Skip to main content Skip to search
03 Feb 2016
1 min 51 sec
Video Overview
Creators: 
Dawa Tshering, Thinley Dorji

Before the spread of Buddha’s teachings Bon religion prevailed in Bhutan. Due to this people still believe in animal sacrifice and in making offerings to mundane deities. It is believed that people of Taba made an offering of a pig, a goat, and a cow to the deity Ap Domsap, hoping to get blessings and reap a good harvest. Afterwards, one of the wealthy men in the village bought a horse and offered it to please the deity as well. The deity, nevertheless, became frustrated and plagued the Taba valley with landslides and floods. 

 

རྟ་བབས་ས་གནས་ཀྱི་མིང་གི་འབྱུང་ཁུངས་དེ་ཡང་ སྣ་ཀོ་གིས་བཤད་མི་ནང་ ཧེ་མ་ ནང་པ་སངས་རྒྱས་པའི་ཆོས་མ་དར་ བོན་ཆོས་དེ་དར་སྡོད་པའི་གནས་སྐབས་ལུ་ ཕགཔ་དང་གླང་ཚུ་བསད་དེ་ཤ་ཚ་ཏོམ་སྦེ་མཆོད་དོ་ཡོདཔ་ད་ ཚར་ཅིག་འབདཝ་ད་ ཕགཔ་དང་གླང་བ་ རྟ་འདི་གོང་མཐོ་བས་ རྟ་འདི་མཆོད་པ་ཅིན་དྲག་ནི་མས་ཟེར་ རྟ་བསད་དེ་མཆོད་མཆོདཔ་ཨིན་པས། དེ་ལས་ གནས་བདག་གཞི་བདག་ཚུ་ཁྲོས་ཏེ་ མི་གོ་ཤེས་ཉན་ཤེས་ཚུ་གི་རྨི་ལམ་ནང་ བཏང་ག་ བཏང་ག་ ཟེར་སླབ་ད་ ད་འབདན་ཏེ་ ཁ་ཙ་རྟའི་མཆོདཔ་ཕུལ་ནི་འདི་གིས་ གནསཔོ་ཐུགས་དགྱེས་དགྱེསཔ་མས་ ཟེར་མནོ་སྟེ་ བཏང་ད་ལགས་ ཟེར་སླབ་ཅིག་ རུད་ཐོན་ཏེ་ཕྱག་འབག་འབགཔ་ཨིན་ཟེར་ བཤདཔ་མ་ཚད་ རྟ་བབས་ཟེར་སླབ་དགོ་མི་ཁུངས་འདི་ དེ་ལས་བརྟེན་ཏེ་ཨིན་ཟེར་ སྣ་གོ་གིས་བཤདཔ་ཨིན་པས།

 

Transcript search
No results found for this search
0 of 0
  • སྣ་ཀོ།
    ཐིམ་ཕུ་ཚེ་བཅུ་བསྒང་ལུ་ སྒྲུབ་ཆེན་ཚེས་བཅུའི་སྐབས་ལུ་ འབགཔ་དམརཔ་གསུམ་ བཙུགས་མི་གསུམ་ཡོད། བསྒྱིགས་བསྒྱིགས་སར་འབྱོན་འོང། འ་ནཱི་ དགེ་བསྙེན་ ཨ་པ་ ཨའི་དགེ་བསྙེན་ཁོ་ར་ ཡབ་དང་ཡུམ་ ང་བཅས་འབད་བ་ཅིན་ ཨ་པ་ ཨའི་ ཨ་ལོ་གསུམ། དགེ་བསྙེན་ཡབ་ཡུམ་ཁོང་གསུམ་ཚངམ་སྦེ།
  • སྣ་ཀོ།
    དེ་ལས་ སྤང་རི་ཟམ་པའི་ མཚོ་སྨནམ་འདི་ ཞལ་འབགཔ་དཀརཔོ་སྦེ་ རྒྱ་སྦོམ་སྦེ་ཡོད། འ་ནཱི་ འ་ནཱི་ ཁོང་གཅིག་ཁར་བསྒྱིགས་ཏེ་གི་སྦེ་འབྱོན་འོང་། འ་ནཱི་དང་ཕུགས་ལས་ར་ འ་ནཱི་ཞབས་དྲུང་དང་ དེ་ལས་ ཐིམ་ཕུ་རྫོང་དཔོན་ཀུན་བཟང་འཕྲིན་ལས་ ཁོང་ སྐུ་དགོངམ་ཚུ་གི་ འཆར་གཞི་འ་ནཱེ་སྦེ་བརྩམས་ཏེ་སྦེ་ ཆོས་སྲུང་གི་ སྡེ་མའི་ནང་སྦེ་བཟོ་སྟེ་སྦེ་དེ་ལས་ འ་ནཱེམ་མེདཔ་བཟོ་བཟོཝ་མས་ མཉེན་ཁུག་གུ་བཀལ་ཏེ།
  • སྣ་ཀོ།
    ཏེ་ བདག་མེད་སྦེ་དགེ་བསྙེན་གྱིས་ ག་མནོ་ས་ལས་ཕར་རྐྱབ། འ་ནཱེ་སྦེ་ཕྱུ་གུ་ཚར་བ་ཅིན་ གཅིག་བ་གཅིག་སྤ་ལ་ གཅིག་བ་གཅིག་དེམ་འབདཝ་འཐོན་ནི་མས་གམ། འ་ནཱི་གནས་སྐབས་བསྒྱིར་གསུང་ཆོས་གནང་། ཏེ་མཚོ་སྨནམ་འདི་ཕྱེད་པའི་བསྒང་ལས་ མོ་ཨམ་སྲུ་བུད་མེད་ཀྱི་རང་བཞིན་སྦེ་ མོ་གིས་ སྤར་མི་སྟེར་དོ་མས་ཏེ་ཁོ། ཁོ་ཤར་འགྱོ་རུང་འགྱོ་མ་སྟེར་ ནུབ་འགྱོ་རུང་འགྱོ་མ་སྟེར། ག་ཏེ་ཡང་གཉེན་རྐྱབ་ས་མེད་ ག་ཏེ་ཡང་དེམ་འབད་མེད་པར་ ང་བཅས་ར་མི་ ལྷ་འདྲེ་མི་གསུམ་སྤྱོད་ལམ་གཅིག་ཟེར་ ལྕོག་ར་འཐད་པས་བ་ཏེ་ ཏེ་འ་ནཱི་ མོ་གིས་སྤར་མ་སྟེར་བར་ ཏེ་གནས་སྐབས་ འ་ནཱི་སྟོན་སྟོནམ་མས། ང་བཅས་རའི་ ཞབས་དྲུང་དང་གཞུང་གིས།