Skip to main content Skip to search
21 Jan 2016
5 min 46 sec
Video Overview
Creators: 
Sherig Dhentshog

A local man from Yangmalashing village in Pemagatshel district narrates what he knows about a ruined temple in his village. From what he heard from his parents and what he recalls from his childhood, the temple is said to have been first built by two elderly monks, one a student of a Buddhist priest known as Baeyul Rinpoche and the other a student of a Buddhist priest known as Kurtoe Rinpoche. During the local man's childhood, the temple was already falling apart as the two founders no longer lived in the temple and there were no locals capable of caring for its upkeep. The nuns of the temple have since migrated to Chokhorling, abandoning the temple. The inner relics of the temple were said to have been brought from Tawang in Aranuchal Pradesh in India, and were also shifted to the temple at Chokhorling. Since then the temple in Yangmalashing has deteriorated even further and now remains as ruins.

 

༉  གློག་བརྙན་འདི་ནང་ པདྨ་དགའ་ཚལ་རྫོང་ཁག་ མནྜལ་སྒང་གཡུས་ཚན་ལས་ གཡུས་ཁའི་ཆོསཔ་རྒས་ཤོས་ཅིག་ཨིན་མི་ཚེ་རིང་རྡོ་རྗེ་གིས་གཏང་མི་སྲུང་འདི་ སེམས་ཅན་གྱི་སྐོར་ལས་ཨིན་པས། སྲུང་འདི་གིས་ གཞན་གྱིས་ཐོབ་མི་འདི་ རང་གིས་ཡང་ཐོབ་དགོ་ཟེར་མནོ་སྟེ་ ལཱ་མ་འབད་ཟེར་ཨིནམ་ད་ རང་དོན་རྐྱང་གཅིག་གི་མནོ་བསམ་མ་བཏང་ཟེར་ཨིན་པས། དེ་ཡང་སྲུང་འདི་ནང་ སྤྱ་གི་ཨ་བུ་དམརཔོ་སྦེ་ཡོད་པའི་ཁུངས་དེ་ སྤྱ་དང་བྱི་ཐུར་གཉིས་ ཀེ་བ་འདྲན་འདྲ་བཀོ་ཞིནམ་ལས་ སྤྱ་གིས་ཁོ་རའི་དོན་ལུ་ཀེ་བ་འབག་སྟེ་ཤིང་ཐོག་ཁར་འཛེགས་སྡོད་པའི་སྐབས་ བྱི་ཐུར་ཡང་ཀེ་བ་བཟའ་ནི་སྦེ་ སྤྱ་ལུ་གསོལཝ་བཏབ་སྟེ་ཤིང་གུ་བཀལ་བཞག་སྦེ་ ས་ཁར་མ་ཕབ་པར་ བྱི་ཐུར་ཁོ་ར་རྐྱངམ་ཅིག་ཤིང་གུ་སྡོདཔ་ད་ མ་ཧེ་སྦོམ་ཅིག་གིས་ས་ཁར་ཕབ་ཨིན་ཟེར་ མ་ཧེ་དེ་ཤི་སྟེ་ བྱི་ཐུར་གྱིས་རྒྱལཔོ་ལུ་ ཤ་སྦོམ་ཅིག་ཐོབ་ཡོད་པའི་སྐོར་ལས་སྙན་ཞུ་ཕུལཝ་ད་ གསོལ་རས་ཐོབ་ནུག་ཟེར་ ཤུལ་ལས་སྤྱ་གིས་ཧ་གོ་སྟེ་ ཏོར་ཏོ་ལ་ཅིག་བཟུང་སྟེ་ ཤ་སྦོམ་ཅིག་ཐོབ་ཅི་ཟེར་ སྙན་ཞུ་ཕུལ་བའི་སྐབས་ སྙན་ཞུ་ཕྱི་འགྱུར་སྦེ་ཕུལ་མི་ལུ་བརྟེན་ ཨ་བུ་གུ་ལྕགས་མེ་བཏང་བཏངམ་བཀལ་སྦེ་ ཁྲིམས་བཏང་བཏངམ་ཨིན་པས།

Transcript search
No results found for this search
0 of 0
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    ད་ལྟྟོ་ ང་གིས་ སྤྱ་གཅིག་དང་ བྱི་ཐུར་གཅིག་གི་སྲུང་ ཐུང་ཀུ་ཞུ་ནི་ཟེར་ ཞུ་དོ་ལགས། ཁོང་གཉིས་ ཆ་རོགས་འབད་དེ་ སྡོད་སྡོད་མས། སྤྱ་དང་བྱི་ཐུར་ལགས།
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    ཆ་རོགས་འབད་དེ་སྡོདཔ་ད་ ང་བཅས་བཟའ་ནི་ཟེར་ ཀེ་བ་རྐོ་ནུག་ལགས། ཀེ་བ་རྐོ་སྟེ་ སྤྱ་གིས་འདི་ ཀེ་བའི་མགུ་རྐྱངས་ཅིག་ཐོབ། བྱི་ཐུར་གྱི་དེ་མར་ རྩ་བ་ལས་ར་ཐོབ་ཅིག་ཟེར་ ཨིན་མས་ལགས།
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    དེ་སྦེ་ཐོབ་སྟེ་ ཁོང་གཉིས་གཅིག་ཁར་ བཙོ་བཟའ་ནི་སྦེ་ ད་ ཆུ་མེད་པར་ སྤྱ་གིས་ འ་ནཱི་བྱི་ཐུར་དེ་ ཆུ་ལེན་པར་བཏང་ནུག། དེ་ལས་ ཆུ་ལེན་པར་སོང་སྡོདཔ་ད།
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    ཁོ་གིས་ ཆུ་བཏང་སྟེ་ བཙོ་བཟའ་སྟེ་ ཡར་ཤིང་གུ་སོང་སྡོད་ཅི་ཟེར་ ཨིན་མས་ལགས། དེ་ལས་ཏེ་ དབའི་ ང་ཡང་བཟའ་ནི་ཨིན། གཅིག་ལཱ་འབད་དེ་ འུ་སྡུག་ཡི་ ང་ཡང་ཟེར་ དེ་ལས་ ཁོང་གཉིས་ དེ་སྦེ་སླབ་སྟེ་ རྔུ་སྟེ་ དེ་ལས་ཏེ་ ཡ་ཡ་ཟེར་ སྤྱ་གིས་བཟུང་སྟེ་ ཤིང་གུ་བཀལ་བཞག་ཡི་ཟེར་ཨིན་མས་ལགས།
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    དེ་ལས་ བཟའ་ཚརཝ་ཅིག་ སྤྱ་འདི་ ཡར་སོང་ནུག། ཁོ་འདི་ མར་ཕབ་མི་མེད་པར་ ཡར་ར་སྡོད་ནུག་ལགས། དེ་སྦེ་ ནང་དོགས་ནུག་ཕབ་མི་མེད་པར་ དེ་ལས་ཏེ་ མ་ཧེ་ཟེར་མི་སྡོད་ནུག་ མར་རྒྱ་གར་ལུ་ འ་ནཱི་ མ་ཧེ་འདི་ འབོ་ནུག། ང་ཕབ་གནང་ཟེར་ ཁོང་ འགྱོ་འགྱོཝ་ཨིན་མས། འ་ནཱི་ རྣམ་ཅོ་གཉིས་སྦེ་མི་ཡོདཔ་ཨིན་མས།
