Skip to main content Skip to search
28 Jun 2018
19 min 32 sec
Video Overview
Creators: 
Sonam Tobgye, Sangay Tshomo

Nedrup from Lingkhar village narrates the story of the monkey and a ragola, both wild animals. 

མོང་སྒར་རྒས་འོག་ གླིང་ལས་ཨིན་མི་ ནི་སྒྲུབས་ཀྱིས་ སྤྱ་དང་རང་གུ་ཡའི་ སྐོར་ལས་བཤད་འདི་ ཡོདཔ་ཨིན་མས། སྤྱ་དང་ དང་གུ་ལ་ གཉིས་ཆ་ར་ རིས་ཁའི་ སེམས་ཅན་ཨིན་མས། འདི་གིས་ང་བཅས་ལུ་ ཕན་ཁུངས་དང་ སྙིང་དོན་ སྟོདན་དོ་ཡོདཔ་ཨིན་མས། ད་རེས་ནང་པ་ ན་གཞོན་ཚུ་ ཕམ་རྒན་ཤོས་ཚུ་ལས་ སྲུང་ཚུ་ ཉན་དོ་ཡོདཔ་ཨིན་མས།

Transcript search
No results found for this search
0 of 0
  • དངོས་གྲུབ་ོ
    ར་གོ་ལ་ཟེར་ དང་ཕུ་ མི་ག་ཅི་ལོ་ མ་གཞི་མི་གི་ཨ་ལོ་ཨིན་ན་ག་ཅི་ཨིན་ན་ ནགས་ཚལ་ནང་བཀབ་གོ་ལ་ཡང་མེད་ ག་ཅི་ཡང་མེད་མི་ བ་ཀུ་ཤིང་ཟེར་ རྡོག་མ་བཏགས་འོང་མེན་ན་ འ་ནཱི་རེ་འབད་མི་ འ་ནཱི་ཤིང་སྦོམ་ཤོས་ཅིག་གི་རྩ་བར་ ཁོ་ར་སྡོད་དེ་ས་རང་ཧོག་ཀ་ཡར་སོ་ནུག་ལོ། ལྟོ་བཀྱེསཔ་ད་བཀྱེསཔ་ད་ ནགས་ཚལ་ནང་གི་ཤིང་འབྲས་ བ་ཀུ་ཤིང་འབྲས་བཟུམ་ ཤིང་འབྲས་ག་ཅི་ཡང་ཟ་བཏུབ་མི་གི་རིགས་ཟ་ཡི་ཟ་ཡི་སྡོད་སྡོདཔ་ཨིན་མས་ ར་གོ་ལ་ཟེར།
  • དངོས་གྲུབ་ོ
    དེ་ལས་ ཁོ་སྡོད་སའི་ས་སྟོང་ནང་ལས་ གེ་ཟ་ཤིང་གཅིག་འབད་མི་ཅིག་སྐྱེས་ཡི་ལོ། ཁོ་སྡོད་སའི་ས་སྟོང་ནང་ལས། ཏེ་གཞན་རྩྭ་དང་ཁོ་གི་ཨ་ནཱི་འདི་མ་འདྲཝ་ཅིག་ར་སྡོད་སྡོདཔ་མས་ གེ་ཟ་འདི་མིག་ཏོ་གིས་མཐོང་རང་མ་མཐོང་པས། ཁོ་གི་རྩ་བོ་ཤིང་དུམ་གྱིས་བརྐོ་སྦེ་ རྩ་བོ་བསལ་བཞག་བཞགཔ་མས། རྩྭ་དང་རྩྭ་མ་འདྲ་བའི་རྩྭ་ཅིག་འདུག་ཨ་ནཱི་ཟེར་ དེ་ལས་ཁོ་གི་གེ་ཟ་གྱུར་ཏེ་ ལྷོདཔ་ཅིག་ལས་པད་སྐྱ་ཐོན་ རྡོག་མ་གཉིས་ཐོན་ནུག རྡོག་མ་གཉིས་འདྲན་འདྲ་འབདཝ་ད་ ཨ་ཙི་ཅིག་ འོག་གི་འདི་ཆུང་ཀུ་སྡོད་སྡོདཔ་མས།
  • དངོས་གྲུབ་ོ
    སྦོམ་ཤོས་འདི་བཞག་སྦེ་ འུམ་་་་་ འ་ནཱི་རྩྭ་མ་འདྲ་བའི་རྩྭ་ཅིག་འདུག རྡོག་མ་ཟུར་ཁ་ལས་བཏགསཔ་མས་ ལྟག་གི་འདི་ ནང་རྫས་མིན་འདུག་ཟེར་ འོག་གི་འདི་བཏོག་སྟེ་ཨ་ཙི་ཟ་བལྟ་གེ་ཟེར་ཟ་ཟཝ་མས་བ། བཏོག་སྟེ་པགས་ཀོ་བཤུབ་སྦེ་ནང་རྫས་བཏགས་བལྟཝ་ད་ ནང་རྫས་བཏགས་ཡོདཔ་ལས་ ཟ་བལྟ་བལྟཝ་མས། ཏེ་གེ་ཟ་[ཤོདཔ་?] ཞིམ་ཏོང་ཏོ་འོང་ནི་ཡོད་བ་ཏེ་ ཞིམ་མས་ སོན་བཞག་ནི་ཟེར་ འོག་གི་ཟ་སྦེ་ རྡོག་མ་གཅིག་སོན་བཞག་སྟེ་ དེ་ལས་ ད་རུང་སེལ་སྦེ་ རྡོག་མ་གཅིག་གིས་ཁྱབ་ཚུགས་པའི་ས་གོ་ཅིག་བསལ་སྦེ་ ཏེ་བཙུགས་ཅི་ལོ།
  • དངོས་གྲུབ་ོ
    བཙུགས་ཏེ་ ཁོ་གི་རྩ་བོ་གི་རྩྭ་ཚུ་བསལ་ཏེ་ ད་རུང་རང་རྡོག་མ་བཏགས་ རྡོག་མ་བཏགས་ཞིནམ་ལས་ སྤྱ་གིས་ཟ་ཡི་ལོ། སྤྱ་གི་ཟ་བཞག་སྟེ་ སྤྱ་གིས་ཟ་བཞག་སྟེ་ ཁོ་འདི་ཤིང་འབྲས་ཟ་བར་ཕྱི་ཁར་ཐག་རིང་སར་འགྱོ་སྡོདཔ་ད་ སྤྱ་གིས་ཟ་བཞག་སྟེ་ ཨ་མ་མ་་་་ ང་གི་ཨ་ནཱི་རྡོག་མ་ མ་འདྲ་བའི་རྡོག་མ་ཅིག་སྡོད་ཅི་ ཞིམ་ཏོང་ཏོ་དྲེགས་རང་མ་ཚུགསཔ་ཅིག་ཡོད་ངེའི་ཨ་ནཱི་ ཁྱོད་ཀྱིས་ཟ་ནུག ངེའི་གེ་ཟ་ཟེར་་་་ གེ་ཟ་ཟེར་མ་ཤེས་པས་ རྩྭ་གི་རྡོག་མ་ཟེར་ ག་ཅི་སྦེ་ཟ་ཡི་ཁྱེད་ གསད་རང་གསད་ནི་ཟེར་ བདའ་འགྱོཝ་ད་ལུ་ སྤྱ་རྐངམ་ཞརཝ་བོ་ཅིག་འདུག་ལོ།
  • དངོས་གྲུབ་ོ
    དེ་ལས་རྒྱབ་ལོག་ལྟ་སྟེ་ དབའེ་ར་གོ་ལ་ཟེར་ ང་རྐངམ་མེད་ང་ཡང་ ཁྱོད་ཀྱི་རྩྭ་གི་རྡོག་མ་འདི་ ང་འདི་ལྷག་མ་རྐྱངམ་ཅིག་ཟ་ཡི་ ཁོང་ཆ་ཁྱབ་ཀྱིས་ཟ་ཚར་བའི་ལྷག་མ་རྐྱངམ་ཅིག་ ཀྲེག་ཟ་ཡི་ རུ་ཏོ་འདི་ ཁོང་གིས་རྫོགས་སོ་འདུག ང་འདི་མ་གསད་ གསད་ནི་སྦེ་བཟུང་བཟུངམ་ཨིན་མས་ཁོ་གིས་ གསད་ནི་སྦེ་བཟུངམ་ད་ལུ་ མ་གསད་ང་ ཁྱོད་ཀྱི་དྲིན་ལན་འབྱོརཝ་ཅིག་འོང་ང་གིས་ མ་གསད་ང་ ཟེར་སླབ་ད་ ཁྱོད་ཀྱིས་ང་ལུ་ དྲིན་ལན་ག་དེ་འབད་འཇལ་ནི་ ཟེར་སླབ་ད་
  • དངོས་གྲུབ་ོ
    ཁྱོད་ལྟོ་བཀྱེསཔ་ད་ རོགས་ཀྱི་གཡུས་ཁ་ལས་ ང་གིས་ལྟོ་ལྷག་འདྲཝ་ དྲོན་གོང་ལྷག་མ་འདྲཝ་ཚུ་ཨརཝ་རྐྱབ་འབག་འོང་བྱིན་གེ་ ཟེར་སླབ་སླབ་མས། ཡ་ཡ་བཏུབ་དེན་ ཁྱོད་ང་གཅིག་ཁར་རང་སྡོད་འོང་ག་ཏེ་ ཟེརཝ་ད་ ཁྱོད་གཅིག་ཁར་རང་སྡོད་འོང་ཟེར་ སྤྱ་གིས་དེ་སྦེ་སླབ་ནུག བཏུབ་ཟེར་ སྡོད་ནུག་ཁོང་གཉིས། སྡོདཔ་ད་ ཉིནམ་ཅིག་ཟེརཝ་ད་ ཡར་སོ་ནུག་ གཡུས་ཚན་ཕར་ཚུར་ཨ་ཙི་ཐག་རིང་སུ་འཚམས་ཅིག་ཡོདཔ་མས། ཨ་ཕར་མཐོང་མཁར་བཟུམ་ཅིག་ཡོདཔ་ཨིན་མས།
  • དངོས་གྲུབ་ོ
    ཁོང་ལཱ་སར་འགྱོ་སྡོདཔ་ད་ ཉི་མ་འགྱོ་སྦེ་ ཁྱིམ་ནང་འགྱོ་བལྟཝ་ད་ དྲོན་གོང་ལྷག་མ་དང་ལྟོ་ལྷག་མ་ ཁོ་གིས་འབག་འོང་མས་ལོ་བསྡུས་ཏེ་སྤྱ་གིས། འབག་འོང་སྦེ་ཟ་བཅུག་སྦེ་ཏེ་ ཟ་བཅུགཔ་ད་ལུ་ ཟ་ནུག་ར་གོ་ལ་ ཞིམ་མས་ག་ ར་གོ་ལ་ ཟེར་སླབ་དེས་ལོ་སྤྱ་གིས་ འདུག་ཞིམ་མས་ཟེརཝ་ད་ལུ་ འ་ནཱི་སྦེ་འབག་འོང་གེ་ ཟེར་སླབ་ཅི་མེན་ན་ང་གིས་ ང་གསད་ནི་ཟེར་སླབ་དེས་མེན་ན་ཁྱོད་ཀྱིས་ཟེར་ ཧ་ཧི་ཧི་ཧི་་་་་
  • དངོས་གྲུབ་ོ
