Skip to main content Skip to search
28 Aug 2015
5 min 43 sec
Video Overview
Creators: 
Sherig Dentshog, Sangay Choki

༉ པདྨ་དགའ་ཚལ་ ཤུ་མར་ལས་ ཕངས་པའི་རྡོ་རྗེ་གིས་གཏང་མི་སྲུང་འདི་ནང་ ཤར་ཕྱོགསཔ་ཁ་ནང་༼ཨ་མ་མོ་རིན་མོ་༽ཟེར་ རྨགཔ་གྱོངས་པའི་ཨམ་སྲུ་ལུ་སླབ་ཨིན། ཨམ་སྲུ་འདི་གིས་ ཨ་ལོ་༼སྨན་སངས་༽ཟེར་ ཁེ་རྒོད་ཡོད་མི་ སྟོབས་ཤུགས་ཅན་ཅིག་ སྐྱེས་སྐྱེཝ་ཨིན་མས། འ་ནི་འབད་ནི་འདི་གིས་ གཞན་གྱིས་འདི་ཕར་བཞག་ རྒྱལཔོ་གིས་ཡང་ བཏུལ་མ་ཚུགསཔ་ཨིན་པས། སྲུང་འདི་གིས་ བརྗོད་དོན་འདི་ ཁེ་རྒོད་ཡོད་མི་ སྟོབས་ཤུགས་ཅན་ཅིག་ཨིན་པ་ཅིན་ མི་དབང་ཚད་ཅན་ཅིག་ཨིན་རུང་ གནོདཔ་སྐྱེལ་མི་ཚུགས་ ཟེར་བའི་དོན་ཨིན་མས།

 

Phangpay Dorji from Shumar narrates a story about the birth of Maan Sang, a strong man from the eastern part of the country who ate a kilogram of butter in his childhood, and later became strongest man in the community. He was powerful and courageous, and even the king was unable to compete with him. So, the king shared his property with the man, thinking that he may also kill him. The message conveyed by the story implies that even higher authorities cannot harm powerful and courageous men like Maan Sang.

 

Transcript search
No results found for this search
0 of 0
  • འཕང་པའི་རྡོ་རྗེ་
