Video Overview
In this story, a monkey and a porcupine are very close to each other. One day, however, the monkey betrays the porcupine by cheating on him. As a result, the monkey suffers a lot and ends up dying. The story conveys the message that we should always return the kindness of people who are nice towards us and trusts us. Otherwise there will be suffering, just like in the case of the monkey.
སྤྱ་དང་བྱི་ཐུར་གྱི་སྲུང་དེ་ཡང་ མོང་སྒར་ སྔ་ཚང་ལས་ ཕུན་ཚོགས་དབང་འདུས་ཀྱིས་གཏངམ་ཨིན་པས། སྲུང་དེ་ནང་ བློ་གཏད་པའི་མི་གིས་ཧིང་བརྐུ། ཟེར་དོ་བཟུམ་སྦེ་ སྤྱ་དང་བྱི་ཐུར་ཁོང་གཉིས་ ག་ནི་བ་འཆམ་ཏོག་ཏོ་སྦེ་སྡོད་དེ་ ཚར་ཅིག་འབདཝ་ད་ སྤྱ་གིས་ བྱི་ཐུར་མགུ་བསྐོར་རྐྱབ་སྟེ་ ཟོགཔ་འབད་ནུག ཨིན་རུང་ བློ་གཏད་པའི་ཆ་རོགས་ལུ་ཟོགཔ་འབད་བའི་རྣམ་སྨིན་གྱིས་ སྤྱ་ཁོ་ར་ གནམ་མེད་ས་མེད་དཀའཝ་སྤྱད་དགོཔ་བྱུང་པ་གིས་མ་ཚད་ མཇུག་ལུ་ ཁོ་ར་ཤི་དགོཔ་བྱུང་ནུག དེ་བཟུམ་སྦེ་ ང་བཅས་ར་ཆ་ཁྱབ་ ག་ཨིན་ཏེ་འབད་རུང་ ཕར་ལོགསམ་གིས་རང་ལུ་ བློ་གཏད་ཧིང་གཏད་འབད་བ་ཅིན་ དེ་ལུ་ལེགས་ཤོམ་འབད་དགོཔ་མ་གཏོགས་ སྤྱ་གིས་བྱི་ཐུར་ལུ་འབད་དོ་བཟུམ་ རྩ་ལས་འབད་མ་བཏུབ་སྦེ་སྟོནམ་ཨིན་པས།
- Ngatsang
- ཕུན་ཚོགས་དབང་འདུས/Phuntsho Wangdiབྱི་ཐུར་ཅིག་དང་སྤྱ་ཅིག་ལྟོ་ཚང་བསྡོམས་ནུག་བ་ལགས། ཏེ་ལྟོ་ཚང་བསྡོམས་སྦེ་ དེ་ལས་ ཉིནམ་ཅིག་འབདཝ་ད་ ཁོང་གཉིས་ཉིནམ་ཅིག་འབདཝ་ད་ཁོང་གཉིས་ ཀེ་བ་བརྐོ་གེ་ཟེར་ ཏེ་སྤྱ་ཁོང་གཉིས་བསྟུན་གྲོས་འབད་དེ་ ཚལ་མ་ནང་གི་ཀེ་བ་བརྐོ་ནི་ཟེར་ བརྐོ་བརྐོཝ་མས་ལགས།
