Video Overview
This video narration is a continuation of part one. Narrated by Chozom from Nangkor gewog in Zhemgang district, the story continues with Ling Gesar’s arrival at his residence in Lingkhar Toe from war. Gesar found his wife, Shacham, was not there in their residence. The story goes on to cover Gesar’s war against the king of Hor, and how Gesar brought Shacham back to his residence. The last part of the story was about Gesar’s retreat to meditate, and how he eventually died.
གློག་བརྙན་འདི་ ཞལམ་སྒང་རྫོང་ཁག་ ནང་བསྐོར་རྒོད་འོག་ནང་ལས་ ཆོས་འཛོམས་ཀྱིས་བཤད་མི་སྲུང་གིས་ འཕྲོ་མཐུད་ཨིན། གླིང་གེ་སར་འདི་དམག་རྐྱབ་སྟེ་ ཁོ་རའི་གདན་ས་ གླིང་མཁར་ལུ་ལྷོདཔ་ད་ ཁོ་གི་བཙུནམོ་ ཤཱ་ཀྱམ་འདི་ ཁྱིམ་ནང་མེདཔ་མཐོང་ཡི་ཟེར་ཨིན་མས། དེ་ལས་ ཁོ་གིས་ དམག་རྐྱབ་སྟེ་ ཤཱ་ཀྱམ་འདི་ ལོག་སྟེ་ ཁྱིམ་ནང་ལུ་འཁྱིད་འབག་ཡི་ཟེར་ཨིན་མས། སྲུང་གིས་མཇུག་འདི་ གླིང་གེ་སར་སྒོམ་རྐྱབ་པར་འགྱོ་བའི་སྐོར་ལས་དང་ དེ་ལས་ གླིང་གེ་སར་ ཚེ་ལས་འདས་པའིསྐོར་ལས་ཨིན་མས།
- Zhemgang
- ཆོས་འཛོམས་ Chozomཨ་ནཱི་སླབ་ནུག་ཁོ་གིས་ མི་རང་གཅིག་མེད་ན་ མདའ་མོ་གཅིག་ཡང་མེད་ཟེརཝ་ད་ མདའ་བཏོག་བཏང་ནུག་ཁོ་གིས་ ཨེན་ཙེ་གུ་སྦེ་ དེ་ལས་ ད་རུང་སྐུ་ལུ་སླབ་དོཝ་མས་མོ་གིས་ མི་རང་གཅིག་མེད་ན། སྐུ་རྟེན་གསུང་རྟེན་ཡང་མེད། ཟེརཝ་ད་ སྐུ་ག་ར་ཨོལ་ལྐོག་བཏོག་བཏང་ནུག་སྨ་རེད་ཁོ་གིས་ དེ་ཅིག་གི་བར་ན་ཨ་ནེ་ལྷོད་ནུག་ཏེ་ད་རུང་།
- ཆོས་འཛོམས་ Chozomཨ་ནེ་འོང་སྦེ་ དེ་ལས་ ཆིད་དབའེ་ཁྱོད་ཟེར་ ལྡན་ལྕག་ཐེངས་ཕོག་གཅིག་བཏང་བྱིན་ནུག་ཏེ་ཨ་ནེ་གིས་ ལྡན་ལྕག་བཏང་སྦེ་ ཏེ་ཁྱོད་ག་ཅི་འབད་ རང་གི་ཅ་ལ་ལུ་ག་ཅི་འབད་གནོདཔ་བཀལ་སྨོ་ ཟེར་སླབ་སྦེ་ དེ་ལས་ ལོག་སྟེ་རང་ཁོ་ར་གིས་ མདའ་ཚུ་ཡང་ལོག་མཐུད་ སྐུ་ཚུ་ཡང་ཨོལ་ལྐོག་བཏོག་ཡོད་མི་ཚུ་ག་ར་མཐུདཔ་སྦེ་བཞག་ནུག་ཏེ།
- ཆོས་འཛོམས་ Chozomབཞག་སྦེ་ ད་ག་དེ་སྦེ་དྲག་ག་ཟེར་ ཨ་ནེ་ཁོང་གཉིས་བསྟུན་གྲོས་རྐྱབ་ནུག་ཏེ་ དེ་འབདཝ་ད་ ད་ཁྱོད་ཀྱིས་ཤེས་རང་ཤེས་པ་ཅིན་ ཁྱོད་ཀྱིས་མདའ་མར་བཏང་ད་ཟེར་ མར་ཧོར་དགུང་སངས་གནག་པོའི་ཁྱིམ་གུ་མདའ་འཕངས་བཏང་ད་ཟེར་མར།
- ཆོས་འཛོམས་ Chozomདེ་ལས་ སྒོ་སྒྲིག་གུ་ལས་མར་འཕངས་བཏང་ད་ཟེར་ ཁྱོད་ར་སྟོད་གོ་མགོ་མཇུག་འབད་དེ་གྱོན་སྡོད་ཤིག་ཟེར་ མགོ་མཇུག་སློག་སྟེ་སྟོད་གོ་ ཏེ་དང་ཕུ་འབད་བ་ཅིན་ ཤ་ལག་ཟེར་སླབ་ཨིན་སྟོད་གོ་ལུ་མིང་(ཁེངས་ཁའི་ནང་) ཤ་ལག་ཟེར་ སྟོད་གོ་མགོ་མཇུག་སློག་སྟེ་སྡོད་ཤིག་ཟེར།
- ཆོས་འཛོམས་ Chozomདེ་ལས་ མདའ་སོག་རལ་ཨ་ནཱི་ཁ་ཕྱེ་སྦེ་ ཕར་སྒོ་སྒྲིག་གུ་བཀལ་བཞག་ད་ཟེར་ དེ་ལས་ བཏང་ནུག་ཏེ་ཁོ་གིས་ མདའ་བཏང་སྟེ་ སེ་ཀྲོམ་ཀྲེག་བཏང་རྐྱབ་སྟེ་བཏང་ནུག་ དེ་འབདཝ་ད་ལུ་ མདའ་གནམ་མེད་ས་མེད་སྐད་རྐྱབ་སྟེ་འགྱོ་འོང་ལོ་མེན་ན་ཏེ་མདའ་གིས་ དེ་འབདཝ་ད་ འུ་རུ་རུ་གནམ་གྲུ་འོང་དོ་བཟུམ་སྦེ་ ག་ཅི་འདེ་ས་ཆ་རང་ལྡིག་ལྡིག་འོང་དོཝ་མས་ཏེ།
- ཆོས་འཛོམས་ Chozomདེ་འབདཝ་ད་ ཧོར་དགུང་སངས་གནག་པོ་སྦོ་ལོགས་ཁར་ཉལ་སྦེ་ཡོད་དོཝ་མས་ ཤེས་ལྕམ་ཐགས་འཐག་སྟེ་ཡོད་དོཝ་མས་ དེ་འབདཝ་ད་ གང་རྐྱལ་སྦེ་ཉལ་ཏེ་ཡོད་དོཝ་མས་ དེ་འབདཝ་ད་སླབ་དོཝ་མས་ཏེ་ ཤེས་ལྕམ་གྱིས་སླབ་དོཝ་མས་ དབའེ་་་་ཡར་ལས་མར་སྐད་རྐྱབ་སྟེ་འོངམ་ད་ རང་ལོངས་ག་ཅི་འབདཝ་སྨོ་ཟེར་ ཡར་ཨ་ནཱི་གླིང་གེ་སར་རྒྱལ་པོ་ཡར་ཕེབས་ཕེབསཔ་མས།
- ཆོས་འཛོམས་ Chozomམདའ་ཙིགཔ་ཟ་སྟེ་འོང་དེས་ ཟེར་སླབ་སླབ་ཨིན་ལོ་ཤེས་ལྕམ་གྱིས་ ད་མོ་མར་འགྱོ་སྟེ་ ཨ་ལོ་ཡང་སྐྱེས་ནུག་ཏེ་མགུ་ཏོ་གསུམ་འབད་མི་ ཧོར་དགུང་སངས་གནག་པོའི་ཨ་ལོ་མགུ་ཏོ་གསུམ་འབད་མི་ཅིག་སྐྱེས་ནུག་ཏེ་མོ་ དེ་གིས་འབད་མོ་མར་ མར་གྱི་འདི་ལུ་ཕངས་ནུག་མེན་ན་ཏེ་མོ་ ཧོར་དགུང་སངས་གནག་པོ་ལུ།
- ཆོས་འཛོམས་ Chozomའོང་དེས་ད་ཟེར་ གསད་ནི་མས་ཟེར་ སླབ་དོཝ་མས་ཏེ་ དེ་ཅིག་གི་བར་ན་ ཡར་ལས་ཁྱིམ་ཐོག་བཱག་བཏང་བཀག་སྟེ་ཡར་ལས་མར་ཡང་ཐོག་ལས་མར་རང་བབས་འོངམ་ད་ལུ་ ཕྲང་ཕྲང་ཨ་ནཱ་འོང་འོངམ་ཨིན་ལོ་མས། དེ་འབདཝ་ད་ ཨ་ནཱི་ཤེས་ལྕམ་གྱིས་ དུམ་གྲ་ཅིག་ཚུར་འཐེན་ཚར་ཏེ་ཨིན་ལོ་ དེ་འབདཝ་ད་ཨེན་ཏ་གུ་ལུ་སྐད་རང་ཏང་་་་བཏང་འོངམ་ད་ལུ་ མདའ་མར་འཛུལ་ཏེ་ གཞན་འདི་ཐད་རི་བ་རི་བསད་དོཝ་མས་ཏེ།
- ཆོས་འཛོམས་ Chozomཤེས་ལྕམ་གྱིས་ དུམ་གྲ་ཅིག་མ་འཐེན་པ་ཅིན་འདི་ དེ་ལས་ མདའ་ཙིགཔ་ཟ་ནུག་ཏེ་མར་ལུ་ བསད་མ་ཚུགས་ནི་དེ་གིས་ ཙིགཔ་ཟ་སྟེ་ དེ་ཅིག་གི་བར་ན་ སླབ་མས་ལོ་ཧོར་དགུང་སངས་གནག་པོ་གིས་ འེང་ད་འབདན་ཟེརཝ་མས་ལོ་ ང་ལུ་དགོ་ནི་གི་མདའ་ཨིན་པས་འདི་ ད་བཞག་ཤིག་ཟེར་ སྒརཔ་ཚུ་ལུ་བཞག་ཤིག་ ཟེར་སླབ་དོཝ་མས་ཏེ།
- ཆོས་འཛོམས་ Chozomའབལ་ཞིནམ་ལས་བཞག་ཤིག་ ཟེར་སླབ་སླབ་མས། དེ་ལས་ སྒརཔ་ཅིག་འོང་སྟེ་ འབལ་བལྟ་དོཝ་མས་ ག་ནི་ཡང་འབད་མ་ཚུགས་དོཝ་མས་ གཉིས་འོང་སྟེ་འབལ་དོཝ་མས་ འབལ་མ་ཚུགས་པས་རྩ་ལས་རང་ དེ་ལས་ སྒརཔ་ ༢༠ འོང་སྟེ་འབལ་ནུག མ་ཚུགས་པས་ སྒརཔ་ ༥༠༠ འོང་སྟེ་འབལ་ནུག་ མ་ཚུགས་པས་ཏེ་རྩ་ལས་རང་མར་ཨེན་ཏ་གུ་ལས།
- ཆོས་འཛོམས་ Chozomམདའ་ཡར་འབལ་མ་ཚུགས་པར་ དེ་ལས་ མི་ཚུགས་པས་ཟེར་ཞུ་ནུག་ཏེ་ ཨ་ནཱི་ཧོར་དགུང་སངས་གནག་པོ་ལུ་ དེ་ལས་ ཤེས་ལྕམ་གྱིས་སླབ་ནུག ད་ང་གིས་འབལ་གེ་ཟེར་ ང་གིས་འབལ་གེ་ཟེར་སླབ་ནུག་ཏེ་ ཤེས་ལྕམ་གྱིས་སླབ་ནུག་ཏེ་ ལགཔ་གཅིག་ལུ་ཕྱེ་མར་སྦེ་ ལགཔ་གཅིག་ལུ་བདུད་རྩི་བཀང་སྦེ་ ལགཔ་གཅིག་ལུ་ ཕྱེ་མར་ཟེརཝ་ད་ མར་ཨིན་ལོ་མེན་ན་ ལགཔ་གཅིག་ལུ་བདུད་རྩི་འབདཝ་ད་ཆང་།
- ཆོས་འཛོམས་ Chozomདེ་སྦེ་བཀང་སྦེ་ གླིང་གེ་སར་རྒྱལ་པོའི་ཕོ་བྲང་ནང་ལུ་ མདའ་མོ་ང་ཡང་འཁྱམས་དགའ་ལོ་ཟེར་མོ་གིས་ གླིང་གེ་སར་རྒྱལ་པོ་ཕེབས་ལགས་སམ་ཟེར་ དེ་སྦེ་འབལཝ་ད་ མོ་གི་ལགཔ་ཁ་ལུ་ སེ་ལེང་བཏང་འབལ་འོང་ཡི་ ཟེར་ཨིན་པས་ལོ་ཏེ།
- ཆོས་འཛོམས་ Chozomཕྲང་ཕྲང་འབལ་འོང་ནུག་ཏེ་ གླིང་གེ་སར་རྒྱལ་པོ་ཕེབས་ལགས་སམ་ཟེརཝ་ད་ མོ་གི་མདའ་ལུ་དེ་སྦེ་འབད་སྦེ་ དེ་ལས་ མཁར་གླིང་མཁར་སྟོད་ཀྱི་ཕོ་བྲང་ནང་ མདའ་མོ་ང་ཡང་འཁྱམས་དགའ་ལོ་ཟེར་ མོ་གིས་འ་ནེམ་ཅིག་ཞུཝ་ཅིག་རང་ མདའ་ལགཔ་ཁར་འབལ་འོང་སྦེ་ དེ་ལས་ ང་ལུ་དགོ་ནིའི་མདའ་ཨིན་པས་ཟེརཝ་ད་ ཁོ་རའི་མདའ་གི་སོག་རལ་ཡོད་མེན་ན་ སོག་རལ་པ་ལང་ འ་ནཱི་ནང་ན་བཙུགས་བཞག་ནུག་ཁོ་གིས།
- ཆོས་འཛོམས་ Chozomཞག་གཅིག་འདི་གི་ནང་བཙུགས་བཞག་ནུག ད་ང་ལུ་དགོ་ནི་མས་ ལོག་མ་བཏང་ཤིག་ ཟེར་བཞག་ནུག་ཏེ་ ཨ་ནཱི་ཧོར་དགུང་སངས་གནག་པོ་གིས་ དེ་ལས་བཙུགས་བཞག་སྦེ་ ཞག་གཅིག་ཁོ་གི་མདའ་ལུ་ ཀུ་ཀྲ་ལི་་་་་་་་བཏང་འབད་ནུག་ཏེ་ཁོ་(མདའ་འདི་) ཡ་བླ་མ་ དེ་ལས་མདའ་ དྲོ་པ་བལྟཝ་ད་ལུ་ ཧོར་དགུང་སངས་གནག་པོའི་མདའ་ཕྱེ་འཐག་འཐག་བཟོ་བཏང་ནུག་ལོ་ ཁོ་གི་མདའ་གིས།
- ཆོས་འཛོམས་ Chozomཁོ་འབདན་ཡར་ལས་ མདའི་སོག་རལ་ནང་ལས་ སོག་རལ་པ་ལང་གི་ནང་ལས་ ཕྱི་ཁར་ཐོན་བལྟཝ་མས་ལོ། དེ་ལས་ ཨཱ་ག་ནི་ཡང་མེན་པས་ དེ་འབད་བ་ཅིན་འདི་ཟེར་ ད་སྐུ་རྟེན་གསུང་རྟེན་དང་གཅིག་ཁར་བཞག་ད་ཟེར་ མཆོད་བཤམ་གུ་བཀལ་བཞག་ནུག་ཏེ་ ཏེ་ཞག་གཅིག་འདི་ཁར་བཞག་ནུག་ ཞག་གཅིག་འདི་གུ་བཞགཔ་ད་ལུ་ བླ་མ་ སྐུ་འདི་ཚུ་ག་ར་ཨོལ་ལྐོག་བཏོག་ཚར་ནུག་ཁོ་གིས་
- ཆོས་འཛོམས་ Chozomམདའ་གིས། དེ་ལས་ ག་ནི་ཡང་མེན་པས་ཨ་ནཱི་མདའ་ཟེར་ ད་གཡུག་བཀོ་ད་མར་ཟེར་ ཁྱིམ་གྱི་འོག་ལས་མར་གཡུག་བཀོ་བཏངམ་ད་ལུ་སྒརཔ་འདི་ཚུ་གིས་ ང་དགོ་ནི་ ང་དགོ་ནི་ ཟེར་འགྱོ་དོཝ་མས་མེན་ན་ཏེ་ དེ་འབདཝ་ད་སྒརཔ་གཅིག་འགྱོ་རུང་ཇོ་ལོ་ལོ་་་་སྒརཔ་ག་ར་ ༢༠ དེ་ཅིག་བསད་བཏང་ནུག་ཏེ་ ང་དགོ་ནི་ང་དགོ་ནི་ཟེར་འབད་ནི་དེ་གིས་ཁོང་ར།
- ཆོས་འཛོམས་ Chozomདེ་ལས་ མེན་པས་ད་ལོག་བཏང་ད་ཁོ་རའི་ཁྱིམ་ནང་ ཟེར་སླབ་ནུག་ཏེ་ད་རུང་ ཧོངར་དགུང་སངས་གནག་པོ་གིས་ མི་དགོ་ནི་མས་ཟེར་ དེ་ལས་ལོག་བཏང་ནུག་ཏེ་ དེ་ལས་ཤེས་ལྕམ་གྱིས་ ཨ་ནཱི་ཕྱེ་མར་དང་བདུད་རྩི་སྦེ་ ཡར་ཞུ་སྦེ་ དེ་ལས་ སེ་ཀྲོམ་ཀྲེག་བཏང་སྟེ་བཏང་ད་ནུག་ དེ་འབདཝ་ད་ལུ་ ཁོ་ཁྱིམ་གྱི་ནང་ན་ལས་ཐོན་འགྱོཝ་ད་ལུ་ ཁོ་གི་རྫོང་རང་ཨ་ནཱི་སྦེ་ གཡོ་བཏང་སྟེ་ཡོདཔ་ཨིན་ལོ།
- ཆོས་འཛོམས་ Chozomཨ་ནཱི་གིས་ ག་ཅི་ལོ་ཧོར་དགུང་སངས་གནག་པོ་གི་རྫོང་ ཁོ་ཙིགཔ་ཟ་སྟེ་འཕུར་འགྱོཝ་ད་ལུ་ དེ་འབདཝ་ད་ ཡར་ལྷོདཔ་ད་ལུ་ གནམ་མེད་ས་མེད་སྐད་རྐྱབ་རྐྱབ་ཨིན་ལོ་ཏེ་ གནམ་མེད་ས་མེད་འུང་འུང་དུང་དུང་་་་སྐད་རྐྱབ་སྟེ་ དེ་འབདཝ་ད་ཨ་ནེ་གིས་སླབ་ནུག་མེན་ན་ཏེ་ ཆིད་དབའེ་ཁྱོད་ཀྱི་མདའ་གནམ་མེད་ས་མེད་དགོངསམ་ཁྲེལ་ནུག་ ཁྱོད་ག་དེ་སྦེ་སླབ་བཏང་ཡི་ཟེརཝ་ད་ལུ།
- ཆོས་འཛོམས་ Chozomདེ་ལས་ཁོ་གིས་ སླབ་སླབ་མས་ཏེ་ མར་གྱི་བསད་མ་ཚུགས་པ་ཅིན་ ང་ར་བསད་པ་ཤོག་ཟེར་སླབ་ཅི་ ཟེར་སླབ་སླབ་མས་ལོ་ དེ་འབདཝ་ད་ཨ་ནེ་གིས་ སྟོད་གོ་མགོ་མཇུག་སྦེ་གྱོན་བྱིན་ནུག་མེན་ན་ཏེ་ དེ་ལས་མདའི་སོག་རལ་ཕར་སྒོ་ཁར་བསྐྱལ་བཞག་ཤིག་ཟེར་ དེ་ལས་རྐྱངམ་ཅིག་ཅུ་ལུང་བཏང་འཛུལ་བར་འོང་ཡི་ལོ་མདའ་ གཞན་འབད་བ་ཅིན་འདི་ ཁོ་ར་གསད་ནི་ཨིན་པས་ཏེ་ད་རུང་།
- ཆོས་འཛོམས་ Chozomཙིགཔ་ཟ་སྟེ་ ཁོ་ར་བསད་པར་ཤོག་ ཟེར་སླབ་སླབ་འབད་ནི་དེ་གིས་ དེ་ལས་ ག་ཅི་ཡང་འབད་མ་ཤེས་པས་ཏེ་ ཁོ་དབུགས་འགམས་ནུག་ཏེ་ད་རུང་ དབུགས་འགམས་ཏེ་ ཚར་གཅིག་འབདཝ་ད་ ཨ་ནེ་དང་ཁོང་གཉིས་ གཉིས་ཆ་རང་མེན་ ཚར་གཅིག་འབདཝ་ད་ ད་སྒོམ་ཆེན་བཟོ་སྟེ་ འགྱོ་ནུག་ཁོ་མར་ ཧོར་དགུང་སངས་གནག་པོའི་ཁྱིམ་ནང་།
- ཆོས་འཛོམས་ Chozomསྒོམ་ཆེན་སྤྲང་སློང་པ་གཅིག་བཟོ་སྟེ་འགྱོ་ནུག་ཏེ་ ད་ཚོད་བལྟ་བར་འགྱོ་དོཝ་མས་ཏེ་ དེ་བསྒང་ཤེས་ལྕམ་ཐགས་འཐག་སྦེ་འདུག་ཟེར་ཨིན་པས་ལོ་ དེ་འབདཝ་ད་ཁོ་སྒོ་ཁར་འགྱོ་སྦེ་སླབ་དོཝ་མས་ཏེ་ ལོགས་ཅིག་ཐགས་གནགཔོ་འདུག་ ཟེར་ཨིན་པས་ལོ་ ལོགས་ཅིག་ཐགས་དཀརཔོ་འདུག་ ཟེར་ཨིན་པས་ལོ་ ཤེས་ལྕམ་གྱི་ཐགས།
- ཆོས་འཛོམས་ Chozomདེ་ལས་ཁོ་གིས་སླབ་དོཝ་མས་ཏེ་ དཀར་ཐགས་འདི་ ག་གི་ན་བཟའ་སྨོ་ཤེས་ལྕམ་ ཟེར་སླབ་དོཝ་མས་ དཀར་ཐགས་འདི་གླིང་གེ་སར་རྒྱལ་པོའི་ན་བཟའ་ལོ་ སྒོམ་ཆེན་སྤྲང་སློང་པ་ཟེར་སླབ་དོ་མས་ཁོ་གིས།
- ཆོས་འཛོམས་ Chozomགནག་ཐགས་འདི་ག་གི་རོ་གོ་སྨོ་ཤེས་ལྕམ་ ཟེར་སླབ་དོ་མས་ཏེ་ གནག་ཐགས་འདི་ ཧོར་དགུང་སངས་གནག་པོའི་རོ་གོ་ཨིན་ལོ་སྒོམ་ཆེན་སྤྲང་སློང་པ་ ཟེར་སླབ་སླབ་མས། དེ་འབདཝ་ད་ ཨའེ་ང་སེམས་ཀྱིས་འདི་བཀོ་མ་བཞག་པས་སྨོ་ཟེར་ སེམས་དགའ་དགའཝ་མས་ཏེ་ཁོ་ དེ་འབདཝ་ད་ཁོ་གིས་ ཨ་ནཱི་སོ་གུ་གསེར་ཡོདཔ་ཨིན་ལོ།
- ཆོས་འཛོམས་ Chozomཨ་ནཱི་ལུ་ གེ་སར་ལུ་ དེ་འབདཝ་ད་ ཁོ་འཛུམ་སེག་སེ་བགའ་དགོཔ་ཐོན་ནུག་མེན་ན་ཏེ་ དེ་འབདཝ་ད་བགའཝ་ད་ཕྲང་ཕྲང་གསེར་མཐོང་ནུག་ དེ་ལས་ གེ་སར་རྒྱལཔོ་ཨིན་པས་སྨ་རེད་ཟེར་ ཤེས་ལྕམ་ཐགས་ལས་ཐོན་སྦེ་ ཕར་གཟིམ་ཅུང་ནང་ན་འཛུལ་ཡར་སོ་ནུག་ཏེ་ དེ་ལས་ག་དེ་སྦེ་ཡང་འབད་མ་ཤེས་པར་ལོག་ཁྱིམ་ནང་འོང་ནུག
- ཆོས་འཛོམས་ Chozomཁྱིམ་ནང་འོང་སྦེ་ དེ་ལས་ སླབ་ནུག་ཏེ་ ད་རུང་ཤེས་ཅི་ག་ནི་ཡང་འབད་མ་ཚུགས་ ཟེར་སླབ་ནུག་ཁོ་གིས་ཨ་ནེ་ལུ་ད་རུང་ དེ་ལས་ ག་དེ་སྦེ་དྲག་ག་ ཟེར་སླབ་ད་ལུ་ དེ་ལས་ སླབ་ནུག་ ཏེ་ད་
- ཆོས་འཛོམས་ Chozomཁོང་ཆོ་ག་གནང་ཡི་ལོ་ ཉིནམ་གསུམ་དང་བཞི་དེ་ཅིག་གནང་ཡི་ལོ་ཆོ་ག་མར་ ཧོར་དགུང་སངས་གནག་པོའི་ཁྱིམ་ནང་ལུ་ ཆོ་ག་གནངམ་ད་ལུ་ ཇའི་ཨམ་སྐྱག་བཀོ་ཡི་ བཀོ་ཡི་འབདཝ་ད་ ཇའི་ཨམ་སྐྱག་གནམ་མེད་ས་མེད་གང་དོཝ་མས་ཏེ་ཁྱིམ་གྱི་འོག་ལུ་ ཇ་གི་ཨམ་སྐྱག་བཀོཝ་ད་ལུ་
- ཆོས་འཛོམས་ Chozomདེ་འབདཝ་ད་ ཨ་ནཱི་ཇའི་ཨམ་སྐྱག་ནང་ན་ཁོ་སྤྲུལ་སྦེ་སྡོད་པར་འགྱོ་ནུག་ཏེ་ འཛུལ་ཏེ་སྡོད་པར་འགྱོ་ནུག་ཏེ་གེ་སར་གྱིས་ སླབ་དོ་མས་ཏེ་དེ་འབདཝ་ད་ ཧོར་དགུང་སངས་གནག་པོ་གིས་ ཨ་མི་ཇའི་ཨམ་སྐྱག་བརྐོ་བཏང་ད་ཁྱེད་སྒརཔ་ཚུ་འགྱོ་སྟེ་ཟེར་ དེ་ལས་ ཏོག་ཙི་རེ་རེ་འབག་སྟེ་བརྐོ་བཏང་ནུག་མས་ བརྐོ་བཏང་པར་འགྱོ་ནུག དེ་འབདཝ་ད་ལུ་ ཁོང་གིས་གསེར་སྐུ་གཅིག་ཐོབ་ནུག་ཏེ་མར་ལུ།
- ཆོས་འཛོམས་ Chozomཀྲིག་བཏང་འབད་ནུག་ གསེར་སྐུ་གཅིག་འདུག་ཟེར་ འབག་ནུག་ཏེ་ཕུལ་བར་ དེ་འབདཝ་ད་ལུ་ འམ་་་ངེའི་ཨ་ཁུ་བེ་པ་ཁྲི་གདུགས་ཀྱི་སྐྱེཝ་ཨིནམ་འོང་ ཟེར་སླབ་དོཝ་མས་ཏེ་ ཧེ་མ་ཁོ་གིས་ རྡོ་ལེབ་ཀྱི་འོག་ལུ་བསད་བཏང་ཡི་མེན་ན་ཏེ་ ཨེ་ཁུག་གི་རྩ་བར་ འ་ནཱི་གི་སྐྱེ་བ་ཨིན་པས་ ཟེར་སླབ་དོཝ་མས་ཏེ་ ཡ་བཞག་ཤིག་ཤེས་ལྕམ་ ཟེར་སླབ་དོཝ་མས།
- ཆོས་འཛོམས་ Chozomདེ་ལས་ བཞག་དོཝ་མས་ཏེ་ དེ་ལས་ ཞག་གསུམ་ལུ་བལྟཝ་ད་ ངེའི་ཨ་ཁུ་གི་སྐྱེ་བ་ཨིན་ཟེར་བ་ཅིན་ ཁོ་འབུབ་ལུ་གྱུར་བཅུག་ཅིག་ ཟེར་སྨོན་ལམ་བཏབ་དོཝ་མས་ཏེ་ འབུབ་ལུ་གྱུར་གྱུརཝ་མས་ཏེ་ ཞག་གསུམ་གི་ནང་བལྟཝ་ད་ ད་ཞག་གསུམ་འགྱོཝ་ད་ མིག་ཏོ་དང་ཁ་ཚུ་བཏགས་ཚར་བཅུག་སྨ་རེད་ ཟེར་སླབ་སླབ་མས་ཏེ་ ཞག་གསུམ་གི་ནང་བལྟཝ་ད་ མིག་ཏོ་དང་ ཁ་འདི་བཏགས་ནུག་ཟེརཝ་མས་ལོ།
- ཆོས་འཛོམས་ Chozomདེ་ལས་ ཞག་གསུམ་ལུ་བལྟཝ་ད་ལུ་ ཨ་ནཱི་རྐངམ་དང་ལགཔ་ཡང་བཏགས་ཏེ་ ཨ་ལོ་སྨེ་སྐྱེས་ནི་སྦེ་ མཐོང་བཅུག་ཅིག་ ཟེར་སླབ་སླབ་མས་ ཞག་གསུམ་ལུ་བལྟཝ་ད་ལུ་ མཐོང་མཐོངམ་མས་ཏེ་དེ་སྦེ་ དེ་ལས་ ཞག་གསུམ་ལུ་བལྟཝ་ད་ལུ་ ང་ཐོན་གེ་ ཟེར་སླབ་བཅུག་ཟེར་སླབ་སླབ་མས་ དེ་ལས་ ཞག་གསུམ་ལུ་བལྟཝ་ད་ལུ་ ཐོན་གེ་ཟེར་སླབ་སླབ་མས།
- ཆོས་འཛོམས་ Chozomཨཱ་ཧོར་དགུང་སངས་གནག་པོ་སེམས་དགའ་སྟེ་ ཧ་ཧ་་་་བཏང་བགའ་དོཝ་མས་ཏེ་ ངེའི་ཨ་ཁུ་གི་སྐྱེཝ་འཁྲུངས་ཡི་སྨ་རེད་ད་ཟེར་ གནམ་མེད་ས་མེད་སེམས་དགའ་སྟེ་ དེ་ལས་ གསོ་ནུག་ཏེ་ སྦོམ་འགྱོ་འགྱོ་རང་གསོ་སྟེ་ དེ་ལས་ ཁོ་ཧོར་དགུང་སངས་གནགཔོ་གི་ཨ་ཁུ་སྦེ་སྡོད་ནུག་ཏེ་ སྡོད་ཞིནམ་ལས་ དེ་ལས་ ཁོ་སྦོམ་ཐལ་ཏེ་ གླིང་གེ་སར་རྒྱལ་པོའི་དམག་རྒྱབ་འོང་ག་མ་འོང་བལྟ་བར་འགྱོ་གེ་ཟེར།
- ཆོས་འཛོམས་ Chozomའགྱོ་གེ་ཟེར་ སྒརཔ་ཁལ་ལྔ་འཁྱིད་དེ་སོང་ནུག་ཏེ་ཁོ་ དེ་ལས་ འགྱོ་དོཝ་མས་སྨ་རེད་འགྱོ་སྦེ་ སྤང་སྐམ་ཀྲོག་ཀྲོ་ཅིག་ནང་ ཆུ་ག་ཏེ་ཡང་མེད་སར་ རི་སྟོང་ནང་ལུ་འཁྱིད་སོང་སོངམ་མས་ཏེ་ཁོ་གིས་ ཨ་ནཱི་དམག་རྒྱབ་འབད་དེ་འགྱོཝ་ཨིན་ཟེར་སླབ་སྟེ་ འཁྱིད་དོཝ་མས་ཏེ་བལྟ་བར་ གེ་སར་རྒྱལ་པོའི་དམག་རྒྱབ་བལྟ་བར་འགྱོཝ་ཨིན་ཟེར།
- ཆོས་འཛོམས་ Chozomདེ་ལས་ འཁྱིད་དེ་ཕར་བྱག་དང་རི་སྟོང་ནང་ལྷོད་དེ་ ཁ་སྐོམ་ཏེ་བླ་མ་མཁྱེན་ནོ་ མ་པ་ཆུ་ཟེར་ཐིག་པ་གཅིག་རང་མེད་པའི་ས་ཁར་འཁྱིད་དེ་ ཁ་སྐོམ་བཅུག་སྟེ་ ཉིམ་དུག་བཟུམ་ཅིག་ནང་བཀོ་བཞག་དོཝ་མས་ཏེ་ཁོ་གིས་ ཁོང་ཆ་ཁྱབ་དེ་ལས་ཁོ་ར་ཡང་ཁ་སྐོམ་ཅི་ ཆུ་ཅིག་བལྟ་བར་འགྱོ་གེ་སྨ་རེད་ཟེར་ ཨ་ནཱི་བྱག་གུ་ལས་མར་ཚར་འོང་བ་དང་ཕུ།
- ཆོས་འཛོམས་ Chozomཚར་གི་ཐགཔ་རིངམོ་ཅིག་བཏོག་སྦེ་ འདི་ཁ་ལས་འདི་བཏང་སྦེ་ ཁོ་འ་ནཱ་ལས་བབས་འགྱོ་སྦེ་ ཆུ་གི་གདོང་ཆུ་འཁྱུ་ ཆུ་འཐུང་སྦེ་ རླནམོ་སྦང་བ་སྦེ་བཟོ་སྟེ་འོང་དོཝ་མས་ཏེ།
- ཆོས་འཛོམས་ Chozomཆུ་འདུག་མར་འགྱོ་ཤིག་ ཁྱོད་ར་ཆ་ཁྱབ་ཟེར་ ང་གིས་ཐགཔ་བཟུང་གེ་སྨ་རེད་ཟེར་ ཁྱོད་ག་ར་སོང་ཤིག་ཟེར་ ང་གིས་བཟུང་བཞག་གེ་ཟེར་ དེ་ལས་ བཏང་བཏངམ་མས་ཏེ་ སྒརཔ་ཚུ་ག་ར་བཏང་སྦེ་ མར་འགྱོ་འགྱོཝ་མས་ཏེ་ མར་བབས་ཏེ་འགྱོ་སྦེ་ལོག་འོངམ་ད་ལུ་
- ཆོས་འཛོམས་ Chozomཁོ་གླིང་གེ་སར་རྒྱལ་པོ་ངོ་མ་ལུ་སྤྲུལ་ཏེ་ ཆིད་དབའེ་ཁྱོད་ཆ་ཁྱབ་ཟེར་ ངེའི་ཤེས་ལྕམ་འཁྱིད་འགྱོ་མི་ཁྱོད་ཚུ་མེན་ག་ཨ་ཟེར་ དཔའ་རྟགས་ལགཔ་ཁར་འབད་དེ་ཁོ་གིས་ ཁྱོད་ཆ་ཁྱབ་ངེའི་ཤེས་ལྕམ་འཁྱིད་འགྱོ་མི་ཁྱོད་ཚུ་འོང་ཟེར།
- ཆོས་འཛོམས་ Chozomཁྱོད་ཆ་ཁྱབ་ཀྱི་ཨ་ནཱི་ ཐགཔ་འདི་བཏོག་ད་ག་ཟེར་ དཔའ་རྟགས་སྟོན་དོཝ་མས་ཏེ་ཁོ་གིས་ དེ་འབདཝ་ད་ མ་བཏོག་ཟེར་ ང་བཅས་མེན་ ཁྱིམ་ནང་སྡོད་མི་ཚུ་ཨིན་ཟེར་ ང་བཅས་མ་བཏོག་ཟེར་སླབ་དོ་མས་ཏེ་ དེ་ལས་ཏེ་ བཏོག་རང་བཏོག་ནི་གསད་རང་གསད་ནི་ཟེརཝ་ད་ ཁོ་གིས་ ཐགཔ་བཏོག་བཏངམ་ད་ལུ་ དོ་རོ་རོ་བཏང་བུད་འགྱོཝ་ད་ལུ་ ག་ར་ཤི་ཤིཝ་མས་ བྱག་གི་རྩ་བ་ལུ།
- ཆོས་འཛོམས་ Chozomདེ་ལས་ ཨ་ཙི་རེ་མཆེཝ་གིས་འབད་བཏབ་སྟེ་ལུས་དོཝ་མས་ཏེ་ ག་ར་སྲིན་པོ་བཟུམ་ཅིག་ཨིན་པས་མེན་ན་ཏེ་ཁོང་ཆ་ཁྱབ་ མཆེཝ་ཐོན་ཏེ་བཏབ་སྟེ་ལུས་དོཝ་མས་ཏེ་ ཁོ་གིས་རྡོ་གིས་འབད་མཆེཝ་ཚུ་ཡང་ཀྲམ་ཀྲུམ་བཏང་དོཝ་མས་ཏེ་ རྡོ་རྐྱབ་སྟེ་བུད་བཏང་དོཝ་མས་ཏེ་ དེ་ལས་ཕྱི་རུ་འབདཝ་ད་འགྱོ་དོཝ་མས་ཏེ་ དཔའ་རྟགས་ལགཔ་ཁར་སྦེ་འགྱོ་དོཝ་མས་ཏེ་ པད་སྐོར་བསྒྱིར་ཏེ་འགྱོ་དོཝ་མས་ཏེ།
- ཆོས་འཛོམས་ Chozomཔད་སྐོར་བསྐོར་གསུམ་བསྒྱིར་ཏེ་ སྒོ་ཁར་དཔའ་རྟགས་ལགཔ་ཁར་འབད་དེ་ སྒོ་གུ་ཏང་བཏང་བརྫམ་དོཝ་མས་ཏེ་ བརྫམ་སྦེ་ བླ་མ་མཁྱེན་ནོ་ཟེར་ གླིང་གེ་སར་རྒྱལ་པོའི་དམག་གིས་གསད་ནི་རང་འབད་ཡི་ང་ར་ཡང་ཟེར་ ཁོང་སྒརཔ་ཆ་ཁྱབ་འདི་ག་ར་བསད་ཅི་ གཅིག་ཡང་མེད་ཟེར་ ད་ང་ར་རྐྱངམ་ཅིག་ལྷོད་ཅི་ ཟེར་སླབ་དོཝ་མས་ཏེ།
- ཆོས་འཛོམས་ Chozomའེང་བཏུབ་བཏུབ་ཁྱོད་ར་ལྷོདཔ་ཙམ་ཅིག་གིས་རང་བཏུབ་ ཁོང་ཆ་ཁྱབ་འདི་བསད་རུང་བསད་བཅུག་ཟེར་སླབ་དོཝ་མས་ཏེ་ ཨ་ནཱི་གིས་ ཧོར་དགུང་སངས་གནག་པོ་གིས་ དེ་ལས་ད་རུང་ནངས་པར་འགྱོ་གེ་ཟེར་ འཁྱིད་འགྱོ་དོཝ་མས་ཏེ་ཁོ་གིས་ ད་རུང་ནངས་པར་འཁྱིད་འགྱོ་དོཝ་མས་སྨ་རེད།
- ཆོས་འཛོམས་ Chozomནངས་པར་འཁྱིད་འགྱོཝ་ད་ ད་རུང་སྒརཔ་ཁལ་ལྔ་འཁྱིད་འགྱོ་དོཝ་མས་ཏེ་ དེ་འབདཝ་ད་ཨ་ནཱི་ ཨ་ཁུ་བེ་པ་ཏི་རུབ་ཡང་འཁྱིད་འགྱོ་དོཝ་མས་ཏེ་དེ་བསྒང་འདི་ ཨ་ཁུ་བེ་པ་ཏི་རུབ་ཡོད་མེན་ན་གཅིག་ འ་ནཱི་ཡང་འཁྱིད་འགྱོ་དོཝ་མས་ཏེ་ ད་བཀའ་ཤོག་ལྷག་མི་ཁོ་འཁྱིད་འགྱོ་དོཝ་མས་ཏེ་ དེ་ལས་འཁྱིད་འགྱོ་སྦེ་ ཕར་ལྷོད་སྦེ་ ད་རུང་ཨ་རྟག་གི་ས་ཁར་རང་འཁྱིད་དོཝ་མས་ཏེ་ཁོ་གིས།
- ཆོས་འཛོམས་ Chozomཨ་རྟག་གི་ས་ཁར་འཁྱིད་སྦེ་ ཁ་སྐོམ་ཏེ་ ཉིནམ་གནམ་མེད་ས་མེད་དུག་བཟུམ་ཅིག་ནང་འཚིགས་བཏང་དོཝ་མས་ཏེ་ ད་རུང་ཁོ་འགྱོ་སྦེ་ ཆུ་འཐུང་དོ་བཟུམ་བཟོ་སྦེ་ ལོག་འོང་དོཝ་མས་ཏེ་ ད་རུང་མར་ཆུ་འདུག་ཟེར་ ཁྱོད་ར་ཆ་ཁྱབ་ནཱ་ལས་མར་འབབ་སྟེ་འགྱོ་ད་ཟེར།
- ཆོས་འཛོམས་ Chozomམེན་ཧེ་མ་རང་བཀའ་ཤོག་ལྷག་ནུག་ བཀའ་ཤོག་ལྷག་སྟེ་ བཀའ་ཤོག་ལྷག་དོཝ་མས་ཨ་ཁུ་བེ་པ་ཏི་རུབ་ཀྱིས་ ཨ་ཧོ་འེ་གླིང་གེ་སར་རྒྱལ་པོ་ཕམ་པའི་ཕམ་སོང་ཟེར་ལོ་ཨ་ཧོ་འེ་ ཧོར་དགུང་སངས་གནག་པོ་རྒྱལ་བའི་རྒྱལ་སོང་ཟེར་ལོ་ཨ་ཧོ་འེ་ཟེར་ ལྷག་དོཝ་མས་ཏེ་ཁོ་གིས་ ཆིད་དབའེ་ ཟེར་སླབ་དོ་མས་ཏེ་ བཀའ་ཤོག་ལྷགཔ་ད་ལེགས་ཤོམ་སྦེ་མི་ལྷག་ག་ཟེར་ སྐད་རྐྱབ་བྱིན་དོཝ་མས་ཏེ།
- ཆོས་འཛོམས་ Chozomབཀའ་ཤོག་ལྷག་པ་ཅིན་ལེགས་ཤོམ་སྦེ་ལྷ་ཤིག་ཟེར་ ཁོ་ཕམ་སོང་ཟེར་ལོ་ཟེརཝ་ད་ ཁོ་ཙིགཔ་ཟ་དོཝ་མས་ཏེ་ དེ་འབདཝ་ད་ ལྷག་གེ་ལྷག་གེ་ཟེར་ མིག་ཏོ་གི་པགས་ཀོ་གཡུག་བཀོཝ་ད་ མིག་ཏོ་གི་པགས་ཀོ་གི་རྐངམ་ཁར་ཚུན་ཚོད་ལྷོད་འོང་ལོ་ ཨ་ཁུ་བེ་པ་ཏི་རུ་གི་མིག་ཏོ་གི་ ད་རུང་ལྷག་དོཝ་མས་ཏེ།
- ཆོས་འཛོམས་ Chozomཨ་ཧོ་འེ་གླིང་གེ་སར་རྒྱལ་པོ་རྒྱལ་བའི་རྒྱལ་སོང་ཟེར་ལོ་ཨ་ཧོ་འེ་ ཧོར་དགུང་སངས་གནག་པོ་ཕམ་པའི་ཕམ་སོང་ཟེར་ལོ་ཨ་ཧོ་འེ་ཟེར་ འ་ནཱི་བཏུབ་ཟེར་ སླབ་སླབ་ཨིན་ལོ་དེ་བསྒང་ཁོ་གིས་ དེ་ལས་ ཁྱོད་ར་ཆ་ཁྱབ་ཆུ་འཐུང་པར་སོང་ཤིག་ཟེར་ བཏང་བཏངམ་མས་མེན་ན་ཏེ།
- ཆོས་འཛོམས་ Chozomདེ་ལས་ ཆུ་འཐུང་སྟེ་ ལོག་སྟེ་འོངམ་ད་ ད་རུང་གླིང་གེ་སར་རྒྱལཔོ་ངོ་མ་ལུ་སྤྲུལ་ཏེ་ ཆུད་དབའེ་ ངེའི་ཤེས་ལྕམ་འབག་མི་ཁྱོད་ཆ་ཁྱབ་མེན་ག་ཨ་ཟེར་ གནམ་མེད་ས་མེད་དཔའ་རྟགས་ལགཔ་ཁར་སྦེ་ ད་རུང་ཐགཔ་བཏོག་བཏང་སྦེ་ ད་རུང་བསད་བཞག་ནུག་ཁོ་གིས།
- ཆོས་འཛོམས་ Chozomག་ར་བསད་བཞག་སྟེ་ད་རུང་ཕྱི་རུ་འགྱོཝ་ད་ལུ་ དེ་ལས་ད་རུང་པད་སྐོར་བསྐོར་གསུམ་བསྒྱིར་ཏེ་སྒོ་ཁར་བཏོག་པར་ལྷོདཔ་ད་ དེ་ལས་ སྒོ་ཕྱེ་མ་བཏུབ་པས་ཏེ་ ཤེས་ལྕམ་གྱིས་དཀྲོགས་ནུག་ཏེ་ དེ་ལས་ ད་ཁྱོད་ཀྱིས་འཛོལ་སོང་ཡི་ཟེར་ ཨ་ནཱི་གླིང་གེ་སར་རྒྱལཔོ་གི་སྤྲུལ་པ་འོང་ནི་མས་ཟེར་ ཁྱོད་ཀྱི་ཨ་ཁུ་བེ་པ་ཁྲི་གདུགས་ཀྱི་སྐྱེ་བ་ཨིན་རང་མེན་ཟེར་ ཤེས་ལྕམ་གྱིས་དེ་ལས་ ཁྱོད་ཀྱི་སྒརཔ་ཚུ་ག་ར་ཡལ་འོང་བལྟ་ཤིག་ཁྱོད་ར་ཟེར།
- ཆོས་འཛོམས་ Chozomདེ་ལས་ དེ་སྦེ་སླབ་སྦེ་ དེ་ལས་ སྒོ་བསྡམས་སྦེ་སྡོད་ནུག་ཏེ་ དེ་ལས་ ད་རུང་ལོག་ཁྱིམ་ནང་སོང་ནུག་ཁོ་ ཁྱིམ་ནང་སོང་སྦེ་ ད་རུང་ཨ་ནེ་ལུ་ ད་རུང་ཤེས་ཅི་ད་ ག་ཅི་ཡང་འབད་མ་ཤེས་ ཟེར་སླབ་ནུག་ཏེ་ཁོ་གིས། དེ་ལས་ སླབ་སྦེ་ ག་ནི་ཡང་འབད་མ་ཤེས་པར་ ཨ་ནེ་ཁོང་གཉིས་ ཧེ་མ་རང་བཏང་ནུག་ཁོ་ ད་ཁྱོད་ར་ཡར་ཁྱིམ་ཐོག་ལས་མར་འབབ་སྟེ་འགྱོ་ཤིག་མར།
- ཆོས་འཛོམས་ Chozomནང་ན་འགྱོ་ཤིག་ཁོང་གཉིས་ཉལ་སར་འགྱོ་ཤིག་ཟེར་བཏང་ནུག་ཏེ་ འགྱོ་ནུག་ཏེ་ཁོ་ ཡར་ལས་མར་བབས་ཏེ་འགྱོཝ་ད་ ཨ་ནཱི་འདུག་ཟེརཝ་མས་ལོ་ཏེ་ ཆུ་རྒྱ་མཚོ་བཟུམ་སྦེ་ སྔོ་སྤྲིང་སྤྲི་མཐོང་མས་ཟེརཝ་མས་ལོ་ཁོང་གