Video Overview
One can be superior in terms of strength and power, but at the end of the day it is keen intellect that matters. Intelligence teaches us to control or eliminate afflictive emotions (anger, greed, jealousy and so forth). If we cannot control or eliminate these emotions, we will end up losing our lives just like the lion does in the story. If we do not eliminate these afflictive emotions, our lives will be showered with misfortunes.
མོང་སྒར་ སྔ་ཚང་ལས་ ཕུན་ཚོགས་དབང་འདུས་ཀྱིས་གཏང་མི་སྲུང་དེ་ གཟུགས་སྦོམ་དང་སྟོབས་ཤུགས་ཅན་ ག་ཅི་བཟུམ་རང་ཡོད་རུང་ རིག་པ་དང་གནས་སྐབས་འདི་ར་ ཁག་ཆེཝ་སྦེ་སྟོནམ་ཨིན་པས། དེ་ལས་གཅིག་ རང་ལུ་ཡོད་པའི་ འདོད་ཆགས་ ཞེ་སྡང་ ང་རྒྱལ་ལ་སོགས་པའི་ཉོན་མོངས་པ་ཚུ་ སྤང་དགོཔ་སྦེ་སྟོནམ་ཨིན་པས། དེ་ཚུ་མ་སྤང་པ་ཅིན་ རི་དྭགས་ཀྱི་རྒྱལ་པོ་སེངྒེ་བཟུམ་སྦེ་ ཞེ་སྡང་ཤུགས་ཆེ་བའི་སྟབས་ཀྱིས་ རང་གི་སྲོག་བྱང་དཔ་བཟུམ་སྦེ་ ང་བཅས་ར་ཆ་ཁྱབ་ཀྱིས་ཡང་ ཉོན་མོངས་པའི་དབང་ལུ་ཤུགས་ཐལ་བ་ཅིན་ ཚེ་འདི་ལུ་ཡང་སྐྱོན་སྦོམ་ཡོདཔ་མ་ཚད་ ཕྱི་མ་ངན་སོང་ལུ་སྐྱེས་ཏེ་ སྡུག་བསྔལ་ཚད་མེདཔ་སྦེ་མྱོང་དགོ་ནི་ཨིན་མས།
- Ngatsang
- ཕུན་ཚོགས་དབང་འདུས/Phuntsho Wangdiཧེ་མ་ལགས། ང་བཅས་ར་ རི་དྭགས་སེམས་ཅན་ནང་ལས་ གངས་སེང་གེ་དཀར་མོ་འདི་ དཔོན་སྦེ་ རྩིས་དོ་མས་བ་ལགས། དཔོན་ཨིན་མས་བ་ལགས། དཔེ་འབད་བ་ཅིན་ རྒྱལཔོ་ཨིན་མས་ཁོ་འདི་ལགས།
- ཕུན་ཚོགས་དབང་འདུས/Phuntsho Wangdiདེ་འབདཝ་ད་ལུ་ ཏེ་ད་ལྟོ་ང་བཅས་ར་ རི་དྭགས་སེམས་ཅན་ནང་ལས་ ཁོ་གི་ཁ་ ཉིནམ་རེ་ལུ་ ཁོ་གི་ཤ་ནོར་རེ་རེ་འགྱོ་དགོ་དོ་ཡོདཔ་མས་ལགས།
- ཕུན་ཚོགས་དབང་འདུས/Phuntsho Wangdiག་ཨིན་རུང་རང་ གོ་རིམ་དང་འཁྲིལ་ཏེ་ཕོག་པའི་བསྒང་ལས་ འགྱོ་དགོཔ་ད་ རེ་རེ་ རེ་རེ་ཟ་དོ་ཡོདཔ་མས། ཏེ་ཟ་ཡི་ཧ་ལམ་འགྱོ་འགྱོཝ་ཨིན་མས་ལགས། ཟ་སྦེ་ཧ་ལམ་འགྱོ་འགྱོཝ་ཨིན་མས་ལགས།