- ཕུན་ཚོགས་དབང་འདུས/Phuntsho Wangdiཏེ་ ཚལ་མ་ནང་གི་ཀེ་བ་བརྐོ་འབད་དེ་ ཏེ་མཉམ་གཅིག་ཟ་ནི་ཨིན་མས་བ་ཨིན་ནི་འདི་ དེ་འབདཝ་ད་ཏེ་ སྤྱ་གི་སྐལཝ་འདི་ བརྐོ་ཡི་རང་ཟ་བཞག་ བརྐོ་ཡི་རང་ཟ་བཞག་ བརྐོ་ཡི་རང་ཟ་བཞག་ ཏེ་བྱི་ཐུར་གྱི་ཁོ་གི་འདི་ ལེ་ཤ་ ཡུདཔ་ཅིག་ དོང་དྲུག་བདུན་དེ་ཅི་བརྐོཝ་ད་ལུ་ ཧ་ལམ་ཀ་ལ་ནང་བཙོ་ནི་གི་ལངམ་ཅིག་ ཐོབ་ཐོབ་ཡོདཔ་མས་བ་ལགས།
- ཕུན་ཚོགས་དབང་འདུས/Phuntsho Wangdiཚལ་མ་ནང་གི་ཀེ་བ་ཏེ་ ཏེ་བྱི་ཐུར་གྱི་སྐལཝ་འདི་བཙོ་དོ་མས་ སྤྱ་གི་འདི་གཅིག་ཡང་མེད་པ་ཟ་ཚར་ཡི་བ་ཏེ་ དེ་ལས་ བཙོ་སྦེ་འཚོ་ཞིནམ་ལས་ ས་ཁར་ཕབ་སྟེ་ འ་ན་ལས་ ཟ་ནི་ཟེར་མནོ་བསམ་བཏང་སྡོདཔ་ད་ར།
- ཕུན་ཚོགས་དབང་འདུས/Phuntsho Wangdiདེ་ལས་ སྤྱ་གིས་ ཏེ་ཤིང་ཐོག་ཁ་ལུ་ རྫམ་དང་སྦྲགས་ཏེ་འཐུ་འབག་སྦེ་ཤིང་ཐོག་ཁར་འབག་ཡར་སོ་ནུག དེ་ལས་ ཤིང་ཐོག་ཁར་འགྱོ་སྦེ་ ཁོ་ར་ཀེ་བ་ཡར་ཤིང་ཐོག་ཁར་འགྱོ་སྦེ་ ཏེ་དགའ་ཏོག་ཏོ་འབད་ཟ་སྡོད་དོ་མས། ཟ་སྡོདཔ་ད་ལུ་ དེ་ལས་ཏེ་ བྱི་ཐུར་སེམས་ཁོ་ཐག་ཆད་དེ་ སེམས་ཕམ་སྦེ་ སེམས་ཤི་སྦེ་སྡོདཔ་ད་ལུ།
- ཕུན་ཚོགས་དབང་འདུས/Phuntsho Wangdiཧེ་མ་རང་ ཨ་ནི་ སྦྱངམ་པོ་ཏོམ་ཨའི་ཅིག་འོང་མས་ལོ་ལགས། སོ་ཀོརམ་ཟེར་མི་འབུབ་ཅིག་འོང་ལགས། ཚལ་མ་ནང་འ་ནི་སྦེ་ ཚང་བཅགས་ཏེ་སྡོད་མི།
- ཕུན་ཚོགས་དབང་འདུས/Phuntsho Wangdiདེ་ལས་འ་ནི་གིས་ ཁྱོད་ག་ཅི་འབད་ཡི་བྱི་ཐུར་ ཟེར་སླབ་སླབ་མས། དེ་ལས་ སྤྱ་ང་བཅས་གཉིས་ཀེ་བ་བརྐོ་སྦེ་ ཀེ་བ་ཏེ་ང་ ཁོ་གི་སྐལཝ་ ཟ་ཚར་ཡི་ མ་བཙོ་བ་རང་ཟ་ཚར་ཡི། ངེའི་སྐལཝ་བཙོ་སྦེ་ཟ་ནི་འབད་སྡོདཔ་ད་རང་ འཐུ་འབག་སྦེ་ཤིང་ཐོག་ཁར་འཛེགས་ཡར་སོ་ཡི། ད་་་་་
