Skip to main content Skip to search
26 Jan 2016
14 min 52 sec
Video Overview
Creators: 
Sherig Dentshog

The story narrates an encounter betwee a loom maker and a huge snake. The loom maker saves the snake and the snake endowed him with the power of understanding animal speech. The snake warns him to keep this secret or else be devoured. During a business trip, the man buys a pair of horses and two yak tails, one white and one black. The white yak tail had the power of bringing beings back from death; and the black one, the power to kill. One day the man was telling his wife it was a snake that gave him the power, and the snake appeared to devour him. The loom maker escaped, and though the snake chased him, the loom maker used his black yak tail to kill it.

སྲུང་འདི་ སེམས་ཅན་གྱི་་ བློ་ཧ་གོ་ཚུགས་མི་ མི་ཅིག་གི་སྐོར་ལས་ བཅོས་སྲུང་ཅིག་་ཨིན་པས། སྲུང་འདི་ནང་ འཐག་ཅུང་མཁན་པོ་ཟེར་ འཐག་ཤིང་བཟོ་ནི་ནང་ མཁས་དྲགས་ཅན་ཅིག་ཨིན་མི་འདི་དང་ མི་གཟུགས་དཀརཔོ་དང་ གནགཔ་ དམརཔོ་འབད་མི་ཅིག་གིས་ བདའ་འོང་མི་ སྦུལ་སྦོམ་ཅིག་དང་ཕྱད་པའི་སྐོར་ལས་ བཤདཔ་ཨིནམ་ད་ འདི་ནང་ འཐག་ཤིང་བཟོ་མི་འདི་གིས་ སྦུལ་འདི་ སྲོག་སྐྱབས་འབདཝ་ད་ སྦུལ་འདི་གིས་ ཁོ་ལུ་ བཀའ་དྲིན་དགའ་ཚོར་སྦེ་ སེམས་ཅན་གྱི་ བློ་འདི་ཚུ་ཡང་ ཧ་གོ་ཚུགས་པའི་ རྣམ་ཅོག གོ་ནིའི་ནུས་པ་ཅིག་ བྱིན་བྱིནམ་ཨིན་པས།་ དེ་བསྒང་ སྦུལ་འདི་གིས་ ཁོ་ལུ་ འདི་བཟུམ་གྱི་ནུས་པ་འདི་ ག་དེ་སྦེ་ཐོབ་ཐོབ་ཨིན་ན་ ག་ལུ་ཡང་ སླབ་ནི་མེདཔ་ད་ ག་དེ་ཅིག་སྦེ་ སླབ་པ་ཅིན་ ཁོ་གིས་ དེ་འཕྲོ་ལས་ བཟའ་ནི་ཨ་ན་ཟེར་ སླབ་སླབ་མས། དེ་ལས་ ལམ་ཁར་ ཚོང་ལུ་འགྱོ་མི་ཚུ་ནང་ གཡག་གི་མཇུག་མ་ དཀརཔོ་དང་ དམརཔོ་འདི་ མ་འདྲཝ་ཡོད་པའི་སྐོར་ལས་ རྟ་གིས་ སླབ་སར་ ཁོ་གིས་ གོ་ཞིནམ་ལས་ གཡག་གི་མཇུག་མ་གཉིསཔ་འདི་ འཐུ་འབག་འབགཔ་མས། ཏེ་ མཇུག་མ་དཀརཔོ་འདི་གིས་ ཤི་ཤིཝ་ལས་ ལོག་ལྷོང་ཚུགས་དོ་ཡོདཔ་ད་ གནངཔ་འདི་གིས་ གསད་ཚུགས་དོ་ཡོདཔ་མས། ཉིནམ་གཅིག་འབདཝ་ད་ ཁོ་གི་ ཨམ་སྲུ་འདི་གིས་ ཁོ་ལུ་ རྣམ་ཅོག་གོ་ནིའི་ ནུས་པ་མ་འདྲཝ་ ནཱི་བཟུམ་ཡོདཔ་ཧ་གོ་སྟེ་ ཁོ་གིས་ མོ་ལུ་ ནུས་པ་འདི་ སྦུལ་གྱིས་ བྱིན་ཡི་ཟེར་ སླབ་ཅིག་ སྦུལ་འདི་ ག་ཏེ་ལས་འོངམ་ཨིན་ན་མ་ཤེས་པར་ ཁོ་བཟའ་བར་འོང་ཡི་ཟེར་མས། འདི་འབདཝ་ད་ འཐག་ཤིང་བཟོ་མི་དེ་གིས་ རྟ་གུར་ཞོནམ་་ བྱོག་འགྱོཝ་ད་ སྦུལ་དེ་གིས་ བདའ་འགྱོཝ་ད་ ཡུདཔ་ཅིག་ལས་ སྦུལ་འདི་ འུ་སྡུག་སྟེ་དྲན་མེད་སྦེ་ འགྱེལ་སྡོད་ད་ འཐབ་ཤིང་བཟོ་མི་གིས་ མཇུག་མ་གནགཔ་དེ་ ལག་ལན་འཐབ་སྟེ་ སྦུལ་དེ་བསད་ཅི་ཟེར་མས།

 

Transcript search
No results found for this search
0 of 0
  • གསང་སྔགས་རིག་འཛིན་:Sangak Rinzin
    ཨ་ འ་ནཱ་ ཐགས་ཅུང་(བཏགམ་) བཟོ་མི་ཟེར་བའི་སྐོར་ལས་ ཞུ་གེ་ལགས། བཏགསམ་བཟོ་མི་་ཟེར་ དང་ཕུགས་འབད་བ་ཅིན་ ཨ་པ་གཅིག་ ཏེ་འ་ནཱི་ བཏགསམ་བཟོ་སྟེ་ ཏེ་འ་ནཱ་ ནགས་ཚལ་ལུ་སྡོད་སྡོདཔ་མས་ལགས། བཏགསམ་བཟོ་སྡོདཔ་ད་ འ་ནཱི་ ཆརཔ་རྐྱབ་སྟེ་ ཛའི འ་ནཱི་ དང་ཕུགས་ཀྱི་ ང་བཅས་ཀྱི་ འ་ནཱི་ ཉི་གདུགསཔ་ཟེར་མི་འདི་ མི་ཐོབ་སྨོ་ལགས?