- ཕུན་ཚོགས་དབང་འདུས/Phuntsho Wangdiཉིནམ་གཅིག་འབདཝད་ རི་བོང་ལུ་ཕོག་ནུག་ལགས། རི་བོང་ལུ་ཕོག་སྟེ་ དེ་ལས་ ཁྱོད་བསྐོར་རྒྱབ་ལྷོད་ནུག་ཟེར་ བརྡ་སྤྲོད་མི་ཡང་ཡོདཔ་མས་ལགས། ཁོང་ལུ་ལགས། ཁོང་རི་དྭགས་སེམས་ཅན་ནང་ལུ་ཡང་ འ་ནི་སྦེ་བཟོ་སྟེ་ཡོདཔ་མས་བ་ལགས།
- ཕུན་ཚོགས་དབང་འདུས/Phuntsho Wangdiང་བཅས་ན་ ད་ལྟོ་ང་བཅས་ནཱ་འགྲོ་བ་མིའི་ལུགས་བཟུམ་སྦེ་ ཁོང་ལུ་ཡང་རྩིས་ནི་ཅིག་ཡོདཔ་མས་ལགས། ཁྱོད་འགྱོ་དགོ་པས་ ཟེར་སླབ་སྦེ་ཏེ་ དེ་ལས་རི་བོང་འགྱོ་དགོཔ་ཐོན་ནུག་ལགས། རི་བོང་གིས་མགྱོགས་པར་མ་འགྱོ་བས། འགྱོ་ནི་སྦེ་བཅའ་སྒྲིག་རྐྱབས་ཏེ་ མགྱོགས་པར་མ་འགྱོ་བས་ཁོ་གིས་ལགས། དུས་ཚོད་ལུ་མ་འགྱོ་བ་ ལྷོདཔ་ཅིག་ཉིན་འཛུལ་རནམ་ད་རྐྱངམ་ཅིག་ འགྱོ་ནུག
- ཕུན་ཚོགས་དབང་འདུས/Phuntsho Wangdiཁོ་གིས་མ་པ་ལས་ར་ ཧིང་ལས་འབད་རང་མ་འགྱོ་བ་སྡོད་སྡོདཔ་མས། དེ་ལས་ སེང་གེ་གནམ་མེད་ས་མེད་ཙིགཔ་ཟ་སྟེ་ལགས། ལྟོ་བཀྱེས་ ལྟོ་མ་ལྷོད་པར་ ཤ་ནོར་མ་ལྷོད་པར་ གནམ་མེད་ས་མེད་ཙིགཔ་ཟ་སྡོདཔ་ད་ དེ་ལས་རི་བོང་ཀྲིག་ཀྲི་འཐོན་འགྱོ་འགྱོཝ་མས།
- ཕུན་ཚོགས་དབང་འདུས/Phuntsho Wangdiདེ་ལས་ དབའེ་ ངེའི་བཀའ་མི་ཉན་ག? ཁྱོད་ག་དེ་སྦེ་སྡོད་སྡོདཔ་སྨོ? ཁྱོད་དུས་ཚོད་ཁར་མ་འོང་པ་ག་ཅི་འབད་སྡོད་ཡི་ ང་ནཱ་ལྟོ་བཀྱེས་ དཀའཝ་སྤྱད་འ་ནི་སྦེ་སྡོདཔ་ད་ ཁྱོད་ག་ཅི་སྦེ་འོང་མ་བཏུབ་སྨོ? ག་ཅི་སྦེ་སྡོད་ཅི་ ཟེར་སླབ་སླབ་མས།
- ཕུན་ཚོགས་དབང་འདུས/Phuntsho Wangdiདེ་ལས་ རི་བོང་གིས་ ལམ་ཁར་ཆུ་རྫིང་སྦོམ་ཅིག་ཡོདཔ་མས་ལགས། ཆུ་རྫིང་སྦོམ་ཅིག་ནང་ ཁྱོད་ཅོག་ར་འཐདཔ་ཅིག་ རྒྱལ་པོ་ཨིན་ཟེར་ ང་འདི་ ཁོ་གི་ལྟོ་ཨིན་ཟེར་ ཁོ་གིས་ཟ་ནི་ཨིན་ཟེར་ གནམ་མེད་ས་མེད་བཀག་ཆག་འབད་དེ་ ཁོ་གིས་ཏེ་ རྡིག་རྡིགམ་འབད་དེ་ ང་ཟ་ནི་རང་འབད་ཡི།