- ཕུན་ཚོགས་དབང་འདུས/Phuntsho Wangdiངནི་ཟ་ནི་མེད་པ་ འ་ནི་སྡོད་ཡོད་ང་འདི་ སེམས་ཤི་སྦེ་འ་ནི་སྦེ་སྡོད་ཡོད་ ཟེར་སླབ་སླབ་མས། ཡ་ཡ་ ཁྱོད་སེམས་སྐྱོ་མི་དགོ་ ང་གིས་ ཀེ་བ་གཅིག་འདི་འབུད་ཚུགསཔ་སྦེ་ར་གཏང་གེ་མས་ཟེར་ དེ་ལས་ སྦྱངམ་པོ་ཏོམ་ཨའི་གིས་ སྤྱ་སོ་བཏབ་བྱིན་ནུག་བ་ལགས།
- ཕུན་ཚོགས་དབང་འདུས/Phuntsho Wangdiསོ་བཏབ་བྱིནམ་ད་ ཁོ་ཟ་སྡོད་མི་ཕུད་རྡོག་གཅིགཔོ་འདི་འབུད་ཡར་སོངམ་མས། དེ་ལས་འབུད་འགྱོཝ་སྦེ་ འ་ནི་འཐུ་སྦེ་ཟ་སྡོདཔ་ད་རང་ དེ་ལས་ད་རུང་ འ་ནི་ལྷོད་དོ་ཡོདཔ་མས་ལགས། ད་རུང་རང་འ་ནི་སྦེ་ཁོ་ཕུད་རྡོག་གཅིགཔོ་འདི་ཟ་སྡོདཔ་ད་རང་ ཏེ་སྦྱངམ་བྱིང་གུམ་ལྷོད་ནུག་ལགས། སྦྱངམ་སྦྱི་ངོམ་གྱིས་སོ་བཏབ་ད་ གནམ་མེད་ས་མེད་ཚ་ཏང་ཏ་བ་ཏེ། ཨའི་གསུམ་གྱིས་སོ་བཏབ་པ་ཅིན་ མི་ཤིཝ་ཨིན་ཟེར་སླབ་ཨིན།
- ཕུན་ཚོགས་དབང་འདུས/Phuntsho Wangdiདེ་ལས་ སྦྱངམ་བྱིང་གུམ་ འོང་དེས་ལོ་ལགས། ཏེ་སྦྱངམ་བྱིང་གུམ་འོངམ་ད་ལུ་ཏེ་ འ་ནི་གིས་ ཨ་ཅོ་བྱི་ཐུར་ ག་ཅི་འབད་ཡི་ཁྱོད་ སེམས་སྐྱོ་སྐྱོ་རང་འདྲཝ་སྦེ་སྡོད་ནུག་བ་ཡ་ སེམས་སྐྱོ་ནུག་ན་འཐན་རང་ག་ཅི་འབད་ཡི་ ཟེར་སླབ་ནུག སྤྱ་ང་བཅས་གཉིས་ཧེ་མ་ གོ་རིམ་འབད་ར་སླབ་ནུག ང་བཅས་གཉིས་ཀེ་བ་ཅིག་བརྐོ་ཡི་ ལྟོ་ཚང་ཨིན།
- ཕུན་ཚོགས་དབང་འདུས/Phuntsho Wangdiཏེ་ ཁོ་རའི་སྐལཝ་འདི་མ་བཙོ་བ་རང་ཟ་ཚར་ཡི་ ངེའི་སྐལཝ་འདི་ ཏེ་ད་བཙོ་སྦེ་ ཟ་ནི་འབད་སྡོདཔ་ད་རང་ ཁོ་གིས་འཐུ་འབག་སྦེ་ ཏེ་ད་ཤིང་ཐོག་ཁར་འབག་སྦེ་ཁོ་ཟ་སྡོད་དེས། འ་ན་ལས་ད་ སྦྱངམ་པོ་ཏོམ་ཨའི་གིས་ ཚར་གཅིག་སོ་བཏབ་བྱིནམ་ད་ལུ་ ཏེ་ཕུད་རྡོག་ཅིག་འབུད་སྦེ་ ས་ཁར་ཕོག་ཅི་ འ་ནི་འདི་ཟ་སྦེ་ ད་ལྟོ་ཚརཝ་ཅིག་ར་ཨིན།