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    ཕོ་རྒན་མ་ མ་ཧེ་ ང་ཕབ་གནང་ཟེར་ སླབ་ནུག་ ང་ལས་ སྦོམ་ཡར་ཡོད་ཟེར་ སླབ་སྟེ་ ཡར་སོང་ནུག། ད་རུང་ དེ་ལས་ རྣམ་ཅོ་ གསུམ་པ་སྦེ་མི་ཅིག་འོང་ཡི་ཟེར་ཨིན་མས་ རྣམ་ཅོ་གསུམ་གྱི་ཡང་ ཡར་ ཕོ་རྒན་མ་ ང་ཕབ་གནང་ཟེར་ སླབ་ནུག
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    ང་ལས་སྦོམ་ཡར་ཡོད་ཟེར་ སླབ་སྟེ་སོང་ནུག་ལགས། དེ་ལས་ རྣམ་ཅོ་བཞི་པ་གཅིག་འོང་ནུག་ལགས། འ་ནཱི་རྣམ་ཅོ་བཞི་པ་ལུ་ སླབ་ད་ཡང་ ཕོ་རྒན་མ་ ང་ཕབ་གནང་ཟེར་སླབ་ད་ ང་ལས་སྦོམ་ཡོད་ལགས།
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    དེ་གིས་ཡང་ མར་ཕབ་པར་སོང་ཡི་ཟེར་ ཨིན་མས་ལགས། དེ་ལས་ ལྔ་པ་འོང་ནུག་ལགས། རྣམ་ཅོ་ལྔ་པ་གཅིག་ དེ་གིས་ཡང་ མ་ཕབ་པར་འགྱོ་ཡི་ཟེར་ཨིན་མས། ང་ལས་སྦོམ་ཡར་ཡོད་ཟེར་ སླབ་སྟེ་ དེ་ལས་ རྣམ་ཅོ་དྲུག་པ་གཅིག་འོང་ནུག་ལགས། རྣམ་ཅོ་དྲུག་པ་ལུ་ ཕོ་རྒན་མ་ ང་ཕབ་གནང་ཟེར་ སླབ་ནུག་ལགས།
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    འདི་གིས་ཡང་ ང་ལས་སྦོམ་ཡར་ཡོད་ཟེར་ སླབ་སྟེ་སོང་ནུག་ལགས། དེ་ལས་ཏེ་ བདུན་པ་གཅིག་འོང་ནུག་ལགས་ ད་ལྟོ་ རྣམ་ཅོ་བདུན་པ་གཅིག་ འདི་ལུ་ཡང་ ང་ཕབ་གནང་ ཕོ་རྒནམོ་ མ་ཧེ་ཟེར་ སླབ་ད་ ང་ལས་སྦོམ་ཡར་ཡོད་ཟེར་ སླབ་སྟེ་སོང་ཡི་ཟེར་ཨིན་མས་ལགས།
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    འདིའི་ལས་ རྣམ་ཅོ་བརྒྱད་པ་གཅིག་འོང་ནུག་ལགས། ཕོ་རྒནམ་མ་ཧེ་ ང་ཕབ་གནང་ཟེར་ སླབ་ཅི་ཟེར་ཨིན་མས། དེ་ཡང་ ང་ལས་སྦོམ་ཡར་ཡོད་ཟེར་ སླབ་སྟེ་སོང་ཡི་ཟེར་ཨིན་མས། དེ་གི་ཡང་མ་ཕབ་པར།
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    དེ་ལས་ རྣམ་ཅོ་དགུ་པ་འོང་ནུག་སྦོམ། འདི་འོངམ་ད་ ཕོ་རྒནམ་མ་ཧེ་ ང་ ས་ཁར་ཕབ་གནང་ཟེར་ སླབ་སླབ་ཨིན་མས་ལགས། ཡ་ ཁྱོད་ཀྱིས་ ང་མི་གསད་ག་ཟེར་ སླབ་ནུག། འ་ནཱི་ བྱི་ཐུར་གྱིས་ ང་གིས་མི་འབད་ ང་ས་ཁར་ཕབ་གནང་ཟེར་ ང་ གནམ་མེད་ས་མེད་ བཀའ་དྲིན་ཆེ་ནི་ཨིན་མས།
