Skip to main content Skip to search
06 Jul 2018
8 min 7 sec
Video Overview
Creators: 
Karma Yezer

Ap Dendup of Betakha Village narrates a story about a rich businessman named Tsongpön Norbu Zangmo. Tsongpön Norbu had 100 co-workers and 100 horses and traveled to India and China for business. While on a trip to India, he heard the Indian King lost a golden elephant in the ocean. Tsongpön Norbu was asked to find a faithful lady, and while he first thought of his wife, he came to know to that she cheated on him with 100 men. He became depressed and met with an old girlfriend from when he was fifteen years old. She agreed to help him gain the reward for helping the Indian King and they succeeded. So the moral of this story is, “Never trust a mother of nine and never insult a one night stand lady.”

༉  སྤུ་ན་ཁ་རྫོང་ཁག་ དཀར་སྦི་ས་རྒེད་འོག་ བོ་ཏོག་ཁ་གཡུས་ཚན་ལས་དོན་གྲུབ་ཀྱིས་ ཚོང་དཔོན་ནོར་བུ་བཟང་པོའི་སྐོར་ལས་ སྲུང་གཏངམ་ཨིན་མས། ཚོང་དཔོན་ནོར་བུ་བཟང་པོ་ལུ་ ལཱ་འབད་མི་བརྒྱ་ཐམ་པ་དང་རྟ་བརྒྱ་ཐམ་པ་ཡོདཔ་ད་ ཁོ་ར་ཚོང་བཏོན་པར་ རྒྱ་གར་དང་རྒྱ་ནག་ལུ་འགྱོ་དོ་ཡོདཔ་མས། ཉིནམ་ཅིག་འབདཝ་ད་ ཁོ་ཚོང་བཏོན་པར་རྒྱ་གར་ལུ་འགྱོཝ་ད་ རྒྱ་གར་གྱི་རྒྱལཔོ་ཅིག་ ཁོ་རའི་ཐུགས་གཏད་དགོངས་གཏད་ཀྱི་གསེར་གྱི་གླངམོ་ཆེ་ཅིག་ཡོད་མི་འདི་ རྒྱ་མཚོ་ནང་བྱང་ཡོདཔ་སྦེ་མཐོང་ཆི་ནུག དེ་བསྒང་ ཚོང་དཔོན་དེ་ལུ་ ཨམ་སྲུ་རང་གི་རྨགཔ་དང་གཅིག་ཁར་མ་གཏོགས་ ཕོ་སྐྱེས་གཞན་ག་དང་ཡང་འཐུས་མ་ཤོར་མི་ཅིག་འཚོལ་ཏེ་འཁྱིད་འོང་དགོཔ་སྦེ་སླབ་ད་ ཁོང་གིས་ ཕྲངམ་ཕྲང་ས་ ཁོ་རའི་ཨམ་སྲུ་དེ་མནོ་བསམ་བཏང་སྟེ་ མོ་ལས་ཆ་རོགས་འཚོལ་འཚོལཝ་མས། དེ་བསྒང་ ཁོ་གི་ཨམ་སྲུ་འདི་ དམ་ཚིག་མ་སྲུང་པར་ ཕོ་སྐྱེས་བརྒྱ་ལྷགཔ་ཅིག་དང་གཅིག་ཁར་འབྲེལ་བ་འཐབ་ཡོདཔ་སྦེ་ཧ་གོ་ཆིཔ་ལས་ ཁོ་ཡང་སེམས་ཕམ་སྟེ་ ཨ་རོགས་དགའ་རོགས་ཅིག་འཚོལ་མི་དང་གཅིག་ཁར་ ནུབམོ་གཅིག་ཞག་ཉལ་མི་འདི་གིས་ ཁོ་ལུ་ཆ་རོགས་འབད་ནི་སྦེ་ཁ་བཟེད་དེ་ མོ་གིས་ཁོ་ལུ་ཆ་རོགས་འབད་དེ་  རྒྱལཔོ་ལས་གསོལ་རས་ཐོབ་ཆི་ནུག  སྲུང་འདི་གི་བརྗོད་དོན་འདི་ ཨ་ལོ་དགུའི་ཨའི་ལུ་ཡང་ བློ་གཏད་ནི་མི་འོང་ ཟེར་ཨིནམ་མ་ཚད་ ནུབམོ་གཅིག་གི་གཉེན་གྲོགས་ལུ་ ཁ་གཏང་ནི་མི་འོང་ ཟེར་ཨིན་མས།

Transcript search
No results found for this search
0 of 0
  • དོན་གྲུབ་/ Dendup:
    དང་ཕུ་ ཏེ་ང་བཅས་ར་འ་ནཱི་ ང་བཅས་འབྲུག་རྒྱལ་ཁབ་ནང་ལུ་ཨིན་བས་ལགས། ཏེ་ཚོང་དཔོན་ནོར་བུ་བཟངཔོ་ཟེར་མི་ཅིག་ཡོད་དོ་མས་བ་ལགས། ཏེ་འ་ནཱི་ཁོ་ དབང་ཚད་འདི་ག་ཅི་འདུག་གོ་ཟེར་བ་ཅིན་ ཁོ་གི་མི་བསད་དེ་འབད་ ཆུ་བཀལ་རུང་བཀལ་ཚུགས་པའི་ དབང་ཚད་ཡོདཔ་མས་ལགས། ཏེ་ད་ལྟོ་ངེ་གི་སྲུང་འདི་ག་ཅི་སྨོ་ཟེར་བ་ཅིན་ ཏེ་འ་ནཱི་གི་སྐོར་ལས་ཞུ་ནི་ཟེར་ སླབ་ནི་ལགས།
  • དོན་གྲུབ་/ Dendup:
    ཚོང་དཔོན་ནོར་བུ་བཟངཔོ་ཟེར་མི་འདི་ ཏེ་ཁོ་ར་ རོགས་ཨམ་སྲུ་ཡང་ཡོདཔ་མས་ལགས་ དེ་ལས་ཨམ་སྲུ་ཡང་ཡུདཔ་ཅིག་བར་ན་སྐོར་ལས་ ཨམ་སྲུ་དང་ཁོ་གི་བར་ན་སྐོར་ལུ་ཨ་ལོ་དགུ་དེ་ཅིག་ཡོདཔ་མས་ལགས། ཏེ་ཁོ་འོག་ལས་རྟ་ ཁོ་ར་གི་ ཏེ་ཁལ་བཀལ་ནི་གི་རྟ་ཁལ་ལྔ་དེ་ཅིག་ཡོདཔ་མས། ཚོང་གཡོག་ཁལ་ལྔ་དེ་ཅིག་ཡོདཔ་མས་ལགས། ཏེ་ཚར་གཅིག་གི་མཐའ་མ་ལུ་ ཏེ་ཨམ་འདི་ཁྱིམ་ནང་བཞག་འབད་སྦེ་ ཏེ་ཁོང་མ་རྒྱ་ལུ་ཚོང་བཏོན་པར་སོང་སོངམ་མས་ལགས།
  • དོན་གྲུབ་/ Dendup:
    ཏེ་མར་རྒྱ་ལུ་ཚོང་བཏོན་པར་སོང་འབདཝ་ད་ ཏེ་མར་རྒྱ་ཡི་རྒྱལ་པོ་གིས་ ཏེ་ནོརབུ་ ཏེ་གླངམོ་ཆེ་གསེར་གྱི་ནོརབུ་ཟེར་ ཏེ་གླངམོ་ཆེ་ གཟུགས་ག་ར་གསེར་འབད་མི་ཅིག་ཡོདཔ་མས། འ་ནཱི་ནང་ལས་མར་ཆུ་བཞེས་པར་ རྒྱ་མཚོ་ནང་ཆུ་བཞེས་པར་བྱོནམ་ད་ལུ་ ཏེ་གླངམོ་ཆེ་འདི་ འགྱེལ་ཏ་རྐྱབ་སྟེ་སྦེ་ ཏེ་མར་རྒྱ་མཚོ་ནང་འཛུལ་སོང་ནུག
