Skip to main content Skip to search
28 Jun 2018
11 min 50 sec
Video Overview
Creators: 
Yeshi Wangchuk, Lhakpa

Aum Wangmo learned this story from her mother. In the story of the moon, one girl was chased by demons. Demons tried to eat her, but after crossing hills and valleys, she requests the moon to throw her an iron rope, and she climbed to her safety. The demons also sought help from the moon, but for a wool rope. Halfway up the rope, the rope broke and he died. Now that girl is said to live in the black part of the moon.

ཨམ་དབང་མོ་གིས་ སྲུང་འདི་ མོ་རའི་ཨའི་ལས་ ལྷབ་ཡོདཔ་མ་ཚད་ ད་རེས་ནངས་པ་ སྲུང་བཏང་ནིའི་ལམ་སྲོལ་འདི་ ཉམས་ནི་གུ་ལྷོད་དེ་ཡོདཔ་ད་ དེ་ཡང་ ་ སྲུང་འདི་ཤེས་མི ་རེ་རེ་གཉིས་འདུག་ཟེར་མནོཝ་མས་ ཨིན་རུང་ སྲུང་བཏང་ནི་གི་ལམ་སྲོལ་འདི་མེདཔ་ལས་ མ་འོངས་པའི་ནང་ ཉམས་ནིའི་ཉེན་ཁ ་སྦོམ་སྦེ་རང་ཡོད་ཟེར་ཨིན་མས། སྲུང་འདི་ བུམོ་གཅིག་ སྲིན་པོ་གིས་ཟ་ནི་སྦེ་ བདའ་འགྱོ་བའི་སྐོར་ལས་དང་ དེ་ཡང་ ལ་བརྒལ་ལུང་བརྒལ་ཏེ་ བདའ་འགྱོ་བའི་ཤུལ་ལུ་ མཐའ་མཇུག་འབདཝ་ད་ བུམོ་གིས་ཨ་ལྕོ་ཟླ་དཀར་ལུ་ ལྕགས་ཐག་ བཀོག་གནང་ཟེར་ རྒྱབ་ལེན་ཏེ་ ལྕགས་ཐག་གུ་འཛེགས་ཏེ་ སྲིན་པོ་ལས་མགྱོགས་ཐལ་ཡོདཔ་སྦེ་ ཨིན་པས་ དེ་བཟུམ་སྦེ་ སྲིན་པོ་གིས་ཡང་ ཨ་ལྕོ་ཟླ་དཀར་ལུ་ ཐགཔ་བཀོ་གནང་ཟེར་སླབ་ནུག་ ཨིན་རུང་ཁོ་ར་གིས་ ལྕགས་ཐག་མ་གཏང་བལ་ཐག་གཏང་ཟེར་ སླབ་དཔ་ལས་ བལ་ཐག་འདི་བཏང་སྟེ་ བལ་ཐག་གུ་ལུ་འཛེགས་ཏེ་ ཕྱེད་ཀ་ཚུན་ལྷོདཔ་ད་ ཐགཔ་བཏོག་ཡར་སོངམ་ལས་ སྲིན་པོ་འདི་ཁོ་རའི་སྲོག་དང་བྲལ་ནུག། དེ་ལས་ བུམོ་གིས་ ལྕགས་ཐག་གུ་འཛེགས་ཏེ་ ཟླཝ་འབད་སར་མ་ལྷོད་པའི་ཧེ་མ་ ཨ་རྒས་སྲིན་པོ་ལྕགས་ཐག་གི་ རྩ་བར་ལྷོད་ལྷོདཔ་མས་ དེ་ལས་བུམོ་འདི་ད་ལྟོ་ཟླཝ་གི་བར་ན་གནགཔོ་སྦེ་ཡོད་མི་འདི་ འདི་ཨིན་ཟེརཝ་ཨིན་མས།