    འདུག་ཟེར་སླབ་ནུག འ་ནཱི་སྦེ་ཟ་སྡོད་དེ་ ཏེ་ཁོང་གཉིས་ ནམ་དགུན་གྱང་བའི་བསྒང་ལུ་ཉལཝ་ད་ཏེ་ ཉལཝ་ད་ལུ་ ཆའུ་་་་ ཆའུ་་་་་ ཟེར་སླབ་སླབ་ཨིན་མས་ ར་གོ་ལ་ ར་གོ་ལ་གྱངམ་མས་ག་ ཟེར་སླབ་ད་ གྱང་མས་ ཟེར་སླབ་ནུག ཁྱོད་ལུ་ང་གིས་ གོ་ལ་ར་རྡུགས་ཚུ་འབག་འོང་བྱིན་གེ་སྨེ་ ཟེར་སླབ་ནུག འབག་ཤོག་ ཁྱོད་ཀྱིས་འབག་འོང་བྱིན་པ་ཅིན་ བཏུབ་པས་ ཟེར་སླབ་ནུག དེ་ལས་ གོ་ལ་ར་རྡུགས་ཨརཝ་རྐྱབ་པར་ཡར་སོ་ནུག་ཁོ་ ཁོང་ཉི་མ་ལཱ་སར་འགྱོ་སྡོདཔ་ད་ འ་་་་ ཁོ་གིས་ཁྱིམ་ནང་འཛུལ་སྦེ་ གོ་ལ་ལེགས་ཤོམ་འདི་ འབག་མ་འོང་པར་ ར་རྡུགས་ཚུ་བའབག་འོང་སྦེ་བྱིན་ནུག
  • དངོས་གྲུབ་ོ
    ཕྱི་རུ་ཉལ་ ཉལ་སྦེ་ཧ་ལམ་ཅིག་ལས་ དབའེ་ར་གོ་ལ་ དྲོ་བས་ག་ ཟེར་སླབ་ད་ དྲོ་བས་ ཟེར་སླབ་ནུག་ར་གོ་ལ་གིས། ཁྱོད་ཀྱི་དྲིན་ལན་འདི་ ང་གིས་འ་ནཱི་སྦེ་འཇལ་ནི་ཏེ་ ང་གིས་འ་ནཱི་སྦེ་འབག་འོང་བྱིན་གེ་ ཟེར་སླབ་ཅི་བ་ཏེ་ ཁྱོད་ཀྱིས་སླབ་གསེས་ ང་གསད་ནི་ ཟེར་སླབ་དེས་མེན་ན་ ཟེར་སླབ་ད་ ང་གིས་སླབ་ཅི་ཏེ་ ངེའི་གེ་ཟ་་་་་་ ངེའི་རྩྭ་གི་རྡོག་མ་ཟ་ནི་དེ་གིས་ ཟེར་སླབ་ནུག
  • དངོས་གྲུབ་ོ
    དེ་ལས་ཨ་ནཱ་ལས་ ཁོང་གཉིས་སྡོད་སྦེ་ ཏེ་རྒྱལཔོ་ཅིག་གི་སྒོ་ཁར་ཡར་སོ་ནུག་ཁོང་གཉིས་ རྒྱལཔོ་ཅིག་གི་སྒོ་ཁར་འགྱོ་སྦེ་ ང་བཅས་ཀྱི་རྒྱལ་པོའི་སྲས་ཅིག་ཡོད་ ཏེ་ནཱ་གཉེན་ཅིག་བཏགས་ནི་སྦེ་ཞུ་བར་འོང་ཡི་ ཟེར་སླབ་ད་ལུ་ དབའེ་ མ་གཞི་ངེའི་བུམོ་འདི་མེད་ ཏེ་ཁྱོད་ཀྱི་རྒྱལ་པོའི་སྲས་ཡོད་པ་ཅིན་འབག་ཤོག་ཟེར་ ཁོང་གཉིས་བསྟུན་གྲོས་འབད་སྦེ་ལོག་འོང་ནུག དེ་ལས་ དུས་ཚོད་བཞག་ནུག ང་ཞབས་བསུ་འོང་ནི་ ཁྱེད་ཀྱི་རྒྱལ་པོའི་ཞབས་བསུ་འོང་གེ་སྨེ་ཟེར་ ང་བཅས་ཨ་པ་དང་ཨའི་ ཟེར་སླབ་ནུག སྲསམོ་གི་ཨ་པ་དང་ཨའི་འོང་གེ་ ཟེར་སླབ་སླབ་མས།
  • དངོས་གྲུབ་ོ
    ཏེ་ང་ཡང་རྒྱལཔོ་གཅིག་ཁར་ཕྱག་ཞུ་སྦེ་འཐོན་འོང་ཟེར་ ཏེ་ཕེབས་སུ་འགྱོཝ་ད་ལུ་ ཆུ་གཅིག་ཡོདཔ་མས་ བརྒལ་མ་ཚུགས་པའི་ཆུ་ཅིག་ཡོདཔ་མས། ཏེ་ཆུའི་སྦུག་ལུ་རྡོ་ཅིག་ཡོདཔ་མས་ རྒྱལ་པོ་གིས་མ་མཐོངམ་སྦེ་ ཚེམ་ལྷག་དྲ་དུམ་འདི་ཚུ་འབག་དོ་ཡོདཔ་མས་སྤྱ་གིས། འ་ནཱི་སྦེ་བཏོན་འབག་སྦེ་ རྒྱལ་པོ་འདི་ བགོ་ལ་ཡོད་ར་མེད་བ་ཏེ་ སྒྱེན་མོ་སྦེ་སྡོད་སྡོདཔ་ཨིན་པས། དེ་ལས་ཆིབས་རྟ་ཡང་ཆུ་གིས་འཕྱག་ད་དཔ་བཟུམ་བཟོ་ རྒྱལཔོ་ཡང་ཆུ་གིས་འཕྱག་ད་ནི་བཟུམ་བཟོ་སྦེ་ རྡོའི་ཐོག་ཁར་བཀལ་བཞག་ནུག་ཏེ་སྤྱ་གིས།
  • དངོས་གྲུབ་ོ
