Video Overview
Namlha Tsering from Ujé village in Tsekhok tells the story of King Kalapangka and his three queens.
འདིར་རྒྱལ་བོ་ཞིག་ལ་བཙུན་མོ་གསུམ་ཡོད་པ་ལས་ཆེ་འབྲིང་གཉིས་ཀ་བདུད་མོ་ཡིན་པ་དང་ཆུང་བ་ནི་ལྷ་མོ་ཡིན་པས། ལྷ་མོ་ལ་གནོད་འཚེ་གང་མང་བཏང་བ་བརྗོད་ཡོད།
རྒྱལ་པོ་ཞིག་ལ་བཙུན་མོ་གསུམ་ཡོད་པ་ལས་ཆེ་འབྲེང་གཉིས་ཀ་བདུད་མོ་ཡིན་པ་དང་ཆུང་བ་ལྷ་མོ་ཡིན་པ་རྒྱལ་བོས་མི་ཤེས། རེ་ཞིག་རྒྱལ་པོ་ས་ཆ་གཞན་ཞིག་ལ་ཚོགས་འདུར་འགྲོ་དགོས་བྱུང་བས་བཙུན་མོ་རེ་རེའི་རྒྱལ་པོ་ཕྱིར་ལོག་དུས་ལེགས་སྐྱེས་རེ་འབུལ་རྒྱུ་ཁས་ལེན་བྱས་ནས་བཙུན་མོ་ཆུང་བས་རྒྱལ་བོར་སྲས་ཤིག་འབུལ་ཟེར། འོན་ཀྱང་བཙུན་པོ་ཆེ་འབྲིང་གཉིས་ཀ་ཕྲག་དོག་ཆེ་བས་བཙུན་མོ་ཆུང་བའི་སྲས་དེ་ཐབས་བརྒྱ་ཇུས་སྟོང་གིས་གསོད་ཐབས་བྱས་མོད། འོན་ཀྱང་ལྷ་མོའི་སྲས་ནི་མི་སྤྱིར་བཏང་བ་ཞིག་མིན་པས་ས་འོག་ལ་སྦས་ཀྱང་ཕྱིར་ཐོན། བ་གླང་ལ་བྱིན་ནས་ཟ་རུ་བཅུག་ཀྱང་ཕྱིར་གསོན། མཐའ་མར་རྒྱལ་སྲས་མེད་པའི་རྒྱལ་ཁབ་ཞིག་གི་མག་པར་བསྡད་ནས་སྲིད་བཟུང་བ་མ་ཟད་རང་གི་རྒྱལ་ཁབ་ཀྱི་སྲིད་ཀྱང་བཟུང་ངོ། གཏམ་རྒྱུད་འདིས་མི་སུ་ཞིག་ཡིན་རུང་བསམ་པ་དཀར་བོ་ཞིག་ཡོད་ཕྱིན་རང་ལ་དབང་བའི་དངོས་པོ་དེ་ནམ་ཞིག་གི་ཉིན་ཕྱིར་རང་ཉིད་ལ་ཐོབ་སྲིད་པ་བརྗོད་ཡོད།
国王有三个妃子,其中最小的是仙女,而其他俩是妖女。所以对仙女不利,但是最终还是有了最好的安排。
这段视频简述了有一位国王国王有三个妃子其中最小的是仙女,其他两个是妖女,但国王并不知。有一次国王要去参加一个盛会 ,三位妃子答应国王回来时会送他各自准备的礼物。而仙女答应国王送一位王子给他,但是其他两位妃子因为嫉妒所以用千方百计把王子送死。但是王子偏偏非凡,埋在地里可以长出来,牛犊吃了可以重生。最后王子当了一个只有公主的国家的女婿并行政,也回了 自己的母国认亲并经营。说明只要一心向善属于自己的东西最终会得到。
- རྒྱལ་བོ་ཀ་ལ་པིང་ཀ་ཟེར་བ་ཞིག་ཡོད།
- རྒྱལ་བོ་ཀ་ལ་པིང་ཀ་ལ་བཙུན་མོ་གསུམ་ཡོད།
- བཙུན་མོ་གཉིས་ནི་འདྲེ་མོ་ཡིན།
- བཙུན་མོ་ཆུང་བ་ནི་ལྷ་མོ་ཡིན།