  • གསང་སྔགས་རིག་འཛིན་:Sangak Rinzin
    བོ་ར(ཕད་ཙི)་ཟེར་རུང་ འ་ནཱི་ བཀབ་སྟེ་སྡོད་འོང་མེད་ན་ལགས? འ་ནཱ་ གུར་ འ་ནཱི་ གྱིབ་ཟེར་མི་ ཆུ་ཤོག་ཟེར་ མི་ཐོབ་པས་མེན་ན་དང་ཕུགས། དེ་འབདཝ་ལས་ ང་བཅས་ བོ་ར་བཀབ་སྟེ་ ཏེ་ཁོ་ འ་ནཱ་སྡོད་དེ་ དང་ཕུགས་ཁོ་ བོ་ར་ བཏགསམ་བཟོ་སྟེ་སྡོདཔ་ད་ བོ་ར་དལ་ཏེ་ ཆརཔ་ནང་ལུ།
  • གསང་སྔགས་རིག་འཛིན་:Sangak Rinzin
    བཏགསམ་བཟོ་སྡོདཔ་ད་ལུ་ཏེ་ འ་ འ་ནཱ་ གཞུ་དཀརཔོ་ འ་ མདའ་དཀརཔོ་ མི་དཀརཔོ་སྦེ་མི་ཅིག་ རྒྱུགས(བརྒྱུག་)་འོང་དེས་ཟེར་ཨིན་མས་ ཁོ་གི་རྩ་བར་ འ་ མེན་ འ་ནཱ་ དགོངསམ་མ་ཁྲལ་ ང་གིས་འཛོལ་སོང་ཡི་ལགས། འ་ནཱ་ དེ་སྦེ་སྡོདཔ་ད་ལུ་ཏེ་ སྦུལ་ བཏགསམ་བཟོ་སྡོདཔ་ད་ལུ་ཏེ་ ང་དེ་སྦེ་སྡོདཔ་ད་ འ་ སྐད་ར་ ཟོ་ཏོག་ཏོ་ཏོ་རྐྱབ་སྟེ་འོང་དེས་ཟེར་ཨིན་པས་ལགས།
  • གསང་སྔགས་རིག་འཛིན་:Sangak Rinzin
    ཡ་ ག་ཅི་འོངམ་ཨིན་ན་ མིག་གིས་འདི་མི་མཐོང་པས་ཟེར་ བལྟཝ་ད་ ཡར་བཟུམ་ཅིག་ལས་ ནགས་ཚལ་འདི་ ཟོབ་ཟོབ་ཟོབ་ཟོབ་སྦེ་ དེ་འོང་མས་ ཧ་ལམ་ཅིག་ལས་ སྦུལ་སྦོམ་ཨ་རག་ཟངས་བཟུམ་སྦེ་ ཐོན་འོང་མས་ཟེར་ཨིན་མས་ལགས། ཡ་བླ་མ་མཁྱེན་ནོ་ ང་ བཟའ་ནི་ཨིན་མས་ ད་རེས་ཟེར།
  • གསང་སྔགས་རིག་འཛིན་:Sangak Rinzin
    ཁོ་གིས་ ལོང་སྟེ་ འ་ནཱ་ བྱོག་འགྱོ་ནི་འབདཝ་ད་ ཁྱོད་མ་འགྱོ་སྡོད་ཤིག་ ང་གིས་ མི་བཟའ་ཟེར་ ཏེ དེ་སྦེ་ སླབ་སླབ་ཨིན་པས་ལགས་སྦུལ་སྦོམ་གྱིས། ཁྱོད་མི་བཟའ་ ང་གིས་ བློ་ལེགས་ཤོམ་སྦེ་སླབ་གེ་ སྡོད་ཟེར་ ཏེ་ཁོ་དེ་ འ་ནཱི་ འདྲོག་སྟེ་ དེ་སྦེ་འབདཝ་ད་ ཏེ་ག་ཅི་སྨོ་ཟེརཝ་ད་ དབའི་ ང་གསད་མི་འོང་དོ་ ད་ལྟོ་ར་ཟེར།
  • གསང་སྔགས་རིག་འཛིན་:Sangak Rinzin
    ཏེ་ཁྱོད་ཀྱིས་ འ་ནཱི་ བོ་ར་ཕད་རྩ་གིས་སྦེ་ སྤུགཔ༼སྤུབ༽་སྟེ་ ངེ་གི་གུ་ ང་ འ་ནཱེ་སྦེ་ ཐེ་སྒོར་སྒོར་སྦེ་ བཟོ་སྡོད་གེ་ ཁྱོད་ལྟག་ལུ་སྡོད་ཤིག་ ང་ད་ལྟོ་ར་ གསད་མི་འོང་དོ་ཟེར་ སྦུལ་སྦོམ་གྱིས་ལགས།
  • གསང་སྔགས་རིག་འཛིན་:Sangak Rinzin
    ཏེ་ཁོ་གིས་ འ་ནཱེ་སྦེ་ མཛེ་ཀོ་བཟུམ་སྦེ་ དཀྱི་ཡི་དཀྱི་དཀྱི་སྦེ་ཏེ་ མཇུག་མ་འ་ནཱེ་སྦེ་ བར་ན་བཙུགས་སྟེ་ ཀོག་ཏོ་བཟོ་སྟེ་ མཛེ་ཀོ་བཟུམ་སྦེ་བཟོ་སྟེ་ དེ་སྦེ་སྡོད་ནུག་ལགས། བོ་ར་ འདིགུ་ འཐིང་ད་ཟེར་ སྦུལ་སྦོམ་གྱིས་ སླབ་དེས་ལོ་ལགས།
  • གསང་སྔགས་རིག་འཛིན་:Sangak Rinzin
    སླབ་སླབ་ཨིན་པས། དེ་སྦེ་འབདཝ་ད་ལུ་ཏེ་ ཡ་ བཅོམ་ཅིག (སོ་བཏབ་)་བྱིན་ནི་ཨིན་མས་འ་ནཱི་ ཁྱོད་ ག་ནི་ཡང་མི་སྦེ་ཁྱོད་ཟེར་ ཁྱོད་འ་ནཱ་སྡོད་ད་ མགྱོགས་པར་སྡོད་ད་ ང་ ད་ལྟོ་ར་འོང་དོ་ འ་ནཱ་ལྷོད་ནུག་ཟེར་ སླབ་ད་ ཏེ་ཁོ་གིས་ བོ་ར་གི་སྦེ་ ལྟེམ་ལྟེ་སྤུབས་ཏེ་ ཏེ་དེའི་གུ་སྡོད་སྦེ་ བཏགསམ་བཟོ་སྡོད་སྡོདཔ་ཨིན་པས་ལགས།