Transcript search
No results found for this search
0 of 0
  • དབང་མོ་
    Wangmo: དང་ཕུ་ཨིན་པས་ལགས་ དིང་ཕུ་ཨིན་པས་ལགས་ ཨབ་གཅིག་ཨམ་གཅིག་དང་ བུམོ་གཅིག་སྡོད་སྡོདཔ་མས་ལགས་ དེ་ལས་ ཨ་པ་དང་ཨའི་གིས་བུམོ་གསོ་མི་ཚུགས་ནི་མས་མནོ་སྟེ་ བཀོ་བཞག་འབད་བྱོག་འགྱོ་འགྱོཝ་མས་ལགས།
  • དབང་མོ་
    Wangmo: དེ་ལས་ བུམོ་འདི་ཡར་ཐོག་ཁ་ལུ་ ཁྱིམ་ཐོག་གུ་ ཐངམ་བརྡལ་བར་བཏང་བཏངམ་མས་ དེ་ལས་ ཐངམ་བརྡལ་བཅུག་འབད་ ཨཔ་དང་ཨའི་གིས་ བྱོག་འགྱོ་འབད་ བུམོ་བཀོ་བཞག་བཞགཔ་མས་ལགས་ དེ་ལས་ ཨོ་ལ་གིས་ སླབ་སླབ་མས་ལགས་ ཨཔ་དང་ཨམ་དང་ལོག་སོང་འདུག་ བུམོ་ཁྱོད་ར་ བུམོ་དཔལ་འཛོམས་ཁྱོད་ར་ནཱ་སྡོད་ ནཱ་སྡོད་་་ཟེར་ཟེརཝ་མས་ ཨོ་ལ་གིས་ བུམོ་ལུ།
  • དབང་མོ་
    Wangmo: ཡ་ དབའི་ ཨ་མི་ཨོ་ལ་གིས་ དེ་སྦེ་སླབ་དེས་ ད་ ངེའི་ཨཔ་དང་ཨའི་བྱོག་འགྱོ་ནི་ཨིན་མས་ ང་བཀོ་བཞག་སྦེ་ འགྱོ་ནི་མས་ཟེར་མར་འགྱོ་ནུག་ ཨ་པ་ང་ཡང་འགྱོ་གེ་ ཨའི་ང་ཡང་འགྱོ་གེ་ཟེར་སླབ་སླབ་མས།
  • དབང་མོ་
    Wangmo: དེ་ལས་ དབའི་ ཁྱོད་གཅིག་ལས་བརྒལ་ཏེ་མེདཔ་པ་ བཀོ་མི་བཞག་དབའི་ ཁྱོད་ལུ་ཨོ་ལ་གིས་ ཤོབ་རྐྱབ་རྐྱབ་མས་ ཐངམ་ཟ་ནི་གི་གནས་སྐབས་བཟོ་བཟོཝ་མས་ཟེར་སླབ་ནུག་ དེ་ལས་ད་རུང་ བུམོ་འདི་ཐངམ་ཡོད་སར་འགྱོ་སྦེ་ དེ་ཁར་སྡོདཔ་ད་ ད་རུང་ཨཔ་དང་ཨམ་དང་ལོག་སོང་འདུག་ བུམོ་དཔལ་འཛོམས་ཁྱོད་རང་ནཱ་སྡོད་ ནཱ་སྡོད་ཟེར་སླབ་སླབ་མས།
  • དབང་མོ་
    Wangmo: དེ་ལས་ ལོག་ཡར་ལས་ཨ་ཙི་ཅིག་ཡར་སྡོད་འབད་ ཨ་པ་དང་ཨའི་བྱོག་འགྱོ་འགྱོཝ་མས་ལགས་ དེ་ལས་ ཐངམ་བསྡུ་འབད་ དེ་ལས་ ཨཔ་དང་ཨའི་རྟིང་བདའ་སྟེ་སོང་སོངམ་མས་ལགས་ དེ་ལས་ འཚོལ་མ་ཐོབ་པར་ ཨང་རྒས་རྒན་རྒས་གཅིག་ ང་བཅས་བུམ་ཐང་གི་ ནོར་གྱི་སོག་(?)འཐེན་ནི་ ཙེའུ་སྦོམ་ཅིག་ཡང་འབག་སྟེ་འོང་འོངམ་མས་ འ་ནེ་ཨང་རྒས་འདི་སྲིན་མོ་ཨིནམ་འོང་ནི་མས་ལགས།
