Skip to main content Skip to search
07 Aug 2014
6 min 32 sec
Video Overview
Creators: 
Sonam Tobgye, Sangay Tshomo

Kanjur from Tongphugang village in Lhuntse Dzongkhag (district) is locally known for his folklore knowledge and storytelling. In the video, he narrates a story of a mother and son, known in his local language as "Chocha Ngacha". The story is about a son who was brought up with love and care from his mother yet turned out to be slothful. The mother tries to get her son to be active by hiding valuable things at the different places she send him to for work. Her son often returns excited after finding these little treasures. The moral of the story is that being active is more rewarding than being slothful.

 

༉  བཀའ་འགྱུར་དེ་ ལྷུན་རྩེ་བཙན་མཁར་རྒེད་འོག་ སྟོང་ཕུ་སྒང་ལུ་ རྒས་ཤོས་ཚུ་གི་གྲས་ལས་ སྲུང་ལུ་སྤྲོ་བ་ཅན་ཅིག་ཨིན་པས། ཁོ་གིས་ ཁོ་རའི་གཡུས་ཀྱི་ཁ་སྐད་ ཁྱོད་ཅག་ང་ཅག་ནང་སྦེ་ སྲུང་ཅིག་གཏང་མི་དེ་ནང་ དང་པོའི་དུས་ལུ་ ཨའི་གཅིག་གིས་ བུ་གཅིག་ལྟོ་བྱིན་ ཆུ་བྱིན་ ག་ཏེ་འགྱོ་རུང་ རྒྱབ་ཁར་འབག་སྟེ་ གཅེས་གཅེས་ཕངས་ཕངས་འབད་དེ་གསོ་བའི་མཐའ་མར་ བུ་དེ་སྒྱིད་ཐག་ལྕིད་དྲགས་ཅིག་འབད་ནི་དེ་གིས་ ཨའི་གིས་ཐབས་ཤེས་ཐོག་ལས་ བུ་དེ་ སྒྱིད་ཐག་ཡང་དྲགས་བཟོ་བའི་དཔེ་གཏམ་གྱི་སྲུང་ཅིག་གཏངམ་ཨིན་པས། སྲུང་འདི་གི་ བཅུད་དོན་དེ་ སྒྱིད་ཐག་ལྕིད་སུ་འབད་མ་སྡོད་པར་ སྒྱིད་ཐག་ཡང་སུ་ཅིག་འབད་བ་ཅིན་ རང་གི་བསམ་པའི་དོན་ཚུ་ཡང་འགྲུབ་ཚུགས་ ཟེར་བའི་དོན་ཨིན་མས།

Transcript search
No results found for this search
0 of 0