- ལྷ་མོ་དེའི་མིང་ལ་སྔོན་ལ་ཤེས་མོད་ད་ལྟ་མི་ཤེས་གི
- ཁྱོད་ཀྱིས་དྲིས་དང་།
- རྒྱལ་བོ་དེ་རྒྱལ་བོ་རྣམས་ཚོགས་སའི་རྒྱལ་ས་དེར་འགྲོ་དགོས་ཀྱི་ཡོད།
- དེར་འགྲོ་བའི་སྐབས་སུ།
- བཙུན་མོ་ཆེ་བ་ཡང་ན་འདྲེ་མོ་ཆེ་བ་དེས།
- ཁྱོད་སོང་ནས་ཕྱིར་ཡོང་སྐབས་ངས་ཁྱོད་ལ་གོས་སྣ་མང་སྟོད་གོས་དཔེ་མེད་པ་ཞིག་བཟོས་ནས་འཇོག་ཟེར།
- དེ་ནས་འདྲེ་མོ་ཆུང་བ་དེས་རྒྱལ་བོ་ཁྱོད་རང་སོང་ནས་ཕྱིར་ཡོང་སྐབས་ངས་ཁྱོད་ལ།
- རྐང་ཤག་ལམ་ཕྱི་ན་ལྷད་མེད་པ་ནང་ལ་ལྷད་མེད་པའི་རྐང་ཤག་ལམ་ཞིག་འདེབས་ནས་འཇོག་ཟེར།
- བཙུན་མོ་ཆུང་བ་ནི་ལྷ་མོ་ཞིག་ཡིན།
- དེས་རྒྱལ་བོ་ལ་ཁྱོད་རང་ཚོགས་ལ་སོང་ནས་ཕྱིར་ཡོང་སྐབས་ངས་ཁྱོད་ལ།
- རྒྱལ་བོའི་རྒྱལ་ས་འཛིན་པའི་སྲས་ཤིག་གསོ་འཇོག་ཟེར།
- དེ་བཟང་གི
- དེ་ནས་འདྲེ་མོ་གཉིས་ལ།
- མོ་གཉིས་ནི་འདྲེ་མོ་ཡིན་པ་ཤེས་མེད།
- ཁྱོད་གཉིས་ཀྱིས་འདི་ལ་ཤུགས་རེ་ཐོན་ཞེས་ནས་རྒྱལ་བོ་ཕེབས་སོང་བ་རེད།
- དེ་ནས་རྒྱལ་བོ་ཕེབས་ཤུལ་ནས།
- བཙུན་མོ་ཆུང་བ་དེ་བྱིས་པ་སྐྱེ་པའི་སྐབས་སུ་ཨ་ཅེ་ཞེས་བོས་ཏེ།
- དོ་དགོང་ང་ལ་བྱིས་པ་སྐྱེ་སྲིད་པས།
- ད་ཅི་ཞིག་བྱེད་དགོས་སམ་ཟེར།
- རྒྱལ་བོ་ཞིག་ལ་སྲས་སྐྱེ་བའི་སྐབས་ལ་ཁང་བའི་ཐོག་སོ་ནས་སྐྱེ་དགོས།
- ཁང་བའི་ཐོག་སོ་ནས་སྐྱེ་དང་།
- བྱིས་པ་ངས་ཁང་བའི་དཀར་ཁུང་ནས་ལེན་ཟེར།
- ཁང་བའི་ཀླད་ལ་སོང་ནས་བྱིས་པ་སྐྱེས་སུ་བཅུག
- བྱིས་པ་དཀར་ཁུང་ནང་ནས་བླངས་པ་ན་ཁང་པའི་ནང་འོད་ཀྱིས་ཁེངས།
- དེ་ནས་བྱིས་པ་ཁྱེར་སོང་ནས་ས་འོག་ཏུ་བསྡུས།
- ཕྱིར་ཡོང་ནས་འདྲེ་མོས་བྱིས་པ་ཡོད་སའི་གནས་དེ་ལ་ཅིག་བཞག་ནས་བསྙལ་བ་དང་།
- ཕྱིར་ཉིན་ནངས་མོ་ཨ་ཅེ་ལ་བྱིས་པ་ཅི་ཞིག་རེད་ཞེས་དྲིས་པ་ན།
- ཁྱོད་ལོངས་དང་ངས་ཁྱོད་ལ་སྟོན།
- དེ་ལ་བལྟ་སྲོལ་མེད་ཟེར།
