Skip to main content Skip to search
28 Jun 2018
35 min
Video Overview
Creators: 
Rinchen Dorji, Khandu

The story of Nyakha Puzhi and Sisi Chubi Bum was narrated by Tshampa Samten from Paro Dzongkhag. Nyakha Puzhi is a poor man from Shar Rubesa in Wangdue, and Sisi Chubi Bum is a daughter of the rich family of Wang Sisina. Though these two lovers are from different backgrounds, fate brought them successfully together. Nyakha was intelligent and became a King of Tibet while he went to trade, leaving his bride at home. The wife was an incarnation of Dakini and never lost her commitment. Nyakha changed his mind to stay in Tibet as a monk, despite his successful business, but also never lost his commitment. The couple was in love at first sight, and remained committed to one another. 

 

དབང་འདུས་ཕོ་བྲང་རྫོང་ཁག་ རུ་པའི་སའི་ རུ་པའི་ཉ་ག་ཕུ་ཤི་དང་ ་སི་སི་ཕྱུག་པོའི་བུམོ་གི་སྲུང་འདི་ སྤ་རོ་རྫོང་ཁག་ རྡོ་སྒར་རྒེད་འོག་ལས་ མཚམས་པ་བསམ་གཏན་གྱིས་གཏངམ་ཨིནམ་ད་ ཏེ་རུ་པའི་ཉ་ག་ཕུ་ཤི་ཟེར་མི་འདི་ དབང་འདུས་རྫོང་ཁག་ ཤར་རུ་པའི་ས་ལས་ སྤྱང་ཀའི་བུཚ་ཅིག་དང་ སི་སི་ཕྱུག་པོའི་བུམོ་འདི་ ཐིམ་ཕུག་རྫོང་ཁག་ ཝང་སི་སི་ནང་ལས་ བཟའ་ཚང་ཕྱུགཔ་ཅིག་གི་བུམོ་མས། ཁོང་གཉིསཔ་འདི་ ས་ཐག་རིང་ས་ལས་ གཅིག་གིས་གཅིག་དང་འབྲེལ་བ་མ་པ་ལས་མེདཔ་ཨིན་རུང་ ཚེ་སྔོན་གྱི་ལས་འཕྲོ་ལས་བརྟེན་ གཅིག་ཁར་ཕྱད་དེ་ གནམ་མེད་ས་མེ་དགའ་ཏེ་ གཉེན་གྲོགས་སྦེ་བསྡོམས་ཏེ་ མི་ཚེ་དགའ་ཏོག་ཏོ་སྦེ་ མཐར་ཕྱིན་ཚུགས་ཚུགསཔ་མས། རུ་པའི་ཉ་ག་ཕུ་ཤི་འདི་ སི་སི་ཕྱུག་པོའི་བུམོ་གཡུས་ཁར་བཞག་སྟེ་ ཁོ་ར་བོད་ལུ་སོང་པའི་སྐབས་ བོད་ཀྱི་རྒྱལཔོ་འབད་ཡོདཔ་ད་ བུམོ་འདི་མཁའ་འགྲོའི་ སྤྲུལ་པ་ཅིག་ཨིན་པའི་གུ་ ཁོང་ར་གཉིས་མ་ཕྱད་པར་ དུས་ཡིན་ལེ་ཤ་ཅིག་སོང་རུང་ ཐ་དང་དམ་ཚིག་ལེགས་ཤོམ་སྦེ་སྲུང་་སྡོད་མི་ཅིག་མས། ཏེ་རུ་པའི་ཉ་ག་ཕུ་ཤི་འདི་ བོད་ལུ་ལྷོད་ཞིནམ་ལས་ ཁོ་རའི་ཚོང་ལཱ་འདི་བཞག་སྟེ་ དགེ་སློང་ནང་འཛུལ་ཞིནམ་ལས་ ཆོས་འབད་སྡོད་ནི་གི་མནོ་བསམ་བཏང་རུང་ བོད་ཀྱི་རྒྱལཔོ་འབད་དགོཔ་ཐོན་སོངཔ་མས།  སྲུང་འདི་ནང་གཉེན་གྲོགས་ཀྱི་བར་ན་ ཐ་དང་དམ་ཚིག་འགྱུར་བ་མེད་པ་བསྟེན་དགོ་པའི་སྐོར་ལས་ བརྡ་འཕྲིན་བྱིནམ་ཨིན་མས། 

 

Transcript search
No results found for this search
0 of 0
  • མཚམས་པ་བསམ་གཏན་
    ཡ་ ཏེ་ ད་རིས་ ཏེ་ ནཱ་ སློབ་དཔོན་ཆ་ཁྱབ་ཀྱིས་ ང་ལུ་སྲུང་ཅིག་གསོལཝ་བཏབ་པ་ལས་(ལུ་)ལྷོདཔ་ལས་ ཏེ་ང་གིས་ ཏེ་དང་ཕུ་གི་སྲུང་ ཤར་རུས་པའི་ཉ་ག་ཕུག་ཤིང་དང་ སི་སི་ཕྱུག་མོའི་བུ་མོ་གི་ ཏེ་ད་ སྲུང་ཅིག་ ཏེ་ ཕུལ་དོ་ཟེར་ དེ་སྦེ་ཞུ་དོ་ལགས།
  • མཚམས་པ་བསམ་གཏན་
    ཏེ་ མ་གཞི་ ང་ གནམ་མེད་ས་མེད་ ཏེ་མཁས་པ་དང་བཅའ་བ་ཅིག་ ག་ནི་ཡང་མེད་ མེད་དེ་ར་འབད་དེ་འབད་རུང་ ཏེ་ སློབ་དཔོན་ཚུ་གིས་ ང་ལུ་ ཏེ་ དེ་སྦེ་རང་གསོལཝ་བཏབ་པར་ལྷོད་ལས་ ང་གིས་ཤེས་ཤེསཔ་མཐོང་མཐོངམ་ཅིག་ཕུལ་གེ་ཟེར་ ཞུ་ནི་སྦེ་ཨིན་ལགས།
  • མཚམས་པ་བསམ་གཏན་
    ད་ དང་ཕུ་རོགས་ ཕར་ཤར་རུས་པའི་ཉ་ག་ཕུག་ཤིང་ཟེར་ ཏེ་ ཕར་ ཤར་ ཤར་ལུ་ཨིན་མས་ལགས་ ཤར་ལུ་ ཤར་རུས་སྦིས་ས་ ཟེར་མི་ནང་ལུ་ལགས། ཤར་རུས་སྦིས་ས་ཟེར་མི་ནང་ལུ་ ཏེ་ ཉ་ག་ཕུག་ཤིང་ར་ཟེར་ ཏེ་རོགས་ མི་གནམ་མེད་ས་མེད་ མིང་གཏམ་ཆེ་དྲགས་ ཏེ་ རྒྱུ་དཔེ་ཤ་ར་འབད་དེ་འབད་རུང་ སམ་ས་གཞི་འབད་རུང་ ག་ཅི་འབད་རུང་ ཏེ་ ཁོ་རང་ བྱད་ངོ་རིས་འབད་རུང་ གཟུགས་གཞི་འབད་རུང་ ག་ཅི་ཡང་ཚང་མ་ཅིག་ཡོད་དོ་མས་ལགས་འ་ནཱི་སྦེ་ ཏེ་འ་ནཱེ་སྦེ་སྡོད་པའི་སྐབས་སུ་ལུ་ ཏེ་ གཡུས་ཁ་ལུ་ ཏེ་ ནད་ཡམས་ཅིག་ཐོན་འབད་སྦེ་ ཏེ་ཡུདཔ་ཅིག་ ཁོ་ར་གི་ཁྱིམ་ནང་ལུ་ མི་ ཡུདཔ་ཅིག་ག་ར་ཤི་ཚར་འབད་སྦེ་ ཁོ་ར་གཅིག་གུ་ཐོན་སོངཔ་མས་ལགས།
  • མཚམས་པ་བསམ་གཏན་
    ཏེ་ཁོ་ར་གཅིག་གུ་ལྷོད་སྦེ་འབདཝ་ད་ལུ་ ཏེ་ཡུདཔ་ཅིག་ཁ་ལས་ ཁོ་འ་ནཱི་ལཱ་འབད་ནི་ལུ་ གནམ་མེད་ས་མེད་སྤྲོ་བ་མིན་འདུག་བ་ལགས། ཏེ་ ལཱ་འབད་ནི་ལུ་ སྤྲོ་བ་མེད་སྦེ་ ཏེ་ ཡུདཔ་ཅིག་ལས་ཁོ་དང་པ་ར་ སམ་ས་གཞི་འདི་ཚུ་ ཨ་ཙི་རེ་བཙོང་ནི་འགོ་བཙུགས་ནུག་ལགས། ཏེ་སམ་ས་གཞི་འདི་ཚུ་ ཨ་ཙི་རེ་ཨ་ཙི་རེ་སྦེ་བཙོང་ ཏེ་ འདི་ལེན་རྐྱབ་ ཏེ་ ཡུདཔ་ཅིག་ལས་ སམ་ས་གཞི་འདི་རྫོགས་སྦེ་ཚརཝ་ད་ ཏེ་ ཁྱིམ་འདི་རོགས་ རྒྱལ་པོའི་ཕོ་བྲང་བཟུམ་སྦེ་ ག་ཅི་ཡང་དགའཝ་སྦེ་ཡོད་དོཝ་མས་ལགས།
  • མཚམས་པ་བསམ་གཏན་
    ཏེ་ཁྱིམ་འདི་ཡང་ ཏེ་ཡུདཔ་ཅིག་ལས་ཏེ་ བཟའ་ནི་འཐུང་ནི་རྫོགས་འབད་སྦེ་ ཏེ་ཁྱིམ་འདི་ཡང་བཙོང་ནུག་ལགས། ཏེ་ཡུདཔ་ཅིག་ལས་ཁྱིམ་བཙོང་བཙོངཔ་པའི་ ཏེ་དེ་ལས་ རྒྱུ་དངོས་འདི་ཚུ་ཡང་རྫོགས་སོངམ་འབད་སྦེ་ ཏེ་དེ་ལས་རོགས་ལས་ ལྷངམ་རེ་རྐྱབ་ ཏེ་དེ་ལས་ ཏེ་སུག་མ་སྦ་སྒོར་ཅིག་བཟོ་སྦེ་ ཏེ་ཁོ་ ཏེ་སུག་མ་སྦ་སྒོར་ནང་སྡོད་སྡོདཔ་ཨིན་མས་ལགས་
  • མཚམས་པ་བསམ་གཏན་
    ཐུགཔ་རེ་བསྐོལ་འཐུང་འབད་སྦེ་ ཏེ་ འ་ནཱི་སྦེ་སྡོད་པའི་སྐབས་སུ་ལུ་ ཏེ་ དབང་འདུས་ཚེས་བཅུ་འདི་ཡང་ རིན་ཆི་འབད་སྦེ་ ཏེ་རོགས་ག་ར་ ཏེ་གཟབ་སྤྲོས་རྡིག་ ལྟདམོ་བལྟ་བར་འགྱོ་ནི་གི་ གྲ་སྒྲིག་རྐྱབ་སྦེ་འབདཝ་ད་ ཏེ་ ཁོ་མནོ་བསམ་གཏང་མི་ཚུགས་ནི་མས་སྨོ་ ཏེ་ང་ཧེ་མ་ ཏེ་ ང་རང་གཞོནམ་སྦེ་ ཏེ་ ཕམ་ཡོད་པའི་སྐབས་སུ་ལུ་ ཏེ་ད་ རོགས་མིའི་སྦུག་གི་ མི་དཔོན་སྦེ་ ཏེ་ཕམ་དྲག་པའི་བུཚུ་ཅིག་སྦེ་སྡོད་སྡོདཔ་ཨིན།
  • མཚམས་པ་བསམ་གཏན་
    ཏེ་ ད་རེས་ང་ འ་ནཱི་བཟུམ་ཅིག་གུ་ལྷོད་སྦེ་འབདཝ་ད་ལུ་ ཨེའེ་སྨོ་གསེས་ཏེ་ ཁོ་ར་ཁོ་ར་ སེམས་ཅིག་སྐྱོ་འབད་སྦེ་ ཏེ་ མནོ་བསམ་བཏང་མི་ཟེར་མས་ལགས། ད་རུང་ ཁོ་ར་གིས་ ཁོ་ར་སྐོར་ར་སྐོར་རྐྱབ་ འ་ ག་ཅི་སྦེ་གསེས་ཏེ་ རྒྱུ་ཡོད་མི་གིས་ ཡར་སྦེ་འགྱོ་འོང་གསེས་ མེད་མི་གིས་མར་འབད་འགྱོ་འོང་ ང་ཡང་ འགྱོ་ནི་མམ་ཏེ་ ག་ཅི་སྦེ་ཟེར་ ཏེ་དང་ཕུ་གི་འ་ནཱི་ དེ་ གཡུ་ར་ཟེར་མི་འདི་ ཟྭོ་ཆག་ཡོད་བ་ལགས་ ཟྭོ་ཆག་གི་འཐག་འཐགས་པའི་ གཡུ་ར་ཅིག་ཡོདཔ་མས་ལགས་ ད་ འ་ནཱི་འོག་ལུ་ ཨ་བུག་དཀྱིས།
  • མཚམས་པ་བསམ་གཏན་
    ཏེ་ དེ་ལས་ དང་ཕུའི་ ནག་ཐག་ཅིག་ཡོདཔ་མས་ ཐགཔ་ཅིག་ ཏེ་འ་ནཱི་སེར་ཁ་སྦེ་ བཀབ་ནེ་གི་ཁྱད་ཨིན་མས་ལགས། འ་ནཱི་ཅིག་བཀབ་སྦེ་ ཏེ་འཛུལ་སོང་ནུག་ལགས་ཁོ་ ཁོ་མར་ལས་ཡར་སྦེ་ སྒོ་ར་སྒོ་ལས་འཛུལཝ་ཅིག་ ཏེ་ ཕྲངམ་ཕྲང་སར་ ཡར་གཤམ་མ་ནང་སྡོད་སྡོདཔ་མས་ལགས།
  • མཚམས་པ་བསམ་གཏན་
    ཁོ་གཤམ་མ་ནང་ལས་ལྟ་སྦེ་ ལྟོདམོ་ལྟ་སྦེ་སྡོད་ཚེ་ཅིན་ ཏེ་ཨིན་མས་གསེས་བའི་ལོ་ སྤ་་་་་ ལྟོདམོ་ལྟ་མི་ཏེ་བརྒྱ་དང་སྟོང་སྦེ་ འདི་ནང་ལུ་ཏེ་ གནམ་མེད་ས་མེད་ ཕོ་ལེགས་མོ་ལེགས་ འ་ནཱེ་སྦེ་ ཏེ་ད་ཁོ་སྡོད་སའི་འོག་ལུ་ར་ ཏེ་ རབ་གསལ་ན་ལས་མར་ཏེ་རོགས་ མར་གྱི་དབང་རྫོང་པའི་སྲས་ དེ་ལས་ སྒོ་ར་པའི་སྲས་ དེ་ལས་ཏེ་ གཉེར་ཆེན་གྱི་སྲས་ ཏེ་ཁོང་གསུམ་ ཏེ་སྲས་གསུམ་ ཡར་ལས་མར་གྲོས་བསྟུན་ བཤད་ཐོ་བཏང་སྦེ་ བཞུགས་བཞུགསཔ་མས་ལགས།
  • མཚམས་པ་བསམ་གཏན་
    ཏེ་ འ་ནཱེ་སྦེ་སྡོད་སྡོདཔ་བན་ ཏེ་སི་སི་ནཱ་ལས་ཕར་གྱི་ སི་སི་ཕྱུག་མོའི་བུམོ་ཡང་ ཏེ་དབང་འདུས་ཚེས་བཅུ་མཇལ་བར་འོང་འོངམ་མས་ལགས། ཝང་སི་འེ་་་་ སི་སི་ཕྱུག་མོའི་བུམོ་ཡང་ ཏེ་ད་རུང་ གཏམ་འཇིག་རྟེན་དཔྱེ་གཏམ་ཡང་ སྤ་་་་ ཝང་སི་སི་ཕྱུག་མོ་ཡང་ཏེ་རོགས་ ཕར་ ནཱི་ག་ཅི་ལོ་ ཚེས་བཅུ་ལྟ་སར་ལས་ ལོག་ལོགཔ་འདྲས་ཟེར་ ཤར་ ཨ་ད་པདྨོ་ཚེས་བཅུ་ལྟ་སར་ལས་ ལོག་ལོག་འདྲས་ཟེར་བའི་དཔེ་བཟུམ་སྦེ་
  • མཚམས་པ་བསམ་གཏན་
    ཏེ་ སི་སི་ཕྱུགམོ་འདི་རོགས་ བྱད་ངོ་རིས་ལེགས་པ་ལུ་ གཟུགས་གཞི་ཡོད་བ་ལུ་ ཉ་ཁག་ཅུ་གི་སྐེད་པ་རྡོ་ཕོག་ཕོགཔ་བཟུམ་སྦེ་ ཏེ་འཁྱུ་ར་ཚར་དགུ་དགུ་རྐྱབ་སྟེ་སྦེ་འགྱོ་ཡི་ ཟེར་ཨིན་མས་ལགས་འ་ནཱི་སྦེ་ འཁྱུ་འཁྱུ་ཟེརཝ་ད་ ང་བཅས་ཀྱིས་ ཉ་ཁག་ཅུ་འདི་ཚུ་ འ་ནཱི་འབདཝ་ད་ ལེང་ནི་འདུག་བ་ཏེ་སྨོ་ཤིག་ལགས་ འ་ནཱི་སྦེ་ ལེང་ལེང་འབད་ནི་འདུག་བ་ཏེ་སྨོ་ཤིག་ལགས་ འ་ནཱི་བཟུམ་སྦེ་ འཁྱུ་འདི་ཚུ་རྐྱབ་སྟེ་སྦེ་ ཏེ་འ་ནཱི་སྦེ་འགྱོ་དེས་ ཟེར་ཨིན་མས།
  • མཚམས་པ་བསམ་གཏན་
    ཏེ་ མོ་གི་ཕྱག་ཞུ་མི་ ཨར་མོ་གཅིག་འཁྱིད་སྦེ་འགྱོཝ་ད་ ཏེ་ དེ་ལས་ཁོང་ སྒོ་ར་པའི་བུ་ གཉེར་ཆེན་པའི་བུ་ དེ་ལས་ གཉེར་ཆེན་གྱི་བུ་འདི་ཚུ་འ་ནཱི་ ཏེ་ ཁ་སླབ་སྦེ་ ཡར་གྱི་དབང་རྫོང་ ག་ཅི་ལོ་ དབང་རྫོང་པའི་སྲས་འདི་ཚུ་ ཁ་སླབ་སྦེ་འབདཝ་ད་དབའི་ ཨའེ་བུམོ་ འ་ནཱི་ ག་ནི་བ་ལེགས་པ་ལུ་དབའི་ བུམོ་དང་གཅིག་ཁར་ ཁ་སླབ་པའི་གི་དུས་ཚོད་ཅིག་ཐོབ་རུང་དགའ་བས་སྦ་སྨོ་ ཟེར་སླབ་སླབ་མས་ལགས།
  • ཏེ་ཁོ་ འ་ནཱི་གོ་གོཝ་མས་ ཤར་རུས་པའི་ཉ་ག་ཕུག་ཤིང་གིས་ ཏེ་ ཁོ་ ཡར་ལས་མར་ཉན་སྦེ་སྡོད་སོང་པ་ ཁོ་ཡར་ལས་མར་ བཙག་བཏང་མར་བབས་འོང་སྦེ་ སྤ་ལགས་ ནཱ་བཟུམ་གྱི་རྒྱུའི་སྙིང་པོ་ དཔེ་ཤ་ ཏེ་གཟབ་སྤྲོས་ར་འ་ནཱི་བཟུམ་སྦེ་ཡོད་བ་ཅིན་འདི་ ང་གིས་ ཁ་སླབ་སྦེ་མི་བཞག་ལགས། ང་གིས་འབྲེལ་བ་འཐབ་ཚུགས་ཟེར་ ཁོ་གིས་ འ་ནཱི་སྦེ་ག་འགྱོ་ནུག་ལགས།
  • དབའི་ དབའི་ ཁྱོད་མི་ ཁྱོད་བཟུམ་མའི་མི་གིས་ རོགས་ ཕར་ལྟ་ཤིག་ བུམོ་རོགས་དཔོན་གྱི་བུམོ་མས། ཁྱོད་ཀྱིས་དེ་སྦེ་འབད་ཚུགས་སྦོ? ཟེར་སླབ་ད་ འ་ལགས་ རྒྱལ་བཞག་ཟེར་ ཏེ་ བཏུབ་ཟེར་ ད་ དེ་འབད་བ་ཅིན་ ཁྱོད་ཀྱིས་ ཁྱོད་ཀྱིས་ འདི་བཟུམ་འབད་ཚུགས་ཏེ་འབད་བ་ཅིན་ ཏེ་ ང་བཅས་ཡར་ གསུམ་ཆ་སྟེ་ ཁྱོད་ཚེ་གཅིག་ལང་པའི་ཟས།
  • མཚམས་པ་བསམ་གཏན་
    ཚེ་གཅིག་གྲོན་པའི་[ལངས་པའི་]གི་གོས་ག་ར་ ང་བཅས་གཉིས་ཀྱིས་འབད་བྱིན་ནི་ ང་བཅས་གསུམ་གྱིས་འབད་བྱིན་ནི་ཨིན། ཏེ་ ག་དེ་སྦེ་འབད་ནི་ ཏེ་ ཁྱོད་ཀྱིས་ ང་བཅས་ལུ་ག་དེ་སྦེ་འབད་ནི་ཟེརཝ་ད་ ཏེ་ ང་ལུ་རྒྱུའི་སྙིང་པོ་མེད་པར་ ཏེ་ བྱིན་ནི་མིན་ནུག ད་ ང་གིས་ ད་ ཁྱེད་རེ་རེ་གི་སྒོ་ཁ་ལུ་ ཟླ་བ་རེ་རེ་སྦེ་ ཟླ་སྐོར་རྐྱབ་སྟེ་གཡོག་རྐྱབ་བྱིན་གེ་ ཁྱེད་ཀྱི་འཇའ་རོགས་རྒྱུགས་བྱིན་གེ་ཟེརཝ་ད་ ཏེ་བཏུབ་ཟེར་ ཏེ་ག་ཅི་འབད་དགོ་ཟེར་ སླབ་སླབ་མས་ལགས་ཁོ་གིས།
  • མཚམས་པ་བསམ་གཏན་
    ཏེ་ ཁོང་གསུམ་གྱིས་ ཁྱེད་ ཏེ་ ཕར་འགྱོ་བ་དང་བཅས་པ་ ཕར་འགྱོ་བའི་གི་ ཏེ་ ལཱ་འདི་ཚུ་ག་དེ་སྦེ་འབད་དགོ་ ཟེར་འབདཝ་ད་ སྤ་་་་ ཏེ་འདི་ཚུ་ ང་གིས་ ཁྱེད་ཀྱིས་ལོ་རྒྱུས་སླབ་མིན་དགོ་ ང་རང་གིས་སླབ་ནི་ཡོད་གསེས་ཏེ་ འ་ནཱ་ལས་ ཏེ་ད་ ག་ཅི་དགོཔ་ཟེར་བ་ཅིན་ ཁོ་ལུ་ ཏེ་ ཉིནམ་གསུམ་དེ་ཅིག་ ཁྲུས་རྐྱབ་དགོ་གསེས་ཏེ་ ཁྲུས་ཟེརཝ་ད་ ང་བཅས་ར་གཟུགས་འཁྱུ་ནི་འདི་ཨིན་མས་ལགས། ཏེ་ གཟུགས་འདི་ཚུ་ མ་བཏུབ་བཏུབ་འབད་འཁྱུ།
  • མཚམས་པ་བསམ་གཏན་
    ཏེ་ རྒྱན་ཆས་འདི་ཚུ་ མ་བཏུབ་བཏུབ་སྦེ་རྐྱབ་ ཏེ་ ལྷམ་འདི་ཚུ་ཡང་ མ་བཏུབ་བཏུབ་སྦེ་ ཁྲུས་ལམ་དགར་ཅུང་དགོ་ཟེར་ ཏེ་ གློ་བ་ལུ་དཔའ་རྟགས་དགོ་གསེས་ མགུ་ལུ་ ཏེ་རྒྱ་ཞྭམོ་དགོ་ཟེར་ ཏེ་ན་བཟའ་འདི་ཚུ་ གོ་འདི་ཚུ་ཡང་ མ་བཏུབ་བཏུབ་སྦེ་དགོ་ཟེར་འབདཝ་ད་ ཏེ་ འ་ བྱིན་ཚུགསཔ་ཟེར་ ཏེ་དེ་ལས་ ང་བཅས་ལགཔ་སྟོངཔ་སྦེ་འགྱོ་ནི་མེད་ཟེར་ ཏེ་ དང་ཕུ་ རྟ་ལ་གཅིག་[རྟ་བཅུ་གཉིས་]ཟེརཝ་ད་ ཏེ་ ང་བཅས་ར་ ད་རེས་འབད་བ་ཅིན་ དར་ཟིན་གཅིག་ལགས།
  • མཚམས་པ་བསམ་གཏན་
    དར་ཟིན་གཅིག་ ད་བཅུ་གཉིས་ཨིན་མས་སྨོ་ཤིག་ལགས། ད་ ལ་གཅིག་[བཅུ་གཉིས་] བདའ་དགོ་ཟེར་ ད་ འ་ནཱ་ལུ་ ཁུར་ཆ་འདི་ཚུ་ ད་ ཨིན་ཅི་མིན་ཅིག ནཱ་ལས་ཕར་ཆུམ་མཛརཝ་ དེ་སྦེ་ ཏེ་དོ་ཡོད་མི་བཀལ་མི་དགོ་ ང་བཅས་ཕར་ལའི་རྒྱབ་ཁ་ལས་ སི་སི་གི་འདབ་མ་དང་ འ་ནཱི་ཚུ་ གཟེམ་ནང་ལུ་བླུགས་ ཏེ་ ཕད་ཙེ་འདི་ཚུ་ནང་བླུགས་སྦེ་འབད་བའི་བསྒང་ལས་ ཁུར་ཆ་འདི་འ་ནཱེ་སྦེ་འབག་ནི་ཟེར་ཏེ་ ཏེ་ད་ ང་བཅས་ར་ གཟའ་སྐར་འཕྲོད་སྦྱོར་ཅིག་རྩིས་སྦེ་ འ་ནཱི་སྦེ་འགྱོ་ཡི་ཟེར་ཏེ་ཁོང་ བཞི་ཏེ་ གྲོས་བསྟུན་ཚོགས་སོ་ནུག་ལགས།
  • མཚམས་པ་བསམ་གཏན་
    ཏེ་ དེ་ལས་ཏེ་ མ་བཏུབ་བཏུབ་པའི་གི་ ཏེ་ གན་རྒྱ་བཟོ་ལགས། ཏེ་ དེ་ལས་ཁོ་གིས་ བོདཔ་ ཕར་གྱི་ སི་སི་ཕྱུག་མོའི་བུམོ་དང་གཅིག་ཁར་ འབྲེལ་བར་འཐབ་མ་ཚུགས་པ་ཅིན་ ཁོང་གསུམ་གྱི་གཡོག་རྐྱབ་ནི་ ཏེ་ ཁོ་གི་རོགས་ ཕར་ འབྲེལ་བ་འཐབ་ཚུགསཔ་བཟུམ་ཅིག་འབད་བ་ཅིན་ ཏེ་ ཁོ་ལུ་ ཚེ་གཅིག་སྒྲུབ་པའི་[ལངས་པའི་]གོ་དང་ ཚེ་གཅིག་ལང་པའི་[ལངས་པའི་]ཟས་ ཏེ་ སམ་ས་གཞི་འདི་ཚུ་ག་ར།
  • མཚམས་པ་བསམ་གཏན་
    ཁོང་གསུམ་གྱིས་བྱིན་ནི་སྦེ་ ཏེ་ ཁ་ཚིག་བཟོ་སྦེ་ འདིའི་གན་ཡི་གེ་བཟོ་ འབད་ཚར་ནུག་ལགས། ཏེ་དེ་ལས་ཏེ་ གཟའ་སྐར་འཕྲོད་སྦྱོར་རྩིས་ ཏེ་ དེ་ཕར་ལས་ཚུར་ ཏེ་ཧིང་ལས་ལ་ལས་སྦེ་ ཏེ་ཕར་ ན་ཧིང་ ཕར་ལས་ཚུར་སྦེ་ཏེ་ འབད་བའི་ཤུལནི་ཏེ་ དེ་ལས་ ནཱ་སི་སི་ན་ལྟ་འོང་མས་ལགས། ཏེ་ རྟ་བཟང་ལྷ་བཟང་སྦེ་ ཏེ་དྲིལཔ་བཏགས་ ཏེ་ རོགས་དང་ཕུ་ལས་ འ་ནཱེ་ རྟ་ལ་སྦེ་འགྱོ་མི་ཚུ་ དྲིལབུ་བཏགས་འདུག་བ་སྨོ་ཤིག་ལགས།
  • མཚམས་པ་བསམ་གཏན་
    གནམ་མེད་ས་མེད་ས་ ལི་བཤེད་བཏགས་ སོ་ལོང་སོ་ལོང་སོ་ལོང་ཟེར་ཏེ་ ཁོ་ ཏེ་ ཁྱེད་གསུམ་ ངེའེ་གཡོག་རྐྱབ་མི་སྦེ་ འབད་དགོ་རྨ་རེད་ཟེར་ཕར་ལྷོད་པའི་བསྒང་ལས་ ཏེ་དཔོན་འདི་ ང་སྦེ་སླབ་དགོ་ཟེར་ གཟིམ་སྒརཔ་ ཕར་དབང་རྫོང་པའི་གཟིམ་སྒརཔ་ཨིན་ ཟེར་སླབ་དགོ་ཟེར་ང་ ཏེ་ དེ་ལས་ ཧ་ཕྱི་གི་དུས་ཚོད་འདི་ ཏེ་ ཉིནམ་འཛུལ་རན་མ་རནམ་ཅིག་ཁར་ ཏེ་ཁོང་གི་མར་ སྒོ་ཁར་ལྷོདཔ་ཅིག་སྦེ་འགྱོ་དགོ་ཟེར།
  • མཚམས་པ་བསམ་གཏན་
    ཏེ་ སྤའོ་་་ ནཱ་ལས་ཕར་ཏེ་ གྱལ་བཙག་འཛུལ་སོང་ནུག་ལགས་ ཁོང་གསུམ་ ནཱ་ལས་ཕར་ ཕྱག་ཞུ་མི་བཙུགས་ སྤའོ་་་་ ཏེ་ སི་སི་ཕྱུགམོ་དང་ རོགས་ཤར་རུས་པའི་ཉ་ག་ཕུག་ཤིང་ སྐྱེ་བ་སྔོན་མའི་ལས་འཕྲོ་ཡོད་དོཝ་མས་ལགས། ཏེ་ དེ་ལས་ཏེ་ དེ་ཚེ་ སི་སི་ཕྱུག་མོའི་བུམོ་ ཏེ་ སྤ་་་་་ མར་ལས་ཡར་རྟ་གི་དྲིལ་སྐད་འདི་ཚུ་གོ་ ཏེ་ མར་ལས་ཡར་གི་ འ་ནཱི་འདི་ཚུ་གི་ རྟ་གི་འ་ནཱི་ཚུ་འུར་སྒྲ་ གོ་བའི་བསྒང་ལས་ ཏེ་སི་སི་ཕྱུགམོ་ ཡར་ཁྱིམ་ནང་མ་ཆགས་པས་ལགས།
  • མཚམས་པ་བསམ་གཏན་
    ཕར་སྒོ་ཅུང་ནང་ལས་མར་འཐོན་བལྟ་དཔ་དྲག་ག་ སྒོ་ཁར་འཐོནམ་དྲག་ག་ ག་དེ་འབདཝ་རང་མ་ཤེས་པར་ཏེ་ ཡར་དང་མར་རྒྱུགས་འབད་འབདཝ་ཨིན་མས ཏེ་དེ་ལས་ཏེ་ རྟ་འདི་ཚུ་མར་དེ་ཅིག་ཁར་ སྤང་ཡོད་བ་ལགས་སྨོ་ཤིག་ ཕར་དེ་ཅིག་ཁརསྤང་ནང་བཞག་ བཞག་སྦེ་ དེ་ལས་རོགས་ དེ་ནང་ལུ་ རྒས་ཤོས་རང་ ཏེ་ འ་ནཱི་གཉེར་ཆེན་གྱི་བུ་འདི་ཨིན་དོ་འོང་མས་ ཏེ་ཡར་ ད་རོགས་ སི་སི་ཕྱུགམོ་འབད་སར་གནསཔ་ཅིག་བརྙ་གནང་ཟེར་ སླབ་སོང་ཤིག་ཟེར།
  • མཚམས་པ་བསམ་གཏན་
    ཏེ་དེ་ལས་ཏེ་ཡར་ གནསཔ་བརྙ་བཏང་བཏངམ་མས་ལགས་ གནསཔ་བརྙ་གནང་མས་ཟེརཝ་ད་ འ་ཏེ་ ག་ལས་ ག་ཏེ་གི་གཟིམ་སྒརཔ་་ཨིན་ན་སྨོ་ ག་ལས་བྱོནམ་སྨོ་ཟེརཝ་ད་ ཏེ་ དེ་ལས་ ད་རུང་ ཁོ་གིས་ ག་ར་ཤར་རུས་པའི་ ཉ་ག་ཕུག་ཤིང་གིས་ བཟོ་སླབ་ནི་འདུག་བ་ལགས། ང་བཅས་མར་དར་དཀར་ན་འགྱོ་འགྱོཝ་ཨིན་ཟེར་ དར་དཀར་ན་ནོར་གྱི་སྤུས་རྒྱབ་པར་ ཕར་དབང་རྫོངཔ་གིས་ བཏང་བཏངམ་ཨིན་ཟེར་ འ་ནཱི་སྦེ་སླབ་ཤིག་ཟེར།
  • མཚམས་པ་བསམ་གཏན་
    ཏེ་ དེ་ལས་ཏེ་ གཟིམ་སྒརཔ་བུ་ ཡར་འབྱོན་ཟེར་ཏེ་ སྤ་་་་ སི་སི་ཕྱུགམོ་བུམོ་ཏེ་ ཡར་ ཁོ་མར་ལས་ཡར་ ཤར་རུས་པའི་ཉ་ག་ཕུག་ཤིང་འོང་པའི་བསྒང་ལསན་ཏེ་ མཆོད་བཤམ་ནང་ལུ་ཏེ་ ཨེ་ནཱི་ཁོད་སྟོད་འདི་ཚུ་ཡང་ མར་ཕྱི་ཁར་ཐོན་ འ་ནཱེ་ཅིག་ མར་བསྒུགས་ཏེ་ལྟཡི་ཟེར་ཨིན་མས་ལགས། དེ་བསྒང་ལས་ ལས་དང་རླུང་ཟེར་མི་འདི་ འ་ནཱི་ཨིན་མས་ལགས་ ང་བཅས་ར་ལས་ ལས་ཟེར་མི་འདི་ འ་ནཱི་ཨིན་མས།
  • མཚམས་པ་བསམ་གཏན་
    ཏེ་ དེ་ལས་ཏེ་ མར་ལས་ཡར་ ཤར་རུས་པའི་ཉ་ག་ཕུག་ཤིང་འོང་ ཏེ་ག་ར་ཡར་འཛུལ་ དེ་ལས་ཏེ་ མ་བཏུབ་བཏུབ་སྦེ་ ཏེ་ ཕྲང་ཕྲང་རང་སྟེ་ ཇ་འབད་ནི་འབད་འབདཝ་མས་ལགས་ ཇ་བཀལ་ནི་འབད་འབདཝ་མས། ཡ་ཡ་བཞག་ཤིག་བཞག་ཤིག་ཟེར་ ཕར་ལས་ར་རོགས་ ཁོ་གིས་སླབ་ནུག་བ་ལགས་ དང་ཕུ་གི་རོགས་ ཏེ་ཇ་འདེགས་ས་ རྩམ་ཁུ་སྦེ་བཙེམ་ནི་ཡོད་བ་ལགས་ང་བཅས་ར་ རྩམ་ཁུ་གཅིག་ནང་ཚྭ་ གཅིག་ནང་བུལ་ཏོག་ གཅིག་ནང་ཇ་ འ་ནཱི་སྦེ་སྡོད་འོང་བ་ལགས།
  • མཚམས་པ་བསམ་གཏན་
    ད་འ་ནཱི་ཚུ་ནང་ལས་ གསེར་ཀྲོག་གངུལ་ཀྲོག (གསེར་ཀྲམ་དངུལ་ཀྲམ་)སྦེ་བཙུགས་དགོ་ཟེར་ དང་ཕུ་ གསེར་ཀྲམ་དངུལ་ཀྲམ་ཟེར་ འ་ནཱི་སྦེ་འདུག་བ་ལགས་ ཏི་རུ་ ང་བཅས་དང་ཕུ་ཤོག་ཀུ་མ་འཐོན་པའི་སྐབས་སུ་ལུ་ འ་ནཱི་སྦེ་ཏི་རུ་སྦེ་འདུག་བ་ལགས་ དེ་ཡང་ ཏེ་ གཉིས་བརྩེགསམ་ལོ་ ད་ཡང་ལོ་ཟེར་ ལེ་ཤ་འདུག་ལགས། ཏེ་འ་ནཱི་གསེར་ཀྲམ་དངུལ་ཀྲམ་བཙུགས་དགོ་ཟེར་ འ་ནཱི་ཚུ་ནང་བཙུགས་ ཏེ་ཇ་འདི་ཏེ་ ད་ལྟོ་ནཱ་ ནཱ་ལས་ ང་བཅས་ཀྱིས་ ཏེ་ནཱ་ཐག་རིང་ས་ལས་བྱོནམ་མས་ ང་བཅས་ཀྱིས་དྲངས་དགོ་ ཟེར་བའི་བསྒང་ལས།
  • མཚམས་པ་བསམ་གཏན་
    ཏེ་ ད་ལས་ ད་ལྟོ་གི་འདི་ ཁྱེད་ལས་བཏུབ་ ཏེ་ད་ལྟོ་འ་ནཱ་གི་འདི་ ཕར་ ཇ་བཏབ་ནི་གི་ཧོད་དེ་ཕར་སྤྲོད་དེ་ ང་བཅས་ར་གི་ནཱ་ལས་བཏབ་དགོ་ཟེར་ རྟེན་འབྲེལ་གྱིས་མི་བཏུབ་ཟེར་ འ་ནཱི་ཤར་རུས་པའི་ཉ་ག་ཕུག་ཤིང་གིས་ འ་ནཱི་སྦེ་སླབ་ ཏེ་ དེ་ལས་ གསེར་ཀྲམ་དངུལ་ཀྲམ་འདི་ཚུ་ ཏེ་ཇ་འ་ནཱི་སྦེ་དབོགཔ་ད་ ཏེ་གསེར་ཀྲམ་དངུལ་ཀྲམ་ཐོན་འབདཝ་ད་ ཏེ་ མར་ལས་ ཕར་གྱི་ཨམ་འདི་གིས་ ཏེ་གསེར་ཀྲམ་དངུལ་ཀྲམ་འདུག་ཟེར་ ཕར་ཞུ་ཞུཝ་མས་ལགས་ འ་ ཁྱད་མེད་ཁྱད་མེད།
  • མཚམས་པ་བསམ་གཏན་
    ང་དེ་སྦེ་རང་ཨིན་ཟེར་བའི་ལོ་ཁོ་ ཧུ་ཧུ་ཧུ་་་་་ ཁོ་ར་ག་ནི་ཡང་མེད་མི་ཅིག་ཨིན་མས་སྨོ་ཤིག་ལགས། ཨིན་ཏེ་ར་འབད་རུང་ ཏེ་ཁོ་གནམ་མེད་ས་མེད་ འ་ནཱི་འབད་ཚུགས་པས་བ་ལགས་ ང་བཅས་ར་ ཏེ་ ཀླདཔ་གིས་ལཱ་འབད་ཚུགས་མི་ མི་ཅིག་ཨིན་མས་བ་ འ་ནཱི་འབད་ནི་འདི་གིས་ ཏེ་ཁོ་ ཨུམ་་་་་ ང་དེ་སྦེ་རང་ཨིན་ ག་ཏེ་ལུ་འགྱོ་རུང་ འ་ནཱི་སྦེ་རང་ཨིན་ཁྱེད་ར་ འབད་ཤིག་སྨ་རེད་ཟེར་མས་ལོ་ ཏེ་ དེ་ལསན་ཏེ་ཇ་བཀང་ ཏེ་དེ་ལས་རོགས་ ཤར་རུས་པའི་ཉ་ག་ཕུག་ཤིང་ དོན་ཆེད་རང་ ཁོང་ཕྱད་པར་འོང་འོངམ་ཨིན་ཟེར་སླབ་པནི་
  • མཚམས་པ་བསམ་གཏན་
    ཏེ་ ཁོངནི་ དེ་ལས་ཏེ་ ཁོང་གིས་ཚུར་མས་ ཚུར་ལྟ་སྟེ་སླབ་སླབ་མས་ཏེ་དེ་ལས་ཏེ་ ཡ་ ད་ འེ་་་་ བུ་མོ་ཇ་དྲངས་ཤིག་ ནཱ་རོགས་ གཟིམ་སྒརཔ་ཚུ་ལུ་ཇ་དྲངས་ཤིག་ཟེར་ ཏེ་མོ་གིས་པུས་མོ་འདི་ས་ཁར་བཙུགས་སྦེ་ ཏེ་ གསོལ་ཇ་འདི་དྲངས་པའི་སྐབས་སུ་ལུ་ ཏེ་མིག་ཏོག་འདི་ ཤར་རུས་པའི་ཉ་ག་ཕུག་ཤིང་ར་བལྟ་ཡི་ཟེར་མས་ལགས། ཏེ་མིག་ཏོག་འདི་ ཤར་རུས་པའི་ཉ་ག་ཕུག་ཤིང་ལྟ་འབདན་ད་ ཤར་རུས་པའི་ཉ་ག་ཕུག་ཤིང་ ཁོ་རའི་འབད་བཞག་འདི་གིས་ ཁོ་ར་ ཏེ་ངོ་ཚ།
  • མཚམས་པ་བསམ་གཏན་
    ཏེ་ དགོད་བྲ་ཨིན་ན་མ་ཤེས་པར་ ཏེ་སྒོ་ཅུང་རྩ་བར་སྡོད་སྡོདཔ་འབད་ནི་འདི་གིས་སྨོ་ལགས་ ཁོ་ར་ཨ་ཙི་ཅིག་ཨ་ནཱི་ བགའ་དགོཔ་ད་རང་ སྒོ་ཅུང་ཕྱེ་ ཏེ་ཕར་སྒོ་ཅུང་ནང་ལས་ཕར་ ཁ་ ཕར་ཟུར་ཁར་རྐྱབ་ ཏེ་བགའ་ཡི་ཟེར་ཏེ་ཨིན་མས་ལགས་ ཏེ་ མནོ་བསམ་བཏང་དགོཔ་འདི་ཚུ་ ཕར་སྦེ་བཏང་བཞག ད་རུང་ཚུར་གདོང་ཚུར་སྒོར་ཅིག་ ད་རུང་ གནག་ལོག་ལོ་སྦེ་ ཨ་རྟག་ག་ཨིནམ་སྦེ་སྡོད་ ཏེ་ཇ་འདི་དྲངས་འབད་ཚརཝ་ཅིག
  • མཚམས་པ་བསམ་གཏན་
    ཏེ་ དེ་ལསན་ཏེ་གསོལཝ་མས་ ཏེ་ལགས་རོགས་ གནམ་མེད་ས་མེད་མ་བཏུབ་བཏུབ་སྦེ་ ཏེ་དེ་ལས་ ཏེ་ ཧེ་མ་རོགས་ སི་སི་ཕྱུག་མོའི་བུམོ་ ཏེ་ འེ་ དྲག་ཤོས་ཀྱི་སྲས་ དེ་ལས་ཕྱུག་པོའི་བུ་ ག་དེམ་ཅིག་ ཏེ་ གནའམ་ལྷང་གེ་ ཟེར་སླབ་སྟེ་འབད་རུང་ འགྱོ་མ་བཏུབ་པར་སྡོད་སྡོདཔ་མས་ལགས། མིག་གིས་རང་བལྟ་མ་བཏུབ་པར་ ག་ལུ་ཡང་འགྱོ་མ་བཏུབ་པར་སྡོད་སྡོདཔ་མས་ ཏེ་ དེ་ཚེ་ མོ་གཞན་ཨ་རྟག་ར་ མཆོད་བཤམ་ནང་རང་འཛུལ་སྡོད་ ཕྱི་འཐོན་ནི་མེདཔ་མས།
  • མཚམས་པ་བསམ་གཏན་
    ཏེ་ དེ་ཚེ་རོགས་ འ་ནཱི་ཇ་འདི་དྲངས་པའི་བསྒང་ལས་ མོ་ཕར་ལས་ཚུར་ཐོན་ཏེ་ ཕར་མཆོད་བཤམ་གྱི་སྒོ་ལས་ཚུར་སྦེ་ ལྟ་སྡོདཔ་མས་ཟེར་ཨིན་མས་ལགས། ཏེ་ ད་རེས་ ངེ་གི་བུམོ་ ཏེ་ཨ་རྟག་དང་མི་འདྲ་བས་ ཏེ་ད་ འ་ནཱི་གཟིམ་སྒརཔ་ཚུ་གི་གྲངས་སུ་ལས་ ཏེ་ ལས་དང་གནམ་བསྐོས་ཅིག་ ནཱ་ལས་རང་ཡོད་དོ་འོང་ནི་པས་ ཏེ་ད་ ཇ་དྲངས་ཤིག་ བུ་མོ་ཟེར་ཏེ་ དེ་ལས་ཏེ་ ཤར་འ་ནཱི་ བུ་མོ་གིས་ཇ་དྲངས་ལགས་ ཏེ་ དེ་ལས་ཏེ་ གསོལཝ་དྲངས་འབད་བའི་བསྒང་ལས་ ཏེ་ཨམ་འདི་གིས་ ཏེ་གསོལཝ་བཏབ་ནུག་ ཏེ་ལགས།
  • མཚམས་པ་བསམ་གཏན་
    ད་ ནཱ་ གཟིམ་སྒརཔ་ ཏེ་དེ་ལས་ཏེ་ བང་ཆེན་ ཏེ་ཁོ་ཨིན་མས་སྨོ་ཤིག་ལགས་ དཔོན་གྱི་གཟིམ་སྒརཔ་ཁོ་ཨིན་མས་ཏེ་ ཤར་རུས་པའི་ཉ་ག་ཕུག་ཤིང་ ད་གཟིམ་སྒརཔ་ ད་ ཐུགས་དང་ལྡནམ་ཅིག་ཡོད་པ་ཅིན་ ད་ ནཱ་ངེའི་བུ་མོའི་གྲོགས་སྦེ་ བཞུགས་གནང་ཟེར་བའི་ལོ་ ཧ་ཧ་ཧ་ཧ་ དེ་ལསན་ཏེ་ འ་ནཱི་སྦེ་ཨིན་མས་ཏེ་ལགས་ ཏེ་ཁོ་རང་དོན་ཆེད་ར་ འདི་གིས་སྦེ་འོང་འོངམ་མས་ས་སྨོ་ཤིག་ལགས།
  • མཚམས་པ་བསམ་གཏན་
    ད་ནཱ་ ཏེ་ད་ ཐུགས་དང་ལྡནམ་ཅིག་ཡོདན་ ནཱ་བཞུགས་དགོ་ ཟེརཝ་མས་ལོ་ འ་ གན་དང་གན་འབད་རུང་ ཁྱེད་ཕྱུག་པའི་གི་མི་ཨིན་མས། ང་བཅས་ཀྱིས་ ཕྱུག་པོའི་རྨགཔ་རྩ་ལས་མི་ལྕོགས་ ཏེ་ང་གིས་རྩ་ལས་ར་ ནཱ་གི་རྨགཔ་འབདཝ་མི་བདེན་ ད་ ཏེ་ཁྱེད་ཡང་དགོངས་མ་ཁྲེལ་ དོ་རུང་གཞན་དང་གཞན་ག་དེམ་ཅིག་ཡང་འོང་ གཞན་ཁ་ལུ་སོང་ཟེར་ སླབ་སླབ་མས། ཨ་འ་་་་ དེ་སྦེ་མེན་ཟེར་ཨིན་མས་བ་ ག་ཅི་སྨོ་ཟེར་བ་ཅིན་ ཏེ་ ཧེ་མ་ལས་ དྲག་ཤོས་ཀྱི་བུ་ཡང་གནའ་མར་ལྷང་མི་ཐོན་ཡི།
  • མཚམས་པ་བསམ་གཏན་
    རོགས་ ཕྱུག་པོའི་བུ་གིས་ཡང་ ཏེ་གནའ་མར་ལྷང་མི་ཐོན་ཡི། རྣམ་པ་སྣ་ཚོགས་སྦེ་ཐོན་ཡི། དེ་འབདཝ་ད་ ངེའི་བུ་མོ་གིས་ ག་ལུ་ཡང་ ཏེ་ འགྱོ་མ་བཏུབ་པའི་ཁར་ མཆོད་བཤམ་ནང་ལས་ཚུར་རང་འཐོན་ནི་མེད་ ཏེ་ ད་རེས་འབད་དེ་འབདཝ་དན་ ཏེ་ ད་ གཟིམ་སྒརཔ་མར་མས་ལས་ཡར་འོང་པའི་བསྒང་ལས་ ངེའི་བུམོ་ནཱ་རྩར་མི་ཆགས་པས་ འ་ནཱི་འབདཝ་ད་ ང་ར་ཡང་འཇིག་རྟེན་ཅིག་འབད་འབདཝ་ད་ ཏེ་ ཁྱེད་གཉིས་ཚེ་སྔོན་གྱི་ལས་དང་གནམ་བསྐོས་ཅིག་མེན་ན་ཟེར།
  • མཚམས་པ་བསམ་གཏན་
    ང་རའི་སེམས་ཀྱིས་ འ་ནཱེ་སྦེ་འཆརཝ་མས་ཟེར་ ཨུམ་་་་་ ཏེ་ འ་ནཱེ་སྦེ་མནོ་བསམ་བཏང་ཡི་ཟེར་འབདཝ་ད་ ཏེ་ ཁོ་གིས་ཁ་བཟེད་མ་བཏུབ་པས་ལགས་ ཡུདཔ་ཅིག་ཚུན་ཚོད་ ཁ་བཟེད་མ་བཏུབ་པས། ཏེ་ ཡུདཔ་ཅིག་ལས་ གབ་ཆེ་སླབ་པའི་བསྒང་ལས་ ཏེ་ད་ ཁྱོད་ཀྱི་ཉན་རང་མ་བཏུབན་ ཏེ་ད་ ཐབས་མིན་ནུག ཏེ་ ཨིན་ནི་འབདན་ ད་ང་མ་པ་ ཕར་ ང་ར་ དཔོན་གྱི་ཕྱག་ཞུ་སྟེ་ ཏེ་ཕར་རང་འགྱོ་དགོ་ ཏེ་ ནཱ་སྡོད་མི་ཚུགསཔ་ཟེརཝ་ད་ འ་ཏེ་ ཕར་དཔོན་ལུ་ ང་བཅས་ར་དགོངས་སྐོར་ཞུ་ ནཱ་ལས་ཕར་ཞུ་ཡིག་ཕུལ་ད་བ་ཟེར་ སླབ་སླབ་མས་ལགས།
  • མཚམས་པ་བསམ་གཏན་
    ཏེ་ད་ ག་ལས་ར་སྐོར་རུང་ ཏེ་དེན་ ཏེ་ད་རེས་ཞག་དག་པ་ཅིག་ ཏེ་ནཱ་སྡོད་ད་ནི་ར་མམ་ཟེར་ ཏེ་དེ་ཚེ་ཕྱི་རུ་ཏེ་ ཏེ་བཅའ་སྒྲིག་འདི་ ཕར་མཆོད་བཤམ་ནང་ཨིན་མས་ལགས། མཆོད་བཤམ་ནང་ ཏེ་ཕར་ [གཡོག་གི་རྩམོ་ལུ་རྐྱབ་ དེ་ལས་ཡར་གཙང་སྒོ་ ཏེ་ དེ་སྦེ་འ་ནཱི་སྦེ་ ཆོ་གུ་བཏང་སར་ཡོད་བ་ལགས་ འ་ནཱེ་སྦེ་འབདཝ་ད་ལུ་ དེ་ རབ་གསལ་ནང་ལས་ཕར་ ཏེ་དེ་ལས་ ཕྱག་ཞུ་མི་ཁོང་གསུམ་འདི།
  • མཚམས་པ་བསམ་གཏན་
    ཏེ་ཁོང་འབད་བ་ཅིན་ ཁོང་རོགས་མི་སྦོམ་འབད་ནི་འདི་གིས་ མར་ རྟ་རའི་ནང་བཏོན་ནི་འབད་འབདཝ་མས་ལགས། ད་ ཁོང་གསུམ་མར་བཏང་ད་གེ་སྨོ་ གཟིམ་སྒརཔ་ཟེརཝ་ད་ འ་ ཁོང་གསུམ་ ང་དང་གཅིག་ཁར་ཨ་ཙི་ཅིག་ ཁ་འབྲལ་སར་མེད་ ཨ་ཙི་ཁ་འབྲལཝ་ཅིག་རང་ ཁོང་གིས་ ལྟས་ངན་འབད་ཡི། ཁོང་ང་དང་གཅིག་ཁ་རང་བཞག་དགོ་ཟེར་ ཏེ་ དེ་ལས་ཏེ་ དེ་ཚེ་ཏེ་ ག་ར་གཅིག་ཁ་སྦེ་ ཏེ་ དེ་ཚེ་ཕྱི་རུ་ལས་ཏེ་ སི་སི་ཕྱུག་མོའི་བུམོ་དང་ ཉ་ག་ཕུག་ཤིང་ ཏེ་གཉེན་འགོ་བཙུགས་ནུག་ཏེ་ལགས།
  • མཚམས་པ་བསམ་གཏན་
    ཏེ་ དེ་ཚེ་ལས་ ཏེ་ཁོང་གཉིས་མལ་ཆ་གཅིག་ཁར་བཟོ་ ཏེ་ དེ་ལས་ ཁོང་ ད་ཁོང་གཉིས་ ཏེ་ སྒོ་གཅིག་ལས་སྦེ་ ཏེ་ ཁོང་ཆ་ཁྱབ་ མར་ ཁོང་གི་ རྡོག་པའི་མཇུག་ལས་ཕར་སྦེ་ ཏེ་ མལ་ཆ་འ་ནཱེ་སྦེ་བཟོ་ འ་ནཱེ་བཞག་སྦེ་ ཏེ་དེ་ལས་ཏེ་ ཏེ་ ཡུདཔ་ཅིག་ལས་ ཁོང་གཅིག་ཁར་ཉལ་སྦེ་ ཡུདཔ་ཅིག་ལས་ཏེ་ ཤར་རུས་པའི་ཉ་ག་ཕུག་ཤིང་གིས་ ཁོང་གིས་ཤེས་ནི་གི་དོན་ལས་ར།
  • མཚམས་པ་བསམ་གཏན་
    ཁོང་གིས་ འ་ནཱི་ ཏེ་འཆར་གཞི་འདི་ཚུ་བསྒྲུབས་སྦེ་ཚརཝ་ད་ ཏེ་ རྡོག་ཐེངས་ཕོག་གཅིག་སྐེད་པ་ལུ་རྐྱབ་རྐྱབ་མས་ལགས་ ཨཔ་སྒོ་ར་པ་གི་བུ་འདི་གི་སྐེད་པར་ དེ་བསྒང་ཡང་ ག་ནི་ཡང་མ་སླབ་པས། ཏེ་དེ་ལས་ ཏེ་དུས་སྟོན་གཉིས་པ་རྡུང་རྡུང་ལུ་ ད་རུང་རྡོག་ཐེངས་ཕོག་གཅིག་རྐྱབ་རྐྱབ་མས་ལགས། ཏེ་ འ་ནཱི་བསྒང་ཡང་ ཁོ་རྩ་འགེངས་ཏེ་རང་སྡོད་ནུག གསུམ་པ་འདི་གུ་རྐྱབ་པའི་བསྒང་ལས་ཏེ་ སྐད་ག་འགྱོ་ནུག་ལགས་ འ་ཟེར་ཏེ་ ཁོ་བཙོག་ཁ་ཅིག་ཡང་བྱིན།
  • མཚམས་པ་བསམ་གཏན་
    ག་ཅི་ཞག་ཉལ་མི་སྟེར་བས་ ཧཔ་སྦྱིས་ཧུབ་སྦྱིས་ཟེར་ ཏེ་ ཁོ་སྐད་རྐྱབ་རྐྱབ་མས་ལགས་ ཏེ་ དེ་ལས་ རོགས་ཏེ་ནཱ་ ཤར་རུས་པའི་ཉ་ག་ཕུག་ཤིང་གིས་ སླབ་སླབ་མས་ འ་ནཱེ་ཨིན་ཟེར་ཏེ་ སྨོ་ཤིག་ད་ ཁོང་ང་དང་གཅིག་ཁར་མ་ཉལ་བ་ཅིན་ གནམ་མེད་ས་མེད་ལྟས་ངན་འབདཝ་ཨིན་ཟེར་ ཨིན་ཏེ་སླབ་མས་ཏེ་ད་ ང་ཡོད་རུང་བལྟ་ཤིག་ ཏེ་ད་ ང་ཡོད་རུང་ཡང་ ཁོང་འ་ནཱི་སྦེ་ སླབ་སྡོད་མི་བཏུབ་པས་ཟེར་ཏེ་ ཏེ་ དེ་ལས་ཏེ་ འ་ནཱི་སྦེ་ཏེ་ཕར་ དེ་ཚེ་ ཕྱི་རུ་འདི་ནང་ལུ་སྤྲོ་སྟོན་ ཏེ་སྡོད་ ཏེ་ འདི་གི་ ཏེ་ ཉིནམ་གསུམ་གྱི་རྒྱབ་ལསན་ཏེ་ ཁོང་གིས་སྡོད་མ་སྟེར་བས་ལགས།
  • མཚམས་པ་བསམ་གཏན་
    ཏེ་ ད་འགྱོ་གེ་ཟེར་ ད་དེ་སྦེ་མ་སྡོད་ ད་ ཕར་ལོག་འགྱོ་གེ་ཟེར་ ད་ཕར་ ད་ཡབ་ འ་ནཱི་ཚུ་གིས་ དཔོན་དང་འ་ནཱི་ཚུ་གིས་ དགོངས་ཁྲེལ་འོང་ ད་ ཨ་པ་དང་འ་ནཱི་ཚུ་གིས་སླབ་འོང་ ད་འགྱོ་གེ་ཟེར་ ཏེ་ དེ་ལསན་ཏེ་ འགྱོ་ནི་གི་ལོ་རྒྱུས་སླབ་ནུག་ལགས། ཏེ་ འགྱོ་ནི་གི་སླབ་དཱན།
  • མཚམས་པ་བསམ་གཏན་
    ཏེ་ དེ་ལས་ མོ་གིས་བཏང་མ་བཏུབ་ ཨམ་འདི་གིས་བཏང་མ་བཏུབ་ ཏེ་ ད་ཕར་ ཞུ་ནི་བཅའ་ནི་ཡོད་དེ་སྦེ་རུང་ཡང་ ནཱ་ལས་ཕར་ཞུ་ཡིག་སྦེ་ ཁོང་ལུ་སྐྱེལ་ད་གེ་ཟེར་ ཁྱོད་ནཱ་རང་སྡོད་དགོ་ཟེར་སླབ་ ཏེ་ད་ དེ་སྦེ་མ་འབད་ ང་ཕར་ལས་ཚུར་ལོག་འཐོན་འོང་ ཏེ་ ང་ཞག་ བདུན་ཕྲག་གཅིག་གི་རྒྱབ་ལས་ ལོག་མ་ཚུགས་པ་ཅིན་ བདུན་ཕྲག་གཉིས་ཀྱི་རྒྱབ་ལས་འདི་ ལོག་རང་ལོག་འོང་ཟེར།
  • མཚམས་པ་བསམ་གཏན་
    ཏེ་ དེ་ལས་ཏེ་ ཕང་ན་ཏེ་ ཨམ་འདི་དང་བུམོ་འདི་ལུ་གསོལཝ་བཏབ་ ཏེ་ དེ་ལས་འབདན་ཏེ་ དེ་ཚེ་ ཉིནམ་གསུམ་བཞི་དེ་ཅིག་གི་རྒྱབ་ལས་ཏེ་ དེ་ལས་ཏེ་ ཁོང་ཁ་བྲལ་སྦེ་ཏེ་མཐོང་ནུག་ལགས་ ཏེ་ དེ་ལས་སྦེ་ ལམ་འོངམ་ད་ཏེ་ མར་ལས་མ་འགྱོ་བར་ཞིནམ་ན་ ཡར་སེམས་རྟོགས་ཁ་ལས་སྦེ་ རྡོ་སྐྱོང་ལ་ལས་ཕར་ འགྱོ་ནི་སྦེ་ཨིན་མས་ལགས། ཧུབ་་་་་་ ཏེ་མར་ལས་ཡར་སྦེ་ཡར་ སེམས་རྟོགས་ཁ་གི་རྩ་བར་ མར་ལྷོདཔ་ད་ ཏེ་ཆུ་ ལམ་འདི་མར་ རོང་ཆུའི་མར་ལས་སྦེ་ འགྱོ་དགོ་དོ་ཨིནམ་འོང་ནི་མས་ལགས།
  • མཚམས་པ་བསམ་གཏན་
    ད་འ་ཡི་ནང་ལྷོདཔ་ད་སླབ་སླབ་མས་ གཉེར་ཆེན་གྱི་བུ་འདི་གིས་སླབ་མས་ལོ་ དབའི་ ངེ་གི་གོ་ནཱ་འབག་ཤོག་ཟེར་བས་ལོ་ཁོ་ལུ་ དབའི་ དེ་སྦེ་མ་འབད་ས་ དེ་བསྒང་ང་བཅས་ཕར་ ལོ་རྒྱུས་སླབ་པའི་བསྒང་ ག་དེ་སྦེ་སླབ་སླབ་སྨོ་ཟེརཝ་ད་ ཁྱོད་སླབ་པ་ག་དེ་སྦེ་ལོ་ཟེར་ གཉེར་ཆེན་གྱི་བུ་འདི་གིས་རྡོག་མཐིལ་ ཐེངས་ཕོག་གཅིག་བྱིན་ད་ནུག ཏེ་ དེ་ལས་ མར་གྱི་དབང་རྫོངཔ་བུ་འདི་གིས་སླབ་མས་ལོ་ དབའི་ ངེའི་ལྷམ་ནཱ་འབག་ཤོག་ཟེར།
  • མཚམས་པ་བསམ་གཏན་
    ཏེ་ དེ་ལས་ ཁོ་གིས་སླབ་སླབ་མས་ ཏེ་འ་ནཱི་སྦེ་ འ་ནཱེ་སྦེ་ཨིན་ཟེར་ སླབ་སླབ་མས་ ཏེ་ དེ་ལས་ཏེ་ ཁོང་གསུམ་ཆ་ཏེ་ ཁོ་རྡུངས་ད་ནུག་ཏེ་ལགས་ ཏེ་ཞག་ཞག་ར་རྡུངས་སླེབས་ ཏེ་ དེ་ལས་ཏེ་ གོ་ལ་ག་ར་ཕུད་འབག་སྦེ་ ཏེ་ཁོ་དྲན་མེད་བཟོ་བཞག་སྦེ་ ཏེ་ཡར་སོང་ནུག་ལགས། ཏེ་ ཁག་ཆེ་ཤོས་འདི་ ཡི་གུ་བཟོ་བཟོཝ་འདི་ ཁོ་དང་གཅིག་ཁར་ལུས་ནུག་བ་ལགས། འ་ནཱི་ཁོ་དང་གཅིག་ཁར་འདུག ཏེ་དེ་ལས་ ཁོ་གཉིད་ཚོར་སྦེ་བལྟ་ཚེ་ཅིན་ ཆུའི་རྡ་རོག་ནང་ཨིན་མས་ཟེར་ཨིན་མས་ལགས།
  • མཚམས་པ་བསམ་གཏན་
    དེ་བསྒང་ལས་ ཨུབ་བ་དོརམ་གཅིག་ལས་འགལ་མིན་འདུག་ཟེརཝ་མས་ལོ་ལགས་ ཏེ་ དོར་ལྟ་ཅིག་གུ་བཀལ་ཚརཝ་མས་ ཏེ་དེ་ལས་ཁོ་ ཨུབ་ཤུད་རྐྱབ་ མར་ཆུའི་མཐའ་མར་སོང་ ཏེ་ཆུ་ཅིག་འཐུང་སྦེ་ ཏེ་དེ་ལས་ ནཱི་ལས་ཕར་ཏེ་ བསོད་སྙོམས་རྐྱབ་ཅི་རྐྱབ་ཅི་སྦེ་ ཏེ་ དེ་ལས་ཏེ་ཕར་ ཁོ་རའི་གཡུས་ཁར་ ཏེ་ རུས་སྦིས་ས་ཐོན་སོང་ནུག་ལགས་ཤར་རུས་སྦིས་ས། རུས་སྦིས་ས་ལྷོད་སྦེ་ ཏེ་ཁོ་སུག་མ་སྦ་སྒོར་ནང་འཛུལ་སྦེ་ ཏེ་ཉལ་ ཏེ་མཆན་ལོགས་འདི་ཚུ་ག་ར་ རོགས་ཀྱིས་རྡོག་མཐིལ་གྱིས་རྡུངས་ མཛོག་རྡུངས་སྦེ་ ཏེ་
  • མཚམས་པ་བསམ་གཏན་