  • དབང་མོ་
    Wangmo: དེ་ལས་ ཨང་རྒས་ཀྱིས་ དབའི་ཚ་མོ་ག་ཏེ་འགྱོ་ནི་སྨོ? ཟེར་སླབ་སླབ་མས་ ངེའི་ཨ་པ་དང་ཨའི་བྱོག་འགྱོ་སྟེ་མིན་འདུག་ ང་རྟིང་བདའ་འགྱོཝ་ཨིན་ ཨཱ་་ཁྱོད་ཀྱིས་ ཨ་པ་དང་ཨའི་འཚོལ་མི་ཐོབ་ད་ ཁྱོད་རང་ང་དང་གཅིག་ཁར་འགྱོ་ན་ཟེརཝ་ད་ འགྱོ་གེ་འགྱོ་གེ་ཟེར་སླབ་འབད་ བུམོ་ཙེའུ་ནང་བཙུགས་སྦེ་ འབག་ཡར་སོང་འབད་ དེ་ལས་ ཡར་ཁྱིམ་ནང་འབག་འགྱོ་འགྱོཝ་མས་ ཁྱིམ་ནང་མ་ལྷོདཔ་ཅིག་ཁར་ ཨང་རྒས་འདི་ འུ་སྡུག་ཐང་ཆད་འབད་རྔུལ་ནག་འཐོན་འཐོནམ་མས།
  • དབང་མོ་
    Wangmo: ཨང་རྒས་འུ་སྡུག་མས་ག་ཟེར་དྲི་དྲིཝ་མས་ འུ་ཡང་མ་སྡུག་ཟེར་སླབ་སླབ་མས་ དེ་ལས་ ཁ་སྐོམ་མས་ཡ་ ཁ་ཡང་སྐོམ་མས་ཟེར་ཟེརཝ་མས་ དེ་ལས་ ཤི་གིས་ སོ་མ་བཏབ་ག་ཟེརཝ་ད་ སོ་བཏབ་མས་ཟེར་སླབ་སླབ་མས་ དེ་ལས་ བུམོ་འདི་གིས་ སྲིན་མོའི་མགུ་ཏོ་ཁར་ཤི་བལྟ་བལྟཝ་མས་ལགས་ ཤི་བལྟ་སྟེ་ འཁརཝ་བཅད་དེ་ ཅེཝ་ཅེཝ་བཏང་གསད་དེ་ ཨང་རྒས་འུ་སྡུག་ཐང་ཆད་ནི་འདི་གིས་ གཉིད་ལོག་སོངཔ་ཨིན་པས།
  • དབང་མོ་
    Wangmo: དེ་ལས་ གཉིད་ལོག་འབད་ བུམོ་འདི་གིས་ཙེའུ་ནང་ རྩང་བཙུགས་རྡོ་བཙུགས་འབད་དེ་བཞག་སྦེ་ མོ་བྱོག་འགྱོ་འགྱོཝ་མས་ དེ་ལས་ ཨང་རྒས་ཡར་ཁྱིམ་ནང་འགྱོ་འགྱོཝ་མས་ སྲིན་པོའི་གཡུས་ཁར་ དེ་ལས་ མོ་རའི་ཁྱིམ་ནང་ལྷོདཔ་ད་ བུམོ་ང་གིས་ ཁྱིམ་ནང་འབག་འོང་དོ་ ང་བཅས་ལུ་ཤ་འབག་དོ་ ཟངས་བཙུགས་ཤིག་ཟེར་སླབ་སླབ་མས་ དེ་ལས་ཟངས་བཙུགསཔ་ད་ ཡར་ཙེའུ་ནང་ལས་རྡོ་འཐོན་འོང་སྦེ་ ཟངས་དོང་འཐོན་འཐོནམ་མས།
  • དབང་མོ་
