Skip to main content Skip to search
16 Feb 2017
6 min 14 sec
Video Overview
Creators: 
Penchela , Ugyen Phuntsho
Transcript search
No results found for this search
0 of 0
  • ཉིམ་རྡོ་རྗེ
    ཧེ་མ་གཡུས་ཚན་ཅིག་ནང་ མི་ཉམ་ཆུང་ཅིག་སྡོད་སྡོདཔ་མས། མི་སྤྱང་ཀ་ ཏེ་བུམོ་བདུན་ཡོདཔ་མས། འ་ནཱི་མི་དེ་ལུ་ བུམོ་ཙང་ཙ་ བུ་མིན་འདུག བུམོ་ཙང་ཙ་ར་བདུན། སྤྱང་ཀའི་མི་ ཏེ་ཆུ་འདི་ ཁྱིམ་གྱི་སྦོ་ལོགས་ཁར་མཚོ་ཅིག་ཡོད་ལོ། འ་ནཱི་ཚོ་ལས་འཐུང་ནི་གི་ཆུ་ཨ་རྟག་ར་ འ་ནཱ་ལས་འཐུང་དོ་ཡོདཔ་མས། འཐུང་ནི་ཆུ་ཡང་དེ་རང་། དེ་ལས་ བུམོ་ཚུ་ཡང་སྦོམ་འགྱོ་ ནམ་ཅིག་འབདཝ་ད་ ཏེ་བུམོ་ཚུ་ ཆུ་དབོག་ནི་ གོ་ལ་འཁྱུ་ནི་ ག་ཏེ་གུ་ཏེ་འགྱོ་ནི་ ཏེ་བུམོ་གཉིས་པ་འདི་ ཨ་རྟག་ར་མཚོ་ནང་ཨ་ནཱི་སྦེ་ལྟ་འོང་ལོ་མཚོ་ནང་།
  • ཉིམ་རྡོ་རྗེ
    ཨ་རྟག་ར་ མཚོ་ནང་བལྟ་ནི་ ཏེ་ག་ཅི་མཐོང་ཅི་ཁྱོད་ཀྱིས་ ཟེར་སླབ་ད་ལུ་ མོ་གིས་འདི་ མར་མར་ནང་ན་ གསེར་གྱི་ཁྱིམ་འདུག མི་ཡང་གསེར་གྱི་མི་འདུག ཁོ་གིས་ང་འབོཝ་མས་ཏེ། དེ་འབདཝ་ད་ ཨ་པ་དང་ཨའི་ལུ་མ་སླབ་སྨེ་ ཨ་པ་དང་ཨའི་གིས་ང་ལུ་ཚོགས་བརྡ་གཏང་འོང་། ཟེར་སླབ་སྦེ་ ཨ་ཞེམོ་དང་ནུམོ་ཆ་ཁྱབ་བློ་སླབ་སླབ་མས་ཏེ། བློ་སླབ་སྦེ་ ཏེ་སོ་སོ་ཨ་ཞེམོ་དང་ནུམོ་ཚུ་གིས་བལྟ་བ་ཅིན་ ག་ཅི་ཡང་མི་མཐོང་ ཆུ་རྐྱངམ་ཅིག་མཐོང་འོང་།
  • ཉིམ་རྡོ་རྗེ
    ཏེ་ ཉིནམ་ཨ་རྟག་ར་ རྟིང་བདའ་ འབོ་སྟེ་ ད་རེས་ཡང་འབོཝ་མས་ཏེ་ རྟིང་བདའ་འབོཝ་མས་ཟེར་ ད་འདི་ང་འདི་ ཉིནམ་ཅིག་ འ་ནཱི་མི་དང་གཅིག་ཁར་འགྱོ་ནི་ ང་འབོ་སྦེ་ ཟླཝ་ལེ་ཤ་ཡར་སོ་ཡི། ད་འདི་ འགྱོ་དགོ་པས་ང་ ཁོ་གཅིག་ཁར། ཨ་པ་དང་ཨའི་ལུ་མ་སླབ་ ཟེར་སླབ་སླབ་མས་ཏེ། འ་ནཱ་ལས་ དབའེ་ཤི་འོང་ འ་ནཱ་འཛུལ་བ་ཅིན་ཤི་འོང་ ཟེར་སླབ་རུང་ མར་གྱི་གོ་ལ་ བུམོ་ཚུ་གི་གོ་ལ་ ཨ་ནཱི་སྦེ་བཤེད་སྦེ་ སྐྱུར་བཏང་ཐིམ་ཡར་སོ་ཡི་ལོ་སྟེ་ཨ་ནཱི་བུམ་འདི་ ཨ་ཞེམོ་བུམོ་སྦོམ་ཤོས་འདི་ ཨ་ནཱི་སྦེ་ཡར་སོ་ཡི་ལོ།
  • ཉིམ་རྡོ་རྗེ
    བླ་་་་་་ འ་ནཱ་ལས་འདི་ བུམོ་འདི་ ཨ་ནཱ་སྦེ་ མཆོང་ཡར་སོ་ཡི་ མཚོ་གི་ནང་ན་ ཨ་ནཱི་བཟུམ་ ཨ་ནཱི་སྦེ་མཐོང་ཡི་ཟེར་ འ་ནཱ་ལས་ཤི་སོ་ཡི་ ཟེར་སླབ་སྦེ་ དགེ་བ་འབད་འབདཝ་མས། དགེ་རྩ་འབད་ཚར་ ག་ར་ཚར་སྦེ་ ད་བུམོ་འདི་ཤི་སོ་ཡི་ཟེར་ འ་ནཱ་ལས་ དེ་ཚེ་ལས་འབདན་ གནམ་མེད་ས་མེད་ལེགས་ཤོམ་ཡར་སོ་ནུག་སྟེ་ཁྱིམ་ནང་ ཁྱིམ་ནང་ལེགས་ཤོམ་ ད་ཀླུ་གིས་བྱིན་བྱིནམ་འདྲས་ཏེ།
  • ཉིམ་རྡོ་རྗེ
    ཁྱིམ་ནང་ལེགས་ཤོམ་འགྱོ་ ཕྱུགཔོ་ སྒྲོམ་ནང་ཡང་ཏི་རུ་ལྟེམ་ལྟེ་ ཨ་ནཱི་སྦེ་ར་སྡོད་ འ་ནཱ་ལས་ ཨ་ནཱི་ ༼ལི་བི་ བཏབ་ད་ལུ་ཡང་༽ ག་ར་ མ་ཧེ་ལུ་གྱུར་ཡི་ལོ། དེ་ལས་ སོ་སོ་སྲནམ་ཅུམ་བཏབ་ད་ལུ་ བ་གླང་གྱུར་ ཞིང་ག་ར་ བ་གླང་ མ་ཧེ་ ༼བེ་ར་༽ ལུག་ གནམ་མེད་ས་མེད་འོང་སྦེ་སྡོད་དེ་ གནམ་སེད་ས་མེད་ལེགས་ཤོམ་ཡར་སོ་ནུག་སྟེ།
  • ཉིམ་རྡོ་རྗེ
    ལེགས་ཤོམ་ ག་ཅི་བཏབ་རུང་ལེགས་ཤོམ་སྦེ་རྡོག་མ་བཏགས་ཏེ་ ཕྱུགཔོ་འགྱོ་འགྱོ་ཝ་མས། ཏེ་ཕྱུགཔོ་འགྱོ། ཕྱུགཔོ་འགྱོ་སྦེ་ ཏེ་ལོ་གསུམ་ཡར་སོ་ནུག སོ་གསུམ་འགྱོཝ་ད་ལུ་འདི་ མར་ཀླུའི་ཨ་ལོ་སྐྱེས་ནུག ཁོང་གཉེན་རྐྱབ་ཅི་བ་སྟེ་ ཀླུ་ཡི་ཨ་ལོ་སྐྱེས་སྦེ་ གནམ་མེད་ས་མེད་ཨ་ལོ་ལེགས་ཤོམ་སྐྱེས་ ཁོང་གཉིས་ཆ་ར་གིས་དགའ་མི་ ཏེ་ འ་ནཱི་བུམོ་གིས་སླབ་ནུག
  • ཉིམ་རྡོ་རྗེ
    ད་འདི་ ང་བཅས་གཉེར་རྐྱབ་སྦེ་ ལོ་གསུམ་ཡར་སོ་ཡི་ ཨ་པ་དང་ཨའི་གི་སྦོ་ལོགས་ཁར་ ཚར་ཅིག་ཡང་འགྱོ་འགྱོཝ་མེད་ འགྱོ་གེ་ང་བཅས་ ཨ་པ་དང་ཨའི་འཕྱད་གེ་ ཨ་ལོ་ཡང་འབག་གེ་ སྟོན་གེ་ ཟེར་སླབ་ཅི་ལོ། སླབ་པའི་སྐབས་ལུ་ འ་ནཱི་མི་ མོ་གི་རྨགཔ་གིས་འདི་ མ་པ་ལས་ཉན་མི་བཏུབ་པས་ལོ་སྟེ། མི་བཏུབ་ ང་བཅས་འགྱོ་རང་མི་བཏུབ་ཟེར་ དེ་ལས་ ཨ་ནཱི་སྦེ་སླབ་རུང་ ཉིནམ་གཉིས་གསུམ་ དབུ་ཚུགས་རྐྱབ་ཅི་རྐྱབ་ཅི་ འ་ནཱ་ལས་འདི་ དབུ་ཚུགས་རྐྱབ་ད་ལུ་ ཁྱོད་འགྱོ་བ་ཅིན་འགྱོ་ ང་དང་ཨ་ལོ་འདི་མི་འགྱོ་ ཟེར་སླབ་ནུག
  • ཉིམ་རྡོ་རྗེ
    རྨགཔ་གིས་དེ་སྦེ་སླབ་རུང་ མེན་ ཁྱོད་མ་འགྱོ་ ཨ་ལོ་འདི་ ང་འབག་འགྱོ་ནི་ ཨ་ལོ་སྟོན་ནི་ཨ་པ་དང་ཨའི་ལུ་ ཟེར་སླབ་ནུག་སྨོ་ཤིག ཨ་ལོ་ གཟེམ་ནང་བཙུགས་སྦེ་ [ཨ་ཅོ་ལྟོ་ར་?] གིས་སྤུབས་ཏེ་འབག་སྦེ་ ཁྱིམ་གྱི་གདོང་ཁར་ ངལ་འཚལ་སྟེ་སོྡད་ཅི་ལོ་སྨོ་ཤིག སྡོདཔ་ད་ ཡ་་་་ ང་བཅས་ཀྱི་ ཤི་མི་བུམོ་འོང་ནུག་ཟེར་ ཨ་ཞེམོ་དང་ནུམོ་ ང་བཅས་ར་ཨ་ཞེམོ་འོང་ ཟེར་སླབ་སྦེ་ ག་ར་སེམས་དགའ་སྟེ་ གཟེམ་ནང་ག་ཅི་འབག་འོང་ཡི་ ཟེར་སླབ་སྦེ་ བལྟ་བའི་སྐབས་ལུ་ མ་ལྟ་ མ་ལྟ་ ང་གི་ཨ་ལོ་ཡོད་ ཟེར་སླབ་ཅི་ལོ་བ་སྨོ་ཤིག
  • ཉིམ་རྡོ་རྗེ
    འ་ནཱ་ལས་འདི་ བང་ཆེན་བཙོང་སྟེ་ གཟེམ་དང་ [ཨ་ཅོ་ལྟོ་ར་འདི་?] ཨ་ནཱི་སྦེ་ཁ་ཕྱེ་བལྟཝ་ད་ སྦུལ་འདུག་ལོ་སྟེ། ཨ་ནཱི་སྦེ་འཁྱིལ་སྦེ་ ཁ་ཨ་ནཱི་སྦེ་ཐོན་ཏེ་ ལྕེ་སེབ་སེབ་བཏོན་ཏེ་ འ་ནཱ་ལས་འདི་ ཡ་བླ་་་་་ ཨ་ཞེམོ་གིས་འདི་ སྦུལ་ཡང་འབག་འོང་ནུག་ཟེར་ ག་ར་རུབ་སྟེ་ ཁྱིམ་གྱི་གདོང་ཁ་ར་ ག་ཕུབ་རྐྱབ་སྦེ་ ཕྱེ་འཐག་འཐག་ར་བརྡུངས་ཏེ་བསད་ཅི་ལོ། གསདཔ་ད་ལུ་འདི་ ཁྲག་ཐོན་ཡི་ལོ་སྟེ།