    དང་ཕུགས་ ཨམ་མོ་རེངསམོ་ཅིག་གི་ ཨ་ལོ་ཅིག་སྐྱེས་ནུག། ཏེ་ཨ་ལོ་སྐྱེས་ཏེ་ མར་སྲང་རེ་ བཟའཝ་མས་ལོ་ འ་ནཱི་ཨ་ལོ་གིས། མེན་ག་ཅི་སྨོ་ ཁྱེད་ཚུ་ཏེ་ མར་ ཀེ་ཇི་རེ་བཟའ་མས་ཟེར་ཨིན་པས། ཨའེ་ ང་ ང་བཟའ་ནི་ར་མེད་པར་ ཁོ་ཏེ་ ག་དེ་སྦེ་ ཕོཝ་དྲངས་ནི་ཟེར་ ཕོཝ་དྲངས་མི་ཚུགས་ནི་ཨིན་པས། ཨ་ལོ་འདི་ ད་ལྟོ་ར་ འ་ནཱེམ་ཅིག་ བཟའ་བ་ཅིན་ཟེར་ སླབ་སླབ་མས།
  • འཕང་པའི་རྡོ་རྗེ་
    སླབ་ཞིནམ་ལས་ཏེ་ དབའི་ མི་བཏུབ་ནི་ཨིན་པས། འ་ནཱི་ ཨ་ལོ་གི་ ངེ་གིས་ འ་ནཱེ་ཅིག་ ཕོཝ་བཀང་མི་ཚུགས་ནི་ཨིན་པས། ཏེ་ ང་གིས་ ཕོཝ་བཀང་མི་ཚུགས་ནི་ཨིན་པས་ཟེར་ ཡར་ སྨན་ཤིང་ནང་ན་ བཀལ་བཞག་བཞགཔ་ཨིན་པས་ཨ་ལོ། དེ་ལས་ གཡུས་ཁ་ སྲིནམོ་ཐོན་ཐོནམ་ཨིན་པས།
  • འཕང་པའི་རྡོ་རྗེ་
    རང་གི་ གཡུས་ཁར་སྲིནམོ་ཐོན་ཏེ་ རྒྱལ་པོ་ལུ་ མོ་བཏབ་ད་ལུ་ དབའི་ ང་བཅས་ཀྱི་ གཡུས་ཁར་ གཉའ་རྒོད་ཅིག་འདུག་ཟེར་ ཏེ་འ་ནཱི་འདི་ ལོག་སྟེ་འབག་དགོ་ཨིན་པས། དེ་ལས་ཏེ་ སྲིནམོ་འདི་ བཏུལ་ཚུགས་ནི་ཨིན་མས་ཟེར་ སླབ་སླབ་མས། དེ་ལས་ཏེ་ ང་གིས་འདི་ མི་ཚུགས་ནི་མས་ མ་པ་ལས་རང་ཟེར་ སླབ་སླབ་མས།
  • འཕང་པའི་རྡོ་རྗེ་
    རྒྱལ་པོ་གིས་ དེ་སྦེ་སླབ་སྟེ་ དེ་ལས་ཏེ་ ཨམ་ཅིག་ལུ་འདྲིཝ་ད་ཏེ་ ཨིན་ མར་ཀི་ཇི་རེ་བཟའ་སྡོད་ཅི། ང་གིས་ གསོ་མི་ཚུགས་ནི་ཨིན་པས་ཟེར་ ཡར་ནང་ན་བཀལ་བཞག་སྟེ་ཡོད་ སྨན་ནང་ན་ཟེར་ སླབ་སླབ་མས། སྨན་ཤིང་ནང་ན་བཀལ་བཞག་བཞགཔ་ཡོད་ཟེར་ དེལས་ འ་ནཱ་ལས་འབག་སྟེ་ ཡར་ལྷོདཔ་ད་ལུ་ཏེ་ སྲིན་པོ་ཐོན་ཏེ་ ཤུལ་ལས་འཚོལ་བར་སོང་ནུག།
  • འཕང་པའི་རྡོ་རྗེ་
    འཚོལ་བར་འགྱོཝ་ད་ལུ་ ཨ་ལོ་སྦོམ་སོང་སྟེ་ སྨན་ཤིང་མའི་ ཨེ་ཙི་འོག་ལུ་ ཀ་ཤའི་རོ་ཅིག་ ཚུར་གྱི་ ཨེ་ཙི་འོག་ལུ་བཙུགས་ཏེ་ འབག་སྡོད་ནུག་ཟེར་ ཨིན་པས་ འ་ནཱི་ ཨ་ལོ་ཕྱད་ནུག་ གཡུས་ཁའི་ མི་ཚུ་འགྱོཝ་ད་ལུ། དེ་ལསཏེ་ འ་ནཱེ་སྦེ་སོང་སྟེ་ ཁྱོད་དེ་བཟུམ་ཅི་ སླབ་དེས་དབའི་ ང་བཅས་རའི་ གཡུས་ཁར་སྲིནམོ་ཐནན་ཡི་ཟེར་ སླབ་ད་ཏེ་ དེ་ལས་ཏེ་ ཡ་ཡ་ ང་འོང་ནི།