    Wangmo: དེ་ལས་ ཨ་རྒས་སྲིན་པོ་ཙིགཔ་ཟ་སྟེ་ བདའ་འབག་འབགཔ་མས་ ཁྱད་མེད་ད་འབདན་ང་གིས་ རྟིང་བདའ་འབག་འབད་ལོག་འབག་གེ་ནོ་ ཁྱད་མེད་ཁྱད་མེད་ཟེར་ཟེརཝ་མས་ དེ་ལས་ ལམ་གྱི་སྐེད་པ་ལྷོདཔ་ད་ ཨ་རྒས་ཀྱིས་ ཨང་རྒས་(ཨ་ལོ་)བདའ་ཟུན་འབད་ དེ་ལས་ ཡར་ལོག་རྒྱབ་ཁར་འབག་འབད་ ད་འབདན་ཡར་ཟངས་བཙུགས་ཤིག་ ང་བཅས་བཙོ་དགོ་ ང་གིས་བདའ་ཟུན་ཡི་ འབག་འབད་ཟངས་ནང་བཙུགས་བཙུགསཔ་མས་ མར་བུམོ་གཅིག་ཡོདཔ་མས་ ཁོང་རའི་སྲིན་པོའི་བུམོ་ ཁྱོད་རང་མེ་བཙུགས་ཤིག་ ད་ ང་བཅས་ལཱ་ ད་རུང་ཤ་འཚོལ་བར་འགྱོ་དགོ་ད་རུང་ཟེར་ སླབ་འབད་འགྱོ་འགྱོཝ་མས་ལགས།
  • དབང་མོ་
    Wangmo: དེ་ལས་ ཨ་རྒས་ཤ་འཚོལ་བར་འགྱོ་ བུམོ་མེ་བཏང་བཅུག་བཅུགསཔ་མས་ སྲིན་པོའི་བུམོ་གཅིག་ཡང་སྡོད་སྡོདཔ་མས་ དེ་ལས་ སྲིན་པོའི་བུམོ་དེ་ བུམོ་དེ་ལུ་སླབ་སླབ་མས་ ཨ་མོ་ཨ་མོ་ རྒྱ་སྐད་རྐྱབ་མས་ བོད་སྐད་རྐྱབ་མས་ ཨ་མོ་ཨ་མོ་ཟེར་སླབ་སླབ་མས་ལགས།
  • དབང་མོ་
    Wangmo: དབའི་ ཨ་མི་བུམོ་ཁྱོད་ ག་ཅི་རང་སླབ་སྨོ་ཟེར་ཟེརཝ་མས་ འདི་མ་སླབ་པའི་ཧེ་མ་ བུམོ་འདི་གིས་ དབའི་ཁྱོད་ཀྱི་དེ་སྦེ་སླབ་མི་དགོ་པས་མེ་ན་ མེ་ལེགས་ཤོམ་འབད་བཙུགས་ཟེར་སླབ་སླབ་མས་ མོ་རའི་བུམོ་ལུ་ ཨང་རྒས་ལོག་འགྱོ་འགྱོཝ་མས་ དེ་ལས་ བུམོ་མེ་བཙུགསཔ་ད་ ང་བཅས་རའི་འབྲུག་པའི་བུམོ་འདི་ མི་གནགཔ་འབད་ནི་འདི་གིས་ ང་གིས་ཆུ་ནང་ག་ཅི་ཡང་མཐོངམ་མས་ ཆ་རོགས་ང་གིས་ཡང་བལྟ་དགེ་ག་ཅི་མཐོང་དོ་ག་ ང་གིས་ཡང་བལྟ་གེ་ཟེར་ཟེརཝ་མས་ ཁྱོད་ཀྱི་གོ་ལ་དང་གོ་ལ་བརྗེ་སོར་འབད་བ་ཅིན་ ང་གིས་ཁྱོད་ལུ་བལྟ་བཅུག་གེ་ཟེར་སླབ་སླབ་མས།
  • དབང་མོ་
    Wangmo: དེ་ལས་ གོ་ལ་དང་གོ་ལ་སོར་གེ་ཟེར་ཟེརཝ་མས་ ཐིང་ཁབ་དང་ཐིང་ཁབ་སོར་སྦེ་ ག་ར་སོར་སྦེ་ དེ་ལས་ ད་འབདན་ཁྱོད་ར་ཟངས་ནང་འཛུལ་ད་ཟེར་ སྲིན་པོའི་བུམོ་མགུ་མཇུག་འབད་བཙུགས་འབད་དཔྱང་བཞག་འབད་ དེ་ལས་ མོ་གིས་མེ་ཤུགས་སྦེ་འཕུཝ་ད་ ག་ཏེ་ཆ་རོགས་ང་གིས་མི་མཐོང་མས་ ག་ཏེ་ང་གིས་མི་མཐོང་མས་ཟེར་སླབ་སླབ་མས།
  • དབང་མོ་
