Skip to main content Skip to search
21 Jun 2018
8 min 10 sec
Video Overview
Creators: 
Duptho, Sonam Chophel

Lobzang Dorji, from Radhi Gewog, Trashigang, shares the story of King Gesar of Ling subduing the King Jang Satham. King Gesar is said to be an extraordinary Chinese king, who created legends and left stories for his people. In this story, he tames and subdues the Jang Satham, who was a demon, and who created chaos among people. King Gesar disguised himself as an old astrologer and went to treat the sick King Jang Satham. He took the opportunity to subdue the demon, utilizing different strategies to tame and finally subdue him. 

 

བཀྲིས་སྒང་རྫོང་ཁག་ ར་དྷི་རྒེད་འོག་ལས་ བློ་བཟང་རྡོེ་གིས་ རྒྱལ་པོ་རྒྱས་གསར་གྱིས་  བྱང་སཱ་ཐམ་ཀྱི་རྒྱལ་པོ་ དབང་ལུ་བསྡུ་བའི་ རྣམ་ཐར་གྱི་སྐོར་ལས་ བཤདཔ་ཨིན། རྒྱལ་པོ་རྒྱས་གསར་འདི་ རྒྱ་ནག་གི་རྒྱལ་པོ་ཅིག་ཨིནམ་དང་ ཁོ་གཞན་དང་མ་འདྲ་བའི་མི་དང་ གཏམ་སྙན་གྲགས་ཅན་ཅིག་འབདཝ་ལས་ ཁོ་གིས་ཁོ་འདྲེན་ནིའི་དོན་ལུ་ རྣམ་ཐར་མང་པོ་ཅིག་ བཟོ་བཞག་ནུག ཨ་ནི་སྲུང་འདི་ནང་ རྒྱལ་པོ་རྒྱས་གསར་གྱིས་ མི་སེར་ལུ་གནམ་མེད་ས་མེད་ དཀའ་ངལ་བྱིན་མི་ བྱང་སཱ་ཐམ་གྱི་ བདུད་ཀྱི་རྒྱལ་པོ་  ་ དབང་ལུ་བསྡུ་བའི་སྐོར་ལས་ཡོདཔ་ཨིན། དེ་ཡང་ རྒྱལ་པོ་རྒྱས་གསར་གྱིས་ རྩིས་པ་རྒས་རྒསཔ་ཅིག་ལུ་སྤྲུལ་ཏེ་ བྱང་སཱ་ཐམ་ཀྱི་རྒྱལ་པོ་སྐུ་ཉུངས་ཡོད་སར་ འབྱོན་ཞིནམ་ལས་ འ་ནི་དུས་ཚོད་འདི་ རྒྱལ་པོ་བཏུལ་ནིའི་གོ་སྐབས་བཟང་པོ་ཅིག་སྦེ་ ཆ་བཞག་སྟེ་ བཏུལ་ནིའི་ཐབས་ཤེས་སྣ་ཚོགས་བཏོན་ཏེ་ མཐའ་མཇུག་ལུ་ དབང་ལུ་བསྡུ་ཚུགས་ནུག 

 

