Skip to main content Skip to search
28 Jun 2018
8 min 12 sec
Rating
0
No votes yet
Video Overview
Creators: 
Sherig Dentshog

Naku and Sempa from Wangphu village in Martshala gewog, Samdrup Jongkhar narrate the story of Lama Pha Marpa and Rechungpa. The title of the story itself may be wrong, given that the story is about Pha Marpa and Milarepa. Milarepa requested Marpa to give teachings, and Marpa told him to construct a square building. The next morning, Marpa came and gave him another task. Again, after Milarepa had built half of it, Marpa came and asked him to tear it down and return the stones used in the building to whence they came. Finally, Milarepa finished his construction and was allowed to receive the secret teaching from Pha Marpa.     

 

Show More

  • ནག་ཀུ་ Naku
    བླ་མ་ང་ཆོས་ཞུ་གེ་ཟེརཝ་ད་ ཁྱོད་ཀྱིས་ཆོས་མི་འབད་ མིང་དགོ་ཟེར་ འབད་ནི་ས་འབད་ནི་ཟེར་སླབ་སྟེ་ འ་ནཱ་ལས་ བཟོ་དེས་ལོ་ བླམ་གིས་བཏུབ་ ཏེ་མཚམས་ཁང་བཟོ་ཟེར་ ཧེ་མ་རང་མཚམས་ཁང་བཟོ་བཅུག་སྟེ་ མཚམས་ཁང་བཟོ་སྟེ་ མཚམས་ཁང་ཟུར་གཅིག་བཟོ་སྨེ་ཟེར་སླབ་སྟེ་ ཟུར་གཅིག་འམད་མི་བཟོ་སྦེ་ བླ་མ་བསྒྲུབས་ཅི་ཟེར་འགྱོ་བལྟཝ་ད་ བླ་མ་་་་་ མཚམས་ཁང་འདི་ ཟུར་གཉིས་མ་གཏོགས་ གཅིག་འབད་མི་ག་ཏེ་འོང་ནི་ཟེར་སླབ་སྟེ།
  • ནག་ཀུ་ Naku
    དགོངསམ་ཁྲེལ་ཏེ་བྱོན་སོ་ཡི་ལོ། དེ་ལས་ དོ་རུང་ ཟུར་གཉིས་བཟོ་བཟོཝ་མས། བཟོ་སྟེ་ བླ་མ་ མཚམས་ཁང་བསྒྲུབས་ཅི་ཟེརཝ་ད་ དེ་ལས་འགྱོ་བལྟཝ་ད་ ཡ་མཚམས་ཁང་འདི་ ཟུར་གསུམ་འོང་ གཉིས་འབད་མི་ག་ཏེ་བཟོ་འོང་ཟེར་ ཆོས་འདི་ མ་ཞུ་རུང་མི་ཞུ་ཟེར་ བྱོག་ཡར་སོ་ཡི་ལོ། བྱོག་སོང་སྟེ་ ཤིང་དུམ་ཅིག་ཕྱད་ནུག་ བྱའི་སྒྲོ་གིས་བཏོག་སྡོད་ནུག་ལོ་མི་གཅིག་ དབའེ་ ག་ཅི་འབདཝ་སྨོ་ཁྱོད་ཟེརཝ་ད།