    Wangmo: ཁྱོད་ད་ལྟོ་ཨ་ཙི་ཅིག་སྡོད་མས་ ང་ལེ་ཤ་སྡོད་ཡི་མེན་ན་ ཁྱོད་ཨ་ཙི་ཅིག་ཁ་ལས་རང་མཐོང་འོང་ག་ཏེ་ དེ་ལས་ ད་རུང་དབའི་ཆ་རོགས་མི་མཐོང་པས་ཟེརཝ་ད་ ད་ལྟོ་ཨ་ཙི་ཅིག་སྡོད་མས་ ད་ལྟོ་རང་མཐོང་འོང་ ད་ལྟོ་ཁྱོད་ཨ་ཙི་ཅིག་ལས་བརྒལ་མ་འགྱོ་ ཨ་ཙི་ཅིག་རྩ་འགེངས་སྡོད་ཤིག་ ང་གིས་སྟོན་བྱིན་གེ་ཟེར་སླབ་སླབ་མས།
  • དབང་མོ་
    Wangmo: དེ་ལས་ ཨ་ཙི་ཅིག་ཁ་ལས་ སྲིན་པོའི་བུམོ་ཁ་འབྱང་འབད་ སྲིན་པོའི་བུམོ་བཙོ་ད་ནུག་ བུམོ་འདི་བཙོ་འབད་ ཡར་བུམོ་ང་བཅས་ར་མི་གནགཔ་ མི་ངོ་མ་འདི་གིས་ ཏེ་ ཨང་རྒས་དང་ཨ་རྒས་འོངམ་ད་ ཨོ་ཧ་ཧ་ཧ་ཧ་་་བཏང་འོང་འོངམ་མས་ ཨ་རྒས་དང་ཨང་རྒས་ འོངམ་ད་ཛའི་ཟེར་ཁ་ནང་ལས་འཐོན་འགྱོ་འགྱོཝ་མས་བུམོ་དེ་ དབའི་ངེའི་བུམོ་ཨིན་རང་མེན་པས་ ངེའི་ཚ་མོ་མེན་པས་གོ་ཁྱོད་ ངེའི་ཚ་མོ་གིས་ དེ་སྦེ་འབད་ནི་མེད་ཟེར་སླབ་སླབ་མས་ ཏེ་ ང་ལུ་མིག་ཏོ་བལྟ་ཤིག་ཟེར་ གོ་ལ་ག་ཅི་གྱོན་ནུག་ ག་གི་གོ་ལ་མས་ ཁྱོད་ཀྱི་བལྟ་ཤིག་ ལགཔ་པའི་སྟོད་གོ་བལྟ་ཤིག་ ཕྱག་ལྟག་གི་ཀོ་མ་བལྟ་ཤིག་ཟེར་སླབ་སླབ་མས།
  • དབང་མོ་
    Wangmo: དེ་ལས་ ཨིན་མས་ཨིན་མས་ ཤ་བཏོན་འབད་བཙོ་ཚར་འབད་ རྐངམ་ཨང་རྒས་ལུ་བྱིན་ གཞན་མི་ཚུ་ཁོང་ར་ཚུ་ལུ་བགོ་འབད་ དབའི་ཨ་ནཱི་རྐངམ་འདི་ངེའི་ཚ་མོ་གི་ རྐངམ་རང་ཨིན་མས་ཟེར་ སླབ་སླབ་མས་ དེ་ལས་ འ་ནཱི་བུམོ་འདི་ མར་གི་ཁུག་ སྒོའི་ཟུར་ཁར་སྡོད་སྡོདཔ་མས་ ཤ་རྨུར་དོ་བཟུམ་སྦེ་ མར་ཧོག་ཀ་ནང་བཙུགས་བཞག་བཞགཔ་མས་ མར་ཨོག་ཀ་ནང་ཕགཔ་ཚུ་ འཐབ་འཐབ་མས་ཤ་འདི་གི་སྐོར་ལས་ གའུ་གའུ་གའུ་་་་འབད་འཐབ་ད་ དབའི་ཁྱོད་ཤ་མི་བཟའ་བས་མེན་ན་ མར་ཕགཔ་ཚུ་ན་མེད་ས་མེད་འཐབ་དེས་ ཡ་ཨ་ནཱ་རུ་ཏོ་ཨིན་ ཨ་ནཱ་བཟའ་དོ་མེན་ན་ ཁོང་གིས་གདོང་ཁར་ཁ་ནང་བཙུགས་རུང་ འབྱིད་སྐོར་རྐྱབ་མ་བཟའ་བར་ཕགཔ་ལུ་བཀོ་བཏང་བཏངམ་མས།
  • དབང་མོ་