Transcript search
No results found for this search
0 of 0
  • བློ་བཟང་རྡོ་རྗེ་ Lobzang Dorji
    ལགས་སོ། ཏེ་ཧེ་མ་ མ་པ་ ཏེ་ངོ་བོ་འདི་ གླིང་གེ་སར་རྒྱལཔོ་རང་ཨིན་མས། ཏེ་ཁོ་རའི་བྱང་གླིང་ལུ་ བྱང་གླིང་ལུ་ལྷོདཔ་ད་ བྱང་ས་ཐང་རྒྱལཔོ་ཟེར་ ཏེ་བདུད་གནམ་མེད་ས་མེད་ ཤུགས་ཚད་སྦོམ་ཅིག་ཨིན་མས། ཏེ་ས་ཐང་རྒྱལཔོ་ཟེར་མི་འདི་ ཏེ་བཏུལ་ནི་གི་གདུལ་བྱ་དུས་ལུ་འབབ་ད་ལུ་ གླིང་གེ་སར་རྒྱལཔོ་འདི་ ག་བཟུམ་ཅིག་གི་ ཏེ་ཆ་ལུགས་སྦེ་འབད་དགོཔ་སྨོ་ཟེར་བ་ཅིན་ སྒོམ་ཆེན་སྤྲང་སློང་པ་ཅིག་གི་ལུགས་སྲོལ་ཅིག་བཟོ་སྦེ་ ཏེ་ཁོ་རའི་ བྱང་ས་ཐང་རྒྱལ་པོའི་མངའ་འོག་ལུ་སྦེ།
  • བློ་བཟང་རྡོ་རྗེ་ Lobzang Dorji
    ཏེ་བཤལ་བར་བྱོན་ནུག བཤལ་བར་འབྱོནམ་ད་ལུ་ ཏེ་བྱང་ས་ཐང་རྒྱལཔོ་འདི་ སྐུ་སྙུང་བཞུགས་པའི་ཁ་ཐུག་རྐྱབ་སྦེ་ ཏེ་མོ་ཅིག་བཏབ་དགོ་པས་ ང་བཅས་ཀྱི་རྒྱལཔོ་སྐུ་སྙུང་སྟེ་ཡོད་ཟེར་ དེ་སྦེ་ཁོ་ལུ་བྱུང་སྟེ་ དེ་ལས་མོ་བཏབ་ད་ལུ་ ཁོ་གིས་ གླིང་གེ་སར་རྒྱལཔོ་གིས་ སྒོམ་ཆེན་གྱི་ཚུལ་ལུ་བརྟེན་ཏེ་ མོ་བཏབ་ད་ མོ་ལས་ག་དེ་སྦེ་འཐོན་དེས་ཟེར་བ་ཅིན་ རྒྱལཔོ་ཁྱོད་ཀྱི་ཕོ་བྲང་གི་ལྟག་ལུ་ མཆོད་རྟེན་གཅིག་འདུག་ མཆོད་རྟེན་བཤིག་དགོ་པས་ དེ་ལས་ ཕོ་བྲང་གི་གདོང་ཁར་ ཏེ་མཚོ་གཅིག་འདུག་ མཚོ་འདི།
  • བློ་བཟང་རྡོ་རྗེ་ Lobzang Dorji