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    སླབ་ ཤོབ་རྐྱབ་ནུག་ལགས། དེ་སྦེ་ལེན་ཏེ་ ལམ་ མར་བལྟ་བབས་ཅི་བབས་ཅི་ རྩ་བར་ལྷོདཔ་ད་ཏེ་ ཁོ་གི་ འ་ནཱི་ བྱི་ཐུར་གྱི་སྤུ་གནམ་མེད་ས་མེད་ འོང་མེན་ན་ལགས། ཧར་འབདཝ་ད་ ཕོ་རྒནམ་ མ་ཧེ་ ཤི་ཡི་ཟེར་ ཨིན་མས་ལགས། རྣམ་ཅོ་དགུ་པ་ འ་ནཱི་ ཤིང་གི་ རྩ་བར་ར།
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    ཤི་ཞིནམ་ལས་ ཕར་ རྒྱལ་པོ་འབད་སར་སོང་ནུག་ལགས། སོང་ཞིནམ་ལས་ཏེ་ ཕྱེན་པུང་བཏང་ཟེར་ནུག་ལགས་ ཡ་ ཨ་ཞེམོ་བྱི་ཐུར་ ག་ཅི་འབདཝ་ ག་ཅི་སླབ་ནི་ཟེར་ སླབ་ནུག་ལགས།
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    ང་གིས་ ལོ་རྒྱུས་ཅིག་ ཞུ་ནི་ཡོད་ལགས་ཟེར་ ཞུ་ནུག་ལགས། ག་ཅི་སྨོ་ཟེར་ སླབ་ནུག་ལགས། དེ་ལས་ཏེ་ ཕར་སྟ་རེ་དགུ་ གྱི་ཅུང་དགུ་ ཙིའུ་དགུ་ མི་དགུ་ དེ་སྦེ་དགོ་ལགས། ང་ གནམ་མེད་ས་མེད་ ཤ་སྦོམ་ཅིག་ཤི་འདི་ཡོད་ལགས་ཟེར་ ཞུ་ནུག་ལགས།
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    ཡ་ཡ་ དེ་སྦེ་ཨིན་པ་ཅིན་སོང་ཟེར་ བཏང་ནུག་ལགས་ རྒྱལ་པོ་གིས་ སྟ་རེ་ གྱི་ཅུང་ ཙིའུ་འབག་ མི་ཡང་དགུ་ དེ་ལས་ ཕར་མ་ཧེ་ སྦོམ་གཅིག་ཤི་འདི་ཡོདཔ་ལས་ ཤ་ལཱ་འབད་དེ་ དེ་ལས་ མི་དགུའི་ཁུར་ཆ་ བཏོན་འབག་འོང་ནུག་ལགས།
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    འབག་འོང་སྟེ་ ཁྱོད་ག་ཅི་དགོ་ནི་ཟེར་ སླབ་ནུག་ལགས། ང་ གཅོད་ཌམ་རྐྱངམ་གཅིག་དགོ་ནི། གཞན་ག་ཅི་ཡང་མིན་དགོ་ཟེར་ ཞུ་ནུག་ལགས་ བྱི་ཐུར་གྱིས། ཡ་ཡ་ཟེར་ རྒྱལ་པོ་གིས་ གཅོད་ཌམ་ཅིག་གནང་ནུག་ལགས། གནངམ་ཞིནམ་ལས་ ཕར་ ཞིང་གི་རྩ་བར་སྐྲོག་ནུག་ལགས། དོང་དོང་དོང་ཟེར་སྐྲོག་སྡོདཔ་ད།
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    སྤྱ་གིས་ རྣམ་ཅོ་ཁར་ གོ་ནུག། ཁོ་ ད་ཅི་ ཆ་རོགས་ དབའི་ ག་ཏེ་ལས་ཐོབ་ཅི། འབག་ཤོག་ ང་གིས་ཡང་ རྡུང་ནི་ཟེར་ སླབ་ནུག་ལགས། ཡ་ཡ་ དབའི་ ཁྱོད་ཀྱིས་ བཅག་འོང་ཟེར་ སླབ་སླབ་མས་ལགས། འགྲོས་ཀྱིས་སྦེ་ རྡུང་ནི་ཟེར་ སླབ་ནུག་ལགས།