    ཏེ་འ་ནཱི་ ཚེམ་ལྷག་འདི་ཚུ་ ཕར་ཤིང་རག་རོག་ཚུ་གུ་ལུ་སྤུངས་བཞག་སྦེ་ ན་བཟའ་ག་ར་ ཧྲལ་ཚར་ཡི་འ་ནཱ་ཟེར་ ར་གོ་ལ་གི་ཨ་ནཱི་དང་ཨ་ཞང་ལུ་ལྟ་སྟེ་ འ་ནཱི་སྦེ་སླབ་རྫུ་བཏབ་ནུག ཏེ་ཨ་ནཱི་དང་ཨ་ཞང་ཨ་ཙི་མ་ལྷོདཔ་ཅིག་ཁར་ ལམ་ཁར་ཡར་སོ་ནུག་ཁོ་གིས་ ཨ་ཙི་ཅིག་ ནཱ་བཟུམ་ཅིག་ཁ་ལུ་ ཆུ་གིས་ཕྱག་འབག་ནི་བཟུམ་བཟོ་སྦེ་ ཕར་བཟུམ་ཅིག་ཁར་འགྱོ་འགྱོཝ་མས། རྒྱལ་པོ་འདི་ཆུ་གིས་འཕྱག་འབག་ནི་ར་འབད་ཡི་ ཆིབས་རྟ་དང་ན་བཟའ་འདི་ ག་ར་འཕྱགས་འབག་ཡར་སོ་ཡི་ ནཱ་ཨ་ནཱི་དང་ཨ་ཞང་ ཞབས་བསུ་ལུ་འོངམ་ད་འཐོན་མི་ཚུགས་ནི་མས་ལོ་ཟེར་ སྤྱ་གིས་ཞུ་ནུག
  • དངོས་གྲུབ་ོ
    ཨེའེ་་་་ ང་གི་བགོ་གཉིས་བརྩེགས་རྐྱབ་སྟེ་ཡོད་ ངེའི་བགོ་ལ་གཅིག་བྱིན་གེ་ ཆིབས་རྟ་ཡང་ཐེབས་ཡོད་ ཆིབས་རྟ་ཡང་བྱིན་གེ་སྨེ་ཟེར་ དེ་ལས་འ་ནཱི་སྦེ་འོང་ནུག དེ་ལས་མར་ལྷོདཔ་ད་ལུ་ ཆུ་ལས་བཏོན་ནུག་ཁོ་གིས་ སྤྱ་གིས་ཆུ་ནང་ལས་བཏོན་རྫུ་བཏབ་སྦེ་ ཏེ་ཨ་ནཱི་ཨ་ཙི་ཅིག་སྡོད་སྨེ་ཟེར་ ཨ་ཞང་གི་ན་བཟའ་གཅིག་ཕུད་སྦེ་ ར་གོ་ལ་ལུ་གྱོན་བཅུག་སྟེ་ དེ་ལས་ཆིབས་རྟ་གཅིག་ར་གོ་ལ་ལུ་བྱིན་སྦེ་ དེ་ལས་རྐྱངམ་ཅིག་ ཨ་ཎི་ཐོན་ཏེ་ དེ་ལས་རྐྱངམ་ཅིག་ཡར་སོ་ནུག་ཁོང་ཆ་ཁྱབ།
  • དངོས་གྲུབ་ོ
    སྤྱ་གཅིག་ ར་གོ་ལ་ ཨ་ནཱི་དང་ཨ་ཞང་ཁོང་བཞི་ འགྱོ་སྦེ་ཡར་གཟིམ་ཅུང་ལུ་ རྫོང་ལུ་ལྷོདཔ་ད་ལུ་ ར་གོ་ལ་གིས་སླབ་ནུག ཕྱི་ཁའི་རྡོ་གཅལ་ལས་ཡར་འཛེགསཔ་ད་ལུ་ ག་ཅི་ཨིན་ན་[ཏེ་ཀང་ཏེ་ཀང་?]འབད་མི་ཅིག་ ཟེརཝ་མས་ལོ། དབའེ་སྤྱ་ ཁྱོད་རྒྱལཔོ་གིས་ག་ཅི་གསུངས་མས་ ཟེརཝ་མས་ལོ། ཕར་གྱི་རྡོ་གཅལ་ལས་ ནཱ་གི་རྡོ་གཅལ་ལེགས་ཤོམ་འདུག ཟེར་ཞུཝ་མས་ལགས། ཟེར་སླབ་ནུག
  • དངོས་གྲུབ་ོ
    ཨ་་་ ལེགས་ཤོམ་རང་མེད་ ག་ཏེ་ལེགས་ཤོམ་འོང་ནི་ ཟེར་སླབ་སྦེ་ ཨེ་ཁུག་ལས་ཡར་འཛེགས་ནུག ཡར་ཐོག་ཁ་ལུ་ལྟ་སྟེ་ ག་ཅི་ཨིན་ན་[བེ་ཏང་བེ་ཏང་?]འབད་མི་ཅིག་ ཧ་ཧི་ཧི་ཧི་་་་་་ དབའེ་སྤྱ་ ཁྱོད་རྒྱལཔོ་གིས་ག་ཅི་གསུངས་མས་ ཟེརཝ་མས་ལོ། ཕར་གྱི་ཨེ་ཁུག་ལས་ནཱ་གི་ཨེ་ཁུག་ལེགས་ཤོམ་འདུག་ ཟེར་ཞུཝ་མས་ལགས་ ཟེརཝ་ད་ མེད་མེད་ ལེགས་ཤོམ་རང་མེད་ཟེར་ གཟིམ་ཅུང་ནང་ན་ལྷོད་དེ་ ཕེབས་ཇ་དྲངས་ནུག
  • དངོས་གྲུབ་ོ
    ཕེབས་ཇ་དྲངསམ་ད་ལུ་ ག་ཅི་ཨིན་ན་ ཞིམ་ཏ་ཞིམ་ཏ་འབད་མི་ཅིག་ ག་ཅི་སྨོ་ ག་ཅི་གསུངསམ་མས་ ཁྱོད་རྒྱལཔོ་གིས་ ཟེར་སླབ་ད་ ཕར་གྱི་ཕེབས་ཇ་ལས་འདི་ ནཱ་གི་ཕེབས་ཇ་ལེགས་ཤོམ་འདུག་ ཟེར་ཞུཝ་མས་ལགས་ ཟེརཝ་ད་ ལེགས་ཤོམ་རང་མེད་ཟེར་ དེ་ལས་ གསོལ་མཛརཝ་དྲངས་དྲངསམ་མས་ བཞེས་རྩམ་ མཛརཝ་དྲངས་དྲངམས་མས་ ཇ་རྩམ་དྲངས་དྲངམས་ ག་ཅི་ཨིན་ན་[ཙབ་ཙབ་ཙེབ་ཙེབ་?]འབད་མི་ཅིག་ ཟེརཝ་མས་ལོ།
  • དངོས་གྲུབ་ོ
    ག་དེ་སྦེ་གསུངསམ་མས་ ཁྱོད་ཀྱི་རྒྱལཔོ་གིས་ ཟེརཝ་ད་ ཕར་གྱི་གསོལ་མཛར་ལས་ ནཱ་གི་གསོལ་མཛར་ལེགས་ཤོམ་འདུག་ ཟེར་ཞུཝ་མས་ལགས་ ཟེར་སླབ་ད་ ལེགས་ཤོ་རང་མེད་ ཆུམ་མཛརཝ་ལེགས་ཤོམ་སྦེ་མ་བརྔོ་བས་ ཨ་ལོ་ཚུ་གིས་ ཟེརཝ་མས་ལོ། དེ་ལས་ ཨ་ནཱི་སྦེ་སྡོད་ནུག ཨ་ནཱི་སྦེ་སྡོད་སྦེ་ ཏེ་ཁོང་གཉིས་བསྟུན་གྲོས་འབད་དོཝ་མས་ད་རུང་ ར་གོ་ལ་དང་སྤྱ་ བསྟུན་གྲོས་འབད་དོཝ་མས།
  • དངོས་གྲུབ་ོ
    [རེས་ནང་?] འགྱོ་སྦེ་ ཡ་་་་ད་ང་ རྒྱལཔོ་དང་རྒྱལཔོ་ཨམ་ ད་ལོག་འགྱོ་དགོ་པས་ ཕར་ཕོ་བྲང་ནང་ལོག་འགྱོ་དགོ་པས་ ཟེར་སྤྱ་གིས་སླབ་སླབ་ཨིན་མས། ཁོང་གཉིས་ཀྱི་ཕོ་བྲང་འདིན་ ནགས་ཚལ་ནང་ན་ ས་སྟོངམ་ཅིག་ཡོདཔ་མས། སྲིན་པོ་གི་རྫོང་འཕྱོག་པར་འགྱོ་འགྱོཝ་ཨིན་མས་ལོ་སྤྱ་གིས། སྲིན་པོ་ཡང་ཡོདཔ་མས་ ཧ་ལམ་འཇམ་ཏོང་ཏོ་ཅིག་ཁ་ལུ་རང་ རྫོང་འཕྱོག་པར་འགྱོ་སྦེ་ ཕར་སྲིན་ཡུལ་ལུ་ལྷོདཔ་ད་ སྲིན་པོ་ཚུ་གིས་ ཤ་ལྷོད་ཅི་མ་རེད་ ཤ་ཟ་ནི་གི་ང་བཅས་ཆ་ཁྱབ་ ཟེརཝ་མས་ལོ།
  • དངོས་གྲུབ་ོ
    བདའ་འོངམ་མས་ལོ། དབའེ་ ང་ཟ་བཞག་པ་ཅིན་ ཁྱེད་ཆ་ཁྱབ་ལུ་ ཁམ་ཏོ་རེ་ཡང་མི་ཁྱབ་ང་གིས་ ང་ག་དེ་ཅིག་འདུག་གོ་ ཁྱེད་ཆ་ཁྱབ་ཀྱི་སྲོག་རྒྱབ་འབད་བར་འོང་འོངམ་ཨིན་ ཟེར་སླབ་ནུག གུ་རུ་འབྱོནམ་ཨིན། གུ་རུ་འབྱོནམ་ཨིན་ ཁྱེད་ཆ་ཁྱབ་ཀྱིས་སྲོག་སྐྱབས་འབད་འོངམ་ཨིན། གུ་རུ་ནམ་འབྱོན་སྨོ་ ཟེརཝ་མས་ལོ། ད་རེས་ནངས་པ་རང་འབྱོན་འོང་སྨེ་ ཁྱེད་ཆ་ཁྱབ་ཀྱི་སྲོག་སྐྱབས་འབད་ གཡིབ་སྡོད་ཟེར་ སླབ་པར་འོང་འོངམ་ཨིན་ང་ ཟེར་སླབ་སླབ་མས།
  • དངོས་གྲུབ་ོ
    ཡ་དེ་འབད་བ་ཅིན་ ག་དེ་སྦེ་གཡིབ་ནི་ ཡ་ཡ་་་་ ཟེར་སླབ་སླབ་ཨིན་པས་སྲིནམོ་ཚུ་གིས་ ས་དོང་མར་ལྟ་གནམ་མེད་ས་མེད་ས་དོང་བརྐོ་དགོ་ འ་ནཱ་ལས་རྐྱངམ་ཅིག་གཡིབ་བདེ་འོང་ དེ་ལས་ ཐོག་ཁ་ལས་ཤིང་གིས་ གནམ་མེད་ས་མེད་སྤུབས་སྦེ་ ཏེ་མ་མཐོངམ་སྦེ་ གཞིབས་གཞིབས་འབད་སྤུངས་ཏེ་ དོང་ཨ་ནཱིམ་ཅིག་རང་མེདཔ་སྦེ་སྤུབས་དགོ དེ་ལས་སྲིནམོ་ཚུ་ལཱ་ཐོན་ཡི་ལོ་ གཅིག་ཁར་བརྐོ་སྟེ་ གནམ་མེད་ས་མེད་ མར་རིངམོ་སྦེ་བརྐོ་སྟེ་ ཐོག་ཁ་ལས་ཤིང་ཡང་ ཏེ་གནམ་མེད་ས་མེད་ ལེགས་ཤོམ་འབད་ཐིང་སྦེ་ ཤིང་སྐམ་སྐམ་འབད་རུང་ རློནམ་ཨིན་རུང་ཁྱད་མེད་ སྤུབས་ད་མ་མཐོངམ་སྦེ་སྤུབས་ད་ཟེར།
  • དངོས་གྲུབ་ོ