  • གསང་སྔགས་རིག་འཛིན་:Sangak Rinzin
    ཏེ་ད་ཅི་ཞུ་དོ་བཟུམ་སྦེ་ ངེ་འ་ནཱི་ འ་ འ་ནཱི་ མདའ་དམརཔོ་ གཞུ་དམརཔོ་ འ་ མེན་ འ་ནཱ་ མདའ་དམརཔོ་ འ་ནཱེ་སྦེ་ དུག་དུག་དུག་ རྒྱུགས་སྟེ་འོང་དེས་ཟེར་ཨིན་པས་ལགས། དབའི་ བཏགསམ་བཟོ་མི་ སྦུལ་སྦོམ་མ་མཐོང་ག་ཟེར་ སླབ་ད་ ཏེ་མེད་ མ་མཐོང་ཟེར་ ཏེ་ཁོ་གིས་ དེ་སྦེ་སླབ་སླབ་མས་ལགས།
  • གསང་སྔགས་རིག་འཛིན་:Sangak Rinzin
    ཏེ་ཁོ་གིས་ ཧེ་མ་ལས་ར་སླབ་སླབ་འོང་ནི་མས་ ཁོ་གིས་ལགས། ང་ དེ་སྦེ་ མ་མཐོང་ཟེར་ སླབ་ཟེར་ ད་རུང་ར་ མདའ་དཀརཔོ་ གཞུ་དཀརཔོ་ མི་དཀརཔོ་འབག་སྟེ་ ད་རུང་ར་ འོང་དེས་ཟེར་ཨིན་པས། དབའི་ (བཏགསམ)བཟོ་མི་ སྦུལ་སྦོམ་མ་མཐོང་ག་ཟེརཝ་ད་ མེད མ་མཐོང་ཟེར་ སླབ་སླབ་མས་ལགས།
  • གསང་སྔགས་རིག་འཛིན་:Sangak Rinzin
    ཏེ་ད་རུང་ར་ གཞུ་གནགཔ་ོ མདའ་གནགསཔོ་ མི་གནགསཔོ་སྦེ་ འཇུག་ལུ་ར་ ཁོ་འོང་དེས་ཟེར་ཨིན་པས་ལགས། དབའི་ བཏགསམ་བཟོ་མི་ སྦུལ་སྦོམ་མ་མཐོང་ག་ཟེར་ སླབ་ད་ལུ་ མེད་ མ་མཐོང་ཟེར་ སླབ་ད་ ཤུལ་འ་ནཱ་ལས་ར་འོང་ནུག་ཟེར་ ཁྱོད་ཀྱིས་ འ་ནཱ་ལས་ར་་འོང་ནུག་ཟེར་ སླབ་ནུག་ལགས།
  • གསང་སྔགས་རིག་འཛིན་:Sangak Rinzin
    མེད་ མ་མཐོང་ ང་འ་ནཱ་ར་སྡོད་ཅི་ཟེར་ སླབ་ད་ ཏེ་ཁོ་ཡང་ ལོག་སོང་ཡི་ཟེར་ ཨིན་པས་ལགས། དེ་ལས་ འགྱོ་ཞིནམ་ལས་ཏེ་ ཏེ་ཡ་ ད་ཡར་སོང་ཡི་སྨོ་ ཁྱོད་ཕར་འབད་ཟེར་ ཏེ་སྦུལ་སྦོམ་གྱིས་ འ་ནཱེ་སྦེ་ སླབ་སླབ་མས་ལགས་ བཏགསམ་བཟོ་མི་ལུ།
  • གསང་སྔགས་རིག་འཛིན་:Sangak Rinzin
    འམ་ ཁོ་ འ་ནཱ་ མཇུག་མ་ སེ་ཏེ་སེ་ཏེ་སེ་ཏེ་ འ་ནཱེ་སྦེ་ ལྷོད་བཏང་སྟེ་ ལོག་སྟེ་ར་ཕྲང་སྡོད་ཞིནམ་ལས་ ཁོ་གི་ ཨོལ་ལྐོག་སེང་སྟེ་ ་ཁྱོད་ཀྱི་་ རྣམ་ཅོག་ཨ་ཙི་ཅིག་ ཉན་ད་ཟེར་ བཟེད་ད་ཁྱོད་ཀྱི་ རྣམ་ཅོག་ཟེར་ བཏགསམ་བཟོ་མི་ལུ་ སླབ་སླབ་མས་ སྦུལ་སྦོམ་གྱིས་ འུམ་ བཅོམ་བྱིན་ནི་ཨིན་མས་ ང་ མིན་དགོ་ཟེར་ རྣམ་ཅོག་མི་བཟེད་ཟེར་ སླབ་ད།
  • གསང་སྔགས་རིག་འཛིན་:Sangak Rinzin
    ཁྱོད་ལུ་ ག་ཅི་ཡང་མི་སྦེ༼འབད༽་ ང་གིས་ ཁྱོདབཟེད་བ་ཅིན་བཟེད་ད་ཟེར་ ཏེ་དེ་སྦེ་ སླབ་ནུག་ལགས། འ་ནཱེ་ལས་ཏེ་ གཅིག་ལུ་ འཕུ་ནུག་ལགས། ཕུར་རུ་རུ་སྦེ་ འཕུ་བྱིན་དེས་ཟེར་ཨིན་པས་ལགས། ད་རུང་ གཞན་མི་ཡང་བཟེད་ཟེར་ སླབ་དེས་ཟེར་ཨིན་པས་ལགས། གཅིག་ལུ་ འཕུ་ཞིནམ་ལས་ གཞན་ལུ་ལྷོདཔ་ད་ཏེ་ བཅོམ་ནི་ར་འོང་ཟེར་ མིན་དགོ་ཟེར་འགྱོལཝ་ད་ལུ་ཏེ།
  • གསང་སྔགས་རིག་འཛིན་:Sangak Rinzin
    ཁྱོད་ ཚར་གཅིག་བཟེད་ད་ དེ་ལས་ཏེ་ ང་གིས་ བློ་སླབ་ནི་ཟེར་ ཁོ་གིས་ དེ་སྦེ་སླབ་ནུག་ལགས། དེ་འབདཝ་ལས་ ཏེ་གཞན་ལོག་གཅིག་ཡང་ འཕུ་སྟེ་འབདཝ་ད་ ཡ་ ཁོ་ འ་ནཱ་ ཕར་ ལོག་གཅིག་འཕུཝ་ད་ལུ་ར་ སེམས་ར་ག་ཅི་ཨིན་ན་ཅིག་ འགྱུར་སོང་ཡི་ཟེར་ཨིན་མས་ལགས། འ་ནཱ་ལས་ཏེ་ ཁོ་གིས་ ཏེ་སྦུལ་སྦོམ་གྱིས་ འ་ནཱེ་སྦེ་ སླབ་ནུག་ལགས།
  • གསང་སྔགས་རིག་འཛིན་:Sangak Rinzin
    ཁྱོད་ ཕར་ ལ་གཅིག་འདུག་སྨོ? འ་ནཱི་གི་ ཕར་ལུ་ ལ་གཅིག་ཡོད་ འ་ནཱི་གི་རྒྱབ་ཁར་ལས་ ཁྱོད་ཀྱིས་ འབུབ་ཆུང་ཀུ་ཚུ་ ཧའི་འཕྱར་ས་རྣམ་ཅོག་གོ་འོང་ཟེར་ ཏེ་ཁྱོད་ ག་ཅི་འབད་རུང་ འ་ནཱ་ ཁྱོད་ རྣམ་ཅོག་ག་ཅི་སྦེ་གོ་ཡི་ཟེར་བ་ཅིན་ ང་འ་ནཱི་བཟུམ་གྱི་ སྦུལ་སྦོམ་གྱི་ ལུང་འཕུ་བྱིན་ཞིནམ་ལས་ཚུར་ རྣམ་ཅོག་གོ་ཡི་ཟེར་ མ་སླབ།
  • གསང་སྔགས་རིག་འཛིན་:Sangak Rinzin
    དེ་སྦེ་སླབ་པ་ཅིན་ ང་གིས་ ཁྱོད་བཟའ་འོང་ཟེར་ འདི་གིས་ སླབ་སླབ་ཨིན་པས་ལགས། ཏེ་འ་ནཱི་ སྦུལ་སྦོམ་དེ་ དེ་སྦེ་ འ་ནཱེ་སྦེ་ ཁྱོད་ དེ་སྦེ་ སླབ་པ་ཅིན་ ང་གིས་ དུས་འཕྲོ་ལས་འོང་སྟེ་ བཟའ་ནི་ ང་གིས་ཟེར་ སླབ་སྟེ་ ཁོང་གཉིས་ཁ་་འབྱལ་ནུག་ལགས། ཁོ་ཡར་སོང་ཟེར་ ཨིན་པས་ལགས། འ་ནཱི་འགྱོ་ཞིནམ་ལས་ ཁོ་ ཁྱིམ་ནང་འགྱོ་ནི་ཟེར་ བ་བདའ་འགྱོཝ་ད་ ཕར་ ལ་དགུའི་རྒྱབ་ལས་ འབུབ་ཆུང་ཀུ་ཚུ་ དོན་དག་ར༼བདེན་པ་རང༽་ ཧའི་འཕྱར་ས་གོ་ཡི་ཟེར་ཨིན་པས་ལགས།
  • གསང་སྔགས་རིག་འཛིན་:Sangak Rinzin
    དབའི་ཟེར་ཁོ་ ཏེ་ཁྱིམ་ནང་འགྱོ་ཞིནམ་ལས་ ཏེ་ཁྱིམ་ནང་ཏེ་ འབུབའདི་ཚུ་ ག་ཅི་གུ་ཅི་ བློ་སླབ་དེས་ཟེར་ ཨིན་མས་ལགས། ཁོ་གིས་ དེ་སྦེ་ འ་ནཱེ་སྦེ་ ཁོ་ ཉིནམ་ཅིག་འབདཝ་ད་ཏེ་ཚོང་ལུ་འགྱོ་འགྱོཝ་ཨིན་མས་ལགས། ཚོང་ལུ་འགྱོཝ་ད་ ཁོང་ འ་ནཱ་ ཁྱིམ་ ལམ་བར་ན་སྐོར་ལུ་ཏེ་ ཁྱིམ་ཅིག་འདུག་ཟེར་ཨིན་མས་ལགས།
  • གསང་སྔགས་རིག་འཛིན་:Sangak Rinzin
    དེ་ཚལ་མ་ཨིན་མས་ལགས། ཚུར་ཡང་ཚལ་མ་ འ་ནཱ་ ཁོང་ ཉལ་ཉལ་བའི་ ཤུལ་ལེ་ཤ་ དེ་སྦེ་ཨིན་པས། ཁོང་ ཚོང་པ་ ཏེ་ལེ་ཤ་འདུག་ཟེར་ཨིན་པས་ འདི་ནང་ ཁོང་འ་ནཱི་ རྟ་གཅིག་ གཉིས་འདུག་ཟེར་ཨིན་མས་ལགས་འཁྱིད་དེ། ཏེ་འ་ནཱི་ ཁོང་ཆམཉམ་་བློ་སླབ་སྟེ་ འ་ནཱི་ འ་ནཱི་སྦེ་སྡོད་དེ་ འ་ནཱི་ ཕྱི་རུའི་ ལྟོ་བཟའ་ཞིནམ་ལས་ ཉལ་ཉལཝ་ཨིན་པས་ལགས།
  • གསང་སྔགས་རིག་འཛིན་:Sangak Rinzin