  • འཕང་པའི་རྡོ་རྗེ་
    གཡུས་ཁ་འོང་ནི་ཟེར་ འོངམ་ད་ལུ་ཏེ་ ཕགཔ་དགུ་ ཕགཔ་དགུའི་པགས་ཀོ་གི་ ངེ་ལགཔ་བཤུབ་བཙེམ་ འ་ནཱི བཙེམ་སྨ་རེ་ཟེར་ གོ་བཙེམ་སྨ་རེ་ཟེར་ ཏེ་ལྕགས་དོས་དགུ་གི་ ངེ་ལགཔ་བཤུབ་བརྡུང་ཟེར་ འ་ནཱི་ ཚར་ཞིནམ་ལས་སླབ་སྨ་རེ་ཟེར་ སླབ་ནུག། དེ་ལས་ཏེ་ ཡ་ཡ་ བཏུབ་བཏུབ་ཟེར་ དེ་ལས་ཏེ་ ཁྱིམ་ནང་འོང་སྟེ་ ཕགཔ་དགུ་བསད་དེ་ འདི་གི་པགས་ཀོ་གིས་ གོ་ལ་བཙེམས་ཏེ་ ཏེ་ལྕགས་དོས་དགུ་གིས་ ལགཔ་བཤུབ་རྡུངས་ཏེ།
  • འཕང་པའི་རྡོ་རྗེ་
    དེ་ལས་ཏེ་ ཚར་ཞིནམ་ལས་ སོང་སྟེ་སླབ་ད་ ཏེ་སྲིནམོ་དང་ ཁོ་ཕྱད་ནུག་འཐབ་འཛིན་ འཐབ་སྟེ་ ཏེ་སྲིནམོ་གིས ཨ་ལོ་གིས་ སླབ་ནུག། དྭཝ་བུཚུ་གིས་ འ་ནཱི་ གཉའ་རྒོད་ཀྱིས་སླབ་སླབ་མས། ང་གིས་ གཞར་ནི་སྨོ? ཁྱོད་ཀྱིས་གཞར་ནི? ཟེརཝ་ད་ ང་གིས་ ཞར་ནི་ཟེར་སླབ་མས་ལོ་མེན་ན། དེ་ལས་ཏེ་ སྲིནམོ་གིས་ ཁོ་ལུ་ ཞརཝ་ད་ ཕགཔ་གི་པགས་ཀོ་ལས་ ཚལ་ལུ་ཐོན་ཏེ་ དེ་ལས་ཏེ་ ཁོ་བཟའ་དོཝ་ཨིན་པས།
  • འཕང་པའི་རྡོ་རྗེ་
    ཏེ་ང་གིས་ གཞར་གེ་སྨ་རེ་ཟེར་ སླབ་སླབ་མས། ང་གིས་ གཞར་ནི་ད་འབདན་ཟེརཝ་ད་ ཁོ་གིས་ ལྕགས་དོས་དགུ་གི་ལགཔ་བཤུབ་ཀྱིས སྲིནམོ་ཚར་གཅིག་གུ་ བསད་བཞག་ནུག་ཨེབ་སྟེ་ འ་ ཨེབ་བསད་དེ་ དབའི་ དེ་ལས་ཏེ་ རྒྱལ་པོ་འདྲོག་ཆེ་ནུག་ཏེ་ དབའི་ ང་གིས་ཡང་ བཏུལ་མ་ཚུགས་ སྲིནམོ་ར་བསད་ཚུགས་པས། འ་ནཱི་ ཨ་ལོ་གིས་ ག་ཅི་འབདཝ་ད་ དྲག་ག་ཟེར་ མནོ་བསམ་བཏང་ནུག་རྒྱལཔོ།
  • འཕང་པའི་རྡོ་རྗེ་
