Skip to main content Skip to search
01 Feb 2016
3 min 15 sec
Video Overview
Creators: 
Sonam Tobgye, Sangay Tshomo

Bhutanese religion does not allow for the body of a child to be cremated, so it has to be disposed of either in water or in the mountains. Once, some people put a child’s body in a barrel in order to prepare it to be disposed of in water. The barrel was placed next to a bean cask. When they arrived at the riverbank, they realized they had brought the bean cask instead of the child's barrel. The moral of the story is that one should always be thorough in their activities. 

 

མོང་སྒར་ གླིང་མཁར་ལས་ རྡོ་རྗེ་འཕྲིན་ལས་ཀྱིས་གཏང་མི་བརྟག་དཔྱད་འབད་དགོ་པའི་སྲུང་དེ་ ལེགས་ཤོམ་སྦེ་ར་བལྟ་བ་ཅིན་ དངོས་སྲུང་བཟུམ་ཅིག་ཡང་མཐོངམ་ཨིན་པས། དེ་ཡང་ ས་གནས་དང་བཅསཔ་སྦེ་འཐོན་ནི་འདུག ཨུ་རྫོ་རོང་པའི་གཏམ་ ལེ་ཤ་ཡོད་པའི་ནང་ལས་ ད་ལྟོ་གི་སྲུང་འདི་ ཨ་ལོ་ཆུང་ཀུ་ཤི་བའི་ཕུངམ་ ཆུ་ནང་སྐྱེལ་ནི་སྦེ་ ཕུངམ་ཟོམ་ནང་བཙུགས་སྦེ་ སྲན་ཅུམ་གྱི་ཟོམ་དང་ཅིག་ཁར་བཞག་སྟེ་ཁ་ཤག་དཀརཔོ་ཅིག་ སྲན་ཅུམ་གྱི་ཟོམ་ཐོག་ཁར་སྤུབས་བཞག་སྟེ་ཡོད་མི་དེ་འཐུ་འབག་སྦེ་ གོང་རི་ཆུའི་འགྲམ་ལུ་ལྷོད་དེ་བལྟ་བའི་སྐབས་ ཨ་ལོའི་ཕུངམ་དེ་ཁྱིམ་ན་བཀོ་བཞག་སྦེ་ སྲན་ཅུམ་གྱི་ཟོམ་དེ་ལྷོད་སྡོད་ནུག ཟེར་ཨིན་པས། ལཱ་བཟང་ངན་བར་གསུམ་ག་ཅི་ར་འབད་དགོ་རུང་ བརྟག་དཔྱད་མ་འབད་བ་ཅིན་ སྲུང་དེ་བཟུམ་སྦེ་ར་ བརྡབ་གསིག་སྦོམ་ དཔེར་ན་ ཉིམ་དང་ནུབ་མོ་ མེ་དང་ཆུ་བཟུམ་གྱི་ཁྱད་པར་འཐོན་འོང་ ཟེར་བཤདཔ་ཨིན་པས།

 