    ཏེ་[ཧྲམ་གཏང་དགོ་པས་?] དེ་ལས་ ཁྱོད་རའི་སེམས་གནས་པའི་ས་གོ་ཅིག་འདུག་ འ་ནཱི་སེམས་གནས་པའི་ས་གོ་འདི་ ཏེ་ལམ་རྒྱ་གྲམ་ཁར་འབག་སྦེ་ དོང་ནང་བཙུགས་དགོ་པས་ཟེར་ ཏེ་མོ་ལས་འ་ནཱིམ་ཅིག་ཐོན་ནུག ཡ་ད་འབདན་ཏེ་ མཆོད་རྟེན་ གནམ་རང་བཤིག་མ་ཚུགས་པའི་རྒྱུ་ཨིན་ ཏེ་ད་ ག་དེ་འབད་ནི་ ཏེ་ཐབས་ཤེས་ཁྱོད་ཀྱིས་འབད་ཤིག་ཟེར་ དེ་སྦེ་སླབ་ཅི་ ཟེར་ཨིན་མས། ཏེ་དེ་ལས་ ཐབས་ཤེས་འབདཝ་ད་ལུ་ ཏེ་མཆོད་རྟེན་གྱིས་གནོད་གནོདཔ་ཨིན་མས་ཟེར་སླབ་སྦེ་ ཏེ་མཆོད་རྟེན་བཤིག་གཏང་དགོ་ ཟེར་སླབ་ད་ལུ་འདི།
  • བློ་བཟང་རྡོ་རྗེ་ Lobzang Dorji
    ཁྱོད་ཀྱིས་བཤིག་དགོ་ཟེར་སླབ་ ཏེ་ག་ཅི་འབད་དགོ་ཟེར་སླབ་ད་ མཆོད་རྟེན་བཤིགཔ་ད་ལུ་ མི་དགུ་གིས་འཐུ་ཚུགས་པའི་ཐོཝ་གཅིག་བརྡུང་དགོ་ཟེར་ མགརཝ་དགུ་གིས་བརྡུང་དགོ་ཟེར་ ཏེ་མགརཝ་དགུ་འཛོམས་སྦེ་ མི་མགརཝ་དགུ་གིས་འཐུ་ཚུགས་པའི་ཐོཝ་འདི་ མི་གཅིག་གིས་འཐུ་ནི་སྦེ་བཟོ་སྟེ་བརྡུངས་སྦེ་ ཏེ་བརྡུང་ཚར་ཚརཝ་ས། ཏེ་དེ་ལས་ འ་ནཱི་བརྡུངས་ཏེ་ མགརཝ་བསྡུ་སྟེ་ མགརཝ་དགུ་བསྡུ་སྟེ་ ལྕགས་ཐོཝ་སྦོམ་ཅིག་བརྡུངས་སྦེ་ ཏེ་འ་ནཱི་ཐོཝ་གིས་འབད་ ཏེ་གླིང་གེ་སར་རྒྱལཔོ་གིས་ འ་ནཱི།
  • བློ་བཟང་རྡོ་རྗེ་ Lobzang Dorji
    མཆོད་རྟེན་འདི་བཤིག་དོཝ་མས། བཤིགཔ་ད་ ཡར་ཉིན་ཟླ་ལས་མར་བཤིག་པའི་བསྒང་ལས་ ཏེ་མགྱོགས་པར་བཤིག་མི་བཏུབ་པས་ཟེར་ཨིན་མས། ཏེ་གནམ་མེད་ས་མེད་ གུ་རུ་རིན་པོ་ཆེ་ལུ་གསོལཝ་བཏབ་སྟེ་ ད་འབདན་ ཏེ་བྱང་གླིང་གི་ས་ཐང་རྒྱལཔོ་འདི་ ཏེ་བཏུལ་ནིའི་ ཏེ་བདུད་འདི་བཏུལ་ནི་གི་དུས་སྐབས་ཡོད་ཟེར་བ་ཅིན་ འ་ནཱི་མཆོད་རྟེན་བཤིག་ཚུགས་ཅིག་ཟེར་ གུ་རུ་རིན་པོ་ཆེ་ལུ་གསོལཝ་བཏབ་སྦེ་ ཏེ་དེ་ལས་ གུ་རུ་རིན་པོ་ཆེ་ ལྷ་ཨོ་རྒྱན་པདྨ་འབྱུང་གནས་མཁྱེན་ནོ་ཟེར།
  • བློ་བཟང་རྡོ་རྗེ་ Lobzang Dorji