    སྤུབས་སྦེ་ དེ་ལས་ རླུང་རང་མ་ཐལཝ་སྦེ་བཟོ་དགོ་ཟེར་ ཁྱེད་ར་འཛུལ་ནི་གི་དོང་རྐྱངམ་ཅིག་བཞག་ཟེར་ ཏེ་ཁྱེད་འཛུལ་ནི་གི་དོང་འདི་ ང་གིས་བསུབ་གེ་ ཤིང་བསྐྱལ་བཞག་སྦེ་ འཛུལ་སའི་དོང་ཅིག་བཞག་སྦེ་ འཛུལ་ཞིནམ་ལས་ དོང་འདི་ཁོ་གིས་བསུབ་བསུབ་མས། དོང་ག་ཏེ་ལས་མཐོང་མས་ ནང་ན་ལས་ཡར་དོང་མཐོང་མས་ག་ ཟེར་སླབ་ད་ལུ་ འ་ནཱ་ལས་མཐོང་མས་ འ་ནཱ་ལས་མཐོང་མས་ ཟེརཝ་མས་ལོ་ མར་ལས་ཡར་ ཨ་ནཱི་ཚུ་བསུབ་སྦེ་ ཨ་ནཱིམ་ཅིག་རང་མ་མཐོངམ་སྦེ་ ཁྱེད་ཚུ་གནག་དུང་དུ་ནང་སྡོད་དགོ་ གུ་རུ་མཐོང་འོང་ཟེར་ བསྡམས་སྦེ་ ཨ་ནཱིམ་ཅིག་ར་མི་མཐོང་པས་ག་ཟེརཝ་ད་ མི་མཐོང་པས་ ད་འབདན་བསུབ་ད་ཡི་ ཟེར་སླབ་སྟེ།
  • དངོས་གྲུབ་ོ
    དེ་ལས་རྐྱངམ་ཅིག་ ཕྱི་ཁ་ལས་ མཐའ་བསྐོར་ཏེ་མེ་འཕུ་ སྦུག་ལུ་ཡང་མེ་འཕུ་ ཡུདཔ་ཅིག་ལས་ མེ་གནམ་མེད་ས་མེད་སྦོམ་འགྱོ་སྦེ་ སྲིནམོ་ཆ་ཁྱབ་སྐད་རྐྱབ་མཆོངམ་ད་ སྲིནམོ་ཚུ་གི་རལཔ་གིས་ མེ་ཚར་རེ་འདི་བསདཔ་མས་ལོ་ ཁོ་ཁམ་ཏོ་གཅིག་རྐྱངམ་ཅིག་ཐོན་ནི་སྡོད་ཡི་ ཁམ་ཏོ་རེ་རེ་རྐྱངམ་ཅིག་ནི་སྡོད་ཡི་ང་བཅས་ཆ་ཁྱབ་ཀྱི་ཟེར་ སྐད་རྐྱབ་མས་ལོ། བཛྲ་གུ་རུ་གྲངས་ཤིག་བཛྲ་གུ་རུ་ ཁྱེད་ར་གི་མིག་ཏོ་འཁྲུལ་འཁྲུཝ་འོང་ ཟེར་སླབ་ནུག་ཁོ་གིས། ཨོཾ་ཨཱ་ཧཱུཾཿབཛྲ་གུ་རུ་པདྨ་སིདྡྷི་ཧཱུཾ༔ བླ་མ་མཁྱེན་ནོ་ འབད་མི་ཚུགས་པས་ ཧ་ཧི་ཧི་་་་་་ མེ་བཏང་ཧ་ཧི་ཧི་་་་་་ ག་ར་མེ་བཏང་བཞག་ཅི་ལོ། སྲིན་པོའི་རྒྱལཔོ་མངའ་འོག་གཅིག་ག་ར་མེ་བཏང་སྦེ་ དེ་ལས་རྐྱངམ་ཅིག་ ར་གོ་ལ་གི་རྫོང་གྱུར་ཡི་ལོ། སྲིན་པོའི་རྫོང་འཕྱོག་སྟེ་ སྲིནམོ་ཆ་ཁྱབ་མེ་བཏང་སྦེ།
  • དངོས་གྲུབ་ོ
    མེ་བཏང་ཚར་སྦེ་ སྒོ་ཕྱེ་སྦེ་ནང་ན་འགྱོ་བལྟཝ་ད་ལུ་ གསེར་གྱི་སྒྲོམ་འདུག་ལོ་ དངུལ་གྱི་སྒྲོམ་འདུག་ལོ་ ཟངས་ཀྱི་སྒྲོམ་འདུག་ལོ་ ལྕགས་ཀྱི་སྒྲོམ་འདུག་ལོ་ འ་ནཱི་ག་ར་ལུ་ མི་ཟེརཝ་ཅིག་བཟུང་ཡི་བཟུང་ཡི་ མི་བཙུགས་བཞག་ནུག་ལོ་ ཁོང་ཟ་ནི་སྦེ་ ཧེ་མ་རང་ གསེར་གྱི་སྒྲོམ་ཁ་ཕྱེ་བལྟཝ་ད་ལུ་ བུཚུ་བུམོ་གཞོནམ་འཇའ་རིསམོ་གསར་རིསམོ་ཆ་ཁྱབ་ གསེར་གྱི་སྒྲོམ་ནང་བཙུགས་ཏེ་འདུག་ལོ་ གསེར་གྱི་ཀ་ཆེན་གཅིག་འདུག་ལོ་ འ་ནཱི་གསེར་གྱི་ཀ་ཆེན་ལུ་ གསེར་གྱི་ལྡེ་མིག་བུ་དང་ལྡེ་མིག་རྐྱབ་སྟེ་འདུག་ལོ་ འ་ནཱི་གིས་ཁ་ཕྱེ་བལྟཝ་ད་ བུཚུ་བུམོ་འཇའ་རིསམོ་གསར་རིསམོ་ཚུ་ འ་ནཱི་གསེར་གྱི་སྒྲོམ་ནང་བསྡམས་ཏེ་འདུག་ལོ།
  • དངོས་གྲུབ་ོ
    དེ་ལས་ ད་རུང་དངུལ་གྱི་སྒྲོམ་ཁ་ཕྱེ་ནི་སྦེ་ ལྡེ་མིག་འཚོལ་བལྟཝ་ད་ དངུལ་གྱི་ཀ་ཆེན་འདུག་ལོ་ འ་ནཱ་ལུ་དངུལ་གྱི་ལྡེ་མིག་བུ་དང་ཕར་སྒྲོམ་ལུ་དངུལ་གྱི་ལྡེ་མིག་འདུག་ལོ་ འ་ནཱི་ཁ་ཕྱེ་བལྟཝ་ད་ལུ་ ཏེ་ད་རུང་ ཕོ་རྒྱ་ན་གཞོན་དོད་རིལ་རི་འབད་མི་ཚུ་ འ་ནཱི་ནང་བཙུགས་བཞག་ནུག་ལོ་ བུཚུ་བུམོ་ཆ་ཁྱབ། དེ་ལས་ད་རུང་ ཟངས་སྒྲོམ་རྩ་བར་འགྱོ་བལྟཝ་ད་ ཟངས་ཀྱི་ཀ་ཆེན་འདུག་ལོ་ འ་ནཱི་ཟངས་ཀྱི་ལྡེ་མིག་བུ་བཞག་ནུག་ལོ་ ལྡེ་མིག་མ་ཟངས་ཀྱི་ལྡེ་མིག་འདུག་ལོ་ འ་ནཱི་ཁ་ཕྱེ་བལྟཝ་ད་ལུ་ ཨ་རྒས་ཨང་རྒས་ ཧ་ལམ་ཅིག་འབད་མི་རྒན་རྒས་ཐལ་མ་ཐལ་འབད་མི་ཚུ་བཙུགས་བཞག་ནུག་ལོ།