    Wangmo: ཉིནམ་གཅིག་འབདཝ་ད་ ཨང་རྒས་དང་བུམོ་ཁྱིམ་ནང་སྡོད་སྡོདཔ་མས་ དེ་ལས་ ཁྱིམ་ཕྱག་དར་རྐྱབ་བལྟ་བལྟཝ་མས་ སྦ་གི་དུང་ཅུང་ནང་ཆུ་ཅིག་སྡོད་སྡོདཔ་མས་ ཨང་རྒས་འདི་ག་ཅི་འབད་ནི་སྨོ་ཟེར་དྲིཝ་ད་ ང་བཅས་དགྲ་ཕྱད་མདའ་འོངམ་ད་ ཨ་ནཱི་སྦ་གི་དུང་ཅུང་ནང་གི་ཆུ་འདི་ ལ་གཅིག་ལུང་གཅིག་བརྒལ་འགྱོཝ་ད་ ཆུ་འདི་མགུ་མཇུག་འབདཝ་ཅིག་ རྒྱ་མཚོ་གནམ་མེད་ས་མེད་ལུང་པ་གང་རྒྱ་མཚོ་ལུ་འགྱུར་འོང་ཟེར་སླབ་ནུག
  • དབང་མོ་
    Wangmo: དེ་ལས་ད་རུང་ སྦ་གི་འཁརཝ་གཅིག་སྡོད་ནུག་ དབའི་འཁརཝ་འདི་ག་ཅི་འབད་ནི་སྨོ་ཨང་རྒས་ཟེར་སླབ་ད་ སྦ་གི་འཁརཝ་འདི་ ང་བཅས་ར་དགྲ་ཕྱད་མདའ་འོངམ་ད་ སྦ་གི་འཁརཝ་འདི་བཙུགསཔ་ཅིག་ལུང་པ་གང་འགྱོ་འབད་ ང་བཅས་ཚུ་བྱོག་ཐལ་ཚུགས་ ཁོང་གིས་བདའ་མི་ཟུན་ཟེར་སླབ་སླབ་མས།
  • དབང་མོ་
    Wangmo: དེ་ལས་ད་རུང་ ཐིང་ངེ་ཤིང་ ཐིང་ངེ་རྡོག་མ་ག་ཅི་འབད་ནི་ ཐིང་ངེ་རྡོག་མ་འདི་ ང་བཅས་རང་དགྲ་ཕྱད་མདའ་འོངམ་ད་འབག་འབད་ ཐིང་ངེ་གཏོར་བཏངམ་ད་ ཐིང་ངེ་གནམ་མེད་ས་མེད་སྐྱེས་འབད་ ཁོང་གིས་བདའ་འབགཔ་ད་ རྩང་གིས་གསོབ་འབད་ ང་བཅས་ལ་བརྒལ་ལུང་བརྒལ༌བྱོག་ཐལ་ཚུགས་ཟེར་སླབ་སླབ་མས།
  • དབང་མོ་
    Wangmo: ཡ་ཡ་ཟེར་ ཉིནམ་གཅིག་འབདཝ་ད་ ཁོང་རང་ལཱ་འབད་བར་འགྱོ་ བུམོ་འདི་ཁྱིམ་ནང་བཞག་དོ་མས་ཕངས་ཏེ་ བུམོ་འདི་གིས་ སྦ་གི་དུང་ཅུང་འདི་ཧེམ་ཅུ་ནང་བཙུགས་ཨརཝ་བརྐུ་འབག་ ཐེང་ངེ་སྒྲོམ་ཡང་འབག་ ཆུ་གི་དུང་ཡོད་མི་ཡང་འབག་ མར་སྒོ་ཁར་ལྷིའུ་ནང་ཆུམ་བརྡུང་བར་འབག་འབགཔ་མས་ ཟ་བུ་ཟ་བུ་ རང་གི་བུམོ་རང་གིས་ཟ་སྟེ་ ཟ་བུ་ཟ་བུ་ཟེར་ཟེརཝ་མས། ག་ཅི་ལོ་ཨ་མི་བུམོ་འདི་ ང་ཟ་བུ་ཟ་བུ་ཟེར་སླབ་སླབ་ཨིན་ ཁྱོད་རང་ཁྱིམ་ནང་འཛུལ་ད་ཟེར་སླབ་སླབ་མས།
  • དབང་མོ་
    Wangmo: དེ་ལས་ ཨང་རྒས་ཁྱིམ་ནང་འཛུལ་འབད་ ཟ་བུ་ཟ་བུ་ རང་གི་བུ་མོ་རང་གིས་ཟ་འདི་ ཟ་བུ་ཟ་བུ་ཟེར་སླབ་སླབ་མས་ དེ་ལས་ དེ་ཅིག་སླབ་འབད་ དེ་ལས་བུམོ་འདི་གིས་ སྦ་གི་དུང་ཅུང་དང་ ཐིང་ངེ་རྡོག་མ་དང་ ཆུ་འབག་སྦེ་བྱོག་ཡར་སོང་ནུག
  • དབང་མོ་