  • ཉིམ་རྡོ་རྗེ
    འ་ནཱི་སྦུལ་གསདཔ་ད་ བརྡུངས་ཏེ་གསདཔ་ད་ ཁྲག་ཐོན་ཡི་ལོ། ད་རེས་ནངས་པར་ཡང་ མི་ཚུ་གིས་སྦུལ་གསདཔ་ད་ལུ་ ཁྲག་འཐོན་པ་ཅིན་ ལེགས་ཤོམ་མེན་ལོ་སྟེ། སྦུལ་ལ་ལུ་གསདཔ་ད་ལུ་ ཨོམ་འཐོན་འོང་ འ་ནཱི་ཨོམ་འཐོན་པ་ཅིན་ ག་ཅི་མི་འབད་ རང་ལུ་མི་གནོད་ལོ་བ་སྟེ། ཏེ་ཨ་ནཱི་སྦེ་ སྦུལ་བསད་ད་ཡི་ ང་བཅས་ཀྱིས་བལྟཝ་ད་ལུ་སྦུལ་ མོ་གིས་འདི་ ཨ་ལོ་མཐོངམ་མས་ལོ།
  • ཉིམ་རྡོ་རྗེ
    ཏེ་ མོ་གི་ཨ་ལོ་བསད་ད་ཡི་ འ་ནཱ་ལས་འདི་ ཨ་ནཱི་འབད་བའི་སྐབས་ལུ་འདི་ སྔུ་ནུག ང་གི་ཨ་ལོ་བསད་ད་ཡི་ཟེར་སྔུ། དེ་ལས་ ད་རུང་ལོག་འགྱོ་ནི་གི་དོན་ལུ་ མཚོའི་མཐའ་མ་འགྱོ་སྦེ་ ཨ་ནཱི་སྦེ་བལྟ་བའི་སྐབས་ལུ་འདི་ མགྱོགས་པར་ཤོག་ ཨ་ལོ་འབག་སྦེ་ཤོག་སྨ་རེད་ དེ་འབདཝ་ད་ ཨ་ལོ་འབག་སྦེ་ཤོག་སྨ་རེད་ མགྱོགས་པར་ཟེར་ མར་ལས་སླབ་དེས་ ཟེར་སླབ་མས་ལོ།
  • ཉིམ་རྡོ་རྗེ
    འ་ནཱ་ལས་འདི་ ད་ འགྱོ་ནི་ང་འདི་ ད་ང་གསད་འོང་ ང་གི་རྨགཔ་གིས་གསད་འོང་ ཁྱེད་ཆ་ཁྱབ་ཀྱིས་ ང་གི་ཨ་ལོ་བསད་ད་ཡི་ ང་འགྱོ་ནི་ མི་སྡོད་ཟེར་ འགྱོ་ཡི་ལོ། འགྱོཝ་ད་ལུ་ ད་ང་འགྱོ་ནི་ འ་ནཱ་ལས་འདི་ ཨ་ནཱི་མཚོ་ག་ར་སྤར་འོང་ མཚོ་སྤར་སྦེ་ ཨོམ་འཁོལ་བ་ཅིན་ ང་མ་ཤི་བ་ཡོད་ ཟེར་ཤེས་དགོ འ་ནཱ་ལས་ ཁྲག་འཁོལ་བ་ཅིན་ ང་ང་གི་རྨགཔ་གིས་བསད་ནུག་ཟེར་ ཤེས་དགོ་སྨེ། ཟེར་སླབ་སྦེ་ཡར་སོ་ཡི་ལོ་བ།
  • ཉིམ་རྡོ་རྗེ
    མཚོ་ནང་འཛུལ་ཏེ་ཡར་སོ་ཡི་ འགྱོཝ་ད་ལུ་འདི་ མཚོ་ག་ར་ ཨ་ནཱི་སྦེ་སྤར་ཡི་སྤར་ཡི་ འ་ནཱ་ལས་འདི་ ཁྲག་འཕྱུར་བཏང་འཁོལ་ཡི་ལོ་སྟེ། འ་ནཱ་ལས་འདི་ ཤི་ཤིཝ་མས།། །།