Skip to main content Skip to search
25 Jun 2018
2 min 25 sec
Video Overview
Creators: 
Duptho, Sonam Chophel

Pema Yangzom of Yabrang village tells the story of a louse and a flea, in which the two insects compete in a race carrying firewood on their backs. Whoever wins will be rewarded with food. The louse says that she wants to go first. The flea accepts since she thinks that she will get to the finish line first by jumping faster than the louse can crawl. However, when the flea jumps with the load on her back, she gets diverted again and again. The louse goes slowly while the flea jumps all over the place and is left behind. A louse reaches the finish line first and eats all the meat and drinks all the wine. The story conveys the message that it is better to move slowly, but steadily. 

༉  ཤིག་དང་ཀི་ཤིག་གི་སྲུང་འདི་ བཀྲ་ཤིས་སྒང་རྫོང་ཁག་ ཕོངས་མེད་རྒེད་འོག་ གཡུས་ཡབ་རང་ལས་པདྨ་དབྱངས་འཛོམས་ཀྱིས་གཏང་ཏེ་འདུག འ་ནཱི་བཟུམ་སྦེ་སྲུང་གཏང་ནི་འདི་ དེང་སང་གི་འཕྲུལ་རིགས་ཀྱི་ཡར་རྒྱས་གོང་འཕེལ་མ་འགྱོ་བའི་གནས་སྐབས་ནང་ དར་ཁྱབ་ཆེ་ཏོག་ཏོ་སྦེ་ཡོད་པའི་ལམ་སྲོལ་ངོ་མ་ཅིག་ཨིན། ཧེ་མ་བཟུམ་ཅིག་འབད་བ་ཅིན་ དོན་ངོ་མ་ལུ་ སྲུང་ཉན་དགོ་མནོ་མི་ན་གཞོན་ཚུ་ལུ་དང་ འཕྲལ་འཕྲལ་མནོ་ནི་མ་བཏགས་མི་ཨ་ལོ་ཚུ་གི་སེམས་ལྷུ་ནི་གི་དོན་ལས་ཡང་སྲུང་གཏང་ས་གོཝ་ཨིན་པས། ཨ་ལོ་ཚུ་ ཕྱི་རུ་འཕྲལ་འཕྲལ་སྐད་རྐྱབ་ འཕྲལ་འཕྲལ་སྔུ་སྟེ་ཉལ་མ་བཏུབ་པའི་སྐབས་ལུ་ ཕམ་ཚུ་གིས་ ཡ་ཨ་ལོ་ཚུ་རྣམ་ཅོ་ཉོན་ཤིག་ ང་གིས་སྲུང་གཏང་གེ་ནོ་ཟེར་ སྲུང་གཏང་སྡོད་པའི་བར་ན་ར་ ཨ་ལོ་ཚུ་གཉིད་ལོག་སྡོད་སར་མཐོང་ཡི། དེ་བཟུམ་གྱི་གནས་སྐབས་ཚུ་ཡང་སྟོན་ས་མཐོང་ཡི། འ་ནཱི་ཤིག་དང་ཀི་ཤིག་གི་སྲུང་གི་བཅུད་དོན་འབད་བ་ཅིན་ ལཱ་ག་ཅི་ར་འབད་རུང་ འཚབ་འཚུབས་བཏང་མ་འབད་བར་ རང་མནོ་མི་དོན་དག་འདི་ ཚར་གཅིག་གུ་མ་གྲུབ་སྟེ་འབད་རུང་ སེམས་དཔའ་མ་ཞུམ་པར་ལྷོད་ལྷོད་འབད་དེ་ སེམས་ཤུགས་དང་ཚོར་སྣང་ཅན་གྱི་སྒོ་ལས་འབད་དགོཔ་སྦེ་སྟོནམ་ཨིན་མས།