    ཏེ་སྨོན་ལམ་བཏབ་སྦེ་ ཏེ་དེ་ལསན་ཏེ་ གུ་རུ་རིན་པོ་ཆེ་གིས་ཡང་བྱིན་གྱི་བརླབས་སྦེ་ ཏེ་འ་ནཱི་མཆོད་རྟེན་འདི་བཤིག་ ཉིན་ཟླ་ལས་མར་བཤིག་འོང་བའི་བསྒང་ལསན་ ཏེ་ཨོམ་ཉོ་ལོ་ལོ་ལོ་ ཨོམ་འཐོན་དེས་ཟེར་ཨིན་མས་ མཆོད་རྟེན་ལས། དེ་ལས་འ་ནཱི་ ཧ་ལམ་ཅིག་ལས་བཤིག་ཚར་ཏེ་ དེ་ལས་ མར་མཚོ་ལུ་ལྷོདཔ་ད་ མཚོ་ལུ་ ང་བཅས་ར་མིའི་ཨ་བ་ རོ་ཁྱི་གི་ཨ་བ་ ཕགཔ་གི་ཨ་བ་བླུགས་དགོ་པས་ཟེར་ དེ་ལས་ འ་ནཱི་བསྡུ་སྦེ་བླུགས་ ཏེ་འ་ནཱི་མཚོ་ བླ་མཚོ་ཨིན་མས།
  • བློ་བཟང་རྡོ་རྗེ་ Lobzang Dorji
    ཡར་གྱི་མཆོད་རྟེན་ཡང་ ཁོ་གི་བླའི་མཆོད་རྟེན་ཨིན་མས། བླ་མཆོད་རྟེན་ འ་ནཱི་ཡང་བཤིག་སྟེ་ དེ་ལས་མར་གྱི་མཚོ་ལུ་ ཨ་བ་བཀོ་ཏེ་ དེ་ལས་སེམས་གནས་པའི་ས་གོ་ཟེར་ ག་ཅི་སྨོ་ཟེར་བ་ཅིན་ བདུད་ཀྱི་འདི་ ཏེ་ག་ཅི་སྨོ་ཟེར་བ་ཅིན་ ཤིག་ལེ་ཤ་ཕདཙེ་ནང་བཙུགས་བཞག་བཞགཔ་འོང་ལོ། ཏེ་འ་ནཱི་བཟུམ་ སེམས་གནས་པའི་ས་གོ་འདི་ ལམ་རྒྱ་གྲམ་ལུ་འབག་སྟེ་ དོང་ནང་བཙུགས་དགོ་ཟེར་ དོང་ནང་བཙུགས་ དེ་ལས་མཚོ་ཡང་ ཧྲམ་བཏང་ཚར་ཏེ།
  • བློ་བཟང་རྡོ་རྗེ་ Lobzang Dorji
    དེ་ལས་འ་ནཱི་ཧྲམ་བཏང་ཚར་ཞིནམ་ལས་ ཏེ་ཧེང་སྐལ་འབད་ནུག བྱང་ས་ཐང་རྒྱལཔོ་ཧེང་སྐལ་འབད་དེ་ ཡ་ ད་ང་ རིམ་གྲོ་འདིནི་འབད་ཡི་ དྲག་ནི་མེན་པར་ ད་ཧེང་སྐལ་འབདཝ་མས་ ད་མེན་པས་སྨེ་ཟེར་ དེ་ལསན་ཏེ་ འ་ནཱི་ཀྲིག་ཀྲི་ མཆོད་རྟེན་དང་ མཚོ་ཧྲམ་བཏང་སྟེ་ ཁོའི་སེམས་ཕད་ཙེ་ དོང་ནང་བཙུགས་ཚར་ཞིནམ་ལས་ ཏེ་ཧེང་སྐལ་འབད་ནུག ཧེང་སྐལ་འབདཝ་ད་ལུ་ ག་ཅི་འབད་ཡི་ གཞན་ཚུ་ ཏེ་བླ་མཚོ་དང་།
  • བློ་བཟང་རྡོ་རྗེ་ Lobzang Dorji
