Skip to main content Skip to search
22 Aug 2018
13 min 14 sec
Rinchen Dorji
Video Overview
Creators: 
Duptho

Thinley from Tongling village tells the story of a King. Once there was a King, who had one prince and one princess. One day, they run away, and on the way, the prince died; the princess reached another kingdom. She eventually became the most trusted servant of that King. The theme of the story is that if one is destined for something in life, one can do it no matter how many obstacles are in one’s way.

 

གློག་བརྙན་འདི་ནང་ བཀྲིས་སྒང་རྫོང་ཁག་ སྟོང་གླིང་གཡུས་ཚན་ལས་ འཕྲིན་ལས་ཀྱིས་ རྒྱལཔོ་ཅིག་གི་སྐོར་ལས་སྲུང་བཏང་མི་ནང་ རྒྱལཔོ་ཅིག་ལུ་ སྲས་གཅིག་དང་སྲསམོ་གཅིག་ཡོད་མི་གཉིས་ ཚར་ཅིག་འབདཝ་ད་ གཉིས་ཕོ་བྲང་ནང་ལས་འབྱོག་བྱོནམ་ད་ ལམ་བར་ན་ལྷོདཔ་ད་ སྲས་འདི་བཤགས་ཡོདཔ་ད་ སྲསམོ་འདི་ རྒྱལ་ཁབ་གཞན་ཅིག་ནང་ལྷོད་སོངཔ་མས། ཏེ་མོ་འདི་ཁའི་ རྒྱལ་ཀྱི་འཇའ་རོགས་སྦེ་འཛུལ་ཏེ་ ཤུལ་ལས་འཇའ་རོགས་ཀྱི་སླ་ལས་ བློ་གཏད་ཤོས་ཅིག་ལུ་གྱུར་སོངཔ་ཨིནམ་ད་ སྲུང་འདའི་བརྗོད་དོན་ངོ་མ་འདི་ ང་བཅས་ར་ག་ར་འབད་རུང་ རང་ལུ་ ལཱ་ག་ཅི་བཟུམ་འབད་ནིའི་འགན་ཁུར་བཀལ་རུང་ རྩ་འགེངས་འབད་བ་ཅིན་ རྐྱེན་དང་བར་ཆད་ག་ཅི་གིས་ཡང་ གླགས་འཁེལ་མི་ཚུགས་ཟེར་བའི་དོན་མས།  

 

Transcript search
No results found for this search
0 of 0
  • འཕྲིན་ལས Thinley