  • དོན་གྲུབ་/ Dendup:
    ཏེ་རྒྱ་ནག་རྒྱལཔོ་གནམ་མེད་ས་མེད་ཐུགས་ཕམ་ ད་ཨིན་ཅི་མིན་ཅི་ ངེའི་གླངམོ་ཆེ་འདི་ཡར་བཏོན་ར་བཏོན་དགོ་ཟེར་ རོགས་རྒྱལཔོ་ག་ར་ལུ་ནོརཔ་ཡོད་ཟེར་ ང་ཡོད་རུང་མེད་རུང་གླངམོ་ཆེ་འདི་ཨིན་ས་ ཏེ་འདི་རྒྱ་མཚོ་ནང་འཛུལ་སོའི་ཟེར་ ཏེ་ཨིན་ཅི་མིན་ཅི་བློན་པོ་ཚུ་ལུ་བཀའ་གནང་སྟེ་གིས་འབད་ འདི་ཡར་བཏོན་ཚུགསཔ་ཅིག་བཏོན་དགོ་ཟེརཝ་ད་ ཏེ་བློན་པོ་གཅིག་གིས་ ཏེ་ཆོསཔ་ གནས་སྐོརཔ་ ཚོང་པ་ ཏེ་རྒྱ་གར་ རྒྱ་ནག་ ང་བཅས་འབྲུགཔ་ ག་ར་འཛོམས་ས་ལུ་ཏེ་ཁོ་གིས་སྐད་སྦོམ་འབད་རྐྱབ་སྟེ་འབད་ ཏེ་ད་འ་ནཱི་ ཡར་བཏོན་ནི་གི་རྩིསཔ་གཅིག་འཐོན་གནང་ཟེརཝ་ད་ ཏེ་རྩིསཔ་བཞི་འཐོན་འཐོནམ་མས་ལགས།
  • དོན་གྲུབ་/ Dendup:
    ཏེ་རྩིསཔ་བཞི་ དེ་ལས་དཔའ་བོ་དཔའམོ་ ག་ར་བསྐུགས་ཏེ་གི་འབད་ མོ་བཏབ་བལྟ་ནུག་ལགས། མོ་བཏབ་ད་ ཏེ་དཔའ་བོ་དཔའམོ་གིས་མོ་བཏབ་མི་འདི་དང་ རྩིསཔ་ཚུ་གིས་བཏབ་མི་འདི་ག་ར་ མོ་འདི་གཅིག་ གཅིག་སྦེ་འཐོན་འཐོནམ་མས་ལགས། ད་གླངམོ་ཆེ་འདི་ མ་པ་ལུང་བསྟན་རྫོགས་སོ་འདུག་ཟེར།
  • དོན་གྲུབ་/ Dendup:
    རྫོགས་སོ་རུང་ ཡར་བཏོན་ནི་གི་ཐབས་ཤེས་འདུག་ཟེར་ ད་ཐབས་ཤེས་འདི་ ག་ཅི་ལུ་འདུག་ཟེར་བ་ཅིན་ ཕོ་དང་མོ་ཕྱད་དེ་གིས་འབད་ ཏེ་ལོ་མང་རབས་འགྱོ་མི་ཅིག་ཟེར་ བར་ན་ལུ་དམ་ཚིག་བསྲེས་མ་པ་ལས་མ་ཤོར་བ་ ཕོ་འདི་གིས་ཡང་ཕྱི་འགྱུར་མ་འབད་ མོ་འདི་གིས་ཡང་ཕྱི་འགྱུར་མ་འབད་མི་ཨམ་སྲུ་ཅིག་ཡོད་པ་ཅིན་ ཏེ་འདི་གིས་ཡར་བཏོན་ཚུགས་པས་ཟེརཝ་ད།
  • དོན་གྲུབ་/ Dendup:
    དེ་ལས་ ཏེ་ཚོང་དཔོན་ནོར་བུ་བཟང་པོའི་སེམས་ཁ་ལུ་ དབའེ་ད་ངེའི་ཨམ་སྲུ་འདི་གིས་ མ་པ་ལས་རང་ཕྱི་འགྱུར་མི་འབད་ཟེར་ ད་ཨིན་ཅི་མིན་ཅི་ ང་ཡར་འགྱོ་ ཨམ་སྲུ་འདི་འབོ་ ན་སྐྱེལ་བ་ཅིན་ ཏེ་མོ་གིས་བཏོན་ཚུགས་ནི་མས་ ཟེར་འབདཝ་ད་ ཏེ་རྒྱལ་པོ་བཀའ་གནང་ནུག་ལགས་ ད་ཁྱོད་རའི་མངའ་འོག་ལུ་ ག་ར་ཡོད་རུང་ ག་གི་ནང་ཡོད་རུང་ ཏེ་འ་ནཱི་འཁྱིད་འོང་པ་ཅིན་ ཏེ་རྒྱལ་པོའི་བང་མཛོད་འདི་ཕྱེད་ཀ་རྐྱབ་བྱིན་ནི་ ཟེར་འབད་བའི་ཤོན་ ཏེ་དེ་ལསན་ ཏེ་ནོར་བུ་བཟང་པོ་འདི་ ཕར་ཁོ་ར་གི་གུར་ནང་སོང་སྦེ་ ཏེ་ཚོང་གཡོག་ཚུ་ལུ་བསྟུན་གྲོས་རྐྱབ་རྐྱབ་མས་ལགས།
  • དོན་གྲུབ་/ Dendup:
    རྐྱབ་ད་ ཏེ་ལོ་དྲུག་ཅུ་རེ་ལྔ་ལངས་མི་གི་ ཏེ་ཚོང་གཡོག་གོངམ་ཅིག་ཡོདཔ་མས་ལགས་ ཟླ་བ་བཟངཔོ་ཟེར་མི་ཅིག་ ད་འདི་གི་སྐོར་ལས་འདི་ ཏེ་ཡར་གཡུས་ཁར་འགྱོཝ་[བྱེལ་?]མེད་ཟེར་ ང་བཅས་དཔོན་གཡོག་གཉིས་ འུ་སྡུག་ཚུགསཔ་ཅིག་འོང་ཟེར་ ཨམ་སྲུ་གིས་མ་པ་ལས་རང་ཕྱི་འགྱུར་མ་འབད་བར་མི་སྡོད་ལགས་ཟེརཝ་ད་ ཏེ་ཚོང་དཔོན་ ནོར་བུ་བཟངཔོ་དགོངསམ་ཁྲེལ་ ཟླ་བ་བཟངཔོ་ལུ་ ཁྱོད་ང་ལེགས་ཞིམ་སྦེ་ ཟ་བ་མ་དགའཝ་ཨིནམ་ཟེར་ ངེའི་ཨམ་སྲུ་གིས་ གན་དང་གན་འབད་རུང་ཕྱི་འགྱུར་མི་འབད་ཟེར།
  • དོན་གྲུབ་/ Dendup:
    ཕྱི་འགྱུར་ ཨམ་སྲུ་གིས་ཕྱི་འགྱུར་འབད་དགོ་པ་ཅིན་ ཡང་ཅིན་ཕར་ རང་གི་རྨགཔ་འདི་ལས་ ངོ་རིས་ཕར་རོགས་ལས་དྲགཔ་ཅིག་དགོ་ཟེར་ རྒྱལ་ཁབ་འདི་ནང་ ངོ་རིས་ངེའི་ལྟག་ལས་འཐོན་མི་ག་ཡང་མེད་ཟེར་ རྒྱུ་ནོར་ཨིན་མས་ རྒྱུ་ནོར་ངེའི་ལྟག་ལས་འཐོན་མི་ག་ཡང་མེད་ཟེར་ མོ་ལུ་ཚ་གྱང་དང་དེམ་ག་ནི་ཡང་ལང་དགོཔ་མེད་ཟེར་ འོག་ལས་བྱ་རོགས་མང་ཧོད་རྫོགསཔ་བཙུགས་ཏེ་ཡོད་ཟེར་ ཨམ་སྲུ་གིས་ ཏེ་ཕྱི་འགྱུར་མི་འབད་ཟེར་ ཁྱོད་ང་ཤ་མ་ཚ་བའི་རྟགས་ཨིན།
  • དོན་གྲུབ་/ Dendup:
    དེ་འབད་བ་ཅིན་ ཁྱོད་ར་ནངས་པར་ལས་ར་ ངེའི་སྒོ་ཁར་གཡོག་རྐྱབ་སྡོད་མི་དགོ་ འཐོན་ཡར་སོང་ཟེར་འབདཝ་ད་ ཏེ་ཟླ་བ་བཟང་པོ་གིས་ ཏེ་ཞུ་ནུག་ལགས་ནོར་བུ་བཟང་པོ་ལུ་ ཏེ་ཞུཝ་ད་མ་གསན་ ཏེ་ཁྱད་མིན་འདུག་ ང་བཅས་དཔོན་གཡོག་གཉིས་འགྱོ་དགེ་ཟེར་ ཏེ་དེ་ལསན་ ཏེ་མར་ལས་ དེ་ཚེ་ར་ནཱ་ ཏེ་འབྲུག་ལུ་ལྷོད་སོ་ནུག་ལགས།