- ཕུན་ཚོགས་དབང་འདུས/Phuntsho Wangdiང་རང་ཟ་ནི་མ་ཐོབ་ ཟེར་སླབ་དོ་ཡོདཔ་མས། དེ་ལས་ སྦྱངམ་བྱིང་གུམ་གྱིས་སླབ་དོ་ཡོདཔ་མས། དབའེ་ཁྱོད་སེམས་སྐྱོ་མི་དགོ ཀ་ལ་རྫམ་དང་སྦྲགས་ཏེ་ཤོར་བཅུག་གེ་མས་ ང་གིས་ཡར་ལས་མར་ཁོ་ ཁོ་མ་པ་ལས་ར་ང་གིས་ ཤུགས་སྦེ་ར་སོ་བཏབ་བྱིན་གེ་ ཟེར་སླབ་སླབ་མས། དེ་ལས་ཏེ་ སྦྱངམ་སྦྱི་ངོམ་གྱིས་ཡར་འགྱོ་བའི་འཕྲལ་ལས་ར་ཏེ་ ཚར་ལྔ་དྲུག་དེ་ཅིག་སོ་བཏབ་བཏངམ་ད་ལུ་ ཀ་ལ་རྫམ་དང་སྦྲགས་ཏེ་འབུད་འོང་ནུག་ས་ཁར།
- ཕུན་ཚོགས་དབང་འདུས/Phuntsho Wangdiདེ་ལས་རྐྱངམ་ཅིག་ ཁོ་ཨ་ནི་ཀེ་བ་ཐོབ་སྟེ་ཟ་སྦེ་ འ་ན་ལས་འ་ནིམ་སྦེ་ ཁོང་གཉིས་དེ་ཚེ་ དུས་ཚོད་རྫོགས་སྦེ་ རང་རང་སའི་ཉལ་སར་འགྱོ་འགྱོཝ་ཨིན་མས་ལགས། དེ་ལས་ བྱི་ཐུར་གྱིས་ད་ ཁོ་ལུ་དགྲ་ལན་གཅིག་འཇལ་རང་འཇལ་དགོ་པས་ཟེར།
- ཕུན་ཚོགས་དབང་འདུས/Phuntsho Wangdiཁོ་གིས་ ང་གིས་ལེགས་ཤོམ་འབདཝ་ད་ ཟོགཔ་ཁོ་གིས་འབད་དེ་ཁོ་གིས་ ང་བཅས་གཉིས་ལྟོ་ཚང་འབད་དེ་ ད་ལྟོ་ཚུན་ཚོད་སྡོད་ཅི། ཨིན་རུང་རང་ ཁོ་གིས་འ་ནི་བཟུམ་ཅིག་འབད་དེ་ང་ལུ་ ཟོགཔ་མཐོང་སྟེ་ ཁོ་གིས་ ག་ཅི་ལོ་ ཀེ་བ་ག་ར་འཕྱོག་འབག་སྦེ་ ཁོ་གིས་འ་ནི་སྦེ་འབད་བྱིན་ཡི། ཁོ་ལུ་ད་ སྐྱི་མ་ཅིག་འཇལ་རང་འཇལ་ནི་ཟེར།
- ཕུན་ཚོགས་དབང་འདུས/Phuntsho Wangdiཁོ་གིས་ འ་ནི་ལུ་ དེ་ལས་ ཝ་གོམ་ ཟེར་སླབ་འོང་ལགས། ཝ་གོམ་བྱག་ནང་ཆགས་མི། འ་ནི་ཤིང་གུ་ངལ་འཚོ་སྡོད་སྡོདཔ་ཡོད་མས་བ་ལགས། གནམ་མེད་ས་མེད་སྦོམ་སྦེ་ ཚང་སྦོམ་སྦེ་གནམ་མེད་ས་མེད་འབུབ་ཚུ་ག་ར་ གཅིག་ཁ་སྦེ་སྡོད་འོང་ལགས། འ་ནི་ཆགས་སྡོད་མི་འདི་ཁོ་གིས་ ཤིང་གི་རྟས་ཐག་ཅིག་བཅད་འབག་སྦེ་ རྩ་བ་སྡོད་ནུག་ལགས། བྱི་ཐུར་གྱིས་ དེ་ལས་སྤྱ་འོང་དོཝ་མས་ལགས། དབའེ་ལྟོ་ཚང་བྱི་ཐུར་ཁྱོད་ག་ཅི་འབདཝ་སྨོ? ཟེརཝ་མས་ལོ།
- ཕུན་ཚོགས་དབང་འདུས/Phuntsho Wangdiང་རྒྱལ་པོའི་བང་རྔ་སྲུང་སྡོད་ཡོད་ ཟེར་སླབ་ནུག་ལགས། དབའེ་ ང་གིས་ཨ་ཙི་ཅིག་བརྡུང་བལྟ་གེ་ ཟེརཝ་མས་ལོ་ལགས། ཡ་་་་ རྒྱལ་པོ་གིས་དགོངསམ་ཁྲེལ་འོང་ ངེའི་རྒྱལ་པོ་གིས་དགོངསམ་ཁྲེལ་འོང་ འ་ནི་བརྡུང་ས་མེད་མས་ ཟེར་མས་སླབ་སླབ་མས། ཨ་ཙི་ཅིག་བརྡུང་བལྟ་གེ་ཟེརཝ་མས་ལོ་ འ་་་ མེད་མེད་ ལྟ་མ་ང་ རྒྱལ་པོ་གིས་དགོངསམ་ཁྲེལ་འོང་ ཨ་ཙི་ཅིག་བརྡུང་བལྟ་གེ་ཟེརཝ་ད་ དེ་ལས་ཏེ་ ཡ་་་་ ཁྱོད་བརྡུང་ནི་རང་ཨིན་པ་ཅིན།
- ཕུན་ཚོགས་དབང་འདུས/Phuntsho Wangdiང་ཨ་ཙི་ཅིག་ཕར་འགྱོ་ནི་མས། ཨ་ཕར་ལྷོདཔ་ད་ བརྡུང་ག་ཟེརཝ་ད་ བརྡུང་ཟེརཝ་ད་རྐྱངམ་ཅིག་བརྡུང་སྨེ་ ཟེར་སླབ་སྦེ་འགྱོ་འགྱོཝ་མས་བྱི་ཐུར་དེ་ དེ་ལས་བྱི་ཐུར་འགྱོ་སྦེ་ ཨ་ཕར་ལྷོདཔ་ད་ འབོཔ་མས་ལོ་ལགས། དབའེ་བརྡུང་ག? ལྟོ་ཚང་བྱི་ཐུར་ ཟེརཝ་མས་ལོ།
- ཕུན་ཚོགས་དབང་འདུས/Phuntsho Wangdiདེ་ལས་རྐྱངམ་ཅིག་ཏེ་ ཁོནི་ སོ་མི་བཏབ་བ་ཏེ་ ཁོནི་རྒྱབ་ཐལ་སྦེ་ཏེ་ ཡར་སོ་འདི་ཏེ་ དེ་ལས་རྐྱངམ་ཅིག་བརྡུང་ད་ ཟེར་སླབ་སླབ་མས་ལགས།
- ཕུན་ཚོགས་དབང་འདུས/Phuntsho Wangdiདེ་ལས་ འབབ་སྦྱངམ་ངལ་འཚོ་སྡོད་སྡོདཔ་ ཤིང་གི་རྟས་ཐག་གིས་བཏངམ་ད་ལུ་ཏེ་ འབབ་སྦྱངམ་གིས་སྤུབས་སྦེ་ ཆུ་ནང་ན་འགྱོ་རུང་བྱོག་མ་ཐལ་ ཆུ་ནང་འཛུལ་རུང་བྱོག་མ་ཐལ་བར་ ནངས་པར་འབདཝ་ད་ སྦ་ཀྲ་སྦོ་ཀྲོ་སྐྱེས་ གནམ་མེད་ས་མེད་སྦོ་སྦེ་ཏེ་ གནམ་མེད་ས་མེད་ དེ་ཚེ་གནམ་མེད་ས་མེད་སྦོ་སྦེ་ ཏེ་ནང་དོག་ནུག་ལགས་ནངས་པར་ལགས།