    རྒྱལ་པོ་མནོ་བསམ་བཞེད་དེ་ ད་ག་དེ་སྦེ་བལྟ་རུང་ སྟབས་མི་བདེ་ནི་ཨིན་པས་ འ་ནཱི་འདི་ཟེར་ འ་ནཱི་ ཨ་ལོ་གིས་ ག་ཅི་གུ་ཅི་གཅིག་འདི་ འབད་ར་འབད་ནི་མས་ཟེར་ སླབ་སྟེ་ སེང་གེའི་ཨམ་གྱི་ ཨོམ་ཞོལ་འབག་ཤོག་ཟེར་ སླབ་སླབ་མས། སེང་གེའི་བཟའ་བཅུག་ཟེར་ཨིན་པས་ཁོ་ རྒྱལཔོ་གིས་འབད་བ་ཅིན་ སེང་གེའི་ཨམ་གྱིས་ བཟའ་བཅུག་ཟེར་ ཁོ་སླབ་སྟེ་ དེ་ལས་ཏེ་ བཏུབ་ཟེར་བཏུབ་ཟེར་ ང་གིས་ འབག་འོང་གེ་སྨ་རེ་ སེང་གེ་ཨམ་གྱི་ ཨོམ་ཞོལ་ཏེ་ཟེར་ སླབ་སྟེ་ དོབ་གཅིག་འབག་སྟེ་འགྱོཝ་ད།
  • འཕང་པའི་རྡོ་རྗེ་
    ནཱ་ལས་ སྒོམ་ཆུ་བཟུམ་ཅིག་ལྷོདཔ་ད་ མིག་ཏོག་སྦོམ་ཅིག་ཕྱད་ནུག་ ཁོ་གི་ཆ་རོགས། མིག་ཏོག་སྦོམ་སྦོམ་སྦེ་མི་ཅིག་ཕྱད་ནུག་ ཁོ་གི་ཆ་རོགས། དེ་ལས་ཏེ་དབའི་ ཁྱེད་གཉིས་ཏེ་ ག་ཏེ་འགྱོཝ་སྨོ་ཟེར་ སླབ་ད་ལུ་ ང་ འ་ནཱི་ཨིན་དབའི་ མ་པ་ལས་ར་མིན་འདུག་ སེང་གེ་ཨམ་གྱི་ ཨོམ་ཞོལ་འབག་ཤོག་ཟེར་ གསུངས་དེས།
  • འཕང་པའི་རྡོ་རྗེ་
    རྒྱལ་པོ་གིས་ཟེར་ སླབ་ད་ དབའི་ ཁྱེད་གཉིས་དང་ ང་འགྱོ་བ་ཅིན་དྲག་དབའི་ རྣམ་ཅོག་སྦོམ་ཅིག་ཕྱད་ནུག་ ད་རུང་ར་ རྣམ་ཅོག་སྦོམ་ ཏེ་ཁོང་ གསུམ་ཡར་སོང་ནུག། དེ་ལས་ ད་རུང་ ཡར་ལྷོདཔ་ད་ལུ་ ད་རུང་ར་ དབའི་ ཁྱེད་གསུམ་ཏེ་ ག་ཏེ་འགྱོ་ནི་སྨོ་ཟེར་ སླབ་སླབ་མས། ཁྱེད་གསུམ་ག་ཏེ་འགྱོ་ནི་ཟེར་ སླབ་ད་ཏེ་ སེང་གེ་ཨམ་གྱི་ ཨོམ་ཞོལ་ལེན་བར་འགྱོ་དོ་ཟེར་ སླབ་ད་ ཏེ་ལྷ་པ་སྦོམ་ཕྱད་ནུག་ ད་རུང་ར།
  • འཕང་པའི་རྡོ་རྗེ་
    ལྷ་པ་རིངམ་རིངམ་སྦེ་མི་ཅིག་ཕྱད་དེ་ དེ་ལས་ཏེ་ དབའི་ ཁྱེད་བཞི་ཏེ་ ག་ཏེ་འགྱོ་སྨོ་ཟེར་ སླབ་ནུག་ཡར་ ད་རུང་ར་ ཡར་བལྟ་ཡར་བལྟ་འགྱོ་འགྱོཝ་ཨིན་པས། ཁོང་གསུམ་ འགྱོཝ་ད་ ལགཔ་རིངམ་གཅིག་ཕྱད་ནུག་ ད་ དབའི་ ཁྱེད་བཞི་ལས་འདི་ ང་བཅས་ལྔ་དྲགས་འོང་མས་ ང་བཅས་ལྔ་འགྱོ་གེ་སྨ་རེ་ཟེར་ སླབ་སྟེ་སོང་ནུག།
  • འཕང་པའི་རྡོ་རྗེ་