Transcript search
No results found for this search
0 of 0
  • རྡོ་རྗེ་འཕྲིན་ལས།/Dorji Thinley
    དང་པོ་ ཨུ་ཟོ་རོང་ལུང་ཕྱོགས་ནང་ ཨ་ལོ་གཅིག་གྱོང་ཡོདཔ་མས། ང་བཅས་རང་ སེམས་ལུ་དྲན་པ་བཏོན་དགོཔ་ཨིན་མས།
  • རྡོ་རྗེ་འཕྲིན་ལས།/Dorji Thinley
    ཏེ་ ཨུ་ཟོ་རོང་ཟེར་མི་ ཆུ་ཆེན་ གོང་རི་༼གྲང་མེད་ཆུ༽ རྩ་བར་ཡོདཔ་ཨིན། ཏེ་ ཨ་ལོ་གྱོང་མི་འདི་ ལོ་ཚད་བརྒྱད་ལང་ཡོད་ན་ མེ་ནང་གསེག་ནི་དང་
  • རྡོ་རྗེ་འཕྲིན་ལས།/Dorji Thinley
    ལོ་ཚད་ གསུམ་སྨན་ཆས་ཨིན་པ་ཅིན་ མེ་ནང་གསེག་མ་མཆོགཔ་འབད་ རྩིས་དཔེ་ཆ་ནང་ལས་ ཡང་ ཐོནམ་ཨིན་ དེ་དང་བསྟུན་ ཨ་ལོ་གྱོང་མི་འདི་ ལོ་གཅིག་ལྷག་ཙམ་འབདཝ་ལས་ གྲང་མེད་ཆུ་ནང་བཀོ་བ་འབགཔ་ད་
  • རྡོ་རྗེ་འཕྲིན་ལས།/Dorji Thinley
    ཏེ་ཁྱིམ་ནང་ སྲནམ་ཅུམ་བཞག་སའི་ལྷོད་རྒྱ་ཛི་ ཨ་ལོ་གྱོང་མི་ཕུངམ་འདི་ཡང་ དར་དང་ཁ་ཤ་འདྲཝ་གི་སྤུབས་སྟེ་ འབགཔ་མེན་པར་རྒྱ་ཛི་ནང་ འབག་འབགཔ་མས།
  • རྡོ་རྗེ་འཕྲིན་ལས།/Dorji Thinley
    དེ་ལས་ སྲནམ་ཅུམ་རྒྱ་ཛི་དང་ ཨ་ལོ་བཙུགས་བཞག་མི་རྒྱ་ཛི་གཉིས་ གཅིག་ཁར་བཞག་ཡོདཔ་མས། སྲནམ་ཅུམ་རྒྱ་ཛི་ འདི་ཡང་སྲནམ་ཅུམ་ལྟེམ་ལྟེ་སྡོད་ཡོདཔ་མས།
  • རྡོ་རྗེ་འཕྲིན་ལས།/Dorji Thinley
    དེ་ལས་ ན་འཐེན་རང་ ཨ་ལོའི་ཕུངམ་འདི་འབག་རནམ་ད་ མི་གཅིག་གི་ སྲནམ་ཅུམ་རྒྱ་ཛི་དང་ ཕུངམོ་བཙུགས་མི་རྒྱ་ཛི་གཉིས་གཅིག་ཁར་ཡོདཔ་ལས་ དར་གཅིག་འབག་ སྲནམ་ཅུམ་རྒྱ་ཛི་གུར་བཞག་བཞག་མས། དེ་ལས་ སྲནམ་ཅུམ་རྒྱ་ཛི་འདི་འབག་ཡར་སོངམ་མས།
  • རྡོ་རྗེ་འཕྲིན་ལས།/Dorji Thinley
    དེ་ལས་ མར་གོང་རི༼གྲང་མེད་ཆུ༽ ནང་ལྷོད་ཁ་ཤ་དར་འདི་ ཁ་ཕྱི་བལྟཝ་ད་ ཨ་ལོའི་ཕུངམ་འདི་མེན་པར་ སྲནམ་ཅུམ་འདི་འབག་འོང་ནུག་ལོ།
  • རྡོ་རྗེ་འཕྲིན་ལས།/Dorji Thinley
    འ་ནི་ག་དེ་འབད་སྨོ་ཟེར་བ་ཅིན་ དཔེ་མེན་དོན་མི་ཤེས་ ང་བཅས་ར་ ལཱ་ག་ཅི་འབད་རུང་ དྲན་པ་ཐེབ་བཏོན་མ་འབད་མ་ཅིན་ ད་ལྟོའི་སྲུང་བཟུམ་ ཉིན་མ་དང་ནུབ་མོ་དབྱེ་བ་ཕྱི་མ་ཚུགས་པ་ འཛོལ་འོང་ཟེར་ཨིན་མས། ང་གི་སྲུང་ཐུང་ཀུ་གཅིག་བཏང་མི་འདི་ འ་ནི་ཨིན།