- ཕུན་ཚོགས་དབང་འདུས/Phuntsho Wangdiདེ་ལས་ ད་རུང་ནང་པ་འབདཝ་ད་ ད་རུང་ཁོ་དེ་སྦེ་འདི་མི་བཏུབ་པས་ཟེར་ དེ་ལས་ཁོ་གིས་ བབ་ཤནམ་གི་རྩ་བ་འགྱོ་སྦེ་སྡོད། འ་ནི་གཤོང་ཆུང་ཀུ་ཅིག་ཡོདཔ་མས་ལགས། འ་ནི་བཟུམ་ལུ་འདི་ བབ་ཤནམ་གནམ་མེད་ས་མེད་འཐེན་འོང་བ་ཏེ་ལགས།བྱཱར་འ་ནིམ་ཅིག་ དུས་ཚོད་འབད་བ་ཅིན་ ནངས་པར་གནངས་ཚེ་ ཨ་ནི་ བྱཱར་དང་དགུན་མཚམས་ཅིག་ཁ་ལུ་ བབ་ཤནམ་གནམ་མེད་ས་མེད་འཐེནམ་ཨིན། འ་ནི་བཟུམ་འགྱོ་འགྱོཝ་ཡོདཔ་མས།
- ཕུན་ཚོགས་དབང་འདུས/Phuntsho Wangdiཏེ་ བབ་ཤནམ་གནམ་མེད་ས་མེད་འཐེན་ ཁོ་བབ་ཤནམ་ཕར་ གཤོང་ལས་ཕར་བརྒྱུད་རིངམོ་སྦེ་འཐེན་ཏེ་ཡོདཔ་མས། དེ་ལས་འ་ན་ལས་ ཁྱོད་ག་ཅི་འབདཝ་སྨོ? ཟེརཝ་མས་ལོ། ཁོ་འ་ནི་བབ་ཤནམ་རྩ་བ་སྡོད་སྡོདཔ་མས། དེ་ལས་ རྒྱལ་པོའི་ཟམ་སྲུང་སྡོད་ཡོད་ ཟེར་སླབ་སླབ་མས། ལྟོ་ཚང་བྱི་ཐུར་ཁྱོད་ག་ཅི་འབདཝ་སྨོ་ཟེརཝ་ད་ ང་རྒྱལ་པོ་ ག་ཅི་ལོ་ ཟམ་པ་སྲུང་སྡོད་ཡོད་ཟེར་ ང་གིས་ཨ་ཙི་འགྱོ་བལྟ་གེ་ ཟེར་སླབ་སླབ་མས།
- ཕུན་ཚོགས་དབང་འདུས/Phuntsho Wangdiང་གི་ཨ་ཙི་འགྱོ་བལྟ་གེ་ཟེརཝ་ད་ ཡ་་་་་་ ངེའི་རྒྱལ་པོ་དགོངསམ་ཁྲེལ་འོང་ཟེར་ ཏེ་ཨ་ཙི་འགྱོ་གེ་ཟེར་ཉན་མ་བཏུབ་པར་ ཏེ་དེ་ལས་ འགྱོ་ནི་ར་ཨིན་པ་ཅིན་ ང་ཕར་ལྷོདཔ་ད་ ང་གིས་ ག་ཅི་ལོ་ འགྱོ་ག་ཟེརཝ་ད་ འགྱོ་ཟེར་སླབ་ད་ ཏེ་ཁྱོད་འགྱོ་མས་ཟེར་ དེ་ལས་ རྟིང་བདའ་འབོ་འབོཔ་མས་ རྟིང་བདའ།