    ཧ་ལམ་ རྫོགས་ཚརཝ་མས་ཏེ་ལགས་ གནམ་མེད་ས་མེད་འ་ནཱེ་སྦེ་ རྡུངས་གྲམ་བཟོ་ཚརནུག་ལགས། ཏེ་ དེ་ལས་ཏེ་ ནཱ་ལས་ཕར་ལྷོདཔ་ཅིན་ ཏེ་ དབང་རྫོངཔ་ དེ་ལས་ འ་ནཱི་ཨ་ལོ་ཚུ་གིས་ ཕར་གྱི་དཔོན་གྱི་བུཚུ་ཚུ་གིས་ ཕར་ལྷོད་པའི་བསྒང་ལས་ ཏེ་ཁྱབ་བསྒྲགས་འབད་ནུག་ལགས། ཏེ་ དེ་ལས་ད་ ཤར་རུས་པའི་ཉ་ག་ཕུག་ཤིང་ཟེར་མི་ འཚོལ་ཏེ་འོང་པ་ཅིན་འབདན་ ཉ་ག་ཕུག་ཤིང་ཟེར་མི་འདི་ ནཱ་ལུ་མ་པ་ལས་རང་མེད་ ཟེར་མི་འདི།
  • མཚམས་པ་བསམ་གཏན་
    ཁྱེད་ཀྱིས་བརྡ་གཏང་དགོ་སྨ་རེད་ཟེར་ ཁྱེད་ཀྱིས་ ད་གཡུས་ཚན་རེ་རེ་ནང་ལུ་ ག་ཏེ་ཡང་བརྡ་བཏང་སྟེ་སྦེ་ འ་ནཱི་ཉ་ག་ཕུག་ཤིང་འཚོལ་མི་ཡོད་པ་ཅིན་ མེད་ཟེར་བའི་གནས་ཚུལ་བྱིན་ཟེར་ ཏེ་འ་ནཱི་ཚུ་ག་ར་ ཁྱབ་བསྒྲགས་འབད་ཚརཝ་ད་ ཏེ་ཁོ་ཕར་ལྷོད་དེ་ ཁོ་ར་ ཐུགཔ་འདི་རང་འཐུང་ཉལ་སྦེ་སྡོདཔ་ད་ ཏེ་ནམ་ཅིག་གི་ཚེ་ བདུན་ཕྲག་གཅིག་ཡར་སོང་རུང་ཡང་ ཕར་ལས་ཚུར་ ཁོ་ལོག་ནི་མེད་ ཡངན་ ཡི་གུ་གཅིག་ཡང་འོང་ནི་མེད་སྦེ།
  • མཚམས་པ་བསམ་གཏན་
    ཏེ་ དེ་ལས་ཏེ་ སེམས་མ་དགའ་ ཏེ་སྡོད་སྡོདཔ་མས་ལགས་ ནཱ་ས་ སི་སི་ཕྱུག་མོའི་བུམོ་ འ་ ཁྱད་མེད་ཁྱད་མེད་ ད་ བདུན་ཕྲག་གཉིས་དེ་ཅིག་གི་རྒྱབ་ལས་བལྟ་གེ་ནུག་ཟེར་ ཏེ་ བདུན་ཕྲག་གཉིས་བསྒུག་སྟེ་འབད་རུང་རང་ ཏེ་ འོང་ནི་མེདཔ་སྦེ་ འུམ་ ཨའི་ ང་ དེ་སྦེ་མི་བཏུབ་པས་ ཨུམ་་་་ ད་འདི་ ཁོང་གི་ གཡོ་དང་སྒྱུ་ཅིག་འོང་ནི་མས། ད་ དེ་སྦེ་སྐྱོན་ཅིག་ཡོད་རང་ཡོད་ ད་ ང་ ཚར་གཅིག་ཕར་ བལྟ་སོང་གེ་
  • མཚམས་པ་བསམ་གཏན་
    དབའི་བུ་མོ་ ཁྱོད་ཕར་འགྱོ་མི་དགོ་པས་ཟེར་སླབ་པར་ འ་ ཨའི་ ཏེ་ ཚར་ཅིག་ ལྟ་ར་འགྱོ་རང་འགྱོ་དགོ་ཟེར་ མོ་ར་གི་ཕྱག་ཞུ་མི་རྒྱོའུ་གཅིག་འཁྱིད་ རྟ་གཅིག་བདའ་ དེ་ཅིག་དེམ་སྦེ་ རྟ་གཅིག་བདའ་ རྒྱགས་སྐྱེད་རྟ་དེ་གུ་ གཅིག་རྟ་གུ་བཀལ་ གཅིག་མོ་ར་གི་རྒྱགས་སྐྱེད་འདི་ཚུ་རྟ་ཡི་གུ་བཀལ་ ཏེ་ མོ་རང་ རྟ་གཅིག་གུ་ཆིབས་ ཨ་དྲུང་འདི་དེམ་འཁྱིད་འབད་སྦེ་ ཏེ་ དབང་འདུས་ཟམ་པ་ལྷོདཔ་ཅིག་ ཏེ་མོ་གིས་དྲི་དྲིཝ་མས་ལགས།
  • མཚམས་པ་བསམ་གཏན་
    ནཱ་ཕར་ཚུར་ ཉ་ག་ཕུག་ཤིང་ཟེར་མི་ཅིག་མི་ཤེས་ག་ཟེརཝ་ད་ ཏེ་ དེ་བསྒང་ལུ་ རོགས་ཀྲིག་ཀྲི་བཟོ་ཚར་ནུག་སྨོ་ལགས། ཉ་ག་ཕུག་ཤིང་ཟེར་མི་འདི་མེད་ཟེར་བའི་ལོ་ དེ་ལས་ཏེ་ རུས་སྦིས་ས་ ཏེ་ཁོ་གི་མིང་འདི་ ཕྲང་སླབ་ནུག་བ་ལགས་ མིང་འདི་ ཏེ་ཉ་ག་ཕུག་ཤིང་ཟེར་སླབ་ཨིན་ གཡུས་འདི་ ཏེ་རུས་སྦིས་ས་ལས་ཨིན་ཟེར། ཁོ་མིང་འདི་རོགས་ མར་ ཧེ་མ་ལས་ཕྲང་འདི་སླབ་ད་ནུག་བ་ལགས། འ་ནཱི་འབད་ནི་འདི་གིས་ ཏེ་ ཕྲང་སྟེ་ ཏེ་མོ་ ཡར་ ཏེ་ རུས་སྦིས་ས་འགྱོ་འགྱོཝ་མས་ལགས།
  • མཚམས་པ་བསམ་གཏན་
    ཏེ་ རུས་སྦིས་ས་འགྱོཝ་ད་ ཏེ་མར་ ཉི་ཟེར་སྒང་གི་ མར་ལས་སྦེ་ འཐོན་དགོ་ནི་འདི་གིས་ ཁོ་གིས་བལྟ་ཚེ་ཅིན་ཏེ་ཛའི་ གསེར་ཅེམ་ཅེམ་ཅེམ་བཏང་ རྟ་ཟ་མི་ཟ་སྦེ་འོང་དེས་ ཟེར་བས་ལོ་ དབའི་ ད་རེས་འབདན་ རོགས་བླམ་ཉིན་ཟེར་སྤྲུལ་སྐུ་ཡང་ རོགས་ག་ཏེ་ཅིག་ལས་ འབྱོན་འབྱོནམ་ཨིན་ན་སྨོ་ཟེར་བའི་ལོ་ལགས་ ད་ དེ་རེས་རོགས་ཡར་ ག་ཏེ་ཅིག་ལུ་ འགྲོ་དོན་ལུ་བྱོན་ཏེ་སྦེ་ ཏེ་ཡར་ ཉིན་ཟེར་སྒང་ལུ་འབྱོན་དོ་འོང་མས་སྨོ་ཟེར་ ཏེ་འ་ནཱི་སྦེ་མནོ་མནོཝ་མས་ལགས།
  • མཚམས་པ་བསམ་གཏན་
    ཏེ་ ཁོ་གིས་ཡར་ལས་མར་ བལྟ་སྟེ་ར་སྡོད་ས་ཅིན་ ཏེ་མར་ལས་ཡར་ འོང་ཡི་འོང་ཡི་འབདཝ་དན་ ཏེ་ ཡར་ རུས་སྦིས་ས་འགྱིམ་ཏེ་མས་ཟེརཝ་མས་ལོ་ལགས་ ཏེ་ རུས་སྦིས་ས་ལྷོད་པའི་བསྒང་ལསན་ ཏེ་ རང་རང་ས་གི་ སྐྱེ་བ་ཧེ་མའི་ལས་འཕྲོ་ ལས་འཕྲོ་ཟེར་ ལས་གནམ་བསྐོས་ཟེར་ སླབ་དགོ་མི་རྒྱུ་མཚན་འདི་ འ་ནཱི་ཨིན་མས་ལགས། ཏེ་ ཨམ་ཚུ་ ཨམ་ ཨང་རྒས་ མིག་ཏོ་ཞརཝ་ རྣམ་ཅོ་མ་གོ་མི་ཅིག་ཡོད་དོ་མས་ལགས།
  • མཚམས་པ་བསམ་གཏན་
    ཏེ་ ཨང་རྒས་འདི་གི་ གདོང་ཁར་སྦྱར་འབད་སྦེ་ ཨང་རྒས་ ཉ་ག་ཕུག་ཤ་གི་ཁྱིམ་འདི་ མི་ཤེས་ག་ ཨང་རྒས་ཟེརཝ་ད་ ཉ་ག་ཕུག་ཤིང་ཏེ་ གམ་མི་ཤེས་བ་ ཏེ་འ་ནཱ་སྡོད་པའི་ཙོ་ ཟེར་བའི་ལོ་ལགས། ཏེ་ ཨམ་འདི་གི་སྡོད་སའི་ཁྱིམ་དེ་གི་རྒྱབ་ལས་རང་ ཁོ་སུག་མ་སྦ་སྒོར་ཅིག་བཟོ་སྦེ་སྡོད་སྡོདཔ་མས་ ཏེ་ཁོ་ ཏེ་ཚ་ངེར་བཏོན་ ངོ་ཚརཝ་ཨིན་ན་ ག་དེ་འབདཝ་ཨིན་ན་མ་ཤེས་པར་ ཚར་ངེར་བཏོན་ ཕག་པའི་ཝ་སྐྱེལ་ས་གི་ འ་ནཱི་ལྟོ་སྐྱེལ་སའི་ཝ་ཡོད་བ་སྨོ་ལགས་ ཤིང་གི་བཟོ་བཟོཝ་གི་ཝ།
  • མཚམས་པ་བསམ་གཏན་
    འ་ནཱེམ་ཅིག་ལུ་ ཁྱིམ་ཚང་གི་ ནི་ནཱ་འཐེནམ་ཅིན་ ཁོ་འ་ནཱི་འོག་ལུ་འཛུལ་འབད་སྦེ་ ཏེ་གཡིབ་སྡོད་སྡོདཔ་མས་ལགས། འདི་ཤས་ཏེ་ མོ་ འ་ནཱ་ཁོ་གི་སུག་མ་བ་སྒོར་ནང་བལྟ་སྦེ་འབདཝ་དན་ རང་རང་སའི་སྐྱེ་བ་སྔོན་མའི་ལས་འདི་ ཏེ་ རྟེན་འབྲེལ་ཨ་ཙི་མ་འཁྲུལ་བར་ ཏེ་ ཁོ་གི་ཏེ་ ཀར་ཕྱེ་ཐུགཔ་འཐུང་འཐུང་པའི་ ཏེ་འ་ནཱི་ ཁ་ཞོབ་སུ་ཅིག་སྦེ་ ཁོ་གིས་འཐུང་སྟེ་ ཁ་ཞོབ་སུ་ཅིག་སྦེ་སྡོད་ནུན་ཟེར་མས་ལགས་ འ་ནཱི་ཁོ་གི་ཧང་གུ་མཐོང་ནུག་ཟེར་ ཏེ་ ཁོ་གི་ ཁོ་སྡོད་ས་ནང་ འ་ནཱི་སྦེ་མཐོང་ནུག་ཟེར།
  • མཚམས་པ་བསམ་གཏན་
    ཏེ་ ཁོ་ ཨ་བུ་འདི་ མོ་ཨ་བུ་འདི་ འ་ནཱི་ཝ་འདི་གུ་བཀལ་སྦེ་ བལྟ་སྦེ་འབདཝ་ད་ འ་ནཱི་སྦེ་སྡོདཔ་ད་ ཏེ་ ཁོ་གི་ ཨུབ་པར་ལས་ཕར་དཀྱིས་དཀྱིསཝ་གི་ གཡུ་རལ་གྱི་གྱངམ་འདི་ མཐའམ་ཕར་འ་ནཱི་ ཝའི་ཕྱི་ཁར་འཐོན་སྡོད་སྡོདཔ་མས་བ་ལགས། ཏེ་ ཁོ་གིས་ ཡ་ མོ་གིས་ཤེས་ཆི་ནུག་ཟེར་ཚུར་འཐེནམ་ད་ མོ་ མར་ལྟཝ་ཁ་ཐུག་རྐྱབ་ ཏེ་ཧ་གོ་ཆི་ནུག་སྟེ་ལགས་ ཏེ་ ཝ་འདི་ཁ་སློག་པའི་བསྒང་ལསན་ཏེ་ ཁོ་ འདི་ནང་ལས་ཐོན་འབད་སྦེ།
  • མཚམས་པ་བསམ་གཏན་
    ཏེ་ དེ་ལས་ཁོ་ ངོ་ཚར་བའི་ན་ ག་དེ་འབད་བའི་ཨིན་ན་མ་ཤེས་པར་ཏེ་ གདོང་པར་རིས་བཏབ་སྟེ་ ཏེ་ ག་ནི་ཡང་སླབ་མ་ཚུགས་པར་སྡོད་སྡོདཔ་མས་ ཏེ་ མོནི་ཏེ་ མོ་གི་རྒྱུ་ ཁོ་ལུ་རྒྱུ་པེ་ཤ་དགོ་པའི་མནོ་བསམ་མེན་པས་ཏེ་ལགས་ རོགས་སྐྱེ་བ་སྔོན་མའི་འཕྲོ་ཡོད་ནི་འདི་གིས་ ཁོ་ར་ར་ཡོད་དེ་འབད་བ་ཅིན་ ད་ འདི་གིས་རང་བཏུབ་པས་ཏེ་མོ་ལུ་ དབའི་ ཉ་ག་ཕུག་ཤིང་ ཁྱོད་ དེ་ཚུན་ཚོད་ དེ་སྦེ་སྡོད་དགོ་པའི་ལཱ།
  • མཚམས་པ་བསམ་གཏན་
    ང་འབད་སར་ལོག་འོང་དགོ་བ་སྨོ་ཟེར་ཏེ་ ཁོང་གཉིས་ཕངམ་བཏབ་མས་ཟེར་འདི་མས་ལགས། ཏེ་ དབའི་ ག་དེ་སྦེ་འབད་ཡི་ གུ་དེ་སྦེ་འབད་ཡི་ ཏེ་ཁྱོད་ག་དེ་སྦེ་འབད་དཔ་སྨོ་ ཟེར་སླབ་སྦེ་ ཏེ་ འདི་ལོ་རྒྱུས་འདི་ཚུ་ ག་ནི་ཡང་སླབ་མ་ཚུགས་པར་ ཏེ་ ཁོ་དུས་ནམ་ཅིག་གི་ཚེ་ རོགས་མི་སྦོམ་མའི་མི་ ཏེ་འོང་མི་ཚེ་ ང་གིས་ ལོ་རྒྱུས་སླབ་ཆོགཔ་སྦེ་བཞག་དགོ་ཟེར་མནོ་ ཏེ་ ཁོ་གིས་འ་ནཱི་ཡི་གུ་ ཏེ་ ཁོང་གིས་ གན་རྒྱ་བཟོ་བཟོཝ་བའི་ཡི་གུ་འདི།
  • མཚམས་པ་བསམ་གཏན་
    སྤག་ཤིང་དུང་ཅུང་ཅིག་བཏོག་ འདི་ནང་བཙུགས་སྦེ་ ཁོ་གི་ཨོལ་ལྐོ་གུ་བཏགས་ཏེ་ཡོདཔ་མས་ལགས། ཏེ་ ཁོ་འ་ནཱི་ སྤག་ཤིང་དུང་ཅུང་འདི་འཕུད་འབད་སྦེ་ གདོང་ཡང་མོ་ལུ་བལྟ་མ་ཚུགས་པར་ འ་ནཱི་སྦེ་སྤྲོད་སྤྲོདཔ་མས་ལགས། ཏེ་མོ་ ཏེ་རོགས་མོ་ཏེ་རོགས་ ཕམ་བཟང་མའི་བུ་ཚུ་སྦེ་ ཆོས་ཤེས་པས་ལགས། མོ་གིས་ཁ་བརྒྱངས་བལྟ་བའི་བསྒང་ལསན་ཏེ་ འ་ ཁྱད་མིན་འདུག་ ཁྱོད་ཚ་གྱང་རང་ལང་མི་དགོ་ ཁྱོད་ ང་ རྒྱུ་པེ་ཤ་དགོཔ་མེན་བ་ཏེ།
  • མཚམས་པ་བསམ་གཏན་
    རྩ་བ་རང་ཁྱོད་དགོ་པའི་ རྒྱུ་པེ་ཤ་འདི་ ང་རང་ལྷག་སྡོདཔ་ཨིན་ཏེ་སྨོ་ ད་ཁྱོད་དེ་སྦེ་འབད་མི་དགོ་ཟེར་ ཏེ་ དེ་ལས་ཏེ་ ཨ་དྲུང་འདི་གིས་རྟ་བདའ་ ཏེ་ཁོ་རང་གཉིས་ལྟོ་ཚང་བསྡོམས་འབད་སྦེ་ ཡར་ལས་མར་འབད་ལོག་ མར་དྭགས་ཆུ་ཟམ་པ་ཟེར་ཡོད་བ་ལགས། ད་ འ་ནཱི་གི་ཟམ་པའི་ལྷ་ཁང་ལུ་ ཏེ་དེ་ལས་ ཨ་དྲུང་འདི་ཡར་བཏང་ ཏེ་ ཡར་དབང་རྫོངཔ་ལས་ ཏེ་ ཁོ་ མི་སྦོམ་མས་ཏེ་ལགས་ རོགས་ ཕར་གོང་ས་གི་སྐུ་ཉེ་ཨིན་པས།
