Skip to main content Skip to search
28 Jun 2018
1 min 29 sec
Video Overview
Creators: 
Yeshi Wangchuk

Sangay Tshewang heard this story from an elder in Baezur village, when they stayed together as carpenters. Due to the development of the country, the popularity of telling a story such as this is in decline. This story can be found in story books. The story of the monkey and the pheasant conveys that what ever we do, we should be careful and should not copy whatever another does. In the story, the monkey tries to copy the pheasant and lay eggs, but since the monkey cannot lay eggs his buttocks become burned. The monkey therefore does not have any fur on his backside.

 

སངས་རྒྱས་ཚེ་དབང་གིས་ སྲུང་འདི་ཚུ་ ཧེ་མ་སྦས་ཟུར་ལས་ཨིན་མི་ ཨ་རྒས་ཅིག་ལས་ཤེས་ཅི་ཟེར་ཨིནམ་ད་ དེ་ཡང་ ཁོང་ར་ཆ་ཁྱབ་ བཟོ་བོ་གིས་ ལཱ་རེ་གཅིག་ཁར་འབད་བའི་སྐབས་ལུ་ ཨ་རྒས་ཀྱིས་སྲུང་འདི་ཚུ་ བཏང་སྲོལ་ཡོད་ཟེར་ཨིན་པས།  གློག་བརྙན་ལ་སོགས་པའི་ ལས་རིམ་འདྲཝ་མ་འདྲཝ་ཚུ་ནང་་ལུ་ཡང་ དེ་འབདཝ་ལས་ སྲུང་འདི་ཧེ་མ་དར་ཁྱབ་ཆེ་ཏོག་ཏོ་ཡོད་པའི་ སྲུང་ཅིག་ཨིན་པས་ཟེར་ ཧ་གོ་ཚུགས་པས་ ཨིན་རུང་ད་རེས་ནངས་པ་བཏང་མི་ལེ་ཤ་མིན་འདུག ཁོ་གིས་བཏང་མི་སྲུང་འདི་གིས་ བརྡ་དོན་ག་ཅི་སྟོན་སྨོ་ཟེར་བ་ཅིན་ རོགས་གིས་ག་འབད་དོ་བཟུམ་སྦེ་ རང་གིས་བརྟག་ཤིང་མ་བཅད་པར་ འབད་ནི་མི་འོང་ཟེར་བའི་དོན་སྟོནམ་ཨིན་པས། དེ་ཡང་ ལེ་ཀོ་གིས་སྒོང་རྡོག་བུད་དེ་ ཚོདམ་བཙོ་དོ་བཟུམ་སྦེ་ སྤྱ་གིས་ཡང་ལེ་ཀོ་བཟུམ་སྦེ་འབད་ནི་དཔའ་བཅམ་མི་ལུ་བརྟེན་ མཐའ་མཇུག་ལུ་ སྒོང་རྡོག་བུད་ནི་གི་ཚབ་ལུ་ ཨ་བ་ཐོན་འགྱོ་སྟེ་ མར་ཁུ་ཙ་ཅད་ཅདཔ་ནང་བུད་དེ་ མེ་འབར་བའི་ཤུགས་ཀྱིས་ ཁོ་རའི་ ཨ་བུག་ འཚིགས་དོ་བཟུམ་མའི དཔེ་བཟུམ་སྦེ་བྱུང་ནི་ཨིནམ་ལས་ དེ་སྦེ་བརྟག་ཤིང་ག་ནི་ཡང་མ་དཔྱད་པར་ རྩ་་ལས་འབད་ནི་ མེད་འོང་ཟེར་བའི་བརྗོད་དོན་སྟོནམ་ཨིན་པས།

 

Transcript search
No results found for this search
0 of 0
  • སངས་རྒྱས་ཚེ་དབང་ Sangay Tshewang
    འདི་ ག་དེ་སྦེ་སྨོ་ཟེར་བ་ཅིན་ ཁོང་ལེ་ཀོ་དང་སྤྱ་གཉིས་ལྟོ་ཚང་བཟུང་ཞིནམ་ལས་ དེ་ལས་ ལཱ་འབད་ཞིནམ་ལས་ ཉིནམ་གཅིག་གཅིག་ལྟོ་བཟོ་ གཅིག་ལཱ་འབད་ གཅིག་གིས་ལཱ་འབདཝ་ད་ གཅིག་གིས་ལྟོ་བཟོ།
  • སངས་རྒྱས་ཚེ་དབང་ Sangay Tshewang
    ཏེ་ རོགས་ལེ་ཀོ་གི་བསྐོར་ལུ་ སྒོང་རྡོག་གི་ཚོདམ་བཟོ་དོ་མས་ སྒོང་རྡོག་མོ་ར་གིས་བུད་དེ་ དབའི་ལྟོ་ཚང་ཁྱོད་ཀྱིས་ སྒོང་རྡོག་གི་ཚོདམ་ར་བཟོཝ་མས་ ག་ཏེ་ལས་རང་འབག་འོང་སྨོ་ཟེར་ སླབ་སླབ་མས་སྤྱ་གིས།
  • སངས་རྒྱས་ཚེ་དབང་ Sangay Tshewang
    ང་འདི་ང་ར་གིས་བུད་དེ་བཟོཝ་ཨིན་ཟེར་སླབ་སླབ་མས་ དེ་ལས་ དབའི་དེ་འབད་བ་ཅིན་ ནངས་པ་ང་གིས་ཡང་ ང་ར་གིས་བུད་དེ་བཟོ་དགོ་པས་ཟེར།
  • སངས་རྒྱས་ཚེ་དབང་ Sangay Tshewang
    ཁོ་གི་བསྐོར་རྒྱབ་ལུ་ ཨ་་་ཧ་ཧ་ཧ་་་མར་ཁུ་ཙ་ཅད་(?)སྦེ་ སྒོང་རྡོག་བུད་བཅུགཔ་ད་ ཨ་བ་ཨ་ཙི་ཅིག་ཐོན་འགྱོཝ་ད་ མར་ལས་ཡར་མེ་འབར་འོངམ་ད་ ད་ལྟོ་སྤྱའི་ཨ་བུག་ཁར་སྤུ་མེད་མི་འདི་ འདི་ཨིན་པས་མེ་གིས་འཚིག་འཚིགསཔ་ཨིན་ཟེར་ཨིན་པས།
  • སངས་རྒྱས་ཚེ་དབང་ Sangay Tshewang
    ཧ་ཧ་་་་ལྟོ་ཚང་བཟུང་སྟེ་ ཁོ་གི་བསྐོར་རྐྱབ་ལུ་ ལེ་ཀོ་གི་བསྐོར་རྒྱབ་ལུ་ སྒོང་རྡོག་ངོ་མ་ཟ་ ཁོ་གི་ཨ་བ་ཐོན་འགྱོ་སྟེ་ ཏེ་ ཁོ་སྤྱ་གི་ཨ་བུག་ཏེ་ སྤུ་མི་འོང་སྦ་ག་ར།
  • སངས་རྒྱས་ཚེ་དབང་ Sangay Tshewang
    འ་ནཱི་སྦེ་ འ་ནེམ་ཅིག་རང་ཨིན་འདི་འདི།