    དེ་སྦེ་ཉལཝ་ད་ལུ་ཏེ་ གཡག་གི་མཇུག་མ་ གནགཔོ་མར་ཁ་ཐུག་འདུག་ཟེར་ཨིན་པས། དཀརཔོ་དེ་ ཡར་ཁ་ཐུག་ལུ་འདུག་ཟེར་ཨིན་པས་ལགས། ཏེ་ནུབ་མོ་ ཏེ་རྟ་ཚུ་ འ་ནཱི་ རྟ་གཉིས་བློ་སླབ་དེས་ཟེར་ཨིན་པས་ལགས། རྟ་འདི་ གནམ་མེད་ས་མེད་ འ་ནཱ་ ཉམས་ཤོར་ཏེ་ གནམ་མེད་ས་མེད་ ཞེན་ཁོག(ཞན་ཁོག)་སོང་ནུག་ཟེར་ཨིན་པས་ལག
  • གསང་སྔགས་རིག་འཛིན་:Sangak Rinzin
    ཏེ་རྟ་གཉིས་ བློ་སླབ་དེས་ཟེར་ཨིན་པས་ལགས། ཁོང་ཚུ་ ཉལ་ཏེ་ ཁོང་ཚུ་ མ་ཉལ་རུང་ རྣམ་ཅོག་མི་གོ་ནི་ཨིན་པས་ ཁོང་ཚུ། འ་ནཱ་ ཡ་ད་ ང་བཅས་ཀྱི་ འ་ནཱི་ སྦྱིན་བདག་གིས་ འ་ནཱི་ སྨད་ལྕགས་བཏོན་བྱིན་པ་ཅིན་ དོས་ག་དེམ་ཅིག་བཀལ་རུང་ འབག་ཚུགས་ནི་ཨིན་མས་ཟེར་ ཏེ་ཤི་ནི་མས་ཟེར་ དེ་སྦེ་ རྟ་གཉིས་ བློ་སླབ་དེས་ཟེར་ཨིན་པས་ལགས།
  • གསང་སྔགས་རིག་འཛིན་:Sangak Rinzin
    ག་དེ་སྦེ་སྨོ་ཟེར་བ་ཅིན་ སྨད་ལྕག་ཟེར་ ཧེ་མའི་ འ་ནཱི་ ཚོང་པ་ཚུ་གིས་ འགྱོ་མི་བཏུབ་པས་ཟེར་ ལྕགས་འ་ནཱི་ སྒོར་སྒོར་སྦེ་ སྤྱི་ཏོག་བཟོ་ཞིནམ་ལས་ མེ་ནང་བཙུགས་ཏེ་ འ་ནཱ་ རྐངམ་དང་ ལགཔ་གུ་བསྡམས་ཏེ་འདུག་ཟེར་ཨིན་པས་ལགས། འ་ནཱི་བཏོན་བྱིན་པ་ཅིན་ དོས་ག་དེ་ཅིག་འབག་ཟེར་རུང་ འབག་ཚུགས་ནི་ཨིན་མས་ཟེར།
  • གསང་སྔགས་རིག་འཛིན་:Sangak Rinzin
    ཏེ་དེ་ གཡག་གི་མཇུག་མ་ མར་ལས་ཡར་བལྟ་ དཀརཔ་ལུ་ བློ་སླབ་དེས་ཟེར་ཨིན་པས་ལགས། འ་ འ་ནཱི་ མི་ཚུ་ ད་ལྟོ་ གཉིལ་ལོག་སོང་ནུག་མེན་ན? འ་ནཱི་ འ་ནཱ་ལས་ ཡར་བལྟ་ ང་གིས་ བུང་ར་ལོག་ནི་མེདཔ་སྦེ་ ང་གིས་ གསད་ཚུགས་ཁོང་ཚུ་ཟེར་ བློ་དེ་སྦེ་ སླབ་དེས་ཟེར་ཨིན་པས་ལགས་ གནགཔོ་གིས།
  • གསང་སྔགས་རིག་འཛིན་:Sangak Rinzin
    ཏེ་དཀརཔོ་གིས་ ལོག་སླབ་དེས་ཟེར་ ཨིན་པས་ལགས། ཁྱོད་ཀྱི་ གསད་ཚུགས་པ་ཅིན་ ང་གིས་ འ་ནཱི་ མི་ག་ར་ལོང་ཚུགས་ཟེར་ འ་ནཱི་ཡང་ ཏེ་ཁོ་གིས་ ཡ་ འ་ནཱི་ ང་དགོ་ནི་ཨིན་པས་ཟེར་མནོ་སྟེ་ ཏེ་ཁོ་གིས་ བདེན་ག་བལྟ་གེ་ཟེར་ ནངས་པ་ཧ་ལམ་ གནམ་མ་ལངམ་ཅིག་ཁར་ ཁོ་གིས་ གཡག་གི་མཇུག་མ་ གནགཔོ་འདི་ བཏོགས་སྟེ་ འ་ནཱི་ ཁོང་ ཁོ་གི་ ཚོང་པ་ཆ་རོགས་ཚུ་ ཆ་མཉམ་གྱི་ ཁ་ནང་ བཙུགས་བཞག་བཞགཔ་ཨིན་པས་ལགས།
  • གསང་སྔགས་རིག་འཛིན་:Sangak Rinzin
    དྲོ་པ་ ཆུ་ཚོད་བརྒྱད་འགྱོ་རུང་ དགུ་འགྱོ་རུང་ འ་ནཱ་ ཁོང་ ཚོང་དཔོན་ཆ་རོགས་ཚུ་ ལོང་ནི་མིན་འདུག་ཟེར་ཨིན་པས། ཧ་ལམ་ཅིག་ལས་ཏེ་ གནམ་བསྲོ་དོ་ཡོདཔ་མས། ཁོ་གི་སྦོ་ལོགས་ཁར་ཡོད་མི་ གཅིག་རྐྱངམ་ཅིག་གུ་ མ་བཙུགས་མས་ལགས། དབའི་ བསྐྱལ་སར་བསྐྱལ་ཡི་ ངེ་ཆ་རོགས་ཚུ་ཟེར་ ཡ་ ཁོ་ རྔུ་རྔུ་ཝ་མས་ལགས།
  • གསང་སྔགས་རིག་འཛིན་:Sangak Rinzin