  • དངོས་གྲུབ་ོ
    དེ་ལས་འ་ནཱི་ཁ་ཕྱེ་བལྟཝ་ད་ལུ་ ང་བཅས་ཧེ་མ་ཟ་ ང་བཅས་ཧེ་མ་ཟ་ ཟེརཝ་མས་ལོ་ མི་ཟ་ ཁྱེད་ཀྱི་སྲོག་སྐྱབས་འབད་མི་ཨིན་ང་ཟེར་ ང་ར་སྤྱ་ཅིག་ ཁྱེད་ཟ་འོང་ག་ ཟེར་སླབ་ཅི་ལོ་ཁོ་གིས། དེ་ལས་འ་ནཱི་ཚུ་ཕྱི་ཁར་བཏོན་ དེ་ལས་ད་རུང་ ལྕགས་སྒྲོམ་ཁ་ཕྱེ་བལྟཝ་ད་ལུ་ ཨ་རྒས་ཨང་རྒས་ རྒན་རྒས་ཆ་ཁྱབ་བཙུགས་བཞག་ནུག་ལོ་ ལྕགས་སྒྲོམ་ནང་ན་ ལྕགས་ཀྱི་ཀ་ཆེན་ སྦོམ་ཅིག་འདུག་ལོ་ འ་ནཱ་ལུ་ལྕགས་ཀྱི་ལྡེ་མིག་དཔྱངས་ཏེ་འདུག་ལོ་ དེ་ལས་ ལྕགས་ཀྱི་ལྡེ་མིག་ཁ་ཕྱེ་བལྟཝ་ད་ལུ་ ཨ་རྒས་ཨང་རྒས་ཚུ་གིས་ ཨའེ་་་་་ ད་འདི་ང་བཅས་ལོ་རྒས་སོ་ཡི་ ང་བཅས་ཧེ་མ་ཟ་ ཟེརཝ་མས་ལོ།
  • དངོས་གྲུབ་ོ
    མི་ཟ་ཁྱེད་ཟ་མི་མེན་ ང་སྲོག་སྐྱབས་འབད་མི་ཨིན་ཟེར་ འ་ནཱི་ཚུ་ག་ར་བཏོན་ཏེ་ དེ་ལས་རྐྱངམ་ཅིག་ གསེར་སྒྲོམ་ནང་ལས་ཐོན་མི་ན་གཞོན་ཚུ་ རྒྱལཔོ་གི་སྲས་སྲསམོ་བཟོ་སྟེ། དངུལ་སྒྲོམ་ནང་ལས་ཐོན་མི་ ཧ་ལམ་ཅིག་འབད་མི་ཚུ་ རྒྱལ་པོའི་ཨ་པ་དང་ཨའི་ ཕོ་རྒནམ་དང་ནུ་གཅུང་བཟོ་སྟེ། དེ་ལས་ད་རུང་ ཟངས་སྒྲོམ་ནང་ལས་ཐོན་མི་ཚུ་ སྒར་པ་དང་ཨར་མོ་ཚུ་བཟོ། དེ་ལས་ད་རུང་ ཨ་རྒས་ཨང་རྒས་ཆ་ཁྱབ་ མི་གནགཔོ་ཨ་རྒས་ཨང་རྒས་བཟོ་ རྒྱལ་པོའི་ཨ་རྒས་ཨང་རྒས་བཟོ་སྦེ་བཞག་བཞགཔ་མས།
  • དངོས་གྲུབ་ོ
    བཞག་སྦེ་ དེ་ལསན་ཏེ་ ལཱ་ཨ་ནཱི་སྦེ་འབད་ནི་ འ་ནཱི་བཟུམ་འབད་ནི་ཟེར་ ང་བཅས་ཀྱི་རྒྱལཔོ་འབྱོན་འོང་མ་རེད་ཟེར་ ཁྱེད་ཆ་ཁྱབ་ཀྱིས་ལཱ་ཚུ་འ་ནཱི་བཟུམ་འབད་དགོ་སྨ་རེད་ ལཱ་ཚུ་བགོ་བཀྲམ་འབད་སྦེ་ ཕར་ལས་ཞུ་འབག་འོངམ་ད་ བཅའ་སྒྲིག་འ་ནཱི་བཟུམ་འབད་དགོ་སྨེ་ ཟེར་སླབ་སྦེ་ ཁོ་ཡར་སོ་ནུག་ཕར་ ར་གོ་ལ་དང་ཨ་ནཱི་དང་ཨ་ཞང་ སྲསམོ་ཞུ་འཁྱིད་འོང་པར་འགྱོ་ནུག འགྱོ་སྦེ་ ཕར་ལས་བྱོན་ནུག བྱོན་སྦེ།
  • དངོས་གྲུབ་ོ
    ནཱ་ལྷོདཔ་ད་ ར་གོ་ལ་གི་རྫོང་གི་རྩ་བར་ལྷོདཔ་ད་ལུ་ ཨ་ནཱི་དང་ཨ་ཞང་ རྫོང་ཕྱི་ཁ་ལས་ འ་ནཱི་འབད་བལྟ་ནུག ཡ་་་་་ ངེའི་རྫོང་ལེགས་ཤོམ་འདུག་སླབ་དེས་ ནཱ་ལུ་འདི་ གསེར་གྱི་ཨིན་མས་ཏེ་ ཟེརཝ་མས་ལོ། ཕྱི་ཁ་ལས་ ག་ར་གསེར་སྒྲོན་ཏེ་ མ་འདྲཝ་སྦེ་བཟོ་སྟེ་ཡོདཔ་མས་ཏེ་སྲིན་པོའི་རྫོང་ གསེར་གྱི་ཨིན་མས་ཏེ་ ཡ་་་་ སྒྲོམ་ཆ་ཁྱབ་ གསེར་དང་དངུལ་ ཟངས་ ལྕགས་ཀྱི་ཨིན་མས། ངེའི་ཕར་འདི་ ག་ཅི་ཡོདཔ་ཏེ་ རྡོ་གཅལ་ལས་འགོ་བཟུང་སྟེ་ གསེར་འདུག་ ཟེརཝ་མས་ལོ་ལགས། ཧི་ཧི་ཧི་་་་་་་།