    དང་ཕུ་རྒྱལ་པོ་ཅིག་གི་ ཡབ་བཟུམ་སྦེ་ ཏེ་ ཕུག་གུ་ལུ་ལྷ་མཚོ་ཅིག་ཡོད་མས་ དེ་ལས་ལྷ་མཚོ་ནང་ང་བཅས་རང་རྒྱལ་པོ་འདི་ཆུ་འཐུང་མ་ཏེ་ནུག་ བདུད་ཨིན་ལོ་བ་ ཏེ་མི་གསུམ་གསུམ་ཙམ་ཅིག་བྱིན་དོ་ཡོདཔ་མས། ཏེ་ མཇུག་ལུ་རང་རྒྱལ་པོ་ཁོ་རང་གི་སྲས་ལུ་ལྷོད་ནུག་ དེ་ལས་ཕྱུག་པོ་ཨ་ལོ་ཨིན་མས་ ཏེ་ གཅིག་སྤྱང་ཀ་ཨ་ལོ་ལྷོད་ནུག་ ཏེ་ ཁོང་གསུམ་མཚོའི་མཐའ་མར་ལྷོདཔ་ད་ལུ།
  • འཕྲིན་ལས Thinley
    ཏེ་ བྱ་ཁྱུང་ཕོ་མོ་གཉིས་འོང་ནུག་ ཁྱོད་གསུམ་ག་ཅི་འབདཝ་ཟེར་ནུག་ ང་བཅས་རྒྱལ་པོའི་བཀའ་གནང་འདི་ ནཱ་མཚོ་སྣན་མོ་(མཚོ་སྨན་རྒྱལ་མོ་)གི་ཆུ་མི་བཏང་མས་ང་བཅས་གཡུལ་ཁ་འཐུང་ནི་འབད་འོང་ཡི་ཟེར་ནུག་ ང་བཅས་གསུམ་འ་ནཱི་འོངམ་འོངམ་ཨིན་ ཨའེ་ཁྱོད་གསུམ་ ད་ལྟོ་རང་ མོ་གི་སྦུལ་སྦོམ་ཅིག་ལུ་སྤྲུལ་མཐོན་འོང་ཟེརཝ་ཅིན་ དུང་ཟེར་སླབ་ཅིག་ཁ་བྱངམ་ད་ཟོརཝ་གི་རྐྱབ་འབད་ ཁྱོད་གསུམ་ག་ཕུབ་རྐྱབ་འབད་ཆུ་འཐུང་མ་རེ་ཟེར་ནུག
  • འཕྲིན་ལས Thinley
    དེ་ལས་ཧ་ལམ་ཉི་མ་འཛུལ་བའི་སྒང་ལས་ དུང་ཟེར་འོང་དེ་ལོ་ དེ་ལས་ཁོ་གི་ཟོརཝ་རྐྱབ་ཅིག་ཡར་ལས་མར་མཆོ་སྨནམོ་གི་ཕོརཝ་ཧྲལ་བཏང་འབད་ ཁོ་གསུམ་ག་ཕུབ་རྐྱབ་འབད་ནུག་ཅིག་ཆུ་འཐུང་ དེ་ལས་ནངས་པ་ཉིམ་ཤར་ཤར་རང་འཐུང་སྡོད་ནུག དེ་ལས་ཆུ་འཐུང་ཆར་བའི་ཤུལ་ལས་གསེར་མཐོནམ་མས་ལོ་ དེ་ལས་ ཡ་ ད་ ང་བཅས་རྒྱལ་པོ་གི་བསད་འོང་ ད་འགྱོ་གེ་འགྱོ་གེ་ཟེར་བྱོག་ཡར་སོང་ནུག
  • འཕྲིན་ལས Thinley
    བྱོག་འགྱོཝ་ད་ལུ་ ཡར་ལྷོདཔ་ད་ལུ་ རྒྱལ་པོའི་སྲས་དང་སྲས་མོ་ཅིག་འཕྱད་ནུག་ལོ་ དེ་ལས་ཁོང་ལུ་དོང་ཆང་བྱིན་ནུག་ལུ་ ཏེ་ སྤྱང་ཀ་ཨ་ལོ་འདི་བྱོག་ཡར་སོང་ནུག་ ཏེ་ ཁོ་འདི་བཟོ་ཡང་མེད་ ག་ནི་ཡང་མེད་ ཏེ་ རྒྱལ་པོ་སྲས་དང་ཕྱུག་པོའི་བུ་འདིན་འཇའ་རིསམོ་འབད། དེ་ལས་མི་གཉིས་ཞཱམོ་རལཝ་ཅིག་ ཕར་འཐེན་ཚུར་འཐེན་འབད་སྡོད་ས་མཐོང་ནུག་ ད་ ཁྱོད་ག་ཅིག་འབདཝ་ ཞཱམོ་ལེགས་ཤོམ་ཡང་མེད་འདུག་ཟེརཝ་ད་ལུ།
  • འཕྲིན་ལས Thinley