    དབའི་ ཁྱོད་ཀྱི་དབའི་ ག་དེ་སྦེ་སྨོ་དབའི་ཟེར་ སླབ་ད་ དབའི་ དེ་ལས་ཏེ་ བཅོས་ཐབས་ཅིག་ འོང་ནི་འོང་ཟེར་ སླབ་ད་ ང་གིས་ཟེརཝ་ད་ལུ་ཏེ་ ཁྱོད་ལུ་ བཅོས་ཐབས་ཡོད་པ་ཅིན་ དབའི་ཟེར་ སླབ་ཏེ་ ང་གིས་ འ་ནཱི་ ལྷོང་ཚུགས་ འ་ནཱི་ མི་ཚུགས་ཟེར་ སླབ་སླབཨིན་པས་ལགས། ཏེ་ཁྱོད་ཡང་ ལོག་ ཉལ་ད་ཟེར་ མལ་ཆ་གིས་བཀབ་སྟེ་ འ་ ཉལ་སྡོདཔ་ད་ ཁོ་གིས་ འ་ནཱི་ གཡག་གི་མཇུག་མ་ གནགཔོ་འདི་བཏོན་ཏེ།
  • གསང་སྔགས་རིག་འཛིན་:Sangak Rinzin
    དཀརཔོ་བཙུགས་བཏངམ་ད་ འར་འུར་བཏང་ ཛའི་ ང་བཅས་ཚུ་དབའི་ ག་ཅི་འབད་ཡི་ཟེར་ བསྐྱལ་སར་བསྐྱར་ནུག་ཟེར་ སླབ་ཏེ་ ཏེ་ཆ་རོགས་ཀྱིས་ དབའི་ ཁྱེད་ཚུ་ག་ར་ ཤི་སོང་ནུག། ཏེ་ནཱ་ ཁོ་ ཆ་རོགས་ཀྱིས་སྦེ་ ཁོ་གིས་ བཅོས་ཐབས་འབད་དེ་ ལྷོང་ཚུགས་ཚུགསཔ་ཨིན། ཁྱེད་ག་ར་ཤི་སོང་ནུག། འ་ནཱི་ ཁ་བསྐོར་ཏེ་ འབུབ་ར་ཨ་ནཱེ་རེ་ བུད་དེ་འདུག་ཟེར་ཨིན་པས་ལགས།
  • གསང་སྔགས་རིག་འཛིན་:Sangak Rinzin
    ཏེ་ཡ་ ད་འབདན་ གནམ་མེད་ས་མེད་ བཀའ་དྲིན་ཆེ་ནུག། ཏེ་ག་ཅི་ ག་དེ་ཅིག་དགོ་ནི་ ཁྱོད་ཟེར་ ཏི་རུ་སྦེ་ ག་དེ་ཅིག་དགོ་ནི་ཟེར་ སླབ་ད་ ང་ ག་ནི་ཡང་མིན་དགོ་གཞན་ཟེར་སླབ་ད་ ག་ཅི་དགོ་ནི་ མི་བཏུབ་ སླབ་ད་གཅིག་འདི་ཟེར་ སླབ་ད་ལུ་ ང་ རྟ་ ཉམས་ཤོར་མི་ཅིག་དང་ གཡག་གི་ མཇུག་མ་གཉིས་གནང་ཟེར་ སླབ་ད་ལུ་ ཨ་ འབག་འབག་ ཁྱོད་ ག་ཅི་འབད་ནི་ རྟ་ གཉིས་ཆ་ར་འབག་སོང་ཟེར་ སླབ་ནུག་ལགས།
  • གསང་སྔགས་རིག་འཛིན་:Sangak Rinzin
    ཏེ་དེ་སྦེ་བཏུབ་ཟེར་ ཁོ་གིས་ དེ་སྦེ་བཏུབ་ཟེར་ འདི་ཡང་ཟེར་ གཡག་གི་མཇུག་མ་གཉིས་དང་ རྟ་ཚུ་འབག་འོང་སྟེ་ ཏེ་རྟ་ལུ་ ཁོ་གིས་ འ་ནཱི་ སྨད་ལྕགས་བཏོན་བྱིནམ་ལས་ ད་ལྟོ་ རྨེན་གྲི་ཐོན་ནུག་སྨོ་ལགས? འ་ནཱི་ཏེ་ དེ་སྦེ་ཨིན་ཟེར་ འ་ནཱེ་སྦེ་ཨིན་པས་ལགས། དེ་འབདཝ་ལས་ ཏེ་ཁོ་གི་ འ་ནཱ་ རྟ་ཡང་ ཁོ་གིས་ སྨད་ལྕགས་བཏོན་བྱིན་ཞིནམ་ལས་ ཉམས་བཏགས་ཏེ་ ཁོ་གིས་ འ་ནཱི་ ཆིབས་བཟོ་སྟེ་འབདཝ་ལས་ཏེ།
  • གསང་སྔགས་རིག་འཛིན་:Sangak Rinzin
    ཁྱིམ་ནང་སྡོདཔ་ད་ ཉིནམ་གཅིག་ཟེརཝ་ད་ འ་ འ་ནཱི་ ག་ཅི་ལོ་ འ་ནཱི་ ཁི་ལོག་པ་(སྦྱང་ནག)ཟེར་ སླབ་ཨིན་སྨོ་ལགས? འ་ནཱི་ཏེ་ སྲནམ་ཅུམ་གཟེབ་གུ་ལས་ཡར་བལྟ་འཛེག་དེས་ཟེར་ཨིན་པས་ ཡར་བལྟ། ཏེ་ལྷ་ས་མཐོངམ་ར་འབད་ནི་ཟེར་ ཏེ་ཁོ་ སྦང་ཆང་འཐུང་སྟེ་ ཨམ་སྲུ་ཡང་ཡོད་དོ་ཡོདཔ་མས་ལགས།། ཏེ་ཁོ་ བར་ན་ལྷོདཔ་ད་ལུ་ ཕུ་བླུགཔ་ཟེར་བུད་དེ་ ཡར་བལྟ་བལྟ་སྟེ་ ཨུ་ཤིག་ ཨུ་ཤིག་ཟེར་ སླབ་དེས་ཟེར་ཨིན་པས་ལགས་ སྦྱང་ནག་གིས་ སླབ་སླབ་ཨིན་པས་ལགས།
  • གསང་སྔགས་རིག་འཛིན་:Sangak Rinzin