  • བཀའ་འགྱུར།
    Kanjur: དང་པོ་ དེ་ལས་སྟེ་ ཨ་མ་མོ་རེངས་མོ་ཅིག་འདུག་སྟེ་མས། ཨ་མ་མོ་རེངས་མོ་འདུག་སེ་ བུ་གཅིག་གསོ་སྟེ་མས་མན། བུ་གཅིག་གསོ་སྟེ་ཕིན་སེ་ སྟེ་ད་ད་ བུ་ཀྱི་ཆུ་དང་ལྟོ་བིན་ ཨ་མའི་གསོ་སྟེ་མས་ འབག་སྟེ་ཁྱེར་སྟེ་ སྟེ་ཨ་མ་མི་ཀྱི་སྦུག་ ཁྱོད་བུ་ཚ་འབག་སྟེ་ཅི་ལས་ ཨ་པ་འབག་པ་བིན་ཨ་ཙི་ཙི་ཟེརན་ ང་རང་བསྐོར་སྟེ་ཐོཔ་སྟེ་ ང་རང་གསེར་གྱི་དོ་སྟེ་ཡིན་ཟེར་འདི་མས། ། དང་ཕུག་ ཨམ་མོ་རེངསམོ་ཅིག་གིས་ བུ་ཅིག་གསོ་གསོཝ་ཨིན་པས། ཨམ་དེ་གིས་ བུ་དེ་ གསོ་སྟེ་ ཚར་ཅིག་འབདཝ་ད་ བུ་དེ་ རྒྱབ་ཁར་འབག་སྦེ་ མི་མང་འཛོམས་སའི་ སྦུགས་ལུ་ སོང༌སོངམ༌ཨིན་པས། དེ་ཁར་ལྷོདཔ་ད་ ཨམ་འདི་ལུ་ མི་ཚུ་གིས་ ཁྱོད་ག་ཅིག་གི་ ལས་ཅིག་མ་དགཔ་ཨིན་ན་སྨོ? བུ་འདི་ ཨ་རྟག་རང་ འབག་དགོ་པས། ཨ་པ་ལུ་ཡང་ འབག་བཅུག་མས་ཟེར་ སླབ་ད་ ཨམ་དེ་གིས་ བུ་འདི་ ང་རང་བསྐོར་ར་རྐྱབ་ཏེ་ ཐོབ་ཐོབ་ཅིག་འབདཝ་ལས་ ང་རའི་ གསེར་གྱི་ བདོག༌གཏད༌ཨིན་ཟེར་ སླབ་སླབ་མ
  • བཀའ་འགྱུར།
    Kanjur: ད་འོ་དེ་བྱ་པི་སྟེ་ དེ་ལས་སྟེ་ད་ ཨ་མ་ཀྱི་ཨོ་ད་སླབ་ཏོ་མན། ཁྱོད་ལྟག་ཕས་གངས་གཅིག་རྒྱབ་པས་སོང་བལྟ་ཤིག་ཟེར་འདི་མས་ སོང་སྟེ་མས་བུ་ཀྱི་དེ་ལས་ ཁྱོད་ཕན་ཆ་འོང་སྟེ་མན་སོང་ཤིག་ཟེར་ ཨ་མ་ཀྱི་བ་ཀུ་ཀྲི་སྟེ་བཞག་སྟེ་མས་ ཕར་བཀལ་སྟེ། མི་ཚུ་གིས་ དེ་སྦེ་སླབ་ད་ ཨའི་གིས་ བུ་ལུ་ ཁྱོད་ཀྱིས་ ཡར་གྱི་ གངས་ཀྱི་ རྒྱབ་ཁར་སོང་ བལྟ་མ་རེད་ཟེར་ སླབ་སླབ་མས། ཨའི་གིས་ སླབ་དོ་བཟུམ་སྦེ་རང་ བུ་འདི་གིས་ཡང༌ སོང་ཡོདཔ་མས། ཨའི་གིས་ ཕད་ཅུང་ཅིག་ བཀལ་བཞག་སྟེ་ཡོདཔ་ཨིན་མས།
  • བཀའ་འགྱུར།
    Kanjur: དེ་ལས་ལོག་སྟེ་ དབའི་ཅི་ཡོད་པི་ལེ་པོ་དེ་ འོ་ཏི་རུ་གཅིག་བ་ཀུ་གཅིག་གང་འོ་ཟེར་དོ་ལོ། འོང་ སའི་འདུག་པ་ལོང་པ་དྲག་ ལོང་པ་བ་འོ་ད་བཏང་སི་དྲག་མ་ལ་མན་ཡ་ ཨ་མ་སླབ་པ་འོ་ད་དགོ་ཟེར་འདི། དེ་ལས་ བུ་འདི་ ལོག་ལྷོད་ད་ ཨའི་གིས་ དབའེ་ ག་ཅི་འདུག་དགོ་ ལེ་པོ་ཟེར་ སླབ་ད་ ཏི་རུ་ཕད་ཅུང་གང་འདུག་ཟེར་ སླབ་མས་ལོ། ས་ཁར་སྡོདཔ་ལས་འདི་ ལོངམ་དྲག་ ལོངམ་ལས་འདི་ འ་ནི་བཟུམ་འབདཝ་དྲག་ནི་མས་སྦེ ཡ་ཟེར་ ཨའི་གིས་ སླབ་དགེ་ ཨ་ནཱི་བཟུམ་འབད་དགོ་ཟེར་ སླབ་སླབ་མས།
  • བཀའན་འགྱུར།
    Kanjur: བལྟ་ད་རུང་ལྟག་སོང་ཤིག་ལྟག་ཕེ་ནེ་ཟེར་འདི་མས། ཨ་མའི་ཤིང་ཁུར་གཅིག་བཀལ་བཞག་སྟེ་མས་མན། ཟམ་པའི་ཕར་ཤིང་གཅིག་བལྟ་བ་སོང་ཤིག་ཟེར་ དེ་སོང་སྟེ་མས། ཅི་ཡོད་པི་ལེ་པོ་ཟེརན་ འོ་ཤིང་གཅིག་འོ་ ང་ཀྱི་འབག་འོང་པི་ འོང་འོ་ད་དགོ་མ་ལ་ཡིན་ནོ། ཨའི་གིས་ ཤིང་ཁུར་ཆག་ཅིག་བཀལ་བཞག་སྦེ་ ད་རུང་ ཡར་ལྟག་ལས་ཡར་ སོང་བལྟ་སོང་མ་རེད་ཟེར་ སླབ་སླབ་མས། ཟམ་པའི་ ཕར་ལུ་ ཤིང་ཅིག་ བལྟ་བ་སོང་ཤིག་ཟེར་ སླབ་ད་ བུ་དེ་ སོང་སྦེ་ ལོག་ལྷོདཔ་ད་ ག་ཅི་འདུག་དགོ་ ལེ་པོ་ཟེརཝ་ སླབ་ད་ ཤིང་ཁུར་ཅིག་འདུག་ ང་གིས་འབག་འོང་ཡི་ཟེར་ སླབ་ད་ དྲག་དྲག་ འདི་བཟུམ་དགོ་ཟེར་ སླབ་སླབ་མས།
  • བཀའན་འགྱུར།
    Kanjur: སྟེ་སླབ་སྟེ་མན་སྟེ་ དེ་ལས་ད་ ལེ་པོ་ལྟགའི་འོ་ལའི་ཡར་སོང་ཤིག་ཁྱོད་ཟེར་འདི་ ཨུ་འདི་ཡས་ལ་ཆེད་པོའི་ཤིང་གཅིག་འོ་ ཨུ་ལའི་ཡར་སོང་ཤིག་ནེ་ཟེར་དེ་མས། ཨ་མ་ཀྱི་མར་ཏེག་པ་འབག་སྟེ་ ཡར་བཀལ་བཞག་སྟེ་མས། སྟེ་ སླབ་ཅིག་མེན་ན་ ད་རུང་ ཨའི་གི་བུ་ལུ་ ལེ་པོ་ ཡར་ ལྟག་ལས་སོང་བལྟ་མ་རེད་ཟེར་ སླབ་སྟེ་ བཏང་ཡོདཔ་མས། ཨའི་གིས་ ཤིང་ཅིག་གི་རྩ་བར་ མར་སྲང་གསུམ་འབད་མི་ཅིག་འབག་སྟེ་ བཞག་བཞགཔ་ཡོདཔ་མས།
  • བཀའན་འགྱུར།
    Kanjur: ཅི་ཐོབ་སྟེ་ལེ་པོ་ཟེར་ མར་ཏེག་པ་ཅིག་འོ་ཟེར་འདི་ འོང་ སའི་འདུག་པ་ལོང་པ་དྲག་ཟེར་སླབ་མ་ མན་ལ་ཡ་ འོ་ད་དགོ་ཟེར་འདི་ དེ་མར་ཏེག་པ་ཁོ་གི་འབག་འོང་སྟེ་མས། དེ་ མདའ་དང་གཞུ་གཅིག་འབག་ ཨ་མ་ཀྱི་བཀལ་བཞག་སྟེ་མས་ད་རུང་། ག་ཅི་ཐོབ་ཅི་ ལེ་པོ་ཟེར་ སླབ་ད་ མར་སྲང་གསུམ་འབད་མི་ཅིག་འདུག་ཟེར་ སླབ་སླབ་མས། འོང་ ཨ་མ་སླབ་ཅི་མེན་ན་ ས་ཁར་སྡོདཔ་ལས་འདི་ ཡར་ལོངམ་དྲག་ཟེར་ སླབ་ཅི་མེན་ན་ འ་ནི་བཟུམ་དགོ་ནི་ དེ་ལས་ མར་སྲས་གསུམ་འབད་མི་འདི་ འབག་འོང་འོངམ་མས།
  • བཀའན་འགྱུར།
    Kanjur: ད་ཨུ་ཡར་ ཨའུ་དི་ལུ་པུ་ཆེད་པོ་སོང་བལྟ་ཤིག་ལེ་པོ་ཁྱོད་ཟེར་འདི་མས། ད་སྟེ་སོང་སྟེ་མས་ དེ་སོང་སྟེ་ཕིན་ན་ མདའ་དང་གཞུ་འོ་ཟེར་དོ་ལོ། འོ་ ཐོབ་སྟེ་མས་ ཅི་ཐོབ་སྟེ་ཟེར་ན་ མདའ་དང་གཞུ་གཅིག་འོ་འབག་འོང་པི་ཟེར་དེ་མས། ད་རུང་ ཨའི་གིས་ མདའ་དང་ གཞུ་ཅིག་ ཚལ་མ་ནང་ བཀལ་བཞག་སྦེ་ བུ་ལུ་ ཡར་གྱི་ ཚལ་མ་ནང་ སོང་བལྟ་མ་རེད་ཟེར་ སླབ་སླབ་མས། བུ་འདི་ ཚལ་མ་ནང་སོང་བལྟཝ་ད་ མདའ་དང་ གཞུ་ཅིག་འདུག་ཟེརཝ་་མས་ལོ། ཨའི་གིས་ བུ་འདི་ལོག་ལྷོདཔ་ད་ ག་ཅི་ཐོབ་ཅི་ ལེ་པོ་ཟེརཝ་ད་ མདའ་དང་གཞུ་ཅིག་འདུག་ ང་གིས་ འབག་འོང་ཡི་ཟེར་ སླབ་སླབ་མས།
  • བཀའན་འགྱུར།
    Kanjur: ད་ ཨུ་འདི་མདའ་དང་གཞུ་ཁས་པོ་ཅི་ ཀའི་ཀྱི་ཟེར་འདི་ ཁྱོད་ཀྱི་ཤེས་དེ་ཡ་ཟེར་སྟེ་ མདའ་དང་གཞུ་ཅི་འོང་མ་ལ་ཨའི་ གེ་སར་གླིང་གི་རྒྱལ་པོ་དང་ཧོར་གོང་རྒྱལ་པོའི་ ཕྱག་མདའ་གནང་སང་དང་ ཤ་ཚང་ད་ཚང་བྱ་སང་ཡིན་ཅོ་ཟེར་འདི་མས། འ་ནི་ མདའ་དང་གཞུ་འདི་ ག་གི་ཨིན་ན་ ཁྱོད་ཀྱི་ཤེས་ག? མདའ་དང་གཞུ་ག་ཅི་འོང་ནི་ཨའི་ གླིང་གེ་སེར་རྒྱལ་པོ་དང་ ཧོར་གོང་རྒྱལ་པོའི་ ཕྱག་མདའ་གནང་ནི་དང་ ཤ་བདའ་ནིའི་ མཚན་ཆ་ཨིན་མས་ཟེར་ སླབ་སླབ་མས།
  • བཀའ་འགྱུར།
    Kanjur: ད་ཁྱོད་ ཨུ་འདི་ཡིན་ན་ འབག་སྟེ་ཁྱེར་འདི་ ཤ་ཐོབ་ཐོབ་བལྟ་ཤིག་ནེ་ཟེར་དེ་མན། ཐོབ་ཟེར་དེ་མས་ ད་ད་ལྟ་འ་ནིམ་བཞག་པ་ནེ་ ཁྱོད་ཨུ་འདི་ཁས་པ་བཞག་ ཁྱོད་ཏི་རུ་གྲངས་ཁ་བཏང་སྟེ་ ཁྱོད་རང་ཚོང་བཏང་མ་ཁྱེར་ནེ་ཟེར་དོ་མན་སྟེ། དེ་སྦེ་ ཨིན་པ་ཅིན་ ཁྱོད་ཀྱིས་ མདའ་གཞུ་འབག་སྟེ་ ཤ་ཐོབ་ག་མི་ཐོབ་བལྟ་མ་རེད་ཟེར་ སླབ་ད་ བུ་གིས་ཐོབ་ཟེར་ སླབ་སླབ་མས་ ཤ་ཐོབ་མི་འདི་ ཚོང་རྐྱབ་སྟེ་སྡོད་སྨ་རེད་ཟེར་ སླབ་སླབ་མས།
  • བཀའན་འགྱུར།
    Kanjur: ཨེ་ཨེ་སོང་མ་ཟེར་སྟེ་ དེ་ལས་ ཚོང་བཏང་མ་ཡར་སྟེ་མས་ཁོ་ ཚོང་བཏང་མ་ མས་ཏོག་ཀ་བསད་ལའི་ ཤ་ཟམ་འདུག་སྟེ་མས། ཨོ་དེ་ཤ་སྐམ་འདུག་ལའི་མར་ ཏོག་ཀ་རྐང་པ་ལག་པ་ཡར་ ཨོ་དེ་བ་ཟར་ མི་གྲངས་ཁ་གྲངས་བཏང་ རྩིས་བཏང་འདུག་ལའི་ ཁོ་གི་བརྐུན་མ་བཏང་ ཏོག་ཀ་རྐང་པ་ལག་པ་ཤུག་བཏང་སྟེ་མས། དེ་ལས་ འེང་འེང་ཟེར་ སླབ་སྦེ་ ཁོ་ཚོང་རྐྱབ་པར་འགྱོ་འགྱོཝ་མས། ཚོང་རྐྱབ་པར་འགྱོ་སའི་ལམ་ཁར་ མི་ཚུ་གིས་ གླང་ཅིག་བསད་སྦེ་ ཤ་རྫམ་ཤ་སྐམ་སྡོད་སར་ ལྷོད་ཡོདཔ་མས། ཁོང་ཆ་ཁྱབ་ ཤ་གོ་བཤའ་རྐྱབ་ནི་སྦེ་ མི་གྱང་ཁ་ རྐྱབ་སྡོད་པའི་བར་ནང་ ཁོ་གིས་ནོར་གྱི་ རྐངམ་ཨར་བརྐུ་འབག་སྟེ་ ཁོང་ཆ་ཁྱབ་ཀྱི་ སྦུག་ལུ་ བཀོ་བཀོཝ་མས།
  • བཀའ་འགྱུར།
    Kanjur: དེ་ཨུ་ཀང་པོ་ འཇིགས་སྟེ་བོར་ཡར་སྟེ་མས། དེ་ཨུ་ཀང་པོ་འཇོམས་སྟེ་འཇོམས་སྟེ་ ཁྱོད་ཅག་ཅོ་ལོ་ཟེར་ན་ ངག་དབང་གྲུབ་འགྱུར་ཡིན་ཟེར་ ཅི་གི་དུས་གྲུབ་ ང་ངག་དབང་གྲུབ་འགྱུར་ཡིན་ཟེར་ འཇམ་ཏོག་ཏོ་མན་ ང་བཅས་ཨུ་དེ་ དེ་ལས་ཅིག་བཏང་ན་དྲི་ གཉིས་ཀྱི་བཞང་ན་དྲི་ བོང་བུ་ཡིན་རུང་ ཕག་པ་ཡིན་རུང་ བྱ་ཡིན་རུང་ ངག་དབང་གྲུབ་འགྱུར་གྱི་ཡིན་ ཅི་ཡིན་རུང་ ང་བཅས་དབང་ཚད་མེད་ཁོ་ཀྱི་ཡིན་ཟེར། དེ་ལས་ ཁོང་ཆ་ཁྱབ་འདྲོག་སྟེ་ བྱོག་ཡར་སོངཔ་མས། དེ་ལས་ རྐངམ་ཚུ་ བསྡུ་ཡི་བསྡུ་ཡི་རང་ ཁྱོད་ཆ་ཁྱབ་ག་ཅི་སྨོ་ཟེར་ སླབ་ད་ ངག་དབང་གྲུབ་འགྱུར་ཨིན་ཟེར་ སླབ་སླབ་མས་ ངག་དབང་གྲུབ་འགྱུར་འདི་ འཇམ་ཏོང་ཏོ་མེན་ ག་ཅི་ཨིན་རུང་ ང་ལུ་འདྲི་དགོ བོང་ཀུ་ཨིན་རུང་ ཕགཔ་ཨིན་རུང་ བྱ་ཨིན་རུང་ ངག་དབང་གྲུབ་འགྱུར་གྱི་ཨིན་ ག་ཅི་འབད་རུང་ དབང་ཚད ་ང་བཅས་ལུ་མེད་ཟེར་ སླབ་སླབ་མས།
  • བཀའན་འགྱུར།
    Kanjur: དེ་བཏང་སྟེ་བཏང་སྟེ་བིན་སྟེ་ དེ་ལས་སྟེ་ ཨ་མ་མོ་རེན་་མའི་བུ་གི་སྐུ་ཤོས་འགྱུར་པི་ལོ། དེ་ལས་ཀྱི་དེ་ལས་ རྟ་ཕེ་ཀྲང་ཟ་ཟ་ཆུང་ཆུང་ ཟེར་ཁན་ཀང་པོ་ འབྱུང་སྟེ་ དེ་ལས་མི་སེར་དམངས་ཀང་པོ་བཀུག་ཟེར་ དེ་ཤ་ཆས་གྲོབ་གཞི་ཀ་ང་པོ་བཏང་ ཟ་མ་ལ་འཐུང་མ་ལ་ཀང་པོ་བཏང་།དེ་ལས་ ཨམ་མོ་རངསམོ་གི་ བུ་འདི་ རྒྱལཔོ་ལུ་ འགྱུར་ཏེ་ ཟ་ནི་དང་ འཐུང་ནི་ཚུ་ ག་དགའཝ་སྦེ་ བྱུང་སྟེ་ མི་དམངས་བཀུག་སྟེ་ ཟ་འཐུང་ཚུ་ བྱིན་པ་པཏང་ནུག
  • བཀའ་འགྱུར།
    Kanjur: ལྟོ་ལྟོ་ཟེར་སི་ལྟོ་འབྱུང་ ཆང་བྱ་སི་ཆང་འབྱུང་ འོ་བཏང་སི་དེ་ལས་སྟེ་ མི་དགའ་སྟོན་བཏང་སྟེ་ དེ་ལས་ཞབས་བྲོ་བཏང་སྟེ་ ཕོ་རྒྱ་གང་པོ་ལྟོ་ཟེརཝ་ད ་ལྟོ་དང་ ཆང་ཟེརཝ་ད་ ཆང་བྱུང་སྟེ་ མི་སེར་དམངས་དགའ་སྤྲོ་སྟོན་སྡོད་སྡོད་ད་ ཕོ་རྒས་ཚུ་གིས་
  • བཀའ་འགྱུར།
    Kanjur: ཨའུ་ས་ལས་ཨའུ། །ང་ས་འདི་གྲིམ་པ་ནང་ལས། ། ཨའུ་ས་ལས་ཨའུ། །ང་རླུང་རྟ་མ་ཤི་ཨ་མའི། །
  • བཀའ་འགྱུར།
    Kanjur: ཨའུ་ས་ལས་ཨའུ། །མཆོད་པ་འབུལ་ལོ་ཡིན་ནོ། ། ཨའུ་ས་ལས་ཨའུ། །ཟས་མ་ལ་ཕུར་ཕུར་འབད་བ་ང་རང་ལྟོ་ཡིན་ནོ། །
  • བཀའ་འགྱུར།
    Kanjur: ཕ་དང་བུ་གི་འཛོམས་པ། ཨའུ་ས་ལས་ཨའུ། ། ཉེ་བ་ཕར་ལ་འཛོམས་པའི། །དགའ་སྤྲོ་འདི་ཡིན་ནོ། །
  • བཀའ་འགྱུར།
    Kanjur: བུ་མོ་སྨན་ཆུང་བུ་མོ། །ཨའུ་ས་ལས་ཨའུ། ། ཕྱག་ནི་བཞེས་ཀྲུ་བསྣམས་ཤིག །ཨའུ་ས་ལས་ཨའུ། །
  • བཀའན་འགྱུར།
    Kanjur: ཞབས་བྲོ་མཆོད་པ་ཕུལ་ས། །དཀོན་མཆོག་ལས་ཕུལ། ། དཀོན་མཆོག་ལུས་ལ་མཇལ་ཚེ། །ང་སྤྲུལ་པ་རྣམས་ཀྱི་འཁོར། །
  • བཀའན་འགྱུར།
    Kanjur: ང་སྤྲུལ་པ་འཁོར་ལོ་མཇལ་ས། །ཡོད་ཀྱང་ས་འཁོར་རེད། ། ང་ནོར་བུ་ཡུལ་ལས། །འཕེལ་བ་ས་ཁོར་རེད། ། ཨའུ་ཙ་ཅི་བཞག་པ་ད། །