    ཨའེ་ སྒྲིབ་ཞཱམོ་ཟེར་མི་འདི་འ་ནཱི་ཨིན་ ཁྱོད་གི་ག་ཅི་ཤེས་ནི་ཟེར་སླབ་ནུག་ ཏེ་ ཁྱོད་གཉིས་ག་ཧེ་མ་ཕར་ལྷོད་མི་ལུ་བྱིན་ནི་ཨིན་ཟེར་ནུག་ དེ་ལས་ཁོ་འདི་ཞཱམོ་བཙུགས་འབད་སྡོདཔ་ད་ ཁོང་གཉིས་ཀྱི་མ་མཐོང་འབད་ ད་རུང་ཁོ་བྱོག་ཡར་སོང་ནུག ད་རུང་ ཡ་ལྷོདཔ་ད་ལུ་ རྟའི་ལྟེ་ཅག་ཅིག་འདུག་ལོ་ དབའི་ཁྱོད་གཉིས་ག་ཅིག་འབདཝ་ ལྟེ་བཅག་ལེགས་ཤོམ་ཡང་མིན་འདུག་ཟེརཝ་ད་ ར་ཏོ་འདི་སྤག་ཤིང་ཨིན་མས་ པགས་ཀོ་ཅིག་མ་འཐོབ་ག་ཟེར་ནུག
  • འཕྲིན་ལས Thinley
    ཨའེ་ ཁྱོད་ག་ཅིག་ཤེས་ནི་ ལྟེ་བཅག་འདི་སྨོན་ལམ་གང་བཏབ་འཐོད་པའི་ལྟེ་བཅག་ཨིན་ཟེར་ནུག་ ཡར་ག་ཏེ་བཏབ་ཅིག་འཕུར་ལྷོད་ཟེར་ནུག་ལོ་ ཁྱོད་གཉིས་མ་འཆམ་པ་ཅིན་ ཕར་སོང་འབད་རྒྱུག་ཤོག་མ་རེ་ ག་ལྷོདཔ་ཅིག་བྱིན་གེ་ཟེར་ནུག་ དེ་ལས་ཁོང་གཉིས་འོངམ་ད་ཞཱམོ་འདི་བཙུགས་ ལྟེ་བཅག་འདི་ལྷོདམ་ཅུང་ནང་བཙུགས་འབད་སྡོད་ནུག་ དེ་ལས་ད་རུང་ཁོང་གཉིས་འཐབ་ད་ནུག་ལོ།
  • འཕྲིན་ལས Thinley
    དེ་ལས་ ཁོ་ ད་རུང་འགྱོཝ་ད་ལུ་ནོར་འཚོ་མི་གཉིས་ ཕོརཔ་ཅིག་གི་སྐོར་ལས་མ་འགྲིགས་པར་སྡོད་ནུག་ལོ་ དབའི་ཁྱོད་གཉིས་ག་ཅི་འབདཝ་ ཡང་ན་ཟབ་ཤིང་མེན་མས་ ཡང་ན་གླངམོ་ཆེན་གྱི་བཱ་སོ་མེན་མས་ བཀོ་བཏང་ད་ཟེརཝ་ད། ཁྱོད་མི་སྤྱང་ཀ་གི་ ག་ཅིག་ཤེས་ནི་འདི་འབྱུངས་འབྱུངས་ཕོརཔ་ ལྟོ་དང་ཚོདམོ་ཤ་ ག་ཅིག་ཡང་འཐོན་པའི་ཕོརཔ་ཨིན་ཟེར་ནུག འདི་ཁྱོད་གཉིས་ཕར་ལས་རྒྱུག་ཤོག་ ག་ལྷོདཔ་ཅིག་བྱིན་ནི་ཨིན་ཟེར་ནུག་ ད་རུང་ཁོང་གཉིས་ནཱ་ལྷོདཔ་ད་ ཁོ་ཞཱམོ་བཙུགས་འབད་སྡོད་ ཁོང་གཉིས་འཐབ་འབད་ལུས་ད་ནུག
  • འཕྲིན་ལས Thinley
    དེ་ལས་ ད་རུང་ཁོ་ཡར་སོང་ནུག་ དེ་ལས་ ཁོ་ཆ་རོགས་གཉིས་འབད་སར་འགྱོ་ནུག་ ཏེ་ ཕྱུག་པའི་ཨ་ལོ་འབད་སར་འགྱོཝ་ད་ དེ་ལས་རྒྱལ་པོའི་སྲས་འདི་ཉལ་ནི་མིན་འདུག་ལོ་ སྲསམོ་འདི་གཅིག་ཁར་དུས་ཡན་ཐུང་ཀུ་ཅིག་མས་ལོ་ཅིག་ཁར་སྡོད་ནི་འདི་ ཏེ་ སྲསམོ་འདི་ཕྱུ་རུ་ཁམས་ཅིག་ཁར་ལྷ་ཡུལ་ལུ་འགྱོ་དོ་ཡོདཔ་མས། ཏེ་ སྤྱང་ཀ་བུ་འདི་གི་སྲས་འདི་ལུ་ ཕྱུག་པོའི་བུ་ཡང་དེ་འབད་ཨིན་མས་ས་ ཁྱོད་ཡང་ཨམ་སྲུ་ཅིག་ཁར་སྡོད་ནི་མི་འདུག་ག་དེ་འབད་སྨོ། ང་ཆ་རོགས་འཁྱིལ་འོང་གེ་མ་རེ་ནུག་འདི་ཟེར་ནུག
  • འཕྲིན་ལས Thinley
    ཡ་ ད་ ང་བཅས་ཆ་རོགས་འདི་དཀའ་སྤྱོད་དེ་ཟེར་ནུག་ ཏེ་ ང་འདི་ཨམ་སྲུ་ཡང་མེད་ཟེར་སླབ་ནུག དེ་ལས་ཁོང་གཉིས་ཀྱི་གནས་སྐབས་ཅིག་བཏོན་གེ་ཟེར་ སྲས་འདི་འབད་སར་འགྱོ་ནུག་ སྤྱང་ཀ་བུ་དང་ཕྱུག་པོའི་བུ་འདི་ དེ་ལས་ཨམ་སྲུ་འདི་འགྱོཝ་ཅིག་ ཁོ་གི་ཡང་སྒྲིབ་ཞཱམོ་བཙུགས་འབད་སྨོན་ལམ་གང་བཏབ་འཐུད་མི་ལྟེ་བཅག་འབག་འབད་སྲསམོ་གི་ཤུལ་བདའ་ཡར་སོང་ནུག དེ་ལས་སྲསམོ་འདི་ལུ་ ཁྱོད་མི་ཡུལ་ལས་རྨགཔ་འཐོན་འོང་མ་རེ་ཟེར་ནུག་ ཏེ་ སྲསམོ་འདི་གི་རྨགཔ་རང་མེད་ཟེར་ནུག་ ཡ་ཡ་ནངས་པ་ མེ་ཏོགའགྲན་བསྡུར་རྐྱབ་ནི་ཨིན་ཟེར་ནུག
  • འཕྲིན་ལས Thinley
    དེ་ལས་སྤྱང་ཀ་བུ་འདི་གི་ མེ་ཏོག་ག་རང་འབག་ཡར་སོང་ནུག་ ཏེ་ དེ་ལས་ལྷ་ཡུལ་གྱི་མེ་ཏོག་ལས་འདི་ ནཱ་མི་ཡུལ་གི་མེ་ཏོག་འདི་དྲག་སོང་ནུག་ དབའི་ཁྱོད་ལུ་རྨགཔ་འདུག་ ནཱ་གི་མེ་ཏོག་ལས་མར་གི་ལེགས་འབད་ཟེརཝ་ད་ ང་ལུ་རྨགཔ་མེད་ཟེར་ནུག་ དེ་འབདན་ནངས་པ་ང་གི་བུ་འདི་ བྱ་ལུ་སྤྲུལ་འབད་བཏང་དགོ་འབད་ཟེར་ནུག དེ་ ཁོ་ལས་གསུམ་མེ་འཕུ་འབད་ སྤྱང་ཀ་བུ་འདི་གླིངམ་འཕུ་འབད་སྡོདཔ་ད་བྱ་འདི་ལྷོད་ནུག་ དེ་ལས་སྤྱང་ཀ་བུ་གི་ཕྱུག་པོའི་བུ་འབད་སར་བཀོ་བཏང་ དེ་ལས་ཕྱུག་པོའི་བུ་གི་སྲས་འབད་སར་བཀོ་འབད་ མེ་བཏང་འདི་ སྤུ་ག་ར་འཚིག་སོང་ནུག
  • འཕྲིན་ལས Thinley