    བླའི་མཆོད་རྟེན་ཚུ་འདིནི་བཤིག་ཚར་ཡི་ ཏེ་བླའི་མཆོད་རྟེན་བཤིག་ཚར་ཞིནམ་ལས་ ཏེ་གླིང་གེ་སར་རྒྱལཔོ་གིས་ སྦྱང་ནག་ལུ་སྤྲུལ་ཏེ་ ཁོ་གི་ བདུད་ཀྱི་ འ་ནཱི་བྱང་ས་ཐང་རྒྱལ་པོའི་ཕོཝ་ནང་ན་འཛུལ་ཏེ་ ནང་ནའི་ནང་མཁྲིས་ཚུ་བཏོག་ནུག ནང་མཁྲིས་ཚུ་བཏོག་པའི་བསྒང་ལསནི་ དེ་ལས་རྐྱངམ་ཅིག་ བྱང་ས་ཐང་རྒྱལཔོ་གིས་ཤེས་ནུག ཡ་ ད་འབདན་ ང་གི་འ་ནཱི་ ན་ཚ་འདི་ གཞན་མེན་པས། གླིང་གེ་སར་རྒྱལཔོ་ཨིན་མས།
  • བློ་བཟང་རྡོ་རྗེ་ Lobzang Dorji
    ཏེ་ད་འབདན་ ཏེ་ཁོ་གི་ཆོ་འཕྲུལ་ཨིན་མས། ང་འདི་ ག་ཅི་ཡང་ཁོ་གི་གནས་སྐབས་ཀྱི་ཐོག་ལས་ ང་སྲོག་བཅད་ཚར་ཡི་ད་ ད་ཁོ་ཡང་ ཁོའི་རྣམ་ཤེས་འདི་ ངེའི་ཁོག་པ་ནང་ལས་ཕྱི་ཁར་འཐོན་མི་བཅུག ཏེ་ཁོ་ཡང་ང་དང་གཅིག་ཁར་རང་ ཏེ་དཀའཝ་སྤྱད་སྦེ་ཤི་བཅུག་ནི་ཟེར་ ཏེ་ཁོ་གི་བྱང་ས་ཐང་རྒྱལཔོ་གི་ཁོག་པ་ནང་ན་ མིག་ཏོ་ ཁ་ ལྷ་པ་ མར་ འོག་གི་ང་བཅས་རའི་ཆབ་གསང་བཏང་སའི་དོང་ ཨ་བུའི་དོང་དང་ དེ་ལས་ ཆབ་གསང་བསྡུསཔ་བཏང་སའི་དོང་གཉིས་ཆ་རང་སུབ་བཅུག་ནུག
  • བློ་བཟང་རྡོ་རྗེ་ Lobzang Dorji
    ཁོ་རའི་གཡོགམོ་ཚུ་ལུ་སུབ་བཅུག་སྟེ་ གཡོག་པོ་ཚུ་ལུ་སུབ་བཅུག་ དེ་ལསན་ཏེ་ གླིང་གེ་སར་རྒྱལཔོ་ ད་འཐོན་འགྱོ་ས་ ཏེ་ང་བཅས་རའི་རྣམ་ཤེས་འཐོན་འགྱོ་སའི་དོང་དགུ་ཟེར་བརྩིཝ་མས་བ་སྨོ་ཤིག རྣམ་ཤེས་ ད་ལྟོ་ མིག་ཏོ་གཉིས་ རྣམ་ཅོ་གཉིས་ ཁ་ ལྷ་པ་ དེ་ལས་ འོག་གི་དོང་གཉིས་བརྩིསཝ་ད་ ཏེ་དོང་དགུ་བརྩིསཝ་མས་བ། ཏེ་དེ་འབདཝ་ལས་ ཏེ་ཁོ་ནང་ན་ རྣམ་ཤེས་འཐོན་འགྱོ་ས་མེད་པར་ གླིང་གེ་སར་རྒྱལ་པོའི་རྣམ་ཤེས་ བྱང་ས་ཐང་རྒྱལ་པོའི་ཁོག་པ་ནང་ན་ལུས་སོང་སྦེ་
  • བློ་བཟང་རྡོ་རྗེ་ Lobzang Dorji