  • དོན་གྲུབ་/ Dendup:
    ནཱ་ལྷོད་འབདཝ་ད་ ཏེ་ད་རེས་འབདན་ ད་རེ་འབདན་ཆུ་ཚོད་གསུམ་དེ་ཅིག་ཨིན་མས་ལོ་ དང་ཕུའི་ཉིམ་གཟའ་སྐར་སྦོམ་ཤོས་ལུ་ལྷོད་ཅི་ཟེརཝ་མས་ལགས་ ཉིམ་གཟའ་སྐར་སྦོམ་ཤོས་ལུ་ཁྱིམ་ནང་ལྷོདཔ་ཅིག ཨམ་སྲུ་འདི་ གནམ་མེད་ས་མེད་ཚ་གྱང་ལངས་ ཏེ་ག་ཅི་འབད་དཔ་སྨོ་དབའི་ ཚོང་དཔོན་ཟེར་ ད་ལྟོ་ནཱ་ལུ་འབྱོན་ནི་གི་ ཏེ་དུས་ཚོད་རང་མ་ལངས་ཟེར་ ཏེ་ཚོང་དཔོན་ ཏེ་དེ་སྦེ་ནཱ་བྱོན་འོང་ནུག ཏེ་རྟ་ལུ་ མངལ་སྐྱེས་ཆགས་ཆིཝ་ཨིན་ན་ཟེར་ ཚོང་ལུ་གང་སྟོར་ཞུ་དཔ་ཨིན་ན་ཟེར་ ཚོང་གཡོག་ཚུ་ལུ་ནཝ་ཚཝ་ཕོག་ཆིཝ་ཨིན་ན་ཟེར་ ཏེ་ག་ནི་ཡང་མ་འབད་ ང་བཅས་ཏེ་ནཱ་ཚར་གཅིག་འོངམ་ཨིན་ཟེརཝ་ད་ ཏེ་དེན་དོན་དག་ག་ཅིམ་ཟེརཝ་ད་ ཏེ་ཚོང་དཔོན་གྱིས་གསུངས་ནུག་ལགས་ ཁོ་རའི་ཨམ་འདི་ལུ།
  • དོན་གྲུབ་/ Dendup:
    ཇ་ཞིམ་ཏོག་ཏོ་ཅིག་བཟོ་ཤིག་ཟེར་ གཏམ་ཧོན་ཏོང་ཏོ་ཅིག་སླབ་ནི་ཡོད་ཟེར་ འབདཝ་ད་ ཏེ་དེ་ལས་ཨམ་སྲུ་གིས་ ཏེ་ཚ་ངེར་བཏོན་ཇ་ཅིག་བཟོ་ ཏེ་ཚོང་དཔོན་དང་ ཚོང་གཡོག་ལུ་དྲངས་འབདཝ་ད་ ཏེ་མར་ལས་ མོ་ནང་ལས་ག་ཅི་འཐོན་ནུག་སྨོ་ཟེར་བ་ཅིན་ ཕོ་དང་མོ་ཕྱད་དེ་འབད་ ཏེ་མང་རབས་ཅིག་འགྱོ་མི་ བར་ན་བུ་ཚུ་དགུ་ཡོད་མི་ཅིག་ ཏེ་མ་པ་ལས་རང་ཨམ་སྲུ་འདི་ཕོ་སྐྱེས་ལས་ཕྱི་འགྱུར་མ་འབད་མི་ཅིག་དགོ་ཟེར་ ཨིན་མས་བ་ལགས། ཏེ་ཁོ་ཨ་ཙི་ཅིག་ཤོབ་རྐྱབ་ནུག་བ་ལགས་ཨམ་སྲུ་འདི་ལུ།
  • དོན་གྲུབ་/ Dendup:
    བར་ན་སྐོར་ལུ་ ཕོ་དང་མོ་ཕྱད་དེ་གིས་འབད་ དུས་ཚོད་ལེ་ཤ་འགྱོ་མི་ཅིག་ཟེར་ བར་ན་སྐོར་ཨ་ལོ་ཡོད་མི་ཅིག་ཟེར་ ཨམ་སྲུ་འདི་གིས་ཕོ་སྐྱེས་འདི་ལས་ ཕྱི་འགྱུར་ཁལ་ལྔ་དང་ལྔ་འབད་མི་ཅིག་ཡོད་པ་ཅིན་ ཏེ་གླངམོ་ཆེ་འདི་ཡར་བཏོན་ཚུགས་པས་ཟེར་ཨིན་མས་ ཏེ་ཁྱོད་ཀྱིས་འདི་ དེ་ཅིག་འབད་མི་ཚུགསཔ་འོང་ ནཱ་ཕར་ཚུར་ཁྱོད་ཀྱི་བུམོ་རོགས་ཚུ་ཡང་མིན་འདུག་ག་ཨ་ཙི་རེ་ ཨམ་སྲུ་གིས་ཕྱི་འགྱུར་ཁལ་ལྔ་དང་ལྔ་འབད་འབདཝ་ཅིག་མིན་འདུག་ག་ ཏེ་འ་ནཱི་ཡོད་པ་ཅིན་ མར་རྒྱ་ནག་རྒྱལ་པོའི་བང་མཛོད་འདི་ ཏེ་ཕྱེད་ཀ་ རྐྱབ་བྱིན་ནི་ཟེར་ ཨིན་མས་ཟེརཝ་ད།
  • དོན་གྲུབ་/ Dendup:
    ཏེ་ཡུདཔ་ཅིག་ ལྟོ་ཟ་ཡུན་ཅིག་དེ་ཅིག་ ཏེ་ཨམ་སྲུ་འདི་གིས་ ལགཔ་མར་ཨེན་ཏ་ཨ་ནེ་སྦེ་དཀྲོགས་ མིག་ཏོ་ཡར་ཙེ་པ་ནང་ལྟ་སྦེ་ག་ནི་ཡང་ ཞུ་མ་ཚུགས་པས་ལགས། ཡུདཔ་ཅིག་ཁར་ དེ་ལས་ ཚོང་དཔོན་གྱི་པུ་མོ་གུར་ལྡན་ལྕག་རྐྱབ་སྦེ་ ཨ་ཁོ་རེད་ཚོང་དཔོན་ དེན་འདི་ང་ཡར་སོང་གེ་ ཟེར་བས་ལོ་ལགས། ཁལ་ལྔ་འདི་ལངས་སོང་ནུག ལྔཔོ་འདི་མ་ལངམ་ཅི་གརང་ཨིན་མས་ཟེར་བས་ལོ་ དབའེ་འདི་ག་ཨིནམ་ ཁྱོད་དེ་ཅིག་འབད་མི་ཚུགས་ཟེརཝ་ད་ ཨ་་་ ཁལ་ལྔ་འདི་ཀྲིག་ཀྲི་ལངས་སོའི་ཟེར་བས་ལོ་ལགས་ ཁྱོད་ཚོང་གཡོག་ཁལ་ལྔ་འདུག་དགོ་ཤིག་ཟེར་བས་ལོ་ལགས་ དེ་ལས་ཨེ་ ཚོང་གཡོག་ཁལ་ལྔ་དེ་ལས་ དྲུག་མེན་ཚད་ཨིན་ཟེར་བས་ལོ་ལགས་ དེ་ལས་ཁྱོད་ར་གི་ཚོང་དཔོན་ཆ་རོགས་ཚུ་ཨིན་ཟེར་ ཁལ་ལྔ་ཀྲིག་ཀྲི་ལངས་སོ་ནུག
  • དོན་གྲུབ་/ Dendup:
    ད་ལྔཔོ་འདི་མ་ལངམ་ཅིག་རང་ཨིན་མས་ ཏེ་ལྟ་མ་ ང་ཆུ་དབོག་ས་ལས་གཅིག་ཐོབ་ཟེར་མས་ལོ་ལགས་ [མདོ་རྟ་བཀལ་?]ས་ལས་གཅིག་ཐོབ་ བོའུ་ཅུང་འཚོ་ས་ལས་གཅིག་ཐོབ་ རྟ་བཏགས་ས་ལས་གཅིག་ཐོབ་ ལྔཔོ་འདི་ད་རེ་རང་ཚང་ཚུགས་ ཚོང་དཔོན་དེན་ང་འགྱོ་ནི་ཟེརཝ་ཅིག་ ཚོང་དཔོན་འདི་གནམ་མེད་ས་མེད་ཐུགས་ཕམ་འདི་ན་ལས་ ཇ་ཡང་བཞེས་མ་ཚུགས་པས་ལགས། ཏེ་ཨམ་འདི་ལུ་ཡང་ལོ་རྒྱུས་ག་ནི་ཡང་སླབ་མ་ཚུགས་པས། དེ་ལས་མར་ ཁོ་ར་དཔོན་གཡོག་གཉིས་ལོག་ཡར་སོ་ནུག་ལགས་ ག་ནི་ཡང་སླབ་མ་ཚུགས་པར་ ཏེ་མར་ དགའ་སེ་ལོག་ཟེར་མི་འདི་ཁ་ལུ་ལྷོདཔ་ད་ ཏེ་ཁོ་ར་གནསཔ་རྟག་བུ་ན་བུ་སྡོད་མི་གཅིག་ཡོདཔ་མས་ལགས།
  • དོན་གྲུབ་/ Dendup:
    ཏེ་འ་ནཱ་ལྷོད་འབད་སྦེ་ ཏེ་ཨ་རྟག་འབདན་ ཏེ་ཁོ་མར་ལྷོདཔ་ཅིག་ ཇ་འཐུང་ ཆབ་ཆུ་བཞེས་ འ་ནཱི་སྦེ་འབད་དོཝ་མས། དེ་ཚེ་ ཏེ་ཁོ་ བཞེས་སྒོ་ཡང་ཟ་མ་ཚུགས་པས་ ཏེ་དབུགས་འགམ་སྡོདཔ་ད་ ཏེ་ནང་གི་ཨམ་འདི་གིས་ ཏེ་ག་ཅི་འབད་དཔ་སྨོ་ ད་རེས་ཚོང་དཔོན་ ག་ནི་ཡང་མ་འབད་ཟེར་ ཏེ་ཡུདཔ་ཅིག་ཁ་ལས་ རོགས་ཚོང་གཡོག་འདི་ཡང་ཉལ་ ཏེ་ཚོང་དཔོན་གཉིད་ལོག་མ་བཏུབ་ དེ་སྦེ་ར་སྡོདཔ་ད་ ཏེ་ཨམ་འདི་གིས་ལོག་ཅི་རང་དྲིས་ནུག་ལགས། ཏེ་ག་ཅི་སྨོ་ཟེརཝ་ད་ ཁྱོད་ངེའི་སྐྱོན་འདི་སེལ་རང་མི་ཚུགས་ཟེར་ ལོག་སྟེ་ཨམ་སྲུ་གིས་སླབ་ནུག་ དབའེ་ གྱོང་རྒུད་འདི་རྒྱལ་པོ་གིས་ཡང་མི་མཐོང་ གྱོང་རྒྱུ་འདི་མོ་རེངས་མོ་གགིས་མཐོང་ ཟེར་བའི་དཔེ་གཅིག་ཡོད་ཟེར་ ཁྱོད་ར་ཨ་ཙི་ཕྲང་སྦེ་ར་ངེའི་གདོང་ཁར་སླབ་ ཟེར་སླབ་སླབ་མས།
  • དོན་གྲུབ་/ Dendup:
    ཏེ་འ་ནཱི་སླབ་ཟེར་ སླབ་མི་དོན་དག་འདི་ག་ཅི་སྨོ་ཟེར་བ་ཅིན་ ཁོ་ཡང་ལོ་བཅོ་ལྔ་ བུམོ་དེ་ཡང་ལོ་བཅོ་ལྔ་སྦེ་སྡོད་པའི་བསྒང་ ཁོང་གཉིས་ཞག་གཅིག་འབད་མི་ཅིག་ ཨ་རོགས་དགའ་རོགས་སྦེ་སྡོད་སྡོདཔ་མས་ལགས་ འ་ནཱ་ལུ་ ཏེ་དེ་ལས་ཁོ་གིས་ དོན་དག་ཚུ་མདངས་འཕྲོས་འཕྲོས་ ཚོང་དཔོན་གྱིས་ཨམ་སྲུ་གི་གདོང་ཁར་སླབ་ད་ ཏེ་ཨེའེ་་་ དེན་ཁྱོད་ནང་དོག་མི་དགོ་པས་ཟེར་ སྤ་ག་ཅི་ནང་མ་དོག་པ་ཟེར་ ང་ནངས་པར་རྒྱ་ནག་རྒྱལ་པོ་གིས་དོ་བསྡམས་ཆུ་བཀལ་འོང་ཟེར།
  • དོན་གྲུབ་/ Dendup:
    ད་འ་ནཱི་གུར་ལྷོད་སོ་ཡི་ཟེརཝ་ད་ ཨ་ཁྱད་མེད་ ང་སོང་གེ་ཟེར་སླབ་སླབ་མས། ཏེ་དེ་ལས་དབའེ་ ག་དེ་འབདམོ་ ཟེར་དྲིསཝ་ད་ ང་དེ་བསྒང་ ལོ་བཅོ་ལྔ་སྦེ་སྡོད་པའི་སྐབས་ལུ་ ཚོང་དཔོན་དང་ ཏེ་ཚར་གཅིག་ཉལ་འཁྲིག་འབད་མི་འདི་རྐྱངམ་ཅིག་མ་གཏོགས་ ང་ ཕོ་སྐྱེས་གཞན་མི་དང་ མ་པ་ལས་ར་ཨ་ནཱི་བཟུམ་ མ་པ་ལས་རང་མེད་ཟེར་ ཏེ་ང་གིས་བཏོན་ཚུགས་ནི་མས་ཟེར་ ཏེ་དེ་ལས་ ཏེ་ཚོང་དཔོན་ཡང་དུམ་གྲ་ཅིག་ཐུགས་ཕེབས་ཏོག་ཏོ་ཅིག་འགྱོ་ ཏེ་ཚོགས་ཡང་དུམ་གྲ་ཅིག་བཞེས་འབད་སྦེ་ ཏེ་མོ་ཁྱིད་སྦེ་སོང་ནུག་ལགས། ཏེ་མོ་ཁྱིད་སྦེ་ ཏེ་མར་སོང་ རྒྱ་ནག་རྒྱལ་པོའི་ཕྱག་དབང་བཅར་འབད་སྦེ་ འབད་བའི་ཤུལ་ལསནི་ ཏེ་ག་ཅི་དགོཔ་ཟེར་ད་ ཏེ་ཨོམ་ཟོ་གང་དགོ་ཟེར་ཨམ་འདི་གིས་ དེ་ལས་ [མེན་རྒྱས་?]