    དེ་ལས་ ཁོ་ལཱ་ཁག་རྐྱབ་ཅིག་རང་ ལྷ་ཡུལ་ལུ་ལྷོད་སོང་ནུག་ དེ་ལས་སྤྱང་ཀ་བུ་འདི་ ད་རུང་ཤུལ་བདའ་འདི་འགྱོ་ནུག་ ཏེ་ ཡར་འདི་རྒྱལ་པོའི་བུ་འདི་ག་རང་ཆུ་བུར་གང་སོང་ནུག་ལོ། དེ་ལས་ཁྱོད་འཇིགས་རྟེན་མི་ཡུལ་ལུ་རྨགཔ་ཡོད་ས་མེད་ལོ་ འདུག་རང་འདུག་ཟེར་སླབ་འབད་བརྡུང་ད་ནུག་ དེ་ལས་སྤྱང་ཀ་བུ་འདི་གི་ ཧེ་མ་རང་ཕྱུག་པའི་བུ་འདི་སྤྱང་ཀ་འབད་སར་སོང་ ད་ཁྱོད་ཀྱི་རྨགཔ་འདི་རྒྱལ་པོའི་སྲས་ཨིན་ ད་ ལྷ་ཡུལ་ལུ་ལྷོད་ནུག་ ད་ ཀླུ་ཡུལ་ལུ་འགྱོ་ནི་ཨིན་ན་ཟེར་དྲི་བ་འབད་ནུག་ དེ་ལས་ད་རུང་ཁོང་འཆམ་ཁ་བཟོ་འབད་བྱིན་གཉན་རྐྱབ་ནུག
  • འཕྲིན་ལས Thinley
    དེ་ལས་ ཁོ་གཉིས་གཉེན་རྐྱབ་འབད་ ལྟོ་ག་བཟའ་དགོ་མནོཝ་ཅིག་ཟ་སྡོད་ནུག་ དེ་ལས་ཨ་ལོ་གསུམ་འགྱོཝ་ད་ཨམ་སྲུ་གི་དྲི་ནུག ད་ ང་བཅས་ལཱ་འདི་འབད་ནི་མིན་འདུག་ ལྟོ་དགོ་ལྟོ་ ཤ་སྒོང་རྡོག་བགོ་ལ་ག་ནི་ཡང་འདུག་ འདི་ག་དེ་འབད་ཨིན་ན་ཟེརཝ་ད་ ཁོ་གི་སླབ་མ་བཏུབ་འབད། ཏེ་ དེ་ལས་ཨ་ལོ་བཞི་ལྔ་སོང་རུང་མ་སླབ་ དེ་ལས་དྲུག་སོངམ་ད་སླབ་ནུག དེ་ལས་ང་བཅས་ག་ར་དུད་འགྲོ་སེམས་ཅན་ཨིན་མ་རེ་ ང་བཅས་འདི་བཟུམ་འཐོབ་མི་འདི་འབྱུངས་འབྱུངས་ཕོརཔ་ དེ་ལས་སྒྲིབ་ཞཱམོ་དང་སྨོན་ལམ་གང་བཏབ་འཐོདཔའི་་ལྟེ་བཅག་འདི་བཀའ་དྲིན་ཨིན་ཟེར་ནུག
  • འཕྲིན་ལས Thinley
    དེ་ལས་ཕྱུ་རུ་ཉལ་སྡོདཔ་ད་ཨ་ལོ་ག་རང་འབག་ལྟེ་ཅག་འདི་གི་འབད་ཡར་སོང་ནུག་ ཏེ་ཁོ་རང་འདི་བྲག་གི་ལྐེད་པ་ལུས་སོང་ནུག་ ཏེ་འོག་ལུ་འདི་མཆ་ཨིན་མས་ལོ་ དེ་ལས་ཁོ་གི་ཁབ་ཀྱི་བརྐོའི་བརྐོའི་ཁོ་རང་སྡོད་ས་ལངམ་ཅིག་བཟོ་ད་ནུག དེ་ལས་ཨོ་ལ་གི་ཤིང་གི་བསོན་ཅིག་བཀོ་ནུག་ དེ་ལས་ཁོ་གི་ང་མི་ཡུལ་ལུ་ལོག་ལྷོད་ནི་ཟེར་བ་ཅིན་སྐྱེ་ཅུ་ཅིག་ཟེར་སྨན་ལམ་བཏབ་འབད་བཙུགསཔ་ནུག་དེ་ལས་ལོ་གསུམ་འགྱོཝ་ད ཤིང་རྡོག་མ་བཏག་ཆད་ནུག དེ་ལས་མགུ་ཏོག་ཡང་ཁ་གེག་འབད་ ཏེ་འདི་གུ་བྱ་ཆུང་ཕོ་མོ་གཉིས་ཀྱི་ཆང་བཅགས་འབད་སྒོག་རྡོ་བུལ་བ་ལྷོད་ནུག
  • འཕྲིན་ལས Thinley
    དེ་ཚང་བཟོ་འབད་ཉི་མ་གསུམ་དེ་ཅིག་གི་རྒྱབ་ལས་སྒོང་རྡོ་བུད་ ཏེ་ཡར་ལས་འབྲུ་གི་སྒོང་རྡོ་བཟའ་བར་འོང་འོངམ་མས་ དེ་ལས་ཁོ་གི་རྡོ་རྐྱབ་འདི་འབྲུ་གི་ལྷ་པ་གུ་འཕོག་འདི་འབྲུ་ལོག་བདའ་བཏང་ད་ནུག དེ་ལས་ཨ་པ་དང་ཨའི་ཁྱོད་གཉིས་ལྟོ་འཆོལ་བར་ཡར་སོངམ་ད་འབྲུ་འོང་འདི་བཟའ་ནི་འབདཝ་ད་ མར་འོག་ལུ་ཡོད་མི་མི་འདི་རྡོ་རྐྱབ་དྲག་ཅིག་ ད་ཁོ་ལུ་དྲིན་ལེན་ག་དེ་འབད་འབྱོར་ནི་ཟེར་སླབ་ནུག ད་ང་བཅས་སྦོམ་འགྱོཝ་ད་ལུ་མཆོ་ནང་ལས་བཏོན་བྱིན་ནི་ཟེར་ནུག
  • འཕྲིན་ལས Thinley
    དེ་ལས་མཆོ་ནང་ལས་རྐྱལ་རྐྱབ་འབད་བཏོན་ནི་འབདཝ་ད་མ་ཚུ་འབད་ ཏེ་ཉི་མ་གསུམ་འབད་རུང་མ་ཚུ་འབད་དེ་ལས་ཉི་མ་བཞི་ཟེརཝ་ད་འབད་ཚུབ་ནུག དེ་ལས་ཁོ་མཆོའི་ཕར་ཀ་བཀལ་ནུག དེ་ལས་ད་རུང་འཆམ་པ་ཅིག་ཡོདཔ་མས་ ཁོ་མེ་ཏོག་གསེརཔ་འདི་དྲིམ་ཧུམ་ཅིག་སྤྱ་ལུ་འགྱུར་ དེ་ལས་ཕྱི་རུ་ལོག་ལྷོདཔ་ད་མེ་ཏོག་དཀརཔ་དྲིམ་ཧུམ་ད་འཆམ་པ་ལུ་འགྱུར་དོ་ཡོད་མས། དེ་ལས་ཁོ་སྤྱ་ལུ་འགྱུར་ཡར་སོངམ་ད་ ཁོ་གི་དབུ་ཞམོ་དང་ཀྲང་ཀྲི་དང་རེས་ཟ་དང་ཅ་ལ་ག་རང་འབག་ཡར་སོང་ནུག་འཆམ་པ་འདི་སྤྱ་ལུ་འགྱུར་སྡོད་ད་ནུག
  • འཕྲིན་ལས Thinley
    དེ་ལས་དེ་ཁོ་གི་ཨམ་སྲུ་འབད་སར་ལྷོདཔ་ད་མོ་འདི་རྒྱལ་པའི་སྲསམོ་འབད་ནི་འདི་གི་ རྟ་གུ་བཀལ་ཀྲིང་ཀྲི་བཱ་རྔ་བརྡུང་འགྱོ་དོ་ཡོད་མས་ ཏེ་ཁོ་ལམ་ཟུར་ཁ་གཡིབ་སྡོད་ནུག་ དེ་ལས་ཁོ་གི་རྐངམ་གུ་ལས་མེ་ཏོག་གསེར་པ་དེ་ཧུབ་བཏངམ་ད་མོ་སྤྱ་གུ་འགྱུར་ཚལ་མ་ནང་ལས་ཡར་སོང་ནུག དེ་ལས་མོ་གི་སྤུན་ཆ་འདི་ཚུ་ངོ་ཚ་བཟུང་འདི་ ཁོ་ལུ་འཆམ་གི་རྨོ་ཅིག་བཏབ་མི་ཤོས་ག་ཟེར་ནུག ཏེ་ལས་ཁོ་གི་ཤེས་ཤེས་ཟེར་ནུག
  • འཕྲིན་ལས Thinley
    དེ་ལས་སྨོ་བཏབ་ད་ལུ་རྒྱལ་པོ་ལུ་ཅ་ལ་ཅིག་འདུག་ཟེར་ནུག་ དེ་ལས་གླངམོ་ཆེ་གི་བ་སོ་དང་རྫབ་འདི་ཚུ་འབག་འོངམ་ད་འདི་མེན་ ཕོརཔ་ཅིག་འདུག་འདི་ཨིན་ཟེར་ནུག་ དེ་ལས་གསེར་ཀྱི་ལྟེ་ཅག་ཅིག་འབད་འོང་འདི་ཡང་མེན་ཟེར་ དེ་ལས་ཁོ་གི་ལྟེ་ཅག་འདི་འབག་འོངམ་ད་འནི་ཨིན་ཟེར་ དེ་ལས་ཞཱ་མོ་འཆོལ་ནུག་ དེ་ལས་ཞཱ་མོ་ལེ་ཤཱ་གསེར་དང་དངུལ་གི་འབད་མི་འབག་འོང་ནུག་འདི་ཡང་མེན་ཟེར་ དེ་ལས་མཇུག་ལུ་ཁོ་རང་གི་ཞཱ་མོ་འདི་འཐོབ་ནུག
  • འཕྲིན་ལས Thinley
    དེ་ལས་འཕགཔ་ཅིག་གསྲེད་འཆམ་ཁང་བཟོ་ དེ་ལས་ཟོ་ཆ་ཆག་པ་ཁེལ་ལྔ་བརྒྱད་བཟོ་དེ་ལས་སྒོ་ཐལ་བོ་ར་ཅིག་བཀང་ དེ་ལས་ལྕང་མ་ཤིང་ཁེལ་ལྔ་དང་བརྒྱད་བཟོ་དེ་ལས་རུ་ཏོ་རྐང་ཅུང་གཉིས་འབག་ཤོག་ དེ་ལས་ལྟོ་དང་ཆུ་བཟོ་མ་རེ་ཟེར་སླབ་འབད་ནང་ན་འཇུལ་སྒོ་བསྡམ་ཕྱི་ཁ་ལས་ལྡེ་མི་རྐྱབ་ དེ་ལས་ཁོ་གི་མེ་ཏོག་དཀར་པ་ཧུམ་ཅིག་མོ་མི་ལུ་འགྱུར།
  • འཕྲིན་ལས Thinley
    དེ་ལས་ཧེ་མ་ཁྱོད་ལུ་ང་གི་ལཱ་ཁ་རྐྱབ་མ་བཅུ་མེན་ན་ ཁྱོད་ལུ་ཚོདམ་ནང་བླུག་ནིའི་ཨེ་མ་ཅིག་དང་ཆུ་ཅིག་ཡང་ལེན་མར་མ་བཏང་ཧེ་མ་ ང་ག་དེ་འབད་བཞག་འི་ ད་ང་ཆང་འཐུང་དོ་ཟེརཝ་ད་མོ་ལུ་ཆུ་བྱིན་ དེ་ལས་ང་ལྟོ་བཟའ་དོ་ཟེརཝ་ད་མོ་ལུ་སྒོ་ཐལ་བྱིན་ དེ་ལས་ང་འཕགཔ་ཤ་བཟའ་དོ་ཟེརཝ་ད་མོ་ལུ་རུ་ཏོ་ཁ་གུ་ལས་དབུར་བྱིན་ དེ་ལས་ང་ཁ་ཤ་གི་འཕྱག་དོ་ཟེརཝ་ད་མོ་ལུ་ཟོར་ཆ་གི་བླུག་བྱིན་ དེ་ལས་ཁོ་རང་ལྟོ་བཟའ་ཚརཝ་ད།
  • འཕྲིན་ལས Thinley
    ད་ང་བཅས་གཉིས་དྲི་བ་དྲི་ལན་འབད་གེ་ཟེར་ ཁོ་གི་ལྕག་མ་ཤིང་གི་བརྡུང་ད་ནུག་ དེ་ལས་མོ་བརྡུང་འདི་ཤི་ས་ས་བཟོ་འབད་མོ་རང་གི་མི་ལུ་རྩི་སྤྲོད་ད་ ད་མོ་མི་འགྱུར་སོངའི་མ་རེ། དེ་ལས་བཀའ་དྲིན་ཆེ་ཟེར་ཕྱག་འཆལ་ནུག