    ཏེ་ཁོ་ འ་ནཱ་ བགའ་ཡར་སོང་མས་ལགས། རང་རྐྱངམ་གཅིག་ གོ་གོཝ་འབད་ནི་དེ་གིས་ ཁོ་བགའ་ཡར་སོང་ནུག་ལགས། ཨམ་སྲུ་ས་ཀྲག་ཅིག་ཡོདཔ་ཨིན་པས་ལགས། མི་བཏུབ་ཁྱོད་ ང་ལུ་ ག་ཅི་གི་ སྐྱོན་ཅིག་བལྟཝ་ཨིན་ན་ བལྟཝ་ཨིན་མས་ཟེར་ ཁྱོད་ མི་བཏུབ་ ད་ལྟོ་ར་ སླབ་ཟེར་ སླབ་ད་ལུ་ མེན་ ང་ མ་པ་ ནཱ་ ཧེ་མ་ ཚོང་རྐྱབ་རྐྱབ་ཀྱི་ འ་ནཱི་བློ་ ཆ་རོགས་ཚུ་དང་གཅིག་ཁར་ བློ་སླབ་སླབ་ཀྱི་ འ་ནཱི་ བགའཝ་ཨིན་ཟེར་ སླབ་སླབ་ཨིན་པས་ལགས།
  • གསང་སྔགས་རིག་འཛིན་:Sangak Rinzin
    མར་བལྟ་ འ་ནཱེ་སྦེ་བལྟཝ་ད་ འ་ནཱི་སྦེ་སྡོད་ནུག་ཟེར་ཨིན་མས་ལགས་ ད་རུང་ར་ ཡར་བལྟ་ སྲནམ་ཅུམ་གཟེབ་གུ་ལས་ཡར་བལྟ་འཛེག་སྟེ་ ད་རུང་ བར་ན་ལྷོདཔ་ད་ ད་རུང་ར་ འ་ནཱི་ ག་ཕུག་རྐྱབ་སྟེ་ ད་རུང་ ཨུ་ཤིག་ཨུ་ཤིག་ཟེར་ སླབ་སླབ་ཨིན་པས་ལགས། འ་ནཱི་སྦེ་བགའ་ ཁོ་ འ་ནཱ་བགའཝ་ལས་ ཨམ་སྲུ་གིས་ ཨེབ་ཨེབ་ཨིན་པས་ལགས།
  • གསང་སྔགས་རིག་འཛིན་:Sangak Rinzin
    དེ་སྦེ་སྡོདཔ་ད་ར་ སྦྱངམ་གྱི་ འ་ནཱི་གི་ ཕོརཔ་ཀྱི་ འ་ནཱི་ཕར་ཚུར་གྱི་ སྦང་ཆང་གི་ དྲོད་ཡོད་དོ་ཡོདཔ་མས་ལགས། ནཱ་ལས་ཕར་བལྟ་ སྦྱངམ་ཅིག་གི་ ཕཊ་ཟེར་ སླབ་དེས་ཟེར་ཨིན་མས་ལགས། དབའི་ ང་གིས་ ཕར་ཁ་ལུ་ ལྷོདཔ་སྦེ་ར་་འབད་ནི་ཟེར་ ཏེ་ཨ་མ་གིས་ སླབ་དེས་ཟེར་ཨིན་མས་ལགས། དབའི་ ནགཔ་སི་ཨ་པ་་ཟེར་འབོ་ འབོཔ་ཨིན་པས་ལགས་ ཨ་མ་གིས་ཏེ།
  • གསང་སྔགས་རིག་འཛིན་:Sangak Rinzin
    མ་འབད་མ་འབད་ནགཔ་སི་ཨ་པ་་ཟེར་ སླབ་སླབ་ཨིན་པས་ལགས། ང་གིས་ འ་ནཱི་ སྐེདཔ་ལས་ ཕར་སྐེདཔ་ལུ་ ལྷོདཔ་སྦེ་ར་འབད་ནི་ཟེར་ སླབ་ད་ལུ་ཏེ་ ཏེ་ཁོ་གིས་ འགྱོ་ནི་ཟེར་ར་ སླབ་སླབ་མས་ལགས། ཨ་མ་གི་ མ་འབད་མ་འབད་ མིན་དགོ་ནགཔ་སི་ཨ་ཕ་ཟེར་སླབ་ད་ལུ་འདི་ འགྱོ་ནི་ཟེར་ འ་ ཆོང་གཏངམ་ད་ བང་ཆང་གི་ བླང་པ་གི་ལེན་ཏེ་ ཁོ་ ནང་ན་འབུད་སོངམ་ཨིན་མས་ལགས།
  • གསང་སྔགས་རིག་འཛིན་:Sangak Rinzin
    ད་ ཨ་མ་ངུ་དེས་ཟེར་ཨིན་མས་ལགས་ འུའི་འུའི་ ནགཔ་སི་ཨ་པ་ མ་འབད་ཟེརཝ་ད་ མ་ཉན་པར་ ཁྱོད་ བསྐྱལ་སར་བསྐྱལ་ཡི་ད་འབདན་ཟེར་ འ་ནཱི་སྦེ་ རྔུའུ་ད་ ཁོ་ཏེ་ འ་ནཱི་གི་སྦེ་་ བགའ་སྟེ་འབདཝ་ད་ དེ་ལས་ཏེ་ ཨམ་སྲུ་གིས་ མ་བཏང་པས་ལགས། ཁྱོད་མི་བཏུབ་ ད་ འ་ནཱི་ ཁྱོད་ ད་ལྟོ་ར་ བགའ་དེས་ ད་རུང་ ལོག་སྟེ་ དེ་སྦེ་བགའ་དེས་ ཁྱོད་ ཚར་གཅིག་མེན་ ཚར་གཉིས་སོང་ཡི། འ་ནཱ་ མི་བཏུབ་ཟེར་ ཁྱོད་ སླབ་ཟེར།
  • གསང་སྔགས་རིག་འཛིན་:Sangak Rinzin
    མི་སླབ་ཟེར་རུང་ མ་ཉན་པས་ལགས། ང་ སླབ་མ་བཏུབ་ཅིག་ཡོད་ཟེར་ སླབ་བལྟ་རུང་ ཨམ་སྲུ་གིས་ མ་ཉན་པར་ དེ་ལས་ཏེ་ ཁོ་གིས་ བཏུབ་ ཁྱད་མེད་ ཏེ་ང་ ཧེ་མ་ལས་ ཁ་ཚིག་འདི་བཟུམ་ཡོད་ཟེར་ ད་རེས་ཏེ་ ཁོ་གིས་ སེམས་ཀྱི་མནོ་ནུག་ལགས། འ་ ཁ་ཚིག་འདི་བཟུམ་ཡོད་ཟེར་ ཏེ་ང་འདི་ ད་རེས་ བཟའ་ནི་ཨིན། ཨམ་སྲུ་གི་ མ་པ་ལས་ར་མི་བཏང་ནི་ཨིན་མས་ཟེར།
  • གསང་སྔགས་རིག་འཛིན་:Sangak Rinzin
    ཏེ་རྟ་གུ་སྒ་བཀལ་ཏེ་ རྐངམ་ཡ་གཅིག་ ཁོ་གི་ སྒོ་ཤིང་གུ་བཀལ་ཏེ་ གཞན་མི་གཅིག་ཡར་ འ་ནཱི་ ག་ཅི་ལོ་ རྟ་གུ་ འ་ནཱེ་འབད་དེ་ ཏེ་གཡག་གི་མཇུག་མ་ དཀརཔ་འདི་ ཧེ་མ་ར་ རྟའི་ཁ་ནང་བཙུགས་སྟེ་ དེ་ལས་ ཁོ་རའི་ ཁ་ནང་བཙུགས་སྟེ་ བཏུབ་ཟེར་ ཁྱད་མེད་ཟེར་ ཏེ་ད་ཅི་བགའ་མི་ འ་ནཱི་འདི་ ཏེ་སྦྱང་ནག་འདི་ ཁོ་ ཡར་བལྟ་ དེ་སྦེ་ བློ་སླབ་དེས། འ་ནཱ་ ཁོ་ མར་བལྟ་བུད་འགྱོཝ་ད་ ཏེ་ཡར་བལྟ་བལྟ་སྦེ་ ཨུ་ཤིག་ཨུ་ཤིག་ཟེར་ སླབ་དེས།
  • གསང་སྔགས་རིག་འཛིན་:Sangak Rinzin
    ལྷ་ས་མཐོངམ་ར་འབད་ནི་ཟེར་ ཡར་བལྟ་འོངམ་ད་ སྲནམ་ཅུམ་གཟེབ་ཀྱི་བར་ན་ལྷོདཔ་ད་ བུད་སོང་འགྱོ་དེས། དེ་སྦེ་བགའ་ཡི། ད་ལྟོ་ མཇུག་གི་ལུ་ ལྷོདཔ་ད་ལུ་ཏེ་ ད་ སྦྱངམ་ ཨ་པ་དང་ ཨ་མ་གཅིག་སྡོད་ནུག་ཟེར་ ཏེ་ཨ་པ་གིས་ སླབ་དེས་ ཕར་ལས་ཡར་ལྷོདཔ་སྦེ་ར་འབད་ནི་ ཕཊ་ཕཊ་ཟེར་ སླབ་ད་ ཏེ་ཨ་མ་གིས་ མ་འབད་མ་འབད་ ནགཔ་སི་ཨ་ཕ་སླབ་དེས། ཏེ་ཨ་པ་གི་ བང་བཙོང་སྟེ་ མཆོངམ་ད་ལུ་ཏེ་ སྦང་ཆང་ནང་ལུ་འཛུལ་སོང་ཡི།
  • གསང་སྔགས་རིག་འཛིན་:Sangak Rinzin
    ང་གིས་ ད་ཅི་ འ་ནཱི་སྦེ་ བརྐོ་ཡི་མེད་ན་ འ་ནཱི་འདི་ དེ་སྦེ་བགའ་ཡི། དེ་སྦེ་ཨིན་ ཏེ་ང་ འ་ནཱེ་སྦེ་ རྣམ་ཅོག་གོ་མི་འདི་ ག་དེ་སྦེ་གོཝ་ཨིན་ན་ཟེར་བ་ཅིན་ ང་ སྦུལ་སྦོམ་གྱིས་ ལུངམ་འཕུ་ཞིནམ་ལས་ རྣམ་ཅོག་གོཝ་ཨིན་ཟེར་ སླབ་བཏངམ་ད་ ཚར་གཅིག་གུ་ཐོན་འོང་ནུག་ལགས།་ ཁོ་གིས་ བཟའ་ནི་ཟེར་ ཚར་གཅིག་ལུ་ཐོན་འོང་བཏངམ་ད་ ཏེ་ ཁོང་གཉིས་ཏེ་ གནམ་ཁར་འགྱོ་ནི་ཨིན་པས་འཕུར་ཏེ།
  • གསང་སྔགས་རིག་འཛིན་:Sangak Rinzin
    གནམ་ཁར་སོང་སྟེ་ ཛའི་ འ་ནཱེ་སྦེ་འཕུར་ཏེ་ འདྲན་འདྲ་ འདྲན་འདྲ་འགྱོཝ་ད་ ཧ་ལམ་ཅིག་ལས་ འམ་ སྦུལ་སྦོམ་ཁོ་འདི་ཡང་ ཐང་ཆད་དེ་ རྟ་ཡང་ཆད་དེ་ ཏེ་ལོག་ས་ཁར་འབབ་འོངམ་ད་ལུ་ ཁོང་གཉིས་ གཉིས་ཀྱི་ ཧེ་མ་ར་ གཡག་གི་མཇུག་མ་ དཀརཔོ་བཙུགས་བཞགཔ་ལས་ ཏེ་ཁོ་མར་ལུ་ཡང་ སྦུལ་སྦོམ་འདི་ ཕར་བཟུམ་ཅིག་ལུ་ ཕོག་སྟེ་ཨིན་མས་ལགས། ཁོ་ཤི་སོང་ནུག་ཟེར་ཨིན་པས་ལགས།
  • གསང་སྔགས་རིག་འཛིན་:Sangak Rinzin
    འ་ནཱི་དཀརཔོ་ ཨ་ཙི་ཅིག་ སྦོ་ལོགས་ཁར་སྦེ་ ཨུར་བཏངམ་ད་ མཇུག་མ་ སོད་ཏེ་ཏེ་ཏེ་འབདཝ་མས་ཟེར་ དེ་སྦེ་ཨིན་པས་ལགས། འ་ནཱི་ དེམ་ཅིག་ཨིན་ལགས། ལོག་སྟེ་ གནགཔོ་ཨུརཝ་ད་ འ་ནཱི་ ཤི་ཤིཝ་ཨིན་པས་ལགས། དེམ་ཅིག་ཨིན་པས་ལགས།