  • མཚམས་པ་བསམ་གཏན་
    ཏེ་ཡར་ལས་ ཁྲོ་བརྙ་སོང་ཟེར་ཏེ་ ཁྲོ་བརྙ་མར་སྐྱེལ་ དེ་ཚེ་ཕྱི་རུ་ལས་ ཏེ་སྐུ་ཁྲུས་ཨིན་མས་ཏེ་ལགས། ཏེ་ གསོ་ མེ་འཕུ་ སྐུ་ཁྲུས་གནང་ དེ་ལས་ ཤར་རུས་པའི་ཉ་ག་ཕུག་ཤིང་ ཏེ་ འེ་་་ ཉིནམ་གསུམ་ སྐུ་ཁྲུས་གནང་པའི་བསྒང་ལསན་ ཏེ་རོགས་ཨིན་མས་ ཟེརཝ་མས་ལོ་ཏེ་ལགས། དེ་འབད་བའི་བསྒང་ལསན་ཏེ་ རོགས་ཁོ་ཡང་ ཏེ་ འེ་ རྒྱལཔོ་གེ་སར་དགུང་ལོ་བཅོ་ལྔ་སྦེ་བཞུགས་པའི་བསྒང་བཟུམ་ཅིག།
  • མཚམས་པ་བསམ་གཏན་
    མོ་ཡང་རོགས་ ཤེས་ལྕམ་སྒྲོམ་བཟུམ་སྦེ་ ཏེ་མཇལཝ་མས་ཟེར་ཨིན་མས་ལགས། ཏེ་ད་ ང་བཅས་གཉིས་དེ་སྦེ་ར་འགྱོ་བར་མི་བཏུབ་ ད་ ཁྱོད་ཕར་སོང་སྟེ་སྦེ་ ཏེ་ འ་ནཱི་ཕྱག་ཞུ་མི་འདི་ ཕར་ ལོག་སི་སི་ནང་བཏང་ ཕར་ལས་གོ་ལ་འདི་ཚུ་ གཟེམ་ནང་ལུ་ གོ་ལ་ཆ་ཚང་སྦེ་ གོ་ཡུདཔ་ཅིག་ལྔ་དེ་ཅིག་ ཁྱོད་ཀྱིས་འ་ནཱི་སྦེ་ སོ་སོར་སོ་སོར་སྦེ་འབག་ཤོག་ དེ་དང་བསྟུནམ་སྦེ་ དཔའ་རྟགས་ ལྷམ་ ག་ར་ ཆ་ཚང་སྦེ་འབག་ཤོག་སྨ་རེད་ཟེར།
  • མཚམས་པ་བསམ་གཏན་
    ཏེ་ ནཱ་བཏང་ ཏེ་ དེ་ལས་ མོ་གིས་ ནཱ་ལས་ཕར་ལུ་ རོགས་དབང་རྫོངཔ་ལུ་ ཏེ་ ཞུ་ཡིག་ཕུལཝ་མས་ལགས། ད་ འ་ནཱི་གི་ཡི་གུ་དང་འཁྲིལ་འཁྲིལཝ་གི་ལཱ་འབད་ནི་ཨིན་ན་ ཏེ་ དེ་མེན་པ་ ཕར་བུམ་ཐང་ལུ་ ཞུ་ཡི་ཞུ་ཡིག་ཕུལ་ཏེ་སྦེ་ དགོངས་སྐོར་ཕར་ཞུ་ནི་ཨིན་ན་ཟེར་ མོ་གིས་ ཡར་དབང་རྫོངཔ་ལུ་བཏངམ་ད་ ཏེ་ད་ དེ་སྦེ་མཛད་མ་ད་ ཕྱག་འཚལ་གསོལཝ་བཏབ་དགོ་ ད་རུང་ ཡི་གུ་ནང་ལུ་ ག་ཨིན་མི་འདི་ ཕྱག་ཕྱིད་ཞུ་ནི་ཨིན་ཟེར་ ཏེ་དེ་འབད་བ་ཅིན་ བཏུབ་པས་ཟེར།
  • མཚམས་པ་བསམ་གཏན་
    ཏེ་ ད་རེས་ནངས་པ་ལུ་ ཕར་བ་ཇོ་གི་ས་ཡོད་དགོ་མི་འདི་ ཏེ་རོགས་ ཉ་ག་ཕུག་ཤིང་ལས་བརྟེན་ཏེ་ཐོབ་ཐོབ་ཨིན་མས་བ་ལགས། བ་ཇོ་ལུ་ས་ ཁྱིམ་ ད་རེས་ནངས་པ་རོགས་ སི་སི་ཕྱུགམོ་ ཏེ་བ་ཇོ་ས་ ནཱ་ས་ ཕར་ཚུར་ བྱཱར་སུ་དགུན་སུ་སྦེ་ ཕར་དང་ཚུར་འགྱོ་ནི་ཡོད་མི་འདི་ ཏེ་རོགས་འ་ནཱི་ ཤར་རུས་པའི་ཉ་ག་ཕུག་ཤིང་གི་ ཏེ་ འ་ནཱི་ས་དང་ཁྱིམ་ འ་ནཱི་སྦེ་ཁོང་གི་ རྒྱལ་སྤུངས་སྤུངས་པའི་ རྒྱལ་བཟུམ་ཅིག་ཨིན་ཟེར།
  • མཚམས་པ་བསམ་གཏན་
    ང་གིས་རྣ་རྒྱུན་འ་ནཱི་སྦེ་གོ་ཡི་ལགས་ མ་པ་ང་གིས་ ཐད་རི་བ་རི་ཅིག་ ཐད་རི་བ་རི་ ཨ་ནཱི་སྦེ་ཨིན་ཟེར་ ང་གིས་དེ་སྦེ་ཞུ་ནི་མེད། ཏེ་ ང་གིས་ ཏེ་ད་ རོགས་དང་ཕུ་གི་ཕམ་འདི་ཚུ་གིས་ སྙན་ལས་སྙན་བརྒྱུད་སྨོ་ལགས་ ཞལ་ལས་ཞལ་བརྒྱུད་སྦེ་གོ་གོཝ་འདི་ འ་ནཱི་སྦེ་ ཏེ་བཤདཔ་ཨིན་མས་ལགས། ཏེ་ དེ་ལས་ ཕར་ཚུར་ གཟའ་སྐར་འཕྲོད་སྦྱོར་དང་འཁྲིལ་ཏེ་སྦེ་ ཏེ་ ནཱ་སི་སི་ཕྱུག་མོ་གི་ནང་ལུ་འཛུལ་འབད་བའི་སྐབས་སུ་ ཏེ་སྤ་་་་་
  • མཚམས་པ་བསམ་གཏན་
    དུང་ རྒྱ་གླིང་ བསུ་བ་སེར་སྦྲེངས་འདི་ཚུ་ མ་བཏུབ་བཏུབ་སྦེ་འབད་ ཏེ་ དེ་ལས་ཏེ་རོགས་ནཱ་ སི་སི་ཕྱུག་མོ་གི་ཁྱིམ་ནང་ལུ་ གཟའ་སྐར་ཕུན་སུམ་དང་འཁྲིལ་ཏེ་འབད་དེ་ ཏེ་ ནཱ་མནའ་མར་(རྨགཔ་)འཛུལཝ་མས་ལགས། རྨགས་པ་སྐྱེལཝ་མས་ལགས་ཁོ་ རྨགས་པར་སྐྱེལ་ འདི་ནང་ལུ་སྟེ་ ཏེ་ ནཱ་རྨགས་པ་འབད་སྡོད་སྦེ་ ཏེ་ ཁོ་ཡུདཔ་ཅིག་ ཡུདཔ་ཅིག་ལོ་གཅིག་དེ་ཅིག་ལྷག་པའི་བསྒང་ལསན་ ཏེ་ ཁོ་ ཕར་མ་ཆགས་པས་ཏེ་ལགས།
  • མཚམས་པ་བསམ་གཏན་
    ད་ ང་གིས་ ད་ང་ དེ་སྦེ་སྡོད་པར་མི་བཏུབ་པས་ཟེར་ ཏེ་ད་ ང་ཚོང་རྐྱབ་ནི་ཟེར་ཁོ་ ང་གིས་ཚོང་ཅིག་རྐྱབ་དགོ་པས་ཟེར་ ད་ ང་ང་ར་གིས་ ཤར་རུས་པའི་ཉ་ག་ཕུག་ཤིང་གིས་བསྒྲུབས་བསྒྲུབས་པའི་རྒྱུ་ཨིན་ཟེར་མི་ཅིག་ ང་ར་གི་ཡུན་བརྟན་ཅིག་ ང་ར་གིས་བསྒྲུབས་བསྒྲུབས་པའི་རྒྱུ་ཅིག་དགོ་ནི་ཟེར་ཏེ་ དབའི་ ད་ཁྱོད་ཀྱི་རྒྱུ་ཡང་མི་དགོ་ ད་རྒྱུ་ཡང་ནཱ་ལྷག་པས་ཟེར་ཏེ་ ག་ཅི་ཡང་ནཱ་ལྷག་ ལཱན་ཁྱོད་ཀྱིས་འབད་མི་དགོ་ ལཱན་འོག་ལས་མར་ ཟཔ་ཚུ་གིས་འབད་ཆེ།
  • མཚམས་པ་བསམ་གཏན་
    ཏེ་ གཡོག་རྐྱབ་མི་ཚུ་གིས་འབད་ད་སྦེ་་ ཟ་ ཟ་ཚད་ རྒྱ་བོ་དང་རྒྱམོ་གིས་འབད་ད་ ཁྱོད་ ལཱ་དང་ལཱ་རང་ཟེར་ བཀོད་རེ་རྐྱབ་སྦེ་སྡོད་ནི་ ཁྱོད་ཚོང་རྐྱབ་མི་དགོ་ཟེརཝ་ད་ ཏེ་ ཁོ་གིས་ཉན་མ་བཏུབ་པས་ལགས། ང་རྒྱ་དང་བོད་ལུ་ཚོང་རྐྱབ་ནི་ཟེར་ ཏེ་ ཨིན་ཅི་མིན་ཅི་ང་ཚོང་རྐྱབ་དགོ་ཟེར་འབདཝ་ད་ ཏེ་མོ་རོགས་ མཁའ་འགྲོ་གི་མཚན་རྟགས་དང་ལྡན་པའི་ བུ་མོ་ཅིག་འབད་ནི་འདི་གིས་ ཨེའི་ ཁྱད་མེད་ཁྱད་མེད་ དོ་རུང་ ཁོ་ར་གི་ སེམས་ཀྱིས་མནོ་མི་འདི་འབད་བཅུག་དགོ་ ག་ཅི་སྨོ་ཟེར་བ་ཅིན།
  • མཚམས་པ་བསམ་གཏན་
    རོགས་དེ་སྦེ་ འབད་དགོ་པའི་གི་ལམ་ལུགས་ཅིག་ཡོདཔ་འོང་ ད་རོགས་བཏང་ཟེར་ ཏེ་ དེ་ལས་ཏེ་ ཨུམ་་་་ ཁོ་ལུ་ ཏེ་ད་ རྟ་ དྲེལ་གཉིས་བཏངམ་མས་ལགས། གཅིག་ཁོ་རང་བཞོན་ གཅིག་ ཏེ་ ཚོང་བཀལ་འབད་སྦེ་ ཏེ་ཡར་བོད་ལུངམ་པ་ལུ་ ཚོང་རྐྱབ་པར་གཏང་ནི་ཨིན་མས་ལགས། ད་ འ་ནཱི་སྦེ་འབདཝ་ད་ ཏེ་སི་སི་ཕྱུག་མོའི་བུམོ་གིས་ ཏེ་ གསེར་གྱི་ཁབ་གཅིག་ ཏེ་ཁོ་ལུ་སྤྲོད་ མོ་གིས་སྨོན་ལམ་བཏབ་སྟེ་ ཁྱོད་ཀྱིས་དམ་ཚིག་འཁྲུལ་མ་སོང་སྨ་རེད་ཟེར།
  • མཚམས་པ་བསམ་གཏན་
    ག་ཏེ་ སྡོད་དེ་འབད་རུང་ ང་སེམས་ཁར་དྲན་གནང་ཟེར་ ཁྱོད་ཀྱི་གསེར་གྱི་ཁབ་འདི་ ང་ལུ་བཏང་ཤིག་ཟེར་ ཏེ་ཁོ་ལུ་སྤྲོད་ ཏེ་ཁོ་གིས་སྨོན་ལམ་བཏབ་ མོ་གིས་ ཁོ་གི་བྱང་ཁོག་ཁར་བཏབ་ལགས། ཏེ་ མོ་གི་ནང་ན་གི་འོན་ཇུ་འདི་ ཏེ་ མོ་གིས་སྨོན་ལམ་བཏབ་སྟེ་ ད་ཡ་ ཉ་ག་ཕུག་ཤིང ཁྱོད་དང་ང་ སྐྱེ་བ་སྔོན་མའི་ལས་འཕྲོ་ཡོད་པའི་གི་ཕོ་རྒྱ་ཨིན། གཉེན་གྲོགས་ཨིན། ཁྱོད་ཀྱིས་ང་མེད་པར་ ང་བཞག་སྟེ་གཞན་དང་ཆ་སྟེ་ སྡོད་མ་ད་སྨ་རེད་ཟེར།
  • མཚམས་པ་བསམ་གཏན་
    ཏེ་ དེ་ལས་ འ་ནཱི་ ཨུམ་་་་་ འོན་ཇུ་འདི་ ཏེ་ ཁོ་གི་ཁྱོད་རང་ འ་ནཱི་ནང་ན་ལས་བཙུགས་ ཧེམ་ཅུང་ནང་བཙུགས་སྦེ་ ཏེ་ ང་ལས་ཡང་ལེགསཔ་སྦེ་འཐོན་འོང་ཟེར་ རོགས་བོད་ལུངམ་པ་ལུ་ ཏེ་ བུམོ་འཇའ་རིསམོ་འཐོན་འོང་ འ་ནཱི་སྦེ་འབད་འབདཝ་ད་ ཏེ་ ཁྱོད་ཀྱིས་ ཏེ་ད་ ང་ཨིནམ་པས་ཟེར་ འེ་ ང་ མི་འབད་ཟེར་འདི་ གཞན་དང་གཅིག་ཁར་སྡོད་མ་ད་ཟེར་ ཏེ་ དེ་ལས་ ཁྱོད་ང་དྲནམ་ད་ ར་རོགས་གཞན་ལུ་སེམས་འགྱུར་ཏེ་འབད་བ་ཅིན་ ཕྲང་ཕྲང་རང་འོན་ཇུ་འདི་བཏོན་ཏེ་སྦེ།
  • མཚམས་པ་བསམ་གཏན་
    དེ་ལས་ གདོང་འདི་ ཁྱོད་གདོང་ཁར་ཚར་གཅིག་བཀལ་བ་ཅིན་ ང་ ཕྲ་ལྷམ་ལྷམ་སྦེ་ར་ འ་ནཱ་འཐོན་འོང་ཟེར་ ཏེ་ འ་ནཱི་འབདཝ་ད་ ཁྱོད་ གཞན་འདི་སེམས་ཁ་ལས་བརྗེད་ཚུགཔ་ ཏེ་འ་ནཱི་སྦེ་འབད་དགོ་ཟེར་ ཏེ་བཏུབ་ཟེར་ ཏེ་དེ་ལས་ འ་ནཱི་འོན་ཇུ་འདི་ ཁོ་གིས་ལེན་འབག་ ཏེ་ དེ་ལས་ ཁོ་རང་གཉིས་ཕངམ་བཏབ་ ཏེ་ གཅིག་གིས་གཅིག་ ལོ་རྒྱུས་སླབ་དགོཔ་བཞག་དགོཔ་ཚུ་ག་ར་ སླབ་འབད་སྦེ་ ཏེ་ ཁོ་ཡར་བོད་ལུ་བྱོན་ནུག་ལགས་ཡར།
  • མཚམས་པ་བསམ་གཏན་
    ཏེ་རོགས་ བོད་ལུ་ལྷོད་སྦེ་འབདཝ་དན་ ཏེ་ བོད་ལུ་ལྷོད་ཚརཝ་ཅིན་ ད་རུང་ ཁོ་སེམས་འགྱུར་ཏེ་ག་འགྱོ་ཡི་ལགས། ཏེ་ཁོ་ རྟ་དྲེལ་གཅིག་བཙོང་ དེ་ལས་ཁོ་ར་ཚོང་གི་འ་ནཱི་བཟུམ་སྦེ་ ཏེ་ དྲེལ་གཅིག་ ཏེ་ཡར་ བོད་ལུ་ ཏེ་ འ་ནཱི་གི་ ད་བོད་འདི་གི་ ད་ བོད་འཕྲུལ་སྐོར་བཅུ་གསུམ་ཟེར་ད་ འ་ནཱི་རྒྱལ་ས་ལྟེ་བ་ནང་ལུ་ ཏེ་ ཁོ་འ་ནཱ་ལུ་ རྒྱལ་ས་ རྒྱལ་ས་ལྟེ་བ་འདི་ ད་ ལྷ་ས་སྦེ་བཞག་དགོ་པས་ ཏེ་སྨོ་ཤིག་ལགས་ ད་ འ་ནཱི་ལྷ་ས་གི་འ་ནཱ་ལུ།
  • མཚམས་པ་བསམ་གཏན་
    ཏེ་ད་ འ་ནཱ་གི་དཔོན་འདི་ ད་ ག་བཞུགས་པའི་བསྒང་ཨིན་ན་ ང་གིས་ ཏེ་འ་ནཱི་གཏན་འཁེལ་ཅིག་ ང་གིས་ཞུ་ནི་མེད། ད་ འ་ནཱ་གི་ ཏེ་ད་ བོད་ཀྱི་རྒེད་འོག་དང་ ད་ ག་དེ་སྦེ་བཞུགས་ཡི་ག་ ད་ འ་ནཱི་ཞུ་ནི་མིན་འདུག་ ཏེ་ བོད་འ་ནཱི་གི་ ཏེ་ད་ རྒྱལ་ས་ལྟེ་བ་གི་འ་ནཱ་ལུ་ རྟ་ དྲེལ་གཅིག་ ཏེ་ ཡར་གྱི་རྒྱལ་པོའི་ཕྱག་མཇལ་འབད་ཕུལ་ ད་ང་ ནཱ་གི་ ཏེ་ལྟོ་གཟན་སྦེ་བཏང་ ད་ ནཱ་བོད་འབད་དགོ་པས་ཟེར་ ཏེ་ དེ་ལས་ ཡར་གྱི་རྒྱལཔོ་འདི་ཡང་ ཏེ་སྤ་་་་་ ཏེ་ འབུལ་བ་བཏང་སྦེ་ སློབམ་འབད་ཟེརཝ་ད་ སྦོམ་ཤོས་ཅིག་སྦེ་བཟོ།
  • མཚམས་པ་བསམ་གཏན་
    ཏེ་གནམ་མེད་ས་མེད་སྦོམ་ཤོས་ཅིག་སྦེ་ བརྩིཝ་མས་བ་ལགས་རོགས་དང་ཕུ་ལུ་ ཏེ་ སྤ་་་་ རོགས་འབྲུག་པ་འདི་ གནམ་མེད་ས་མེད་མི་ ཡག་པོ་ ཏེ་ གཟུགས་ངོ་རིས་ཡོད་བ་ལུ་ གཟུགས་གཞི་ཡོད་བ་ ཏེ་ ག་ཅི་ཡང་ཚང་མ་ཅིག་ཨིན་པས་ ཏེ་ ཡ་ཡ་ འགྲིག་གེ་རེད་ བཏུབ་བཏུབ་ ནཱ་སྡོད་ཟེར་ དོ་རུང་དཔོན་གྱི་སྒོ་ཁར་ལུ་ཏེ་ཕྱག་ཞུ་ ཏེ་དེ་ལས་ཏེ་ ཁོ་ཏེ་ གནམ་མེད་ས་མེད་ ཕོཝ་ ཕོ་རྒྱ་འཇོན་ཐང་ཅན་ལགས་ ག་ཅི་འབད་རུང་ ཁོ་ཚགས་ཁར་ཚུད་ཏོག་ཏོ་སྦེ།
  • མཚམས་པ་བསམ་གཏན་
    ཏེ་རོགས་ ག་ཅི་གུ་ཅི་འབད་ནི་ རོགས་ཕྱག་དབང་སྐྱེལ་ནི་ ག་ཅི་འབད་དེ་འབད་རུང་ ཁོ་ལྕོགས་གྲུབ་ཡོད་མི་ཅིག་འབད་སྦེ་ ཏེ་ འ་ནཱི་སྦེ་སྡོད་སྦེ་འབདཝ་ད་ ཏེ་དེ་ལས་ ནམ་ཅིག་གི་ཚེ་ བོད་འཕྲུལ་སྐོར་བཅུ་གསུམ་འབདཝ་ད་ འཕྲུལ་སྐོར་གཅིག་ནང་གི་ རྒྱལ་པོ་གཅིག་གཤགས་སོངམ་མས་ལགས་ ཁྲི་ ཁྲི་ཐོག་ཁ་ར་གཤགས་སོངཔ་མས། ཏེ་ འ་ནཱི་སྦེ་འབདཝ་ད་ ཏེ་ ཁོ་གི་འོག་ལས་ཀྱི་ ཏེ་རྒྱལཔོ་འདི་ ག་ར་ཁོ་གི་འོག་ལས་སྐྱེལ་འོང་ནུག་བ་སྨོ་ལགས།
  • མཚམས་པ་བསམ་གཏན་
    ཏེ་ ལྕོགས་གྲུབ་ཅིན་ག་ཡང་མེད་སྦེ་ ཏེ་ ད་རུང་ ཁོ་རྒྱལཔོ་ཕོག་ཆི་ནུག་སྟེ་ལགས་ བོད་ཀྱི་རྒྱལ་པོ་ཏེ་ འ་ནཱ་ འ་ནཱ་ཏེ་ རྒྱལཔོ་ཕོག་སྦེ་འབདཝ་ད་ དབའི་ ཏེ་ད་ ཉ་ག་ཕུག་ཤིང་ ཁྱོད་རྒྱལཔོ་འབད་དགོ་པས་ཟེར་འབདཝ་ད་ དབའི་ལགས་ རྒྱལ་པོ་རིན་པོ་ཆེ་ ང་གིས་རྒྱལཔོ་མི་ལྕོགས་ལགས་ ད་ང་ ཏེ་རྫོང་ཁ་ཡང་མ་ཤེས་པའི་ཁར་ ང་གིས་རྒྱལཔོ་མི་ལྕོགས་ཟེར་འབདཝ་ད་ དབའི་ག་ཅི་སྦེ་ ཁྱོད་འཇོན་ཐང་ཅན་གི་མི་ ག་ཅི་གིས་འབད་དེ་འབད་རུང་ བསམ་པ་སེམས་སྐྱེད་ཀྱིས་འབད་རུང་།
  • མཚམས་པ་བསམ་གཏན་
    ག་ཅི་ལས་རང་འབད་རུང་ སླབ་ཟེར་ར་འབད་རུང་ ཁྱོད་ལྕོགས་གྲུབ་ཡོད། ཁྱོད་ཀྱིས་འབད་རང་འབད་ཚུགསཔ་ ཁྱོད་ཀྱིས་འབད་དགོ་ཟེར་འབདཝ་ད་ ཏེ་ ཁོ་གིས་མི་ལྕོགས་ཟེར་ ཁྱོད་ཀྱི་རྒྱབ་སྐྱོར་ག་ཅི་འབད་དགོ་རུང་ ང་ར་གིས་འབད་འོང་ ཁྱོད་ཏེ་ ཁྱོད་དེ་སྦེ་མ་སྦེ་ ཁྱོད་དེ་ནང་ལུ་ རྒྱལཔོ་འབད་རང་འགྱོ་གནང་ཟེརཝ་ད་ ཏེ་ དེ་ལས་ཏེ་ རྒྱལ་པོའི་བཀའ་བཅག་མ་ཧུམ་པར་ ཏེ་ཕྱག་ཞུ་སྟེ་ བཏུབ་ཟེར་ ཏེ་ ཁོ་འ་ནཱ་ལུ་ རྒྱལཔོ་འབད་དེ་བཞུགས་པའི་ཟེར་ཨིན་མས་ལགས་ ཤ་ར་ཉ་ ཤར་རུས་པའི་ཉ་ག་ཕུག་ཤིང་འདི།
  • མཚམས་པ་བསམ་གཏན་
    ཏེ་ རྒྱལཔོ་སྦེ་སྡོད་འབདཝ་ད་ ཏེ་ ཁོ་ཡར་ ཚོང་རྐྱབ་ས་ལུ་ ལོ་གསུམ་ཡར་སོང་ནུག་སྟེ་ལགས་ ཚོང་རྐྱབ་ དེ་ལས་ རྒྱལཔོ་འབད་སྦེ་ ལོ་གསུམ་ཡར་སོང་ནུག ཏེ་སི་སི་ཕྱུག་མོའི་བུམོ་ ཏེ་ དབའི་ ད་ཁབ་འདིན་ འགྱུར་བ་ག་ནི་ཡང་མེད་ ཁོ་ཤི་སོང་རུང་ཡང་ ཁབ་དེ་ཆག་ཡར་ཉོ་ ཁོ་གིས་ དམ་ཚིག་འཁྲུལ་སོང་རུང་ཡང་ ཁབ་དེ་ཆག་ཡར་ཉོ་ དམ་ཚིག་ཡང་མ་འཁྲུལ་ ཁོ་སྐྱོན་མེད་པར་རང་ཡོད། ད་ ཨའི་ ང་དེ་སྦེ་མེན་པས་ ད་ང་བལྟཝ་ད་ ཁོ་འཕྱད་པར་འགྱོ་དགོ་པས་ཟེར།
  • མཚམས་པ་བསམ་གཏན་
    ད་རུང་ ཏེ་ མོ་གི་ཨའི་གིས་ ཨུ་ཚུགས་རྐྱབ་འབདཝ་ད་ དབའི་བུ་མོ་ ཁྱོད་ཀྱིས་ བོད་ལུངམ་པ་ལུ་ ཁྱོད་ཀྱིས་འབད་མི་ཚུགསཔ་ ལཱ་ཁག་རྐྱབ་འོང་ ཡར་ལམ་བདའ་སྟེ་ ཏེ་ཨམ་རྡོ་ཡོད་པའི་ལོ་རྒྱུས་མས་ ཇག་པ་ལེ་ཤ་འདུག འ་ནཱི་འབདཝ་ད་ ཉེན་ཁ་ཡོད་ཟེརཝ་ད་ ཨའི་ཁྱད་རང་མེད་ ང་བཅས་ར་ གཉེན་དང་གྲོགས་ཀྱི་བར་ན་ལུ་ ཐ་དམ་ཚིག་རང་བརྟན་ཏེ་ཡར་སོང་བཟུམ་ཅིག་འབད་བ་ཅིན་ ཏེ་ རྐྱེན་བར་ཆད་ རྩ་ལས་འབྱུང་དགོཔ་མེད།
  • མཚམས་པ་བསམ་གཏན་
    ཁོ་ཚར་ཅིག་ ཏེ་ མོ་ཚར་ཅིག་འགྱོ་རང་འགྱོ་ནི་ཟེར་ ཨིན་ན་ཨིན་ན་ ད་ སླབ་དན་ ཁྱོད་ཀྱིས་ཉན་མི་བཏུབ་ ཏེ་ དན་ཏེ་ ཚར་ཅིག་སོང་ཟེར་ འདི་ལས་ཏེ་འགྱོ་ནུག་སྟེ་ལགས་ ཏེ་ མོ་གིས་ ཏེ་ཕྱག་ཞུ་མི་གཅིག་འཁྱིད་སྦེ་ ཏེ་ ཡར་བོད་ལུངམ་པ་ལྷོད་ ཏེ་ ལྷ་ས་ཁྲོམ་ལུ་ལྷོདཔ་ད་ འདྲི་སྨེད་ཅིག་རྐྱབ་བལྟ་བལྟཝ་མས་ལགས་ ཡ་ ད་ནཱ་ ང་བཅས་ཀྱི་འབྲུག་ལས་ ཉ་ག་ཕུག་ཤིང་ཟེར་མི་ཅིག་ ནཱ་ ཕར་ཚུར་ སྡོད་མི་མེད་ག་ཟེར་ འདྲི་སྨེད་རྐྱབ་བལྟཝ་ད།
  • མཚམས་པ་བསམ་གཏན་
    ཏེ་ ཨ་རྒས་གཅིག་གིས་སླབ་སླབ་མས་ ད་ ཉ་ག་ཕུག་ཤིང་ཟེར་མཁན་འདི་ ང་གིས་ ཧ་གོ་གི་ཡོ་བ་མ་རེད་ ད་ ང་བཅས་ནཱ་གི་དཔོན་འདི་ ཏེ་ད་ འབྲུག་ལས་ཨིན་ཟེར་ ཏེ་དེ་སྦེ་སླབ་ནི་འདུག་ ཟེར་སླབ་སླབ་མས། དབའི་ ད་ ཁོ་རང་འོང་ ཁོ་རོགས་གཅིག་དང་མ་འདྲཝ་ཅིག་ཡོད་བ་ ད་ ཚར་གཅིག་ག་དེ་སྦེ་ར་དགོ་རུང་ ཚར་ཅིག་བལྟ་བར་འགྱོ་གེ་མནོ་ཟེར་མནོ་ ཏེ་ དེ་ལས་ མོ་གིས་ ལྷ་ས་ཁྲོམ་ལས་ ཏེ་ བོད་པའི་གི་གོ་ལ་ཆ་ཚང་ཅིག་ཉོ།
  • མཚམས་པ་བསམ་གཏན་
    གདོང་གུ་ལས་ཕར་བ་ཁྲ་རྐྱབ་ སྐྱ་ལས་ཕར་འ་ནཱི་བཀལ་ནི་འདུག་བ་སྨོ་ལགས་ བོད་པའི་གི་པ་ཏྲ་འདི་ཚུ་བཀལ་ ཏེ་ དེ་ལས་ མོ་རོགས་ བོད་པའི་གླུ་འདི་ཚུ་ ཧན་ཏོང་ཏོ་འབད་འཐེན་ཤེས་དོཝ་མས་ལགས་ ཏེ་ དེ་ཚེ་ཡར་ ཨུམ་་་་་ ཨོང་ལགས་ འདི་གི་ཧེ་མ་ལས་ བོད་པའི་མི་ལེ་ཤ་འོང་སྦེ་འབདཝ་ད་ རོགས་ཡར་གྱི་ འེ་ བོདཔ་འདི་ཚུ་གིས་ ཏེ་ད་ ནཱ་གི་ ང་བཅས་ཀྱི་དཔོན་འདི་ བཙུནམ་ཅིག་བཞེས་དགོ་ཟེར་ བཙུནམོ་ཅིག་བཞེས་དགོ་ར་ཟེར་འབདཝ་ད་ ཁོ་ བཙུནམོ་བཞེས་ནི་མེད་ཟེར།
  • མཚམས་པ་བསམ་གཏན་
    ཁོ་འ་ནཱི་དམ་བཅའ་ཨིན་ཟེར་ རྩ་ལས་མི་བཞེས་ཟེར་ ཏེ་དེ་ལས་ བུམོ་གཅིག་བ་གཅིག་ལེགསཔ་འ་ནཱི་སྦེ་སྐྱེལཝ་ད་ ཏེ་ ཁོ་ར་གི་འ་ནཱི་ ཏེ་ སི་སི་ཕྱུག་མོའི་བུམོ་གིས་ སྐྱེལ་མི་འོན་ཇུ་འདི་ ཏེ་འ་ནཱི་སྦེ་ གདོང་ཁར་བཀལ་བའི་བསྒང་ལས་ སེམས་ཞི་འགྱོ་དོ་མས་ལགས། ཏེ་ དེ་ཚེ་ མོ་འོང་ ཏེ་མོ་གིས་ དྲོ་པ་ཧ་ལས་ འ་ནཱི་གི་ དཔོན་བཞུགས་ས་གི་ ཕོ་བྲང་གི་སྒོ་ཁ་ལུ་ ཏེ་ཚོང་ཆུང་ཀུ་ཅིག་འབག་ ཏེ་རོགས་ འ་ནཱི་ཚོང་རྐྱབ་མི་ལེ་ཤ་འདུག་བ་ལགས།
  • མཚམས་པ་བསམ་གཏན་
    ད་འ་ནཱི་ཚུ་གི་གྲངས་སུ་འཛུལ་ མར་ཡང་ཚོང་ཚུ་བཀྲམ་ ཏེ་ བོད་པའི་གླུ་ཅིག་འཐེན་འཐེནམ་མས་ལགས་ བོད་པའི་གླུ་ཅིག་ ཧན་ཏོང་ཏོ་ཅིག་འཐེན་པའི་འབདཝ་ད་ དབའི་ ད་རེས་ངེ་གི་ཤར་ ངེ་གི་ ཏེ་སི་སི་ཕྱུག་མོའི་བུམོ་འདི་གི་སྐད་བཟུམ་ཅིག་ཡང་ ལྷང་ལྷང་རང་གོ་དོ་སྨོ་ ད་མོ་མེན་ན་སྨོ་ཟེར་ ཁོ་ སྒོ་ཅུང་ནང་ལས་མར་བལྟ་སྦེ་འབདཝ་ད་ བུམོ་གཅིག་འདི་སྟེ་ ཏེ་ སྐད་འདི་ཨ་ཙི་ཅིག་ འདྲ་སུ་ཅིག་སྦེ་གོ་དོཝ་མས་ལགས།
  • མཚམས་པ་བསམ་གཏན་
