinley Peldenའདུག་མོ་ ད་ལྟ་ཨ་ཤོམ་བཏབ་རང་མ་བཏབ་བོ་ དེ་ལས་ཨ་ཤོམ་བཏབ་སི་འོང་མ་ཟེར་དེ། ད་ང་ད་ལྟ་ཅི་ཟ་སང་ ད་རུང་ཁྱོད་ཀེ་བ་བཙུགས་ཟེར་ སྡོད་མས་ ད་ལྟོ་གེ་ཟ་རང་མ་བཙུགས་པས་ གེ་ཟ་བཙུགསཔ་ད་འབག་འོང་གེ་ཟེར་ཏེ། ད་ལྟོ་ག་ཅི་ཟ་ནི? ད་རུང་ ཁྱོད་ཀེ་བ་བཙུགས་ཏེ་ཟ་ ཟེར་སླབ་སླབ་མས།
- འཕྲིན་ལས་དཔལ་སྒྲོན། Thinley Peldenདབའེ་ ད་རུང་ཡང་ཀེ་བ་བཙུགས་ཏེ་ ད་རུང་ཡང་ཁྱོད་ཀྱིས་ཟ་ཟེར་ ད་ཀེ་བ་ཡང་མི་བཙུགས་ དུས་ནམ་ཅིག་གི་ཚེ་ ཁྱོད་ཀྱིས་བྱ་བ་ཅིག་ཟ་བ་ ཟེར་སླབ་སྟེ། དབའེ་ ད་རུང་ཀེ་བ་བཙུགས་ཏེ་ ཁྱོད་ཀྱིས་ཟ་འོང་ ད་ཀེ་བ་ཡང་མི་བཙུགས་ དུས་ནམ་ཅིག་གི་ཚེ་ ཁྱོད་ཀྱིས་འབད་མི་དེ་ཟ་གེ་ ཟེར་སླབ་སྟེ།
- འཕྲིན་ལས་དཔལ་སྒྲོན། Thinley Peldenདེ་ལས་ རྒྱབ་གཅིག་ཕིན་སི་སྤྲ་ཀྱིས་ བླ་མ་ ཨ་ཤོམ་བལྟ་མ་ལ་སོང་སྟེ་ ཨ་ཤོམ་ཤུ་འགྱུར་སེ་སོང་སྟེ་ཁོ་ཀྱིས་ དེ་ལས་ གཅིག་བྲེལ་ཁའི་བཙུགས་ གཅིག་བྲེལ་ཨུ་བེའི་བཙུགས་ གཅིག་བྲེལ་ཨུ་དི་བཙུགས་ཏེ་ ཁོང་གསུམ་བསྡོམས་ཏེ་་ ད་སྲེགས་ཤིག་ཟེར་ཏེ་ དེ་ལས་ ང་བཅས་གསུམ་ ལྟོ་ཟ་སང་ཡིན་ནོ་ཟེར་ ཨུ་འདི་ཨ་ཤོམ། དེ་ལས་ ཚར་གཅིག་འབདཝ་ད་སྤྱ་གིས་ བླ་མ་ གེ་ཟ་བལྟ་བ་སོངམ་ད་ གེ་ཟ་ཟ་བཏུབ་འགྱོཝ་ད་ ཞིང་ནང་འཛུལ་ཏེ་ གེ་ཟ་གཅིག་འབལ་ཁ་ན་བཙུགས་ གཅིག་འབལ་འ་ནཱ་བཙུགས་ གཅིག་འབལ་འ་ནཱ་བཙུགས་སྦེ་ ཁོང་གསུམ་མེ་བཏང་ ལྟོ་ཟ་ནི་ཨིན་མས་ འ་ནཱི་གེ་ཟ་འདི།
- འཕྲིན་ལས་དཔལ་སྒྲོན། Thinley Peldenདེ་སླབ་ལ་ ཨུ་འདི་མེས་མེས་ཀྱིས་ ཨུ་འདི་ཨ་ཤོམ་གཅིག་གིས་ དུས་རིང་ཟ་སང་? ནངས་པར་ཟ་སང་? དེ་རིང་ཀེ་པུ་སྟེ་ ཨ་ཤམ་ཟ་ཤིག་ ནངས་པར་ཀེ་ཀྱི་འོང་ན་ཡང་ང་ཀྱིས་འོང་ཟེར་དེ་ དེ་ལས་ ཁོ་ཀྱིས་ཨ་ཤམ་མང་པོ་བསྒྱོམས་ཏེ་བསྒྱོམས་ཏེ་ ཨའི་དང་མེས་མེས་གསོ་སྟེ་ དེ་ལས་ ཧ་ལམ་གཅིག་གི་ད་རུང་ ཁོ་གིས་ས་ལོགས་ཅིག་གེ་རྐུན་མ་བཏང་མ་ཡར་སྟེ་ དེ་ལས་ ཨ་རྒས་ཀྱི་སླབ་སླབ་མས་ འ་ནཱི་གེ་ཟ་གཅིགཔོ་འདི་ ད་རེས་ཟ་ནི་ ནངས་པ་ཟ་ནི་ ད་རེས་ཟ་བཞག་པ་ཅིན་ ནངས་པར་་ག་ཏེ་ལས་འབག་འོང་ནི་ དེ་ལས་ སྤྱ་གིས་ གེ་ཟ་འབག་འོང་ཡི་རང་ ཨ་རྒས་དང་ཨང་རྒས་གསོ་ཡོདཔ་མས། དེ་ལས་ ནམ་ཅིག་འབདཝ་ད་ ད་རུང་ ས་གནས་ལོགས་ཅིག་ལུ་ཨརཝ་བརྐུ་བར་སོང་སྦེ།
- འཕྲིན་ལས་དཔལ་སྒྲོན། Thinley Peldenདེ་ལས་ ཨུ་འདི་ རྐུན་མ་བཏང་མ་ཡར་སེ་ དེ་ལས་ཁོ་ དོ་རུང་ཨ་ཤམ་རྐུན་མ་བཏང་མ་ཡར་སེ་ དེ་ལས་ མི་ཀྱི་རྙིང་ནང་ངའི་ཞུགས་སྟེ་ ལེབ་སྟེ་ ད་དབའེ་ཟེར་འདི་ ཁྱོད་ཨ་ཤམ་རྐུན་མ་ རྒྱབ་གཅིག་ཡང་གཏང་ཏོ་ རྒྱབ་གཉིས་ཡང་གཏང་ཏོ་ཟེར་ ཀ་ཏ་བྱ་མ་ལ་ཁྱོད་ཟེར། དེ་ལས་འ་ནཱི་ ཨརཝ་བརྐུ་བར་འགྱོཝ་ད་ ཁོ་ཧིང་ནང་ཚུད་སོང་སོངམ་མས། དེ་ལས་ སྦྱིན་བདག་གིས་བདའ་ཟུན་ཏེ་ ཁྱོད་ཀྱི་གེ་ཟ་ཨར་བརྐུ་ནི་འདི་ཚར་གཅིག་མེན་ གཉིས་མེན་ ག་དེ་འབད་ནི་སྨོ་ ཁྱོད་
- འཕྲིན་ལས་དཔལ་སྒྲོན། Thinley Peldenཨའི་ཟེར་ ང་ཟ་སང་མཱན་ཟེར་ དགོན་པའི་ཨའི་གཅིག་མེས་མེས་གཅིག་ཡོ་ལ་ཟེར་དེ་ མ་ཎི་གྲངས་མཁན་ ཨུ་འདི་ ཨ་ཤམ་བིན་སང་ཡིན་ཟེར་སླབ་སེ་ མིང་བཏོན་ རྫུན་ཏག་པ་མི་དགོ་ཟེར་ ཁྱོད་པུ་ཤི་སྤྲ་ཁས་པ་ ཨའི་དང་མེས་མེས་ཀེ་འོང་སང་། ཨའེ་ ང་ཟ་ནི་མེན་ཟེར་ དགོན་པ་ལུ་ཨ་རྒས་དང་ཨང་རྒས་གཅིག་ཡོད་ མ་ཎི་བགྱང་སྡོད་མི་ འ་ནཱི་ལུ་གེ་ཟ་བྱིན་ནི་འབད་ཨིན་ཟེར་སླབ་ད་ མིང་བཏོན་ ཤོབ་སླབ་མི་དགོ་ ཁྱོད་བཟུམ་གྱི་སྤྱ་ལུ་ཨ་རྒས་དང་ཨང་རྒས་ ག་ཏེ་ལས་འོང་ནི།