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    ཡ་ཡ་ཟེར་ བྱིན་ནུག་ བྱི་ཐུར་གྱིས་ དེ་ལས་ ཁོ་གིས་ དྲོང་ཀོ་དྲོང་ཀོ་དྲོང་ཀོ་འབདཝ་ད་ སྤེད་ད་ནུག་ལགས། དེ་ལས་ཏེ་ བྱི་ཐུར་དེ་ རྔུ་སྟེ་སོང་ནུག། གཅོད་ཌམ་མེད་པར་ འུམ་་་ག་ཏེ་ལས་ཐོབ་སྨོ་ ཁྱོད་ཀྱི་ འ་ནཱི་འདི་ཟེར་ ཧེ་མ་འདྲི་བ་བཀོད་བཀོདཔ་མས།
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    འ་ ང་གིས་ ཤ་ཐོབ་སྟེ་ རྒྱལ་པོ་ལས་ ཐོབ་ཐོབ་ཨིན་ཟེར་ སླབ་ད་ སྐྲོག་ནི་ལེགས་ཤོམ་འདུག་ ང་ཡང་ ཤ་བདའ་ནི་ཟེར་ ཤ་བདའ་ནུག་ ཁོ་ཡང་ ཤ་བདའ་སྟེ་འབདཝ་ད་ ཏོར་ཏོ་ལ་ཅིག་བཟུང་ནུག་ལགས། གསད་ཡང་མ་བསད་པར་ འ་ནཱི་ ལྤགས་ཀོ་གི་ སྤུར་སྟེ་སོང་ནུག་ལགས། ཁོ་ཡང་རྒྱལ་པོ་འབད་སར་ ཕྱེན་པུང་བཏང་ནུག་ལགས།
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    ཡ་ ག་ཅི་སྨོ་ཕོ་རྒནམོ་སྤྱ་ ག་ཅི་སླབ་ནི་ཟེར་ སླབ་ནུག་ལགས། ང་གིས་ ལོ་རྒྱུས་ཅིག་ཞུ་ནི་ཡོད་ལགས་རྒྱལ་པོ་ཟེར་ སླབ་ནུག་ལགས། ག་ཅི་སླབ་ནི་ཟེར་ སླབ་ནུག་ སྟ་རེ་དགུ་ གྱི་ཅུང་དགུ་ ཙིའུ་དགུ་ མི་དགུ་དགོ་ལགས་ཟེར་ སླབ་སླབ་མས་ལགས།
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    བྱི་ཐུར་བཟུམ་སྦེ་ར་ དེ་ལས་ཏེ་ འཁྱིད་སོང་ནུག་ ད་རུང་འགྱོ་ད་ དེ་ལས་ཏེ་ ཏོར་ཏོ་ལ་དེ་ མགུ་ཡུ་འཁོར་ཏེ་ གང་རྐྱལ་སྦེ་སྡོད་སྡོདཔ་མས་ ཐོན་ཡར་སོངཔ་མས་ འ་ནཱེ་ཤོམ་འདབ་ནང་མེདཔ་མས་ལགས།
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    ག་དེམ་ཅི་ར་འཕྱག་ ག་དེམ་ཅི་ར་འཕྱགརུང་ ཡོད་ར་ཟེར། མིན་འདུག་ ཁྱོད་ཤོབ་རྐྱབ་མས། ཡོད་ཟེར་ག་དེམ་ཅི་ར་ཕྱེ་ཡི་ ཕྱེ་ཡི་ མ་པ་ལས་ར་མེད་པར་ ཉིམ་འཛུལ་ འདབ་མ་ག་ར་གཏོགས་ཚརཝ་ལས་ འ་་་ཁྱོད་ཤོབ་རྐྱམ་མས་ཟེར་ མི་དགུ་གིས་ ཨུབ་ཨེབ་བྱིན་ནུག། དེ་ལས་ཏེ་ སྤྱའི་ཨུབ་དམརཔོ་འགྱོ་མི་དེ་ འདི་ཨིན་ཟེར་ཨིན་མས་ལགས། དེམ་ཅིག་སྦེ་ རྫོགས་སོང་ཡི་ལགས།