    Wangmo: དེ་ལས་ ཨ་རྒས་བལྟ་བར་འོངམ་ད་ ལྷིའུ་གི་སྦོ་ལོགས་ཁར་ཨ་ཝ་གཏང་བཞག་ནུག་ཟེརཝ་མས་ དབའི་དེ་ཁར་བུམོ་མིན་འདུག་ ཨ་ཝ་རྐྱངམ་གཅིག་འདུག་ དེ་ལས་ ཨ་ཝ་གི་དྲིམ་མ་ཡལ་ཚུན་ཚད་བུམོ་འདི་གི་དཔེ་བལྟ་བལྟཝ་མས་ དྲིམ་ཡལཝ་ད་ ཁོང་གི་བུམོ་མིན་འདུག་ཟེར་ཟེརཝ་མས་ བདའ་འབག་འབགཔ་མས་ ཨ་རྒས་ཀྱིས་ དེ་ལས་ རྟིང་བདའ་འགྱོཝ་ད་ ཕར་ཆོས་འཁོར་བཟུམ་ཅིག་ལུ་ལྷོདཔ་ད་ ཨ་རྒས་ཀྱིས་ མི་མཐོང་མི་མཐོང་ མཐོང་མཐོངམ་མས་བུམོ་འདི།
  • དབང་མོ་
    Wangmo: ད་འབདན་ཨ་ཕར་ལས་འགྱོ་དེས་ ང་གིས་བདའ་ཟུན་ནི་མས་ འགྱོཝ་ད་བུམོ་འདི་གིས་ ཨ་རྒས་སྦོ་ལོགས་ཁར་ལྷོདཔ་ད་ ཆུ་མགུ་མཇུག་བཏངམ་ཅིག་ཆུ་འདི་གིས་ ལུང་པ་གང་མཚོ་ལུ་འགྱུར་ཡར་སོང་ནུག་ ཆུ་གནམ་མེད་ས་མེད་ དེ་ལས་ ཨ་རྒས་ཀྱིས་ཡར་ལས་སྐོར་ མར་ལས་སྐོར་ཡར་ལས་སྐོརཝ་ད་ བུམོ་འདི་ཀྲོང་གསར་བཟུམ་ཅིག་ལུ་ལྷོད་ལྷོདཔ་མས།
  • དབང་མོ་
    Wangmo: དེ་ལས་ ད་རུང་ སྲིན་པོ་ཨ་རྒས་གནམ་མེད་ས་མེད་བདའ་འབག་འགྱོ་འགྱོཝ་མས་ ཡར་ལས་སྐོར་མར་ལས་སྐོརཝ་ལས་ ཐལ་སོང་འབད་བརྒལཝ་ད་ སྦ་གི་དུང་བཙུགསཔ་ཅིག་སྦ་སྟུག་པག་པ་ཡར་སོངམ་ལས་ རེ་རེ་འབད་བཏོག་འབད་རྐྱངམ་གཅིག་ཐལ་སོང་ནུག་སྲིན་པོ་འདི་ བཏོག་ཡི་ར་ཕྱི་ཁར་འཐོནམ་ད་ བུམོ་འདི་ལ་བརྒལ་ལུང་བརྒལ་འབད་ ཐིམ་ཕུག་བཟུམ་ཅིག་ལུ་ལྷོད་ལྷོདཔ་མས་ལགས།
  • དབང་མོ་
    Wangmo: དེ་ལས་ ད་རུང་ཨ་རྒས་ཀྱིས་ བདའ་འགྱོ་འགྱོཝ་མས་ལགས་ རྟིང་བདའ་འགྱོཝ་འབད་ བདའ་ཟུན་དོ་ཟུན་དོ་ཟེརཝ་ད་ ཐིང་ངེ་རྡོག་མ་གཏོར་གཏངམ་ད་ ཐིང་ངེ་ཚལ་མ་ལུ་འགྱུར་ཡར་སོང་འབད་ སྲིན་པོ་ཨ་རྒས་ཀྱི་རྐང་པར་རྩང་ཕོག་སྟེ་ དེ་ལས་ ལ་བརྒལ་ལུང་བརྒལ་འབད་བྱོག་ཐལ་ནུག་བུམོ་དེ།
  • དབང་མོ་
    Wangmo: དེ་ལས་ བུམོ་འདི་ ཨ་ལྕོ་ལ་ཝ་(ཟླཝ་)འབད་སར་ལྷོད་ལྷོདཔ་མས་ དེ་ལས་ ཨ་ལྕོ་ལ་ཝ་ལུ་ ཨ་ལྕོ་ལ་ཝ་ཨ་ལྕོ་ལ་ཝ་ལྕགས་ཐག་བཏང་གནང་ བལ་ཐག་མ་བཏང་ཨ་ལྕོ་ལ་ཝ་ཨ་ལྕོ་ལ་ཝ་ཟེར་ཟེརཝ་མས་ དབའི་ ང་ད་ལྟོ་རྐྱངམ་ཅིག་ལོངམ་ཨིན་ དེ་ལས་ དབའི་ཨ་ལྕོ་ལ་ཝ་ ད་མེ་མགྱོགས་པ་འཕུ་འབད་བཟོ་ད་ ང་ཨ་རྒས༌སྲིན་པོ་གིས་ བདའ་ཟུན་ནི་མས་ཟེར་ཟེརཝ་མས་ དེ་ལས་ ཨ་ལྕོ་ལ་ལ་གིས་མར་ ཐུགཔ་ཅིག་བཟོ་འབད་འཐུང་འཐུངམ་མས།
  • དབང་མོ་
    Wangmo: ད་རུང་བུམོ་འདི་ ཨ་ལྕོ་ལ་ཝ་ཨ་ལྕོ་ལ་ཝ་ ཨ་རྒས་སྲིན་པོའི་རྟིངམ་བདའ་ཟུན་དོ་ ཨ་ལྕོ་ལ་ཝ་ཨ་ལྕོ་ལ་ཝ་ཟེར་སླབ་སླབ་མས་ དབའི་བདའ་མི་ཟུན་མི་ཟུན་ད༌ ང༌གིས༌ལྕགས༌ཐག༌འཚོལ༌གེ༌ཟེར་སླབ་སླབ་མས་ དེ་ལས་ ད་རུང་ཨ་ལྕོ་ལ་ཝ་ཨ་ལྕོ་ལ་ཝ་ བལ་ཐག་མ་བཏང་ལྕགས་ཐག་བཏང་གནང་ ཨ་ལྕོ་ལ་ཝ་ཨ་ལྕོ་ལ་ཝ་ཟེར་སླབ་སླབ་མས་ དེ་ལས་ བལ་ཐག་འཚོལ་བའི་བར་ན་ ཁོ་གིས་ཡར་ལས་འཚོལ་འབད་ ལྕགས་ཐག་ས་ལང་བཏང་བཀོ་བཏང་བཏངམ་མས།
  • དབང་མོ་
    Wangmo: དེ་ལས་ བུམོ་འདི་གིས་ ལྕགས་ཐག་གུ་ལས་འཛེགས་ཏེ་ ཨ་ལྕོ་ལ་ཝ་འབད་སར་མ་ལྷོད་པའི་ཧེ་མ་ ཨ་རྒས་སྲིན་པོ་ལྕགས་ཐག་གི་ རྩ་བར་ལྷོད་ལྷོདཔ་མས་ལགས་ དེ་ལས་ འ་ནཱི་བུམོ་དེ་ ད་ལྟོ་ཨ་ལྕོ་ལ་ཝའི་བར་ན་གནགཔོ་སྦེ་ཡོད་མི་འདི་ འདི་ཨིན་ཟེརཝ་ཨིན་མས་ལགས།
  • དབང་མོ་
    Wangmo: དེ་ལས་ ཨ་རྒས་སྲིན་པོ་གིས་ མར་རྩ་བར་ལྷོད་འབད་ བུམོ་བཟུམ་སྦེ་སླབ་སླབ་མས་ ཨ་ལྕོ་ལ་ཝ་ཨ་ལྕོ་ལ་ཝ་ལྕགས་ཐག་མ་བཏང་བལ་ཐག་བཏང་གནང་ཨ་ལྕོ་ལ་ཝ་སླབ་སླབ་མས་ ད་ལྟོ་རྐྱངམ་གཅིག་འཚོལ་དོ་གོ་ཟེར་ཟེརཝ་མས།
  • དབང་མོ་ Wangmo
    ད་རུང་ ཨ་ལྕོ་ལ་ཝ་ཨ་ལྕོ་ལ་ཝ་ ལྕགས་ཐག་མ་བཏང་བལ་ཐག་བཏང་གནང་ཨ་ལྕོ་ལ་ཝ་ཟེར་ཟེརཝ་མས་ དེ་ལས་ ཨ་ཙི་ཅིག་ཁ་ལས་ ལྕགས་ཐག་མ་བཏང་པར་བལ་ཐག་བཏང་བཏངམ་མས་ཨ་རྒས་སྲིན་པོ་ལུ།
  • དབང་མོ་
    Wangmo: དེ་ལས་ བལ་ཐག་གུ་འཛེགས་འགྱོཝ་ད་ ལམ་སྐེད་པ་ལྷོདཔ་ད་ བལ་ཐག་འཛེགས་སྐེད་པ་ལྷོདཔ་ད་ ཐལ་ཐག་བཏོག་ཡར་སོང་སོངཔ་མས་ བལ་ཐག་བཏོག་ཡར་སོངམ་ལས་སྲིན་པོ་འ་ནཱ་ཤི་སོང་ནུག་ལགས་ འ་ནེམ་ཅིག་ཨིན་ལགས་ ང་གིས་ ག་ནི་ཡང་མི་ཤེས་ལགས་ ཤེས་ནི་འདི།