- འཕྲིན་ལས་དཔལ་སྒྲོན། Thinley Peldenཁྱོད་ངའི་ཨ་ཤམ་ཟ་སང་བལྟ་ ཁྱོད་བཞག་སང་མཱན་ ད་ང་བཅས་གཉིས་ རྒྱལ་སྤུངས་ཤིག་ ད་ངའི་ཨའི་དང་མེས་མེས་ དགོན་པ་ཡོ་ན་ནི་ ཁྱོད་ཀྱི་ཨ་ཤམ་པུ་ར་ ང་ཀྱིས་ཁྱེར་མ་ ཏེ་དགོན་པ་ཨའི་དང་མེས་མེས་མེད་ན་ནི་ ང་ཁྱོད་ཀྱི་ཨ་ཤམ་རྐུན་མ་ཡང་མི་བཏང་ཟེར་ ང་ཀིས་ཅི་ཡང་མི་བྱ་ཟེར་ ཁྱོད་ངེའི་གེ་ཟ་ ཟ་མི་ལུ་བལྟ་སྟེ་ར་བཞག་ནི་མེན་ཟེར་སླབ་ད་ སྤྱ་གིས་དེ་འབདན་ ང་བཅས་གཉིས་རྒྱལ་སྤུང་གེ་སླབ་སླབ་མས་ རྒྱལ་འདི་ཡང་ ང་ལུ་ དགོན་པ་ལུ་ཨ་རྒས་དང་ཨང་རྒས་ཡོད་པ་ཅིན་ ཁྱོད་ཀྱི་གེ་ཟ་ག་ར་ ང་གི་འབག་ནི་ ག་དེ་ཅི་འབད་ དགོན་པ་ཨ་རྒས་དང་ཨང་རྒས་མེད་པ་ཅིན་ ང་ཁྱོད་ཀྱི་གེ་ཟ་ཡང་ ཨརཝ་མི་བརྐུ་ ག་ནི་ཡང་མི་འབད་ཟེར་
- འཕྲིན་ལས་དཔལ་སྒྲོན། Thinley Peldenདེ་ལས་ དབའེ་ ཨུ་འདི་མི་མནོ་བསམ་ཅིག་བཏང་སྟེ་དབའེ་ སྤྲ་ཀིས་བདེན་པ་རང་སླབ་ན་ ང་བུ་ཚ་གསོ་སང་ཡོ་ ང་ཨ་ཤམ་པུ་ར་ཁོ་གིས་ཁྱེར་ཟེར་དེ་ ད་ཁོ་ཀྱི་རྒྱལ་མི་སྤུང་ཟེར་ན་ ང་གཏན་ཀྱང་ (duty) བྱ་སྟེ་འདུག་པ་དགོ་པོ་ སྲུང་མ་དགོ་པོ་ ཁོ་ཀྱིས་ཟ་སང་ཡིན་ཅོ་ཟེར། དེ་ལས་ དབའེ་ འ་ནི་མི་འདི་མནོ་བསམ་ཅིག་བཏང་ དབའེ་སྤྱ་གིས་སླབ་མི་འདི་བདེན་པ་ཅིན་ ང་ལུ་ཨ་ལོ་གསོ་ནི་ཡོད་ ག་དེ་ཅི་འབད་ རྒྱལ་མ་སྤུང་པ་ཅིན་ ཨ་རྟག་རང་སྲུང་དགོ་པས་ དེ་མིན་ཁོ་གིས་ཟ་ནི་མས་ཟེར།
- འཕྲིན་ལས་དཔལ་སྒྲོན། Thinley Peldenདེ་ལས་ ཨུ་འདི་མི་མནོ་བསམ་བཏང་སྟེ་ སྡོད་ཤིག་ ཁོའི་ཨའི་དང་མེས་མེས་འོང་རང་མི་འོང་ རྫུན་དག་ཏོ་ཟེར་ དེ་ལས་རྒྱལ་སྤུངས་ཏེ་ དེ་ལས་ ཡར་ལས་འོང་ ཨའི་དང་མེས་མེས་བལྟ་བར་ དེ་ལས་ ཨུ་འདི་སྤྲ་ཀྱིས་ ཨོ་འདི་ཨའི་དང་མེས་མེས་བཏོན་ ཨ་ཤམ་གང་པོ་པུ་ར་ སྤྲ་ཀྱིས་ཁྱེར་ དེ་ལས་ ཁོ་ལགས་ན་ཕིན་སི་ཅི་ཡང་མེད་ ཁོ་བུ་ཚ་ཡང་ ལྟོ་བིན་སང་མེད་ལ་ ལོག་སྟེ་ཨུ་འདི་སྤྲའི་དེ་བེ་འོང་སྟེ་ དེ་ལས་ མི་འདི་མནོ་བསམ་ཅིག་གཏང་སྦེ་ ཁོ་ལུ་ཨ་རྒས་དང་ཨང་རྒས་འོང་རང་མི་འོང་ ཤོབ་རྐྱབ་མས་མནོ་ རྒྱལ་སྤུངས་སྤུངསམ་མས་ དེ་ལས་ ཨ་རྒས་དང་ཨང་རྒས་ བལྟ་བར་སོང་ དགོན་པ་ལྷོདཔ་ད་ སྤྱ་གིས་ཨ་རྒས་དང་ཨང་རྒས་བཏོན་ གེ་ཟ་ག་ར་འབག་ དེ་ལས་ མི་འདི་གེ་ཟ་ག་ར་སྤྱ་ལུ་ཤོར་ ཨ་ལོ་ལུ་ལྟོ་བྱིན་ནི་མེད་པར་ ལོག་སྟེ་ར་ སྤྱ་འབད་སར་སོང་འོང་སྟེ་
- འཕྲིན་ལས་དཔལ་སྒྲོན། Thinley Peldenཨའེ་ང་ད་ ཁྱོད་ཀྱིས་ཨོ་ད་མ་བྱ་ ཕྱེད་ཀ་ཅིག་ཏ་ཁྱོད་ཁྱེར་ཟེར་ ང་བཅས་རྒྱལ་སྤུངས་པི་གི་ཡིན་ཟེར་དེ་ ཕྱེད་ཀ་ཅིག་ངའི་བུ་ཚ་གསོ་བ་དགོ་པོ་ ཕྱེད་ཀ་ཁྱོད་ཀྱི་ ཨའི་དང་མེས་མེས་གསོ་བ་ཁྱེར་ཟེར་དེ་ དེ་ལས་སྤྲ་ཀྱིས་མནོ་བསམ་ཅིག་བཏང་ལ་ལོ་ དབའེ་ང་ལོག་ཅི་མ་བརྐུན་མ་བཏང་མ་ཡར་ན་ འགོར་ཡོང་ ད་ཨུ་འདི་མི་ཀྱིས་སླབ་མཁན་ཡང་ བདེན་གཏམ་ཅིག་ཡོ་ཟེར་ ང་སོ་སོ་ནང་ཡར་ན་ ཨ་ཤམ་ཕུར་གསུམ་མ་ཐོབ་ མི་ཀྱིས་རྟས་ཐག་ཐོབ་ཏོ་ཟེར་དེ་ ད་ཨུ་འདི་མི་ཀྱིས་སླབ་ལ་བཏུབ་ ཁོ་ཡང་བུ་ཚ་གསོ་སང་ཡོ་ཟེར་དེ་ དེ་ལས་ཁོང་གཉིས་པོ་བསྟུན་ཆ་བཏང་སྟེ་ ཕྱེད་ཀ་ཅིག་སྤྲ་ཀྱིས་ཁྱེར་ ཕྱེད་ཀ་ཅིག་ ཨོ་དེ་མི་ཀྱིས་ཁྱེར་ཏེ་ཡོ།། །། ཨའེ་ང་ད་ ཁྱོད་ཀྱིས་དེ་སྦེ་མ་འབད་ ཕྱེད་ཀ་ཅིག་འདི་ ཁྱོད་ར་འབག་ཟེར་ ཕྱེད་ཀ་ཅིག་ང་གི་ཨ་ལོ་གསོ་དགོ་པས་ ཕྱེད་ཀ་ཅིག་ ཁྱོད་རའི་ཨང་རྒས་དང་ཨ་རྒས་གསོ་ནི་འབག་ཟེར་ དེ་ལས་སྤྱ་གིས་མནོ་བསམ་ཅིག་བཏང་ དབའེ་གཞན་ཁར་ ད་རུང་ཨརཝ་བརྐུ་བ་འགྱོ་བ་ཅིན་ དུས་ཚོད་འགོར་ནི་མས་ དེ་བ་འདི་ ཁོ་གི་སླབ་མི་ལུ་བདེན་གཏམ་ཅིག་འདུག་ གཞན་ཁར་འགྱོ་སྟེ་འབད་རུང་ གེ་ཟ་ཐོབ་ནི་མེན་པར་ རྟས་ཐག་ཐོབ་ཟེར་ གེ་ཟ་ཕྱེད་ཀ་སྤྱ་གིས་འབག་ ཕྱེད་ཀ་མི་གིས་འབག་ནུག། །།