    ཏེ་དེ་གིས་སྐབས་ལུ་འབདན་ ཏེ་ད་ གུ་རུ་རིན་པོ་ཆེ་མཁྱེན་ནོ་ ཟེར་དྲན་ཡི་ཟེར་ཨིན་མས་ གླིང་གེ་སར་རྒྱལཔོ་གིས། ཏེ་གུ་རུ་རིན་པོ་ཆེ་མཁྱེད་ནོ་ཟེར་དྲནཔ་ད་ལུ་འདི་ ཏེ་ད་འབདན་ཏེ་ ད་ས་ཐང་རྒྱལ་པོའི་མགུ་ཏོ་འདི་ བག་བཏང་གག་སྟེ་ དེ་ལས་གླིང་གེ་སར་རྒྱལ་པོའི་རྣམ་ཤེས་འཐོན་འོང་ཡི་ཟེར་ཨིན་མས། གཞན་འདི་ ཁ་དང་མིག་ཏོ་ ལྷ་པ་ རྣམ་ཅོའི་དོང་ཚུ་ག་ར་སུབ་སྟེ་འདུག་བ། ཏེ་གུ་རུ་རིན་པོ་ཆེ་མཁྱེན་ནོ་ ཟེར་སླབ་པའི་སྐབས་ལུ།
  • བློ་བཟང་རྡོ་རྗེ་ Lobzang Dorji
    གུ་རུ་རིན་པོ་ཆེའི་ཐུགས་སྨོན་གྱིས་ ཏེ་བྱང་ས་ཐང་རྒྱལ་པོའི་ཐོད་པ་གག་སྟེ་ དེ་ལས་རྐྱངམ་ཅིག་ གླིང་གེ་སར་རྒྱལཔོ་འ་ནཱི་ཐོད་པ་ལས་ཡར་ཐོན་ དེ་ལས་འ་ནཱ་ལས་འདི་ བྱང་ས་ཐང་རྒྱལཔོ་ འ་ནཱ་དམ་བཏགས་ཚར་ནུག དེ་ལས་འ་ནཱི་ གུ་རུ་རིན་པོ་ཆེ་གིས་ ཏེ་ག་དེ་སྦེ་གསུང་ཡི་ཟེར་བ་ཅིན་ གླིང་གེ་སར་རྒྱལ་པོ་ལུ་གསུངས་ནུག གླིང་གེ་སར་རྒྱལཔོ་ལུ་ལྟ་སྟེ་ ཏེ་ད་ ཁྱོད་སྟབས་བདེཝ་ ཁྱོད་སེམས་དགའཝ་ད་རྐྱངམ་ཅིག་ ཏེ་མེན་ ཁྱོད་མ་དགའཝ་ད་ ཁྱོད་སྟབས་ཁམས་མ་བདེ་བར་ ཁྱོད་ཨ་ཙི་ཅིག་དབུགས་བགམས་ད་རྐྱངམ་ཅིག་ ཏེ་
  • བློ་བཟང་རྡོ་རྗེ་ Lobzang Dorji
    ལྷ་ཨོ་རྒྱན་པདྨ་དྲན་ནི་ཨིན་མས། ཏེ་ཁྱོད་ཨ་ཙི་སྟབས་བདེ་བའི་དུས་ཚོད་ལུ་འདི་ གླུ་ཐ་ལ་ཐ་ལ་ཟེར་ གླུ་འཐེན་སྡོད་ནི་ཨིན་མས་ཟེར་ ཏེ་གུ་རུ་རིན་པོ་ཆེ་གིས་གསུངས་ནུག ཁམས་བདེ་པོ་བྱུང་ན། །གླུ་ཐ་ལ་ཐ་ལ་རེད། །ཁམས་དོག་པོ་འབྱུང་ན། །ལྷ་ཨོ་རྒྱན་པདྨ་མཁྱེད་ནོ། །དྲན་གྱི་འདུག་ཟེར་ གུ་རུ་རིན་པོ་ཆེ་གིས་དེ་སྦེ་གསུངས་ཡི་ཟེར་ ཏེ་དེ་སྦེ་ འ་ནཱིམ་ཅིག་ ནཱ་ང་བཅས་ར་གཤོང་ཕུའི་བླ་མ་གིས་ དེ་བཟུམ་ཅིག་སྦེ་ ང་བཅས་ལུ་ལྟ་སྟེ་ དེ་སྦེ་གསུངས་དེས་ དེ་སྦེ་ཨིན་ འ་ནཱིམ་ཅིག་འདུག་ལགས་ང་ལུ།། །།