  • ནག་ཀུ་ Naku
    འ་ནཱི་ཤིང་དུམ་བཏོག་ཚརཝ་ད་རྐྱངམ་ཅིག་ བླམ་གིས་ཆོས་གནང་ནི་ཟེར་གསུངས་ཏེ་ཡོད། འུམ་ ཁྱོད་ཀྱིས་ཤིང་བཏོག་ཚརཝ་ད་འདི་ ཁྱིམ་ཟུར་གསུམ་འབད་མི་འདི་བསྒྲུབ་འོང་ཟེར་ ལོག་སོང་སྟེ་ ཟུར་གསུམ་བཞེངས་ནུག བཞེངས་སྟེ་ བླ་མ་ བསྒྲུབས་ཅི་ཟེར་ དོ་རུང་ལྟ་ནུག དེ་ལས་མཚམས་ཁང་འདི་ཟུར་བཞི་འོང་ནི་མ་གཏོགས་ ཟུར་གསུམ་ག་ཏེ་ཁྱོད་ཟེར་ དགོངསམ་ཁྲེལ་ཏེ་བྱོན་སོ་ནུག ཡ་བླ་མ་མཁྱེན་ནོ་ག་དེ་འབད་ནི་ཟེར་ ད་རུང་བྱོག་ཡར་སོ་ནུག སོང་སྟེ་ མཚོ་སྦོམ་ཅིག་འདུག
  • ནག་ཀུ་ Naku
    ཐུརམ་ཨ་ནེམ་ཅིག་འབད་མི་ཅིག་གིས་དབོག་སྡོད་ནུག་ལོ། ག་ཅི་འབདཝ་སྨོ་ཟེརཝ་ད་ལུ་ འ་ནཱི་དབོག་ཚརཝ་ད་རྐྱངམ་ཅིག་ མཚམས་ཁང་སྒྲུབ་འོང་་་་་ ཆོས་གནང་ནི་ཡོད་ཟེར་སླབ་མས་ལོ། དེ་འབདན་འདི་ མཚམས་ཁང་བསྒྲུབ་འོང་ཟེར་ དེ་ལས་རྐྱངམ་ཅིག་ལོག་འོང་སྟེ་ མཚམས་ཁང་ ཟུར་བཞི་བཞེངས་ནི་ཨིན་ཟེར་ དེ་ལས་འདི་ འ་ནཱ་ལས་ མཚམས་ཁང་ཟུར་བཞི་བཞེངས་ཞིནམ་ལས་ དེ་ལས་འདི་ མཚམས་ཁང་མ་བཞུགས་པས་ཁོང་གཉིས་ཀྱིས་ དེ་སྦེ་བཞག་སྦེ་ བཤལ་འགྱོ་གེ་ཟེར་ ཆོས་བསྐོར་ལུ་ དེ་སྦེ་འབད་སྦེ་ བཤལ་སོང་ནུག བཤལ་འགྱོ་སྦེ།
  • ནག་ཀུ་ Naku
    ལམ་བར་ན་ལྷོདཔ་ད་ལུ་ མ་ཧེ་ཤི་ཤིཝ་གི་རྭཝ་གཅིག་འཕྱད་ནུག ཨ་ནཱ་ལས་ རས་ཆུང་པ་ འ་ནཱི་རྭཝ་འབག་ཟེར་ བླམ་གིས། [ཁྱི་ན་འཕྱད་ན་ཁྱི་ནང་ན་བཞག་ འེ་ ཁྱི་ན་བྱིན་རླབས་བའི་དགོན་ཡང་?] བརྗེད་སོ་ནུག་སླབ་ནི་གི། [ཁྱི་རྣམ་ཁྱི་ན་འཕྱད་ འ་ནཱི་སླབ་སྟེ་ འེ་ ང་གི་ཤེས་ཡ་ ཁྱོད་ཀྱི་ཤེས་ནི་མ་བཏོགས་ཟེར་?] དུས་ལན་གཅིག་མ་ཤར་ལན་གཅིག་ཤར་ཟེར་ བཏུབ་ཟེར་སླབ་སྦེ་ དེ་ལས་རྭཝ་འབག་སྟེ་སོང་སྦེ།
  • ནག་ཀུ་ Naku
    ས་གཞན་ཅིག་ཁར་ལྷོདཔ་ད་ ཆརཔ་གནམ་མེད་ས་མེད་རྐྱབ་སྟེ་ ཆརཔ་གནམ་མེད་ས་མེད་རྐྱབ་སྟེ་ དེ་ལས་འདི་ སངས་རྒྱས་ཀྱིས་ ཕ་མར་པ་ སངས་རྒྱས་ཀྱིས་སྦྱང་ནག་ལུ་སྤྲུལ་ཏེ་ [ཡར་ལས་མར་ ཁོ་འགྱོ་མ་ཚུགས་པར་སྦོག་ལོག་ཁར་སོང་སྟེ་?] ཆརཔ་གིས་གཤོག་ཐེ་ག་ར་བཏོག་ཚར་ནུག འ་ནཱི་[སྐམ་སྟེ་?]སོང་ནུག སོང་སྟེ་ བཤལ་སྦེ་སོང་སྟེ་ དེ་ལས་འདི་ དེ་ཁར་མཚམས་ནང་བཞུགས་ཟེར་ བཞག་སྦེ་ ཁོ་བཤལ་སྡོད་དེ།
  • ནག་ཀུ་ Naku
    དེ་ལས་ ཏི་ལི་པ་ཟེརཝ་མས་ལོ་མེན་ན་ [རས་ཆུང་པ་གིས་ཏི་ལི་པ་འབོ་སྟེ་ཟེར་ དེ་ལས་ ཕ་མར་པ་འགྱོཝ་ད་ལུ་?] དེ་སྦེ་སྡོད་དེ་ གཉིད་ལམ་ནང་ རས་ཆུང་པ་ ཏི་ལི་པ་ འ་ནེམ་ཅིག་ཡོད་ཟེར་ ག་ཅི་ཡང་མེད་པར་ ཏི་ལི་པ་འཚོལ་ཏེ་ ཏི་ལི་ ན་རོ་ མར་པ་ མི་ལ་ ཟེར་མི་འདི་ ཨ་ནཱི་སྦེ་འགྱོ་སྟེ་ ག་ཏེ་འཚོལ་རུང་མིན་འདུག་ལོ་ མེད་རུང་སོང་སྟེ་ ལཱ་ཁག་བཏང་སྟེ་ མར་འདི་ཡར་ ད་ལྟོ་འདི་ཡོད་ཟེར་སླབ་སྟེ་ འ་ནཱི་ལཱ་ཁག་བཏང་སྟེ་ར་ འ་ནཱ་འདི་ཡོད་ཟེར།
  • ནག་ཀུ་ Naku
    དེ་ལས་ དེ་སྦེ་འཚོལ་ཏེ་འགྱོཝ་ཨིན་ལོ་ འགྱོ་སྟེ་ ཏེ་ཡར་བོད་ལུ་ཨིནམ་འདྲས་སྦོ། སོང་སྟེ་འཚོལཝ་ད་ དེ་ལས་མི་གཅིག་གིས་ ཨ་མར་ཨང་རྒས་གཅིག་གིས་ཤེསན་ཤེས་འོང་ ཏི་ལི་ན་རོ་ཟེར་སླབ་སྟེ་ ག་ཏེ་སྨོ་ཟེརཝ་ད་ ཨ་ཕར་ཆུ་ནང་ཉ་བཟུང་སྡོད་ཡོད་ཟེརཝ་མས་ལོ། དེ་ལས་སོང་ནུག་ སོང་བལྟཝ་ད་ལུ་ ཉ་བཟུང་ཟ་ཉ་སྡོད་ནུག་ལོ་ འགྱོཝ་སྦེ།
  • ནག་ཀུ་ Naku
    ཁོ་གི་རྩ་བར་ལྷོད་ བླ་མ་བཞུགས་སྟེ་ ག་དེམ་ཅིག་ཞུ་བལྟ་རུང་ ག་ཅི་ཡང་གསུང་ནི་མིན་འདུག་ལོ། ལྷོདཔ་ཅིག་ཁ་ལས་ ཉི་མའི་ལྟོ་ལུ་ཉ་ཟ་ཟེར་བྱིན་དེས་ལོ་ བླ་མ་ ང་འདི་དགེ་སློང་ཅིག་ཨིན་ ཚོདམ་ག་ཅི་ཡང་མིན་འདུག་ཟེར་མནོ་སྟེ་ མ་ཟ་བ་ཅིན་ཆོས་མི་གནང་ནི་ཨིན་མས་ཏེ་ དེ་ལས་འདི་ ཉ་ཟ་སྦེ་ ཡ་ག་ཅི་སྨོ་ཟེར་བ་ཅིན་ ང་གིས་སླབ་ད་ཉན་འོང་ག་ཁྱོད་ཟེར་སླབ་ད་ ཕྱག་ཞུ་ནི་འོང་ཟེར།
  • ནག་ཀུ་ Naku
    དེ་ལས་རྐྱངམ་ཅིག་བཏུབ་ཟེར་ [ཕར་ལ་དྭགས་ལུ་ཁྲོམ་བཤལ་བར་འགྱོ་གེ་སྨེ་?]ང་བཅས་གཉིས་ཟེར་ འགྱོ་སྟེ་ ཕར་ཁྲོམ་ཁ་ལུ་ ཁྲོམ་བཤལ་ཚར་ཞིནམ་ལས་ བླམ་འདི་ ག་ཏེ་འགྱོ་མ་འགྱོ་རང་མེད་ཡར་སོ་ནུག་ལོ་ དེ་ལས་འ་ནཱི་ འགྱོ་མ་ཤེས་པར་ ག་ཅི་འབདཝ་ཨིན་ན་ཟེར་ ག་ར་གིས་དྲངས་ཏེ་ རས་ཆུང་ལུ་དྲངས་ཏེ་ མ་འགྱོ་བར་ ཁྱོད་ག་ཏེ་འགྱོ་མ་འགྱོ་རང་མ་ཤེས་པར་ གནམ་མེད་ས་མེད་དྲངས་ཚར་ཡི་ཟེརཝ་མས་ལོ། བཏུབ་བཏུབ་ཟེར།
  • ནག་ཀུ་ Naku
    དེ་ལས་འདི་ ནངས་པར་ རི་བཤལ་ལུ་འགྱོ་གེ་སྨེ་ང་བཅས་གཉིས་ཟེར་ སོང་སྦེ་ ནགས་ཚལ་ནང་ན་སོང་སྟེ་བལྟཝ་ད་ ཕར་ཕར་ ལཱ་འབད་སྡོད་ནུག་ལོ་ ཕོ་གཞོནམ་ཆ་ཁྱབ་ དེ་ལས་བླམ་གིས་ ང་ལྟོ་བཀྱེས་ཆེ་ཡི་ ལྟོ་ཨ་ཙི་ཅིག་འབག་འོང་གནང་ཟེར་སླབ་སྟེ་ ག་ཅི་ཡང་འབག་འོང་ནི་མེད་པར་ ཕར་སོང་སྟེ་ ག་ཅི་སྦེ་འོང་ཡི་ཟེར་ བླ་མ་གསོལཝ་བཀྱེས་ཆེ་ཡི་ཟེར་ ཁྱོད་ཀྱི་ནཱ་ལས་ཕར་འོང་ཡི་ཟེར་ ཐུགཔ་འཐུང་སྡོད་ནུག་ལོ།
  • ནག་ཀུ་ Naku
    ག་ཅི་ཡང་མེད་པ་ ཤོམ་འདབ་འབག་འོང་སྦེ་ འ་ནཱི་འབག་འོང་སྦེ་བླམ་ལུ་དྲངས་ནུག ཨ་ཙི་འབག་འོང་གནང་ཟེར་ འགྱོ་བལྟཝ་ད་ལུ་ ག་ཅི་ཡང་མེད་པ་བསྡུ་བཞག་ནུག་ཟེར་ལོ། ཨ་ཙི་ཅིག་གནང་ཟེར་རུང་ མི་བྱིན་པས་ལོ། ཁོ་ར་གིས་དབོག་འབག་འོང་གེ་ཟེར་འགྱོཝ་ད་ དེ་ལས་སྤུས་ཙ་སྦེ་དྲངས་ཡི་ལོ་ཁོ་ དེ་ལས་ལོག་འོང་སྦེ་བླ་མ་མཁྱེན་ནོ་མ་བྱིན་ སྤུས་ཙ་སྦེ་དྲངས་ཡི་ཟེར་ དོ་རུང་འགྱོ་དོཝ་མས་ ཕར་རི་བཤལ་རོང་བཤལ་འབད་དེ།
  • ནག་ཀུ་ Naku
    ཕར་ལྟ་ཡང་བྱག་ ཚུར་ལྟ་ཡང་བྱག་ འ་ནཱི་སྤྱི་ཏོག་གུ་སོང་སྟེ་ གཅིག་གི་ཐོག་ཁར་ལྷོདཔ་ད་ལུ་འདི་ མར་འ་ནཱ་ལས་མར་འབུད་འགྱོ་ཚུགས་མི་ག་འོང་ག་སྨོ་ཟེརཝ་ད་ བླམ་གིས་ ཁོ་གིས་འདི་མི་འགྱོ་འོང་ཟེར་མནོ་ནུག་བ་བླམ་འདི་ འགྱོ་ནི་འ་ནཱ་ལས་མར་ཟེར་ བླ་མ་ མར་གཤོང་ནང་ ཕྱེ་འཐག་འཐག་ར་ཡར་སོ་ལོ་ཏེ་ སོང་སྟེ་ དབའེ་བཤལ་བར་ཨིན་ན་ ཨིན་ཟེར་ ཆོས་ཀྱི་ཞོར་ལས་ཤི་ནི་གུ་རང་ཐུག་ཆེ་ཡི་ཟེར་སླབ་ད་ དེ་ལས་རྐྱངམ་ཅིག་ མ་ཎི་ཨ་ཙི་ཅིག་བགྱངས་ཏེ་ དེ་ལས་རྐྱངམ་ཅིག་ ཆོས་གནང་སྟེ་ ཆོས་ཐོབ་ཅི་ལོ།
  • སེམས་དཔའ་ཆོས་སྒྲུབ་ Sempa Chedrup
    ཡ་ཡ་ ལགས་སོ། བཀའ་དྲིན་ཆེ།། །།