Skip to main content Skip to search
02 Feb 2016
2 min 15 sec
Video Overview
Creators: 
Sonam Tobgye, Sangay Tshomo

This story explains why domestic animals are similar to wild animals.  In the past, there was an elderly couple that had many animals, and shared everything, including farm work. The elderly man sent his share of the animal to the forest, thinking that they will search for the couple when needed. This is why many believe the wild animals in the forest are similar to domesticated animals.

 

ང་བཅས་ར་ དུད་འགྲོ་སེམས་ཅན་ལུ་ཡང་ རང་གིས་གསོ་ནི་ཡོད་མི་རིགས་གཅིག་དང་ རང་གིས་གསོ་ནི་མེད་པའི་ཚལ་མ་ནང་ཡང་ རང་གིས་གསོ་ནི་ཡོད་པའི་སེམས་ཅན་ཅོག་ར་འཐདཔ་སྦེ་ཡོད་མི་འདི་ ཧེ་མ་ ཨ་རྒས་དང་ཨང་རྒས་གཉིས་ ཞིང་ཁར་ལཱ་འབད་ནི་ལས་འགོ་བཟུང་ བགོ་བཤའ་རྐྱབ་སྟེ་ལཱ་འབད་སྡོདཔ་ད་ ནོར་སེམས་ཅན་བལྟ་མི་མེད་པའི་དཀའ་ངལ་གྱིས་ ཨ་རྒས་དང་ཨང་རྒས་གཉིས་ ནོར་སེམས་ཅན་ཚུ་ཡང་བགོ་བཤའ་རྐྱབ་སྟེ་ ནངས་པར་གནངས་ཚེ་དགོཔ་ད་ བསད་ཟ་གེ་ཟེར་ ཨ་རྒས་ཀྱི་ཧོང་ལས་ ག་ར་ཚལ་མ་ནང་བཏང་བཞག་བཞགཔ་ཨིན་པས། ད་རེས་ནངས་པར་ ཚལ་མ་ནང་ཡང་ གཡུས་ཁར་ཡོདཔ་བཟུམ་སྦེ་ར་ རི་ཕག་ ཤཝ་ལ་སོགས་པ་ཡོད་མི་དེ་ཚུ་ ཨ་རྒས་ཀྱི་ནོར་སེམས་ཅན་ཚུ་ཨིནམ་ད་ གཡུས་ཁར་གསོ་ནི་ཡོད་མི་ཚུ་ ཨང་རྒས་ཀྱི་ནོར་སེམས་ཅན་ཚུ་ཨིན་ཟེར་ བཤདཔ་ཨིན་པས།

 

Transcript search
No results found for this search
0 of 0
  • འཇིགས་མེད།/Jigme
    ཏེ་ ཨ་རྒས་དང་ཨང་རྒས་ ཁོ་རང་གཉིས་སྡོད་ཡོདཔ་མས། དེ་ ཞིང་ལཱ་འབད་དབུགས་གམ་
  • འཇིགས་མེད།/Jigme
    ལཱ་བགོ་དོ་མས་ ཁོང་གཉིས་སོ་སོ་འབད་ནི་འབད་ དེ་ ཨང་རྒས་ཀྱི་ཁ་ཐུག་ལསན་ ང་ལྕོགས་གྲུབ་མེད་མནོ་ གཡུར་མ་ཚར་རེ་ལས་གལ་ མི་གཡུར་དོ་མས།
  • འཇིགས་མེད།/Jigme
    ཨ་རྒས་ཀྱི་སྟེ་ གཡུར་མ་ཚར་གསུམ་གསུམ་གཡུར་དོ་མས། ཏེ་ ཨང་རྒས་ཀྱི་འདི་ མཐའ་འཁོར་རང་མཐའ་འཁོར་གསལ་དོ་མས
  • འཇིགས་མེད།/Jigme
    ཏེ་ འ་ནི་ལཱ་འབད་སྡོདཔ་ད་ བ་ལུ་ཆ་བྱིན་ནི་ ཕགཔ་ལུ་ལྟོ་བྱིན་ནི་དང་ བྱམོ་ལུ་ལྟོ་བྱིན་མི་མེདཔ་མས
  • འཇིགས་མེད།/Jigme
    དེ་ལས་ ཨ་རྒས་དང་ཨང་རྒས་ ཨ་རྒས་ཀྱི་སླབ་དོ་མས་ ད་ང་བཅས་གཉིས་ སེམས་ཅན་ཚུ་རི་ཁར་བཏང་གེ་ ང་བཅས་གཉིས་དགོཔ་ད་དགོཔ་ད་ གསད་ཟ་ཟེར་སླབ་སླབ་མས
  • འཇིགས་མེད།/Jigme
    ཡ་ ང་ལུ་འདི་ལྕོགས་གྲུབ་ཡང་མེད་བདའ་ནི་གི་ གསད་ཡང་མི་ཟ་ ངེའི་སེམས་ཅན་ཚུ་འདི་བཞག་ནི་ ཁྱོད་ཀྱི་འདི་བདའ་ན་ཟེར་སླབ་ད་ ཨང་རྒས་ཀྱི་དེ་སྦེ་སླབ་ད་
  • འཇིགས་མེད།/Jigme
    ངེ་གི་བདའ་ནི་ཟེར་ ཨ་རྒས་དང་ཨང་རྒས་གཉིས་བགོ་བཤའ་རྐྱབ་ ཨ་རྒས་ཀྱི་འདི་ཚུ་རི་ཁ་བདའ་ ཨང་རྒས་ཀྱི་འདི་ཚུ་ཁྱིམ་ནང་བཞག་དོ་མས།
  • འཇིགས་མེད།/Jigme
    དེ་ལས་ རི་ཁར་བདའ་ དེ་ལས་ལཱ་འབད་ ད་རེས་ ངི་གི་འདི་གསད་ཟ་ནི་ཟེར་ ད་རེས་ རི་ཕགཔ་ ཤ་བ་ ཀ་ཤ་ ཤ་བ་རྒྱ་ཚ་མིན་ ཤང་ཤ་ཡང་ཀུ་མིན་ ཀ་ཤ་ཁྲ་པ་ ར་འདིན་ ཤང་ཤ་
  • འཇིགས་མེད།/Jigme
    ང་བཅས་ཀྱི་ཁྱིམ་ནང་འཆང་མི་འདི་ བ་དང་བྱམོ་ལ་སོགས་པ་འཆང་མི་འདི་ ཨང་རྒས་ཀྱི་སྐལ་བགོ་བཤའ་ཟེར་སླབ་འོང་། ཨང་རྒས་ཀྱི་འདི་འཆང་འདི་ ད་ལྟོ་ ང་བཅས་ཀྱི་གསོ་མི་འདི་ ཨང་རྒས་ཀྱི་ཨིན།
  • འཇིགས་མེད།/Jigme
    ཏེ་ མི་འདི་ཚུ་གི་ རི་ཁ་ལས་ཤ་བདའ་བསད་ཟ་མི་འདི་ ཨ་རྒས་ཀྱི་སྐལ་བགོ་བཤའ་ཨིན་ཟེར་ ཧེ་མ་ ཨ་རྒས་འདི་ཚུ་གི་སླབ་འོང་། འ་ནིམ་ཅིག་ཨིན།