- དེ་ནས་བཙུན་མོ་དེས་བྱིས་པ་ནི་ངར་བ་ཞིག་ཡིན་སྲིད།
- མོས་ང་ལ་སྟོན་གི་མེད་པར་འདོད་ནས།
- དེའི་འཕྲོར་ཡར་ལངས་ནས།
- ཨ་ཅེ་་་བྱིས་པ་ཅི་ཞིག་རེད་ཅེས་དྲིས་པ་ན།
- བྱིས་པ་འདི་རེད་བལྟ་སྲོལ་ཨེ་ཡོད་གི
- རྒྱལ་བོ་ཞིག་གི་བཙུན་མོར་ལ་ཁྱི་ཕྲུག་ཅིག་སྐྱེས་ཡོད་ཟེར་ན་རྣ་ལ་འགྲོ་རྒྱུ་ཨེ་རེད།
- རྒྱལ་བོའི་མཚན་ལའང་གནོད་སྲིད།
- འདིས་ཅི་བྱེད་དམ། འུ་ཚོས་མེད་པར་བྱེད་དགོས་ཞེས།
- ཁྱི་ཕྲུག་ནི་དེ་མེད་པར་བྱས།
- དེ་ནས་རྒྱལ་བོའི་སྲས་སྐྱེས་ཡོད་པའི་ས་འོག་ཏུ་བསྡུས་ཡོད་པ་དེ།
- ས་ཡར་ལག་ཆགས་ནས་འདི་ལྟར་འབུར་ནས།
- ས་འོག་ནས་ལག་ཆགས་ནས་སའི་ཐོག་ལ་སེར་ཀ་ཀས་ནས།
- ཁ་བཀར་རྒྱུའི་ཚུགས་ཀ་བྱས།
- ད་གན་ལྷང་ལ་འབུད་རྒྱུ་རེད།
- མི་ཉན་གི་འདོད་ནས་ཕྱིར་བླངས་ནས།
- གཉིས་ཀས་ཚལ་གཏུབ་ཀྱིས་བརྒྱབ་ནས་གཙབས་རྗེས།
- བ་གླང་ཞིག་གི་ཆས་རྐོའི་ནང་དུ་བཏབ་ནས་བ་གླང་ལ་ཆས་བྱིན།
- བ་གླང་གི་ཁོག་ནས་འཁྲུངས།
- བ་གླང་ཁོག་ནས་འཁྲུངས་བ་དེ་གླང་རྟའུ་སྟག་དམར་ཞིག་ཡིན།
- སྐབས་དེར་རྒྱལ་བོར་ཚོགས་འདུ་གྲོལ་ནས་ཕྱིར་ཡོང་བ་ན།
- བཙུན་མོ་གཅིག་གིས་ངས་ཁྱོད་སྟོད་གོས་བཟོས་ཡོད་པ་འདི་ཡིན།
- གཅིག་གིས་ངས་ཁྱོད་ལ་ལྷམ་བཟོས་པ་འདི་ཡིན་ཟེར།
- བཙུན་མོ་དེ་ལ་མིང་ཞིག་ཡོད་ཀྱང་མི་ཤེས་གི
- བཙུན་མོ་ཆུང་བས་སྲས་འཁྲུངས་སོང་ངམ་ཞེས་དྲིས་པ་ན།
- རྒྱལ་བོ་་་དེ་ལ་བལྟ་སྲོལ་མེད་གི
- བཤད་རྒྱུ་ཞིག་མ་རེད་ཁྱི་ཕྲུག་ཅིག་སྐྱེས་ཡོད་ཟེར།
- དེ་འདྲ་ཞིག་གང་ན་ཡོད་དམ་གསོད་དགོས་ཟེར།
- བཙུན་མོ་དེ་ཁོ་ལ་མི་དགོས་གསོད་རྒྱུ་ཡིན་ཞེས་བཤད།
- བསད་ནས་ཅི་བྱེད་དམ།
- འུ་ཚང་གི་གཡོག་མོ་བྱས་ན་བཟང་ཟེར་ནས།
- ལྷ་མོ་དེ་འདྲེ་མོ་གཉི་ཀའི་གཡོག་མོ་བྱས་ནས་ནོར་རྫི་བྱས།
- གླང་རྟའུ་སྟག་དམར་ཟེར་བ་དེས་ཨ་མ་ལ་ཟོག་འཚོ་རོགས་བྱས་ནས་བསྡད།
- དེའང་འདྲེ་མོ་ཆུང་བས་ཤེས་སོང་བ་རེད།