    སོང་སྟེ་ ཁོང་ལྔ་སོང་སྟེ་ འགྱོཝ་ད་ སེང་གེ་ཨམ་ དཔེར་ན་འབད་བ་ཅིན་ ཡར་ གཡང་མཁར་ཕུག་བཟུམ་གཅིག་ལས་བལྟཝ་ད་ ཕར་ ཕོག་ལ་ཟུར་གསུམ་ཅིག་ཁར་ ཉལ་ཏེ་འདུག་ཟེར་ཨིན་པས། བྱག་གི་ཟུར་ལུ་ ཕྱུག་ཀུ་ལུ་ ཨོམ་བྱིན་ཏེ་ ཉལ་ནུག། ཏེ་མིག་ཏོག་སྦོམ་གྱིས་མཐོང་ཆེ་ནུག། དབའི་ འ་ནཱ་འདུག་ འ་ནཱ་འདུག་ཟེར་ སླབ་སླབ་མས།
  • འཕང་པའི་རྡོ་རྗེ་
    ཏེ་འ་ནཱི་ ལྷ་པ་རིངམ་གིས་ཏེ་ དབའི་ ཨིན་ན་མེན་ན་ཟེར་ དྲིམ་ཧུམ་བལྟ་ནུག། ཨིན་པས་ཨིན་པས་ཟེར་ སླབ་མས་ལོ། ཏེ་རྣམ་ཅོག་སྦོམ་གྱི་ཏེ་ གཉིད་ལོག་ནུག་ག་བལྟ་སྟེ་ རྣམ་ཅོག་ཉན་ནུག། འ་ གཉིད་ལོང་ནུག་ གཉིད་ལོང་ནུག་ཟེརཝ་ད་ འ་ནཱི་ ལགཔ་རིངམ་གྱིས་ ཨོམ་དོབ་ཅིག་ཐོབ་ནུག་ཟེར་ཨིན་པས་ ཨོམ་ཞོལ་ཏེ་ ལགཔ་རིམ་གྱིས་ ཨོམ་ཐོབ་སྟེ་ འབག་སྟེ་ ལོག་འོང་ནུག་ལགས།
  • འཕང་པའི་རྡོ་རྗེ་
    དེ་ལས་ཏེ་ ཁོང་ཚུ་ ཡ་ ཐོབ་ཅིག་སྨ་རེ་ རྒྱལ་པོ་ཟེར་ དེ་ལས་ཏེ་ རྒྱལ་པོ་ལུ་ཕུལ་ནུག། དབའི་ ག་ཅི་འབད་རུང་ འབད་མ་ཚུགས་ འ་ནཱི་མི་ལུ་ འབད་མི་ཚུགས་ནི་མས་ཟེར་ ཁོ་ར་ རྒྱལ་ནི་ཨིན་མས་ཟེར་ དེ་ལས་ཏེ་ སྦྱིན་བདག་ཕྱེ་དཀ་ཅིག་ གོ་བཤའ་རྐྱབས་སྟེ་སྡོད་གེ་ ང་བཅས་གཉིས་ཟེར།
  • འཕང་པའི་རྡོ་རྗེ་
    ཏེ་སྦྱིན་བདག་ བགོ་བཤའ་རྐྱབ་ཅིག་ཟེར་ཨིན་པས་དེ་ལས་ཏེ་ དཔེར་ན་འབད་བ་ཅིན་ ད་ལྟོ་ ང་བཅས་ ཨ་ལོ་ཚུ་ལུ་ གོ་བཤའ་རྐྱབ་མི་ དཔེ་འདི་ཨིན་ཟེར་ཨིན་པས། འ་ནཱི་ བགོ་བཤའ་རྐྱབ་ཏེ་ ཏེ་འ་ནཱི་ ཨ་ལོ་ལུ་ མ་པ་ལས་ར་ འབད་མི་ཚུགས་མི་པས་ རྒྱལཔོ་ཡང་ གསད་བཞག་ནི་ཨིན་པ་ས་ མེན་ན་ ཁོ་གིས་ ཨེབ་སྟེ་ མ་པ་དེ། ཁོ་ གཉའ་རྒོད་ཨིན་པས། ག་དེམ་ཅིག་སྦོམ་ཡོདཔ་ཨིན་ན་ཁོ་ཏེ་ དེ་སྦེ་ སྦྱིན་བདག་བགོ་བཤའ་རྐྱབ་སྟེ་ སྡོད་ཡི་ཟེར་ སླབ་ཨིན་པས་ ཡ།