Transcript search
No results found for this search
0 of 0
  • པདྨ་དབྱངས་འཛོམས་
    Pema Yangzom: དང་ཕུ་ལུ་ ཤིག་དང་ཀི་ཤིག་ཅིག་འདུག་ལོ། ཨ་ནཱ་ལས་ ཁོང་གཉིས་འདི་ ཤིང་འཐུ་བར་འགྱོ་ཡི་ལོ་ཏེ་ ཁྱིམ་ནང་ལྟོ་འབད་ དེ་ལས་ཨ་ནཱ་ལས་ཤ་བཙོ་ ཆང་བསྐོལ་ མར་ཆང་བཟོ་ ཁོང་གཉིས་ཤིང་འཐུ་བར་སོང་ དེ་ལས་ཨ་ནཱ་ལས་ ཤིག་དང་ཀི་ཤིག་འདི་ ཤིང་འཐུ་བར་འགྱོ་སྦེ་ ཤིང་ཁུར་ཆ་རེ་བཟོ་ཁོང་གཉིས་ ཕར་ལས་ ཁྱོད་རྒྱལ་བ་ཅིན་ ཁྱོད་ཟ་སྨེ་ལྟོ་ཟེར་ ང་རྒྱལ་བ་ཅིན་ ང་བཟའ་ནི་སྨེ་ཟེར་ ཏེ་ཁོང་གཉིས་འོང་ཡི་ལོ་ཏེ་ འོང་སྦེ་ ཤིང་ཁུར་ཆ་རེ་འབག་སྟེ་ དེ་ལས་ཨ་ནཱ་ལས་ ཤིག་གིས་ང་ཧེ་མ་འགྱོ་ནི་ ང་ཧེ་མ་བཟའ་ནི་ཟེར་ ཤིག་གིས་མགྱོགས་པར་མགྱོགས་པར་འབག་འོངམ་ད་ལུ་ ཀི་ཤིག་ ང་མགྱོགས་པར་མགྱོགས་པར་མཆོངས་འགྱོ་ནི་ཟེར་ ཤིང་ཁུར་འབག་ཅི་རང་མཆོངས་ ཤིང་ཁུར་ས་ཁར་ཤོར་ ཤིང་ཁུར་འབག་ཅི་རང་མཆོངས་ ད་རུང་ས་ཁར་ཤོར་སོང་ཡི་ལོ་མོ་འདི་ ཀི་ཤིག་འདི།
  • པདྨ་དབྱངས་འཛོམས་
    Pema Yangzom: དེ་ལས་ ཤིག་དེ་གིས་ མུ་ཏུ་མུ་ཏུ་བཏང་འབག་སྟེ་ ཀི་ཤིག་མཆོངས་ ག་ཏེ་གུ་ཏེ་མཆོངས་སྡོདཔ་ད་ལུ་ ཀི་ཤིག་ཤུལ་ཤུལ་ལུས་སོ་ཡི་ལོ། ལྟོ་ཕར་ ཤིག་དེ་གིས་ཐོབ་སྦེ་ ཏེ་མོ་གིས་ཟ་སྦེ་ ཏེ་ཆང་འཐུང་ ཤ་ཟ་མོ་འདིནི་ སྒོའི་རྒྱབ་ཁར་གཡིབ་སྡོད་ཅི་ལོ་ཏེ། ཀི་ཤིག་ཁུར་ཆ་རོག་བཏང་ལྷོད་ཅི་ལོ་ ཕྱི་ཁ་ལྷོད་སྦེ་ དེ་ལས་ འུམ་ང་ལྟོ་བཟའ་ནི་ཟེར་ ཤིག་གིས་ག་ར་ཟ་་་་་་ ཤིག་དེ་གིས་ཟ་སྦེ་ ཀི་ཤིག་ལྟོ་མ་ཐོབ་ལོ་བ་ཏེ་ཁོ།
  • པདྨ་དབྱངས་འཛོམས་
    Pema Yangzom: དེ་ལས་ཨ་ནཱ་ལས་ ཕྱི་ཁ་ལས་ ཀ་ལ་ཕྱེས་བལྟཝ་ད་ ལྟོ་མིན་འདུག་ལོ་ ཚོདམོ་ཕྱེས་བལྟ་ད་ ཚོདམོ་མིན་འདུག་ལོ་ མོ་འདི། ཆང་ཕྱེས་བལྟཝ་ད་ལུ་ ཆང་ཡང་མིན་འདུག་ལོ་ མོ་འདི། ཡ་བལྟ་ཤིག་མོ་ཟེར། [མེ་དུམ་ཅིག་?] ག་ཏེ་ཡོད་ག་ཟེར་ བཏེག་སྦེ་འབགཔ་ད་ལུ་ ཧི་ཧི་ཧི་ཟེརཝ་མས་ལོ་ མོ་འདི། ཨ་ནཱི་སྦེ་ ནུམ་བྱིན་ཡི་ལོ་བ་ ཤིག་དཀརཔོ་འདི་ འཐོན་དེས་ལོ་བ་ཏེ་ ཨེ་ཧེ་ཧི་ཧི་་་་་ ཨ་ནཱི་ཅིག་ར་ངེའི་གཏམ་ ཧ་ཧ་ཧ་་་་ ཤིག་འདི་ མེ་བཏང་བཏངམ་ཨིན་ལོ་ ད་ལྟོ་ཨ་ནཱེ་སྦེ་འབད་མི་འདི།། །།