- ཕུན་ཚོགས་དབང་འདུས/Phuntsho Wangdiསྤྱ་གིས་འབོཔ་ད་ལུ་ འགྱོ་ག་ཟེར་སླབ་ད་ འགྱོ་ཟེར་སླབ་ དེ་ལས་བབ་ཤནམ་འདི་ བཏོག་འགྱོ་སྦེ་ འ་ན་ལས་ཡང་ཏེ་ཁོ་ ག་ཅི་ལོ་ གནམ་མེད་ས་མེད་ནདཔ་ཐོན་ཏེ་ཡོདཔ་ལགས། ནདཔ་ཐོན་ཏེ་ བྱི་ཐུར་ན་ལས་ཕར་འགྱོཝ་སྦེ་ སྲིན་པོ་གི་ཁྱིམ་ཅིག་ནང་ལྷོད་དེ།
- ཕུན་ཚོགས་དབང་འདུས/Phuntsho Wangdiསྲིན་པོའི་ཁྱིམ་ཐོག་ཁར་ ཁུ་སིམ་སི་འཛེགས་སྡོད་སྡོདཔ་མས་ལགས། འཛེགས་སྡོདཔ་ད་ སྲིན་པོ་་་་ སྲིན་པོ་ཚུ་ཏེ་ ཁོང་ལྟོ་ཟ་ནི་གནམ་མེད་ས་མེད་ཏེ་ སྒོང་རྡོག་བརྔོ་ ལྟོ་འབད་ གནམ་མེད་མེད་ སྒོང་རྡོག་བརྔོ་ ལྟོ་འབད་ གནམ་མེད་ས་མེད་འ་ནི་འུར་བྱེལ་འཐབ་སྟེ་ཡོདཔ་མས་ལགས།
- ཕུན་ཚོགས་དབང་འདུས/Phuntsho Wangdiའུར་བྱེལ་འཐབ་གནམ་མེད་ས་མེད་འབད་སྡོད་ དེ་ལས་ ཁྱོད་ དེ་ལས་ཁྱིམ་ཐོག་ཁར་སྤར་ནུག་གནམ་མེད་ས་མེད་ལགས། ཡར་ཤོལ་གཅིག་ དང་པོ་གི་ཞིང་རྨོ་མི་ ཤོལ་གཅིག་ཡར་འབག་བཞག་ཡོདཔ་མས་ཁོ་གིས་འཐེན་སྦེ།
- ཕུན་ཚོགས་དབང་འདུས/Phuntsho Wangdiདེ་ལས་ འུར་བྱེལ་འཐབ་ འ་ནི་འབད་སྦེ་ ག་ཅི་ལོ་ ཁོང་ལྟོ་ཟ་མི་ཟ་སྦེ་ ཨ་ཙི་མ་རྫོགས་ཅིག་ཁ་ལུ་ ལོ་ཡར་ཁྱིམ་ཐོག་ཁར་སྤར་སྤརཝ་ཤེས་ནུག་བ་ལགས།
- ཕུན་ཚོགས་དབང་འདུས/Phuntsho Wangdiདྲའོ་དྲའོ་འབདཝ་ཤེས་ དེ་ལས་ ག་ཨིནམ་སྨོ?དབའེ་ ང་བཅས་ཀྱི་ཁྱིམ་ཐོག་ཁར་འཛེགས་མི་ག་སྨོ? ཟེར་སླབ་སླབ་མས། སྲིན་པོ་གིས་ལགས། དེ་ལས་ ང་ཨིན་ ཟེར་སླབ་སླབ་མས། ཁྱོད་ཨིན་པ་ཅིན་ ལགཔ་དཔྱངས་ཟེརཝ་ད་ ལགཔ་མ་དཔྱངས་བས། ཡང་ཅིན་ རྐངམ་དཔྱངས་ཟེརཝ་ད་ རྐངམ་ཤོལ་དཔྱངས་དཔྱངསམ་མས།