- ཕུན་ཚོགས་དབང་འདུས/Phuntsho Wangdiཨིན་རུང་རང་ཏེ་ ང་བཅས་ཀྱི་རྒྱལ་པོ་སོ་སོ་རང་ཡོདཔ་ཟེར་ ཁྱོད་འདི་མེན་ཟེར་ ང་ཕར་གྱི་རྒྱལ་པོ་གིས་དགོངསམ་ཁྲེལ་འོང་ ང་འགྱོ་ར་འགྱོ་ཟེར་ ང་རྒྱལ་སྦེ་ར་འོང་འོངམ་ཨིན། ཁྱོད་ཅོག་ར་འཐདཔ་ཅིག་མར་ཆུ་རྫིང་ནང་ན་འདུག་ ཟེར་སླབ་སླབ་མས།
- ཕུན་ཚོགས་དབང་འདུས/Phuntsho Wangdiཡ་ཡ་ ང་ལས་་་ ང་ལས་ལྷག་པའི་སྦོམ་ ག་ཡང་མེདཔ་ཨིན། ཏེ་རྒྱལ་པོ་འདི་ང་ཨིན་ཟེརཝ་ད་ ད་རུང་ ང་དང་གཅིག་ཁར་དོ་འགྲན་འབད་མི་ཅིག་ཡང་ ད་རུང་རྒྱལ་པོ་ཅིག་ཡོདཔ་མས་བ་ཏེ། ང་ཅོག་ར་འཐདཔ་ཅིག་ཡོདཔ་མས་བ་ཏེ་ ང་བཅས་གཉིས་ད་ལྟོ་རང་འགྱོ་གེ་ འགྱོ་ཟེར་ འཁྱིད་འགྱོ་ནུག
- ཕུན་ཚོགས་དབང་འདུས/Phuntsho Wangdiདེ་ལས་ རི་བོང་གིས་འཁྱིད་འབག་སྦེ་ བར་ན་ཆུ་རྫིང་སྦོམ་ཅིག་ གནམ་མེད་ས་མེད་ཆུ་གཏིང་ དང་ཕུགས་འབད་བ་ཅིན་མཚོ་རེ་ཆགས་ མཚོ་བསྐོར་མི་ བྱོག་འགྱོ་མི་མ་པ་ལས་ར་ཆུ་ ཏེ་འ་ནི་རྫིང་གནམ་མེད་ས་མེད་ སྦོམ་འཁྱིལ་སྡོད་སྡོདཔ་ཡོདཔ་མས་བ་ལགས། འ་ནི་ནང་ལྷོདཔ་ད་ འ་ནི་ནང་འཁྱིད་འབག་ནུག་ལགས། འ་ནི་ནང་ན་འདུག་ ཟེར་སླབ་ནུག་ལགས།
- ཕུན་ཚོགས་དབང་འདུས/Phuntsho Wangdiག་སྟེ་སྨོ་ཟེརཝ་ད་ ཁོ་ར་གི་གྱིབ་མ་མཐོང་མཐོངམ་མས་བ་ལགས། གྱིབ་མ་མཐོངམ་ད་ལུ་ཏེ་ ཁོ་གིས་ མཆེཝ་སྟོན་ཏེ་ གནམ་མེད་ས་མེད་འགྱིང་སྟབས་སྟོན་ཏེ་ ཕར་འབད་བའི་སྐབས་ལུ་མར་ གནམ་མེད་ས་མེད་ཏེ་ ཅོག་ར་འཐདཔ་འབད་དེ་ དེ་ལས་ ཡར་ལས་ད་རུང་ ཡེར་ཡེར་འབད་བའི་སྐབས་ལུ།
- ཕུན་ཚོགས་དབང་འདུས/Phuntsho Wangdiགནམ་མེད་ས་མེད་ མར་ལས་ཅོག་ར་འཐདཔ་སྦེ་འབད་བའི་སྐབས་ལུ་ཏེ་ ཁོ་གི་གནམ་མེད་ས་མེད་ཁོང་ཁྲོ་ལངས་པའི་ཤུགས་ཀྱིས་ཏེ་ ཚར་གཅིག་ཁུ་མར་ རྫིང་ནང་ན་འ་ནི་ ག་ཅི་ལོ་ ལྟོ་ཚང་འདི་བསད་སྦེ་ ཁོ་ ཁོ་ལས་ང་རྒྱལཝ་སྦེ་ར་གཏང་ནི་ཟེར་ ང་ཨིན་ཟེརཝ་ད་ ཁོ་སྦོམ་ཅིག་བཟོཝ་མས་ཟེར།
- ཕུན་ཚོགས་དབང་འདུས/Phuntsho Wangdiཏེ་ ཁོ་སྦོམ་ཅིག་བཟོཝ་མས་ཟེར་ ཏེ་ཁོ་ར་གི་ང་རྒྱལ་གྱིས་ཏེ་ ཞེ་སྡང་ང་རྒྱལ་ཕྲག་དོག་ གནམ་མེད་ས་མེད་ཀྱི་ཤུགས་ལངས་ཏེ་ མར་ཏེ་མཆོང་བཏངམ་ད་ལུ་ཏེ་ ཆུ་རྫིང་ནང་ན་འགྱོ་སྦེ་ ཤི་སོ་ཡི་ལོ་ལགས།