    དབའི་ བུམོ་འདི་ ལེགས་རང་ལེགས་པས་སྨོ་གསེས་ ཏེ་ཁོ་གིས་ མར་བལྟ་སྦེ་འབདཝ་ད་ བུམོ་འདི་ལེགས་རང་ལེགས་ ཏེ་ ཁོ་ ཕྲང་ཕྲང་སེམས་པ་ཡར་སོང་ནུག་ལགས་ སི་སི་ཕྱུག་མོའི་བུམོ་ལུ་ ཏེ་དེ་ལས་ཏེ་ ཨུམ་་་་་ ཏེ་ འོན་ཇུ་འདི་བཀལ་བལྟ་རུང་ཡང་ ཏེ་ ཧེང་སྐལ་ ཏེ་དེ་ལས་ སེམས་དགའ་སྟེ་འགྱོ་དོཝ་མས་ དབའི་ ག་ཅི་ཨིན་ན་སྨོ་ ད་རེས་ཨ་རྟག་དང་མ་འདྲཝ་ཅིག་ ཏེ་གཞན་ངེའི་སི་སི་ཕྱུག་མོའི་བུམོ་གི་ འོན་ཇུ་འདི་བཀལ་བའི་བསྒང་ལས་ སེམས་འདི་ཞི་འགྱོ་ནི་ཡོད།
  • མཚམས་པ་བསམ་གཏན་
    ད་རེས་འབདན་ སེམས་ཡང་ཞི་མ་ཚུགསཔ་ དབའི་ག་དེ་སྒོར་རུ་ད་ ཚར་གཅིག་འབོ་ཆི་ནི་ཟེར་ ཏེ་ཕྱག་ཞུ་མི་ཅིག་བཏང་སྦེ་ ཡར་འབོ་བར་བཏང་བཏངམ་མས་ལགས་ ཏེ་ ཡར་འབོ་བར་བཏང་སྦེ་ ཏེ་དེ་ལས་ ད་རེས་ ནཱ་སྡོད་སྨ་རེད་ཟེར་ དེ་ཚེ་ནུབམོ་གཅིག་ཡར་བཞག་ནུག་ལགས། ཏེ་ ཁོ་རང་གཉིས་ མོ་གིས་མགུ་གཏད་མ་བཏུབ་སྨོ་ཤིག་ལགས་ པ་མ་ལས་རང་རྫུན་མ་བཟོ་སྦེ་རང་སྡོད་ད་ནུག ཏེ་ དེ་ཚེ་ཕྱི་རུ་ ཏེ་ གཅིག་ཁར་སྡོད་ ཏེ་འབྲེལ་བ་འཐབ་སྦེ་ དེ་ཚེ་དྲོ་པ་ལོག་འགྱོ་ནི་འབདཝ་ད།
  • མཚམས་པ་བསམ་གཏན་
    ཏེ་ དེ་ལས་ དཔོན་གྱིས་གསུངས་གསུངསམ་མས་ལགས། གསེར་དངུལ་ག་ར་སྤུངས་སྦེ་ ད་ཁྱོད་ར་ ག་དེམ་ཅིག་དགོཔ་དགོཔ་འབག་ཟེར་ སླབ་སླབ་མས་ ང་གསེར་དང་དངུལ་ཟེར་མི་འདི་ རྩ་ལས་རང་ གསེར་དང་དངུལ་གྱི་འདོད་པ་སྦེ་ ཁྱོད་འབད་སར་འོང་འོངམ་མེད་ཟེར་ དཔོན་གྱི་འདོད་པ་ ད་ ཁྱོད་ཀྱིས་ཉན་མ་བཏུབ་པ་ལས་བརྟེན་ཏེ་སྦེ་ ཁྱོད་ལུ་སེམས་དགའ་ནི་འདི་གིས་ ང་ཁྱོད་ལུ་ ཏེ་ ནཱ་འོང་འོངམ་ཨིན་ཟེར་ ནཱ་གི་སྐུ་མདུན་ལུ་བཅར་བཅརཝ་ཨིན་ཟེར།
  • མཚམས་པ་བསམ་གཏན་
    ང་འ་ནཱི་རྒྱུ་དཔེ་ཤ་གི་ འ་ནཱི་ རྒྱུ་དངོས་པོ་གི་དོན་ལས་འབད་དེ་ འདོད་པ་གིས་འབད་འོང་འོངམ་རྩ་ལས་རང་མེད་ཟེར་ དབའི་ ཨམ་སྲུ་འདི་ ག་ཅི་གི་ཨམ་སྲུ་ཨིན་ན་སྨོ་ ལ་ལུ་རྒྱུ་པེ་ཤ་མ་ཐོབ་པར་སྡོད་ མོ་ག་ཅི་ཨིན་ན་སྨོ་ཟེར་ ཏེ་དེ་ལས་ དེ་རང་གསུངམ་ད་ ཏེ་ ནཱ་ལས་ཉན་རང་མ་བཏུབ་པ་ཅིན་ ནཱ་གི་ཞབས་ལྷམ་གཡསཔ་འདི་ ང་གིས་ཞུ་གེ་ཟེར་ དབའི་དབའི་ དེ་མའི་མི་ དགོད་བྲ་མི་བྲ་ བཏུབ་བཏུབ་ དེན་ཏེ་ཟེར་ ཏེ་དེ་ལས་ འཁྲུལ་ལྷམ་དཀར་ཅུ་ ཏེ་ ཆ་སྦེ་འབད་བ་ཅིན་ ད་རུང་ ག་ལས་ཡང་ཐོབ་པས་སྨོ་ཤིག་ལགས།
  • མཚམས་པ་བསམ་གཏན་
    ཡ་གཅིག་ལེན་འབག་གེ་ཟེར་ གཡསཔ་འདི་ཞུ་གེ་ཟེར་ ཏེ་གཡསཔ་འདི་ལེན་ ཁོ་འ་ནཱི་སྦེ་ སྤུརཔ་གནང་ཟེར་ དར་གྱིས་སྤུརཔ་སྦེ་ འ་ནཱེ་བསྡམས་སྦེ་ ཏེ་ད་ལགས་སོ་ ང་དགོངསམ་ཞུ་དགོ་པས་ཟེར་སླབ་སྦེ་ ཏེ་ མོ་འ་ནཱ་ལས་རོགས་ཕྲང་སྦེ་ ལོག་སྟེ་ཏེ་ ནཱ་ཡར་སོང་ནུག་ལགས་ ད་ འ་ནཱིའི་ཚེ་ ཁོང་གཉིས་ལུ་ ཏེ་རོགས་ སྲས་གཅིག་འཁྲུངས་པའི་ཟེར་ཨིན་མས་ལགས། འ་ནཱི་ཚེ་སྐུ་བལྟམས་མས་ལགས་ ཁོང་གཉིས་ལུ་ ཏེ་རོགས་ ཨ་ལོ་གཅིག་ དེ་ཚེ་ཕྱི་རུ་ སྐུ་བལྟམས་ནུག་ལགས།
  • མཚམས་པ་བསམ་གཏན་
    ཏེ་ མོ་ནཱ་འོང་ ཏེ་དེ་ལས་ ཨ་ལོ་འདི་ ཏེ་ ཟླཝ་ཕར་ཕར་ཕར་སོང་ ཏེ་ ཟླཝ་ཚང་སྦེ་ ཨ་ལོ་སྐྱེས་སྦེ་ཞིནམ་ན་ ཏེ་དེ་ལས་ ནཱ་ལས་ཞུ་ཡིག་བཏང་བཏངམ་མས་ལགས། ད་ ཞུ་ཡིག་བཏང་སྦེ་ ཏེ་ད་ ཁྱོད་ ཤར་རུས་པའི་ཉ་ག་ཕུག་ཤིང་ ཁྱོད་ ད་ཁྱོད་ང་བལྟ་སྟེ་ ཏེ་ཆགས་ས་མེད་པར་ ལོག་མ་ཚུགས་སྟེ་འབད་རུང་ཟེར་ ད་ཁྱོད་ཀྱི་ཨ་ལོ་འདི་ བུ་འདི་འཕྱད་པར་འོང་གནང་མས་ཟེར་ བུ་འདི་འཕྱད་པར་འོང་གནང་མས་ཟེར་ ཏེ་བཏངམ་ད།
  • མཚམས་པ་བསམ་གཏན་
    ཏེ་ ཡི་གུ་འདི་ དོ་རུང་ནཱ་ལས་ཡར་ ཏེ་ དང་ཕུ་རོགས་ འ་ནཱི་སྦེ་ འགྱོ་ནི་འདུག་བ་ལགས་ དྲག་བྱིན་ནི་འདུག་བ་ ཏེ་ འ་ནཱི་འབད་ནི་འདི་གིས་ ཏེ་ རོགས་ཡར་དཔོན་གྱི་ཕྱག་ལུ་ལྷོད་སོང་ནུག་ལགས་ དཔོན་གྱི་ཕྱག་ལུ་ལྷོད་སྦེ་འབད་ཞིདམ་ན་ ཏེ་ ལྷག་པའི་བསྒང་ལསན་ ཏེ་རྣམ་རྟོག་ལངས་ཆི་ནུག་སྟེ་ལགས་ དབའི་ མོ་དང་ང་ག་ཏེ་ཡང་ འཕྱད་དེ་མེད་པའི་ཨ་ལོ་ ག་དེ་སྦེ་ཨིན་ན་ཟེར་ ཏེ་ དེ་བསྒང་ལས་ ཏེ་ ཟླཝ་ཚང་ཨ་ལུ་ཡང་སྐྱེས་ ཨ་ལོ་ཡང་སྐྱེས་ད་ནུག
  • མཚམས་པ་བསམ་གཏན་
    ག་དེ་སྦེ་ཨིན་ན་སྨོ་ཟེར་ འདི་ལས་ཏེ་ གནམ་མེད་ས་མེད་ ང་རྒྱལ་མེ་ལྟར་འབར་ བུང་བགམ་ ད་ཏེ་ཕར་དཔོན་ལུ་དགོངས་སྐོར་ཞུ་ ད་ང་ ད་རེས་ གནས་སྐབས་ཅིག་ ཏེ་ད་ མར་གཡུས་ཁར་འགྱོ་དགོ་པས་ལགས། ད་ ད་རེས་ནཱ་སྡོད་མི་ཚུགས་པས་ ད་ ང་གཡུས་ཁར་འགྱོ་དགོ་པས་ཟེར་འབདཝ་ད་ ཏེ་ དེ་ལས་ བཏུབ་བཏུབ་ཟེར་ ཏེ་ནཱ་ དེ་ལས་ཁོ་ར་གི་ ཡར་ལས་མར་གྱི་ དོས་འདི་ཚུ་ཀྲིག་ཀྲི་སྦེ་ གསེར་དངུལ་འདི་ཚུ་ག་ར་ ཀྲིག་ཀྲི་བཟོ་སྦེ།
  • མཚམས་པ་བསམ་གཏན་
    ཏེ་ ཡར་ལས་མར་སྦེ་ལོག་ ཏེ་མར་ སི་སི་ཕྱུག་མོའི་ཁྱིམ་ནང་མ་འོང་པར་ ཏེ་ མར་སྒོ་ཁར་ལུ་ མར་ རྒྱབ་ཁ་ལུ་སྤང་འདུག་བ་ལགས་ འ་ནཱ་ལུ་ཉིནམ་གསུམ་ མར་ཁོ་ར་ཕྱག་ཞུ་མི་ཚུ་དང་གཅིག་ཁར་ མར་སྤང་ནང་བཞུགས་པའི་མས་ལགས་ ཏེ་དེ་ལས་ དགོངསམ་ཁྲེལ་ཏེ་ ཨ་ལོའི་ཨ་པ་འདི་ ག་ཨིནམ་རང་ཟེར་ ཡར་འབྱོན་ཟེརཝ་ད་ར་ ཏེ་ཨ་ལོའི་ཨ་པ་ག་ཨིནམ་ཟེར།
  • མཚམས་པ་བསམ་གཏན་
    ཏེ་དེ་ལས་ ཨའི་འདི་གིས་ ཨ་ལོའི་ཨ་པ་སྟོན་ནི་འོང་ ཨ་ལོ་ ད་ ཡར་འབྱོན་ཤིག་ དེ་སྦེ་མ་འབད་ཤིག་ཟེར་ ཏེ་ལོག་སྟེ་ ཧན་ས་ལས་སྦེ་འགོར་ཡར་འབོ་ ཏེ་ཡར་སྐྱེལ་སྦེ་ དེ་ལས་ ཇ་འདི་བཀང་འབད་ཚརཝ་ད་ དེ་ལས་ཏེ་ སི་སི་ཕྱུག་མོའི་བུམོ་ལུ་ ཀྱེ་ཨ་པ་སྟོན་རང་ཟེར་ ཨ་ལོའི་ཨ་པ་སྟོན་ནི་ཡོད་ཟེར་ ཁྱེད་མ་ཚབ་ཤིག་ ལྟ་མ་ཨ་ལོའི་ཨ་པ་སྟོན་པ་ཅིན་ ཁྱེད་ལཱ་ཁག་རྐྱབ་འོང་རང་ཟེར་ ཏེ་དེ་ལས་ ཨ་ལོའི་ཨ་པ་སྟོན་རང་ཟེར་ ཏེ་ ཇ་ཕྱེད་ཀ་དེ་ཅིག་ཁར་ལས་ ཏེ་མོ་མཆོད་བཤམ་ནང་འགྱོ་སྦེ།
  • མཚམས་པ་བསམ་གཏན་
    ཏེ་ དེ་ལས་འ་ནཱི་གི་ ཁ་ཤ་འདི་ཁ་ཕྱེས་སྦེ་ ཏེ་ ལྷམ་གཡསཔ་འདི་ ཁོ་གི་གདོང་ཁ་ལས་ལྷོང་ལྷོངམ་མས་ལགས། ལྷམ་གཡསཔ་འདི་ གདོང་ཁ་ལས་ལྷོང་སྦེ་འབདཝ་ད་ སི་སི་ཕྱུག་མོའི་བུམོ་གདོང་བལྟ་ ལྷམ་འདི་བལྟ་ བུམོ་འདི་བལྟ་སྦེ་འབདཝ་ཅིག་ ཏེ་ ཁོ་དྲན་མེད་བརྒྱལ་སོང་ནུག་ཏེ་ལགས་ ཐུགས་དྲན་མེད་ངང་ལུ་བརྒྱལ་སོང་ནུག ཏེ་དྲན་པའི་བསྒང་ལས་ཏེ་ མོ་གིས་ ཏེ་དེ་ལས་ཏེ་ འེ་ དྲན་མེད་ངང་ལས་སངས་ཏེ་ དེ་ལས་ ཆུ་བཏབ་ ཇ་དང་ ཨ་ནཱེ་སྦེ་
  • མཚམས་པ་བསམ་གཏན་
    འ་ནཱི་འབད་དེ་ཏེ་ དེ་ལས་ ཐུགཔ་བསྐོལ་བྱིན་སྦེ་ ཏེ་དེ་ལས་ཁོ་ དྲན་མེདཔ་སངས་འབད་ཞིནམ་ལས་ དབའི་ སི་སི་ཕྱུག་མོའི་བུམོ་ཟེར་ ཨམ་སྲུ་ཁྱོད་བཟུམ་མའི་ཨམ་སྲུ་ ང་ག་ལས་ཡང་མ་མཐོང་ཟེར་ཏེ་ ཁྱོད་བཟུམ་མའི་ཨམ་སྲུ་ལྕོགས་གྲུབ་ཅན་ ཐ་དམ་ཚིག་ཅན་ འདི་བཟུམ་མའི་ཨམ་སྲུ་འདི་ དབའི་ ད་ ད་རེས་བཅད་པའི་ཉིནམ་ལས་འབདན་ ང་ཁྱོད་ཀྱི་སྒོ་ཁར་ལས་ འགོམ་ཐེངས་གང་ ཕར་དང་ཚུར་མི་འགྱོ་སྨ་རེད་ ད་ ཁྱོད་ཀྱིས་བཀའ་སློབ་ བཀའ་ག་གནངམ་ གསུང་ཅི་སྒྲུབ་སྦེ་ ང་གིས་སྡོད་ནི་ཟེར།
  • མཚམས་པ་བསམ་གཏན་
    ད་ འ་ནཱི་སྦེ་ ཏེ་ དེ་ལས་ཏེ་ ཁོང་རང་གཉིས་ བུ་སློབ་དར་ཞིང་རྒྱས་ ཏེ་ཨ་ལོ་འདི་ཚུ་ཡང་ ལེ་ཤ་སྐྱེས་ ཏེ་དེ་ལས་ ཁོ་ཡང་ཕར་དང་ཚུར་མ་འགྱོ་ ཏེ་ མོའི་སྒོ་ཁར་ལུ་ ཕྱག་ཞུ་སྟེ་སྦེ་ ཏེ་ འ་ནཱ་ལུ་ ཕུན་སུམ་ཚོགས་ཏེ་འབད་དེ་ ཏེ་ བཀྲ་ཤིས་པའི་གི་ཏེ་ཉི་མ་ཤར་ དགའ་སྐྱིད་ཕུན་སུམ་ཚོགས་ཏེ་སྦེ་ ཏེ་སྡོད་ཅིག་ཟེར་མས་ལགས། ཏེ་དེ་ལས་ ཏེ་ ལྷའི་ཁ་ལུ་མར་ཟེར་ ཟེར་འདི་མས་བ་ལགས་ འདྲེའི་རྣམ་ཅོ་ཁ་ལུ་ ཏེ་ལྡན་ལྕག་ཟེར་ཏེ་ ཏེ་ འ་ནཱེམ་ཅིག་སྦེ་རྫོགས་མས་ལགས།