- ཕུན་ཚོགས་དབང་འདུས/Phuntsho Wangdiདེ་ལས་རྐྱངམ་ཅིག་ དབའེ་མི་འདི་རིངམོ་ ག་བཟུམ་ཅིག་ཡོདཔ་ཨིན་ན་ འདྲོག་སི་སི་ཨིན་མས་ཟེར་ སྲིན་པོ་ག་ར་བྱོག་ཡར་སོ་ནུག བྱོག་འགྱོ་ཞིནམ་ལས་ ཁོ་ནང་ན་འགྱོཝ་སྦེ་ ལྟོ་དང་འ་ནི་ཚུ་ཟ་སྟེ་ཡོད་འ་ན་ལུ། དེ་ལས་ སྤྱ་གིས་ཡང་དཔེ་བལྟ་སྦེ་ རྟིང་བདའ་འོང་སྦེ་ ཏེ་ཡར་ལྷོད་ད་རུང་ དེ་ལས་ སྲིན་པོ་གི་ཁྱིམ་ནང་ལྷོད་དེ།
- ཕུན་ཚོགས་དབང་འདུས/Phuntsho Wangdiདེ་ལས་ ཁོ་ཡར་ ད་རུང་ཁྱིམ་ཐོག་ཁར་འཛེགས་སྡོད་ཡོདཔ་མས་བ་ལགས། དེ་ལས་ སྲིན་པོ་ཚུ་མ་ལྷོད་པས་ལོག སྲིན་པོ་ལོག་འོང་མ་ཚུགས་པར་ཡོདཔ་མས། འ་ནི་སྦེ་སྡོད་སྡོད་པ་ར་ ཡུདཔ་ཅིག་ལས་སྤྱ་ལྷོད་དེ་ ཁྱོད་ག་ཅི་འབདཝ་སྨོ་ཟེརཝ་མས་ལོ། དེ་ལས་ང་གིས་ ང་རྒྱལ་པོའི་རྫོང་སྲུངམ་ཨིན། ཟེར་སླབ་སླབ་མས་ལགས།
- ཕུན་ཚོགས་དབང་འདུས/Phuntsho Wangdiཁྱིམ་སྦོམ་ཡོདཔ་མས་ སྲིན་པོའི་རྒྱལ་པོ་གི་རྫོང་ངོ་མ་ དབའེ་ རྒྱལ་པོའི་རྫོང་སྲུངམ་ཨིན་ཟེར་ཡ་ ང་གིས་ཡང་བསྲུང་བལྟ་གེ་ཟེརཝ་མས་ལོ། ཡ་་་་ ངེའི་རྒྱལ་པོ་དགོངསམ་ཁྲེལ་འོང་སྨེ། ང་བཅས་གཉིས་ འ་ནི་བཟུམ་སྦེ་སོར་ནི་མི་འོང་སྨེ། ཟེརཝ་ད།འ་་་་ ང་ཨ་ཙི་བསྲུང་གེ་ཟེར་ ཏེ་ཁྱོད་སྲུང་ཚུགས་པ་ཅིན་སྲུང་སྟེ་སྨེ་ཟེར་ ལྟ་མ་རྐངམ་དཔྱངས་ཟེརཝ་ད་ རྐངམ་དཔྱངས་སྨེ་ ལགཔ་དཔྱངས་ཟེརཝ་ད་ ལགཔ་དཔྱངས་སྨེ་ཟེར་སླབ་སླབ་མས་ཏེ་ དེ་ལས་ཏེ་ཡུདཔ་ཅིག་ཁ་ལས་ སྲིན་པོ་ཚུ་ལོག་ལྷོད་སྦེ་ མར་ལུ་ད་རུང་ ལྟོ་ཟ་དོ་ཡོད་མས་ལགས།
- ཕུན་ཚོགས་དབང་འདུས/Phuntsho Wangdiདེ་ལས་ ཁོ་ཡར་སྤརཝ་ད་ ཏེ་ཁྱིམ་སྤརཝ་ད་ཤེས་ ཏེ་ག་སྨོ? ཟེར་སླབ་སླབ་མས། ང་ཨིན་ཟེརཝ་ད་ ཏེ་ག་ཅི་ལོ་ ལགཔ་དཔྱངས་ཟེརཝ་ད་ ལགཔ་དཔྱངས་བཏང་སྦེ་ ལགཔ་འཐེན་འབག་སྦེ་ སྲིནམོ་ཙིགཔ་ཟ་སྦེ་ ཟ་ཡི་ལོ་ལགས་ སྤྱ་འདི།
- ཕུན་ཚོགས་དབང་འདུས/Phuntsho Wangdiདེ་ཅིག་རང་ཨིན་ལགས།