  • དངོས་གྲུབ་ོ
    སྤྱ་ལུ་ལྟ་སྟེ་འ་ནཱི་སྦེ་སླབ་སྦེ་ ཧ་ལམ་ཅིག་ཡོད་ལགས་ ཟེར་སླབ་སླབ་མས། ར་གོ་ལ་ལུ་ལྟ་སྟེ་ ཁྱེད་གཉིས་ཀྱི་འདི་ ལེགས་ཤོམ་འདུག་ཏེ་ ངེའི་བུམོ་ཁྱེད་གཉིས་ཀྱི་འདི་ ལེགས་ཤོམ་འདུག་ཟེར་འོང་སྦེ་ བཅའ་སྒྲིག་རྐྱབ་ ཇ་དྲངས་ལྟོ་དྲངས་སྦེ་ ག་ར་ཀྲིག་ཀྲི་འབད་སྦེ་ ཏེ་ཨ་ནེ་དང་ཨ་ཞང་ ཞག་གཉིས་གསུམ་དེ་ཅིག་སྡོད་སྦེ་ལོག་འགྱོ་དོཝ་མས། འགྱོ་སྦེ་ ཏེ་སྡོད་སྡོདཔ་མས་ ར་གོ་ལ་དང་སྤྱ་ སྤྱ་ལུ་ཐངམ་རེ་སྲུང་བཅུག་སྟེ་ འ་ནཱི་སྦེ་སྡོད་སྡོདཔ་མས། ཏེ་ཐངམ་སྲུང་བཅུག་སྦེ་བཞགཔ་ད་ལུ་ སྤྱ་གིས་ ཀར་ཕྱེ་དྲིམ་ཧུམ་ཧུམ་བཟུམ་བཟོ་སྦེ་ ཤི་རྫུ་བཏབ་བཏབ་མས།
  • དངོས་གྲུབ་ོ
    ཤི་རྫུ་བཏབ་ད་ལུ་ བླ་མ་མཁྱེན་ནོ་ རྒྱལ་པོ་ ཁྱོད་ཀྱི་སྤྱ་འདི་ ཤི་སོང་ནུག་སྨེ་ ཟེར་སླབ་སླབ་ཨིན་མས། ཤི་བཅུག་ ཟེར་སླབ་སླབ་མས་ར་གོ་ལ་གིས། མིག་ཏོ་ཁ་བརྒྱངས་སྦེ་ འེ་་་་་ ཁྱོད་ཀྱིས་ག་དེ་སྦེ་ལོ་ ང་བཅས་གཉིས་ཀྱི་སྲུང་གཏངན་ན་ བ་ཀུ་ཤིང་རྩ་བ་ལས་ ཟེརཝ་མས་ལོ། མ་སླབ་སྨེ་ མ་སླབ་སྨེ་ ཟེར་ར་གོ་ལ་རྩ་བར་འོང་སྦེ་ ལྷུ་མས་ལོ། ཧ་ཧ་ཧི་ཧི་་་་་་ ཨ་ནཱི་སྦེ་ལྷུཝ་མས་ལོ་ ར་གོ་ལ་རྩ་བར་འོང་སྦེ་ མ་སླབ་སྨེ་ ང་བཅས་གཉིས་ཀྱི་ མ་སླབ་སྨེ་ཟེར།
  • དངོས་གྲུབ་ོ
    ཡ་ཡ་་་་་་ ཟེར་བཞག་ནུག ཏེ་ད་རུང་ ཞག་གཉིས་གསུམ་དེ་ཅིག་ཁར་ བརྗེད་སུ་ཅིག་འབདཝ་ད་ལུ་ ཏེ་ད་རུང་སྤྱ་གིས་ད་རུང་ར་ ཕྱེ་ཧུམ་ནུག ཕྱེ་སྐམ་ཧུམ་རྫུ་བཏབ་ནུག ཕྱེ་སྐམ་ཁ་ནང་དབུར་སྦེ་ ཤི་རྫུ་བཏབ་ནུག བླ་མ་མཁྱེན་ནོ་ རྒྱལ་པོ་ ཁྱོད་ཀྱི་སྤྱ་འདི་ཤི་སོ་ནུག་སྨེ་ད་འབདན་ ཐད་རི་བ་རི་འབད་ར་ཤི་སོ་ནུག་སྨེ་ ཟེར་སླབ་སླབ་མས། བླ་མ་མཁྱེན་ ངེའི་སྤྱ་དང་སྤྱ་མ་འདྲ་བའི་སྤྱ་ཨིན། ཤིཝ་ད་མི་བཏུབ་ སློབ་དཔོན་རྩིསཔ་ཞུ་བར་འགྱོ་སྨ་རེད་ཟེར་
  • དངོས་གྲུབ་ོ
    སློབ་དཔོན་ཞུ་བར་འགྱོ་སྨ་རེད་ཟེར་ ཏེ་ར་གོ་ལ་གིས་འ་ནཱི་སྦེ་སླབ་སླབ་ཨིན་མས་བ། ངེའི་སྤྱ་དང་སྤྱ་མ་འདྲ་བའི་སྤྱ་ཨིན་དབའེ་ བླ་མ་མཁྱེན་ བསྐྱས་སར་བསྐྱལ་ཡི་ང་ ཟེར་སླབ་ད་ལུ་ ཏེ་སྤྱ་འདི་ ད་ལེགས་ཤོམ་འབད་ནི་མས་ཟེར་ ཧི་ཧི་ཧི་་་་་་ ཟེར་བགའ་སྦེ་ ཧིག་ ཟེར་བཏངམ་ཅིག་ ཕྱེ་བུངས་ལམ་ལས་འགྱོ་སྦེ་ ཤི་སོ་ཡི་ལོ། ཧི་ཧི་ཧ་ཧ་་་་་་ ཧེ་ཧེ་ཧེ་་་་་།། །།