གཅིག་དང་གསེར་སྐྱེམས་ཅིག་དགོ་ཟེར་ དེ་ལསནི་ ཏེ་ཨོམ་ཟོ་གང་འབག་ [མེན་རྒྱས་?]སེར་སྐྱེམ་ཅིག་འབག་ བསང་གཅིག་བཏང་འབད་སྦེ་ ཏེ་ཨམ་འདི་གིས་ཨོ་ཕུད་དྲངསམ་ཅིག་ ཏེ་རྒྱ་མཚོ་འདི་ ཚར་གཅིག་སྤར་བའི་ཤུལ་ལསནི་ ཏེ་གླངམོ་ཆེ་འདི་འཐོན་འོང་མས་ཟེརཝ་མས། འཐོན་འོང་པའི་བསྒང་ལས་ [འཐོན་ལྷ་ཐད་ཅིག་?]མིན་འདུག་ རྐངམ་ཡ་གཅིག་མིན་འདུག་ཟེར་ ཨིན་མས་ལགས། དེ་བསྒང་ལས་གླངམོ་ཆེ་རྐངམོ་གཡསཔ་འདི་མིན་འདུག་ ཟེར་ཨིན་མས་ལགས།
  • དོན་གྲུབ་/ Dendup:
    ད་རུང་ཡང་ ཏེ་མོ་བཏབ་མི་ཚུ་འབོ་ ཏེ་གླངམོ་ཆེ་རྐངམོ་མེད་མི་འདི་ག་ཅི་ཨིན་ན་ཟེར་དྲིསཝ་ད་ལུ་ ཏེ་མ་གཞི་གི་འདི་ ཁོ་ཡར་གླངམོ་ཆེ་ ཡར་ཞུ་ཚུགས་མི་འདི་ ཁོང་གཉིས་ཐ་དམ་ཚིག་ ལོ་བཅོ་ལྔ་སྦེ་སྡོད་པའི་བསྒང་ ཞག་གཅིག་འབད་མི་གཅིག་ འ་ནཱི་སྦེ་ཉལ་འཁྲིག་འབད་ཞིནམ་ལས་ ཏེ་ཐ་དམ་ཚིག་མ་པ་ལས་རང་མ་འཁྲུལ་བར་ མོ་གིས་བཏོན་ཚུགསཔ་མས་ཟེར་ རྐངམོ་ཡ་གཅིག་མེད་མི་འདི་ག་ཅིམོ་ཟེར་བ་ཅིན་ ཏེ་མོ་ཁྱིམ་ཚང་གཅིག་གི་ཁྱིམ་ནང་བཤལ་འགྱོཝ་ད་ ཨ་ལོ་བུ་གཅིག་ ཏེ་མོ་ཕང་མར་ལེན་ ཨ་ལོ་འདི་གིས་ཆུ་བཏང་ ཏེ་མོ་གཟུགས་ཁར་རེག་ཆི་འདུག ཏེ་དམ་ཚིག་བསྲེས་དུམ་གྲ་ཅིག་འཐུས་ཤོར་སོངཔ་བཟུམ་སྦེ་ ཏེ་རྐངམོ་ཡ་གཅིག་མེད་མི་འདི་ འ་ནཱི་ཨིན་མས་ཟེར་འབད་ཞིནམ་ལས་ ཏེ་དེ་ལེན་ཚོང་དཔོན་ ནོར་བུ་བཟང་པོ་གིས་ ག་ཅི་གསུངས་ནུག་ཟེར་བ་ཅིན་ ད་རེས་ནངས་པར་ ང་བཅས་དཔེ་གཏམ་ལུ་ཡང་ ཏེ་བུ་ཐད་དགུ་ཡི་ཕམ་ལུ་བློ་མ་གཏད་ཟེར། ཞག་གཅིག་ཉལ་བའི་གྲོགས་ལུ་ཁ་མ་གཏང་ཟེར་མི་འདི་ ཏེ་འ་ནཱ་ལས་ དར་ཁྱབ་འདི་འགྱོཝ་ཨིན་མས་ཟེར་ ད་རེས་ནངས་པར་ཡང་ ང་བཅས་སླབ་སྲོལ་ཡོད་མི་འདི་ འ་ནཱི་ཨིན་མས་ཟེར་ ཨིན་མས་ལགས། བཀྲིན་ཆེ་ལགས།། །།