- འདི་ཅི་ཞིག་ཡིན་པ་མི་ཤེས་གི
- འུ་ཚང་གི་ཟོག་མང་འདི་མོས་ཐུབ་སྲོལ་མེད་མོད།
- ཕྱི་དྲོ་ལྷད་ལྷོད་ཀྱིས་དེད་ནས་ཡོང་ཐུབ།
- སང་ཉིན་ང་རང་ཟོག་རྫི་ལ་འགྲོ
- གཡོག་མོ་ལ་ལས་རྒྱུ་ཡོད་གི་ཞེས།
- ང་རང་ཟོག་རྫི་ལ་སོང་ནས་ཉམས་མྱོང་ལ་བལྟ་དགོས་ཟེར་ནས།
- འདྲེ་མོ་ཆུང་བ་དེ་ཟོག་རྫི་ལ་སོང་།
- ཕྱི་དྲོ་ཟོག་རྣམས་བསྡུས་ནས་དེད་དེ་ཡོང་བའི་སྐབས་ལ།
- གླང་རྟའུ་སྟག་རིས་ཀྱིས་ཟོག་རྣམས་གདའ་ནས་ལ་ལུང་ལ་བརྒྱབ།
- མོས་སྡུག་མྱངས་མྱངས་ཐར་ཡུལ་ལ་ཐོན།
- ཡུལ་ལ་ཐོན་ནས་གཡོག་རྒན་མ་ཟོག་ཐོགས།
- ངས་དེ་རིང་སྡུག་མྱངས་ནས་ཤི་ཐལ།
- སྒོ་དམ་པོར་རྒྱོབ་ཅེས་བཤད་རྗེས་ཡུལ་ལ་སོང་ནས་འདྲེ་མོ་ཆེ་བོ་ལ།
- མོ་ལ་གླང་རྟའུ་སྟག་རིས་ཀྱིས་འཚོ་རོགས་བྱས་ནས་བསྡད་པ་རེད།
- གླང་རྟའུ་སྟག་རིས་ནི་འུ་གཉིས་ཀྱིས་བ་གླང་ལ་ཆས་བྱིན་རྗེས་ཁོག་ནས་བཙས་པ་དེ་རེད།
- ད་དེ་བཟང་གི་མེད་པས་གསོད་དང་ཟེར།
- ད་མ་བསད་ནས་ཡང་ཅི་ཞིག་བྱུང་རྒྱུ་མི་ཤེས་གི་ཟེར།
- འདྲེ་མོ་གཉིས་ཀས་དེ་ལ་གྲོས་བྱས།
- དེ་ནས་ཁོས་གཡོག་མོ་དེས་ཟོག་འདོགས་པའི་སྐབས་དེ་ལ།
- གླང་རྟའུ་དེས་ཨ་མ་ཁྱོས་སྒོ་མ་བརྒྱག
- ང་གསོད་རྩིས་བྱེད་བཞིན་འདུག
- ད་ངས་ཁྱོད་ལ་རོགས་བྱེད་མི་ཐུབ་གི
- འུ་གཉིས་འཛོམས་པའི་དུས་ཤིག་ཡོད།
- སྐབས་དེར་ངས་ཁྱོད་ལ་ཕན་ཐོགས་ངེས་ཡིན།
- ང་འབྲོ་རྒྱུ་ཡིན་ཞེས་བཤད་ནས་སྒོ་བརྒྱག་ཏུ་མ་བཅུག
- ཡ་ཞེས་ནས་ཨ་མས་ཀྱས་སྒོ་མ་བརྒྱབ།
- དགོང་མོ་གླང་རྟའུ་སྟག་རེས་བྲོས་སོང་བ་རེད།
- བྲོས་བྲོས་ནས་ས་ཆ་མི་གཅིག་པ་ཞིག་ཐོན།
- རྒྱལ་བོ་ཞིག་ལ་ཁོའི་རྒྱལ་ས་འཛིན་པའི་མག་པ་འཇོག་དགོས་ཀྱི་ཡོད།
- སྲས་མོ་ཏག་ཏག་ལས་ཞི་ལུ་མ་སྐྱེས་པ་རེད།
- དེས་ན་སྲས་མོ་དེ་ལ་མག་པ་འཇོག་ཚད་ལ་ཐོན་ནས།
- སང་ཉིན་མག་པ་འཇོག་དགོས་ཟེར།
- འཁོར་འབངས་ཐམས་ཅད་ཀྱི་ཞི་ལུ་ཐམས་ཅད་ཤོག
- བར་སྣང་ཁམས་དེ་ལ་ཅོང་ཞིག་རྡུང་རྒྱུ་ཡོད།
- ཅོང་དེ་རྡུང་ཐུབ་པའི་མི་དེ་མག་པ་འཇོག་དགོས།
- རྒྱལ་བོའི་རྒྱལ་རྒྱུད་དེ་ཡིན་ཞེས་བཤད་ནས།
- ཕར་ཕྱོགས་ཚུར་ཕྱོགས་གཉིས་ལ་སྡོང་བོ་གཉིས་བརྡབས་ནས།
- སྡོང་བོའི་མགོ་ནས་ལྕགས་ཐག་འཐེན་ནས།
- ལྕགས་ཐག་གི་དཀྱིལ་ནས་ཅོང་ཞིག་ཕྱང་དུ་བཅུག་ནས།
- སྐྱེས་བུ་ཐམས་ཅད་ལ་དེ་སུས་རྡུང་ཐུབ་བམ་ཞེས་ནས་བརྡུངས་དུ་བཅུག
- མི་གཅིག་གིས་ཀྱང་བརྡུངས་མི་ཐུབ།
- དེས་འཕྲོར་ཉིན་གུང་གི་ཟ་མ་ཟས་རྗེས་ཕྱིར་ཤོག
- ཡིན་ན་མིན་ན་མག་པར་འཇོག་དགོས།
- འཁོར་འབངས་འདིའི་ནང་དུ་མག་པ་ཡོད་དགོས་ཞེས་བཤད་རྗེས་གྲོལ་སོང་།
- ཉིན་གུང་གི་ཟ་མ་ཟ་བའི་སྐབས་སུ་ཅོང་སྒྲ་གྲགས་པ་རེད།
- རྒྱལ་བོས་བློན་པོ་གཉིས་མངགས་ནས་ཅོང་བརྡུངས་མཁན་དེ་སུ་ཞིག་ཡིན་པ་བལྟ་རུ་བཅུག
- བློན་པོ་རྒྱུགས་ནས་སོང་སྟེ་བལྟས་པ་ན།
- འོག་དེ་ན་གླང་རྟའུ་སྟག་རིས་ཤིག་ཉལ་ནས་བསྡད་ཡོད།
- དེ་ལས་གཞན་ཞིག་མེད་གི་ཟེར།
- དེ་ནས་ཉིན་གུང་གི་ཟ་མ་ཟས་ཚར་རྗེས་ཕྱིར་ཡོང་ནས་ཚང་མས་ཅོང་དེ་བརྡུང་རྒྱུ་གྲ་སྒྲིག་བྱས་ནས།
- ཡང་མི་གཅིག་གིས་ཀྱང་བརྡུངས་མ་ཐུབ།
- ཡ་ད་སོང་ནས་སང་ཉིན་ནངས་མོ་ཤོག
- བློན་པོ་གཉིས་ལ་ཁྱོད་ཀྱིས་འདི་ནས་ཚོ་རྒྱོབ་ནས་བལྟ་དགོས།
- ཅོང་དེའི་འགྲམ་ལ་ཅི་ཞིག་ཡོང་བ་དང་སུས་བརྡུངས་བ་ལ་ལྟོས།
- ཁྱོད་གཉིས་ཀྱིས་ལྟོས་ཞེས་ནས་གྲོལ་དུ་བཅུག
- ད་ཅི་ཡང་ཚང་མ་གྲོལ་ཤུལ་ནས་བརྡུངས་ཐལ།
- དེ་ནས་གླང་རྟའུ་དེ་སྡོང་མགོ་ཞིག་གི་ཕར་ཕྱོགས་ནས་ཡོང་ནས།
- ལྕི་བ་ཞིག་བཏང་ནས་ཅོང་དེའི་འགྲམ་ནས་གནམ་ལ་བལྟོས་ནས་སྐོར་བ་ཞིག་བྱས་ནས།
- རྒྱུགས་ཞོར་དུ་གནམ་ལ་ལྡིང་པ་ན་ཅོང་དེ་གྲགས་པ་རེད།
- དེ་ནས་བློན་པོ་གཉིས་ཀ་ཕྱིར་རྒྱུགས་སོང་ནས་རྒྱལ་བོ་ལ་ཅོང་རྡུང་མཁན་ནི་གླང་རྟའུ་དེ་རེད་ཟེར།
- གླང་རྟའུ་དེ་ད་ལྟ་མྱུར་དུ་འཁྱེར་ཤོག་ཅེས་བཤད་ནས།
- གླང་རྟའུ་དེ་ཡུལ་ལ་ཁྱེར་ཡོང་བ་རེད།
- ཐོན་པ་ན་སྲས་མོ་དེ་ལ་ཁྱོད་ལ་མག་པ་འདི་འཇོག་དགོས་ཟེར།
- ཅོང་འདིས་བརྡུངས་བ་རེད་ཟེར།
- རྒྱལ་བོའི་སྲས་མོ་ནི་ལྷ་མོ་ཞིག་ཡིན།
- རྒྱལ་བོ་ལ་འདི་ངའི་ལས་དབང་ཡིན།
- ཁྱོའད་ཀྱི་ལས་དབང་རེད། ངའི་ལས་དབང་རེད།
- ཁྱོའི་རྒྱལ་ས་ཟོག་ཅིག་གི་འཛིན་པ་དང་ངའི་སྐྱེས་པ་ཟོག་ཞིག་ཡིན་པ་ངའི་ལས་དབང་རེད།
- ངས་རྒྱལ་བོས་ཁ་ལེན་ཟེར།
- དེའི་འཕྲོར་ཤུག་བདུད་བྱས།
- འཁྲུས་བྱས།
- གང་གི་སྐྱེས་བུ་དམ་པ་ཚང་མར་འཁྲུས་བྱེད་དུ་བཅུག
- རྒྱལ་བོ་ཐམས་ཅད་ཡང་ས་ཞིག་ལ་ཚོགས་དགོས་ཟེར།
- རྒྱལ་བོ་ཐམས་ཅད་ཀྱི་རྒྱལ་ས་ཚོགས་དགོས་ཞེས་ནས།
- ཁོ་སོང་ནས་མི་ཐུབ་པ་དང་མག་པ་བཞག་ཚེ་བཀོལ་ཡོད་རྒྱུ་རེད།
- འདི་སོང་ན་ཟོག་ཅིག་རེད། ད་ཅི་བྱེད།
- ད་འགྲོ་དགོས་ནི་རེད།
- རྒྱལ་བོས་དེ་ལྟར་བཤད།
- རྒྱལ་བོའི་སྲས་མོ་དེས་གླང་རྟའུ་སྟག་རིས་དེ་ལ།
- ཁྱོད་ཀྱང་སྤྱིར་བཏང་བ་ཞིག་ཡིན་རྒྱུ་མ་རེད།
- ཁྱོད་ལ་རྒྱལ་བོའི་རྒྱལ་ས་འཛིན་པའི་ལས་དབང་ཡོད་ནི་རེད།
- ཁྱོད་ལ་འོད་ཅིག་ཡོད་ན་ལྷང་ལ་བུད་ཟེར།
- དེ་ནས་ཡ་ཞེས་བཤད་དེ།
- ཤུག་བདུད་ཅིག་བྱས་རྗེས་གསར་བུ་ལྟ་བས་མིག་གིས་མི་གཟོད་པའི་ཕོ་ཡག་ཞིག་ཏུ་གྱུར།
- དེ་ནས་རྒྱལ་བོ་ལ་གོན་པ་གྲ་སྒྲིག་བྱས།
- རྒྱལ་བོ་སྤྱིར་བཏང་བ་ཞིག་མིན་པ་དེ་རེད།
- ཁྱོད་ཀྱིས་ལྟོས་དང་།
- གོན་པ་འཁྱེར་ཤོག་ཅེས་བཤད་ནས།
- གོན་པ་ཁྱེར་ཡོང་ནས།
- ཁོ་རྒྱལ་བོ་ཞིག་གི་མཛོད་ན་གོན་པ་མེད་པ་མིན།
- གོན་པ་དཔེ་མེད་པ་དག་ཁྱེར་ཡོང་ནས་གྱོན་ནས།
- བློན་པོ་དག་རོགས་ལ་ཕུད་ནས་རྒྱལ་བོ་ཚོགས་ལ་སོང་།
- ཚོགས་ལ་སོང་བ་ན་རྒྱལ་བོ་རྣམས་ཀྱིས་རྒྱལ་བོ་དེ་རིག་མ་མྱོང་།
- གང་ཞིག་གི་རྒྱལ་བོ་ཡིན་ནམ་ཞེས་དྲིས་པ་ན།
- རྒྱལ་བོ་ཀ་ལ་པིང་ཀ་ཁོའི་སྔོན་གྱི་ཨ་ཕ་དེས།
- ཁོས་རྒྱལ་བོ་འདི་འདྲ་ཞིག་རིག་མ་མྱོང་མོད།
- ངས་དེ་ཇ་ཞིག་དྲང་ན་ཨེ་ཆོག་གམ་ཞེས་བཤད།
- དེ་བློན་པོ་ཞིག་གིས་ཤེས་ནས་ཆོག་ཟེར།
- དེ་ནས་ཁོའི་བློན་པོ་རྣམས་ལས་ཁ་ཤས་ཡུལ་ལ་འགྲོ་རུ་བཅུག་ནས།
- སྔོན་ལ་སོང་ནས་གྲ་སྒྲིག་བྱས།
- ངས་རྒྱལ་བོ་ཞིག་ལ་ཇ་འདྲེན་དགོས་ཟེར།
- དེའི་རྗེས་ནས་རྒྱལ་བོ་སོ་མ་དེས་ཁོའི་བློན་པོའི་ཕྱེད་ཀ་ཡུལ་ལ་འགྲོ་རུ་བཅུག་ནས།
- ཁོ་ལ་རྒྱལ་བོ་ཞིག་གིས་ཇ་ཞིག་དྲོངས་ཟེར།
- ཇ་དེ་དྲངས་རྗེས་ཡོང་ཟེར།
- ཁྱོད་ཚོ་ཡུལ་ལ་སོང་དང་།
- ང་ལ་གྲོགས་པོ་གཅིག་གཉིས་ཙམ་ལས་མི་དགོས་ཞེས།
- གྲོགས་པོ་གཅིག་གཉིས་ཙམ་ཁྱེར་ནས་རྒྱལ་བོ་ཇ་འདྲེན་མཁན་དེ་ཚང་ལ་སོང་།
- དེ་ལ་སོང་དུས་ཁྱོད་ཚང་གིས་ཁྲི་གསུམ་རྒྱོབ་ཟེར།
- ཡ་ཟེར།
- འཁོར་འབངས་ཐམས་ཅད་སྔོན་ལ་ཡོང་ནས་བསུ་མ་བྱས་པ་དང་།
- འདི་འདྲའི་རྒྱལ་བོ་ཞིག་རིག་མ་མྱོང་།
- ས་ཆ་གང་ཞིག་གི་རྒྱལ་ཡིན་ནམ་ཞེས་ནས།
- འཁོར་འབངས་ཐམས་ཅད་ལྟད་མོར་བལྟ་རུ་ཡོང་བ་དང་།
- རྒྱལ་བོ་ལ་ཁྱོད་ཁྲི་གོང་མའི་ཐོག་གི་ཁྱོད་སྡོད་ཟེར།
- ཡ་ཟེར།
- ཁྲི་བར་མའི་ཐོག་ནས་ཁོ་འདུག་ཟེར།
- རྒྱལ་བོ་སོ་མོས།
- ཁྱེད་ཚང་ན་གཡོག་མོ་ཞིག་ཡོད་པ་དེ་ཨེ་ཡོད་དམ་ཞེས་དྲིས་པ་ན་ཡོད་ཟེར།
- དེ་ལ་ཁྱོད་འདིར་ཤོག་ཞེས་ཤོད་དང་།
- དེ་བོས་ནས་ཐོན་པ་ན།
- ཁྱོད་ཀྱིས་ངའི་ལག་པ་འདིའི་ནང་དུ་མཆུ་མ་ཞིག་ཐོབས་དང་ཟེར།
- གཡོག་མོ་སྐྲག་ནས་ཕུ་འདེབས་པ་ལས་མཆུ་བ་ཡོང་རྒྱུ་མ་བྱུང་བ་རེད།
- རྒྱལ་བོས་ཁྱོས་ཡག་པོ་བྱས་ཏེ་མཆུ་མ་ཐོབས་དང་ཞེས་པ་ན།
- མཆུ་མ་མེད་པར།
- རྒྱལ་བོ་སོ་མའི་ལག་མཐིལ་དུ་འདི་ལྟར་ལྕེ་ལྡག་ཅིག་བྱས།
- དེ་ནས་རྒྱལ་བོ་སོ་མོས་གཡོག་མོ་དེའི་ལག་ཐོག་ཏུ་ལྕེ་ལྡག་ཅིག་བྱས་རྗེས་ཨ་མ་ཞེས་བཤད།
- ཨ་མ། ངས་ཁྱོད་ཀྱི་ནུ་མ་ནུ་བའི་ལས་དབང་མ་ཡོང་ནི་རེད།
- ངས་ཁྱོའི་སྤྲི་ནུ་མ་ཐུབ་མོད།
- འུ་ཚོ་ངོ་ཐུག་དུས་ཞིག་ཡོང་ནས།
- ངས་ཁྱོད་ཕན་ཐོགས་དུས་ཤིག་ཡོད་ཟེར་བ་ནི་དེ་རིང་ཡིན་ཟེར།
- དེ་ནི་ཅི་ཞིག་ཡིན་ནམ་ཞེས་དྲིས་པ་ན།
- ཨ་མ་ཁྱོད་རང་ཁྲི་ཐོག་འདི་ནས་སྡོད་དང་། ངའི་རྩིབ་ནས།
- འདི་ངའི་ཨ་མ་རེད།
- དེང་མ་ང་འདིའི་ཁོག་ནས་སྐྱེས་མོད་ང་ས་འོག་ཏུ་བསྡུས་ནས།
- དེའི་རྗེས་ནས་ཅི་ཞིག་བྱས་པ་སོགས་རྒྱལ་བོ་སོ་མས་བཤད་པ་རེད།
- བཙུན་མོ་དེ་གཉིས་ཀ་ངས་གསོད་རྒྱུ་ཡིན།
- རྒྱལ་བོས་བར་དེ་ནས་དེ་གསོད་རྒྱུ་ཟེར་ནས།
- དེ་འདྲ་མ་བྱེད་དང་།
- ངའི་ཨ་མས་ཅི་ཞིག་བྱས་པ་ལྟར་ཁྱེད་ཚང་གི་གཡོག་མོ་བྱས་ནས་སྡོད་དང་།
- ངའི་ཕ་ཡུམ་མ་ཡུམ་གཉིས་ཀ་ཁྱེད་གཉིས་ཡིན།
- ཁྱེད་གཉིས་ཀྱི་བུ་ང་ཡིན།
- དེ་རིང་འུ་ཚོ་འཛོམས་ཐུབ་སོང་བ་རེད།
- ཁྱོད་རང་སོང་མི་ཆོག་ངའི་རྒྱལ་ས་བཟུང་ནས་འདུག་དགོས་ཟེར།
- འགྲོ་དགོས།
- ངའི་སྲོག་སྐྱོབ་མཁན་ནི་དེ་ཚང་རེད།
- དེ་ཚང་གིས་ང་རང་རྒྱལ་ས་བཞག་ནས་སྲོག་སྐྱོབ་པ་ཡིན།
- འདི་ནས་ང་ལ་སྲོག་གི་ཆད་པ་བབས་པ་རེད།
- དེ་འདྲ་བྱས་མི་ཆོག
- ང་རང་ཕྱིར་འགྲོ་དགོས་མོད།
- རྒྱལ་བོ་གཉིས་ཀའི་རྒྱལ་ས་ངའི་འཛིན་ཐུབ།
- ང་ལ་འཛིན་པའི་ལས་དབང་ཡོད་ཅེས་ནས།
- དེ་ནས་བསྡད་རྗེས།
- རྫོང་བ་བྱས་པ་དང་བློན་པོ་མང་པོས་བསྐྱལ་ནས།
- ཁོ་རང་མག་པ་འཇོག་སར་ཚང་ལ་སོང་ནས།
- འདི་ཁོང་གི་བུ་རེད།
- ཁོང་གི་རྒྱལ་སའང་འཛིན་དགོས།
- ཁྱེད་ཚང་གི་རྒྱལ་སའང་འཛིན་ན།
- དེ་ནས་འདུག་དགོས་ཞེས་བཤད་མོད་མི་འདུག་གི
- རྒྱལ་བོ་དེ་ཚང་ལ་བཤད་ནས་དེ་ནི་དེ་འདྲ་ཞིག་ཡིན་རྒྱུ་རེད་འདོད་ཡོད།
- དཔེ་མེད་པའི་མི་བསོད་ནམས་ཅན་ཞིག་ཡིན།
- ཁོའི་ཅོང་དེ་མི་ཞིག་གིས་རྡུང་མི་ཐུབ་མོད།
- གླང་རྟའུ་སྟག་དམར་གྱིས་བརྡུངས་བ་རེད།
- ཁོའི་རྒྱལ་ས་གླང་རྟའུ་སྟག་དམར་གྱིས་བཟུང་བ་ཡིན་ཞེས།
- རྒྱལ་བོ་དེའི་རྒྱལ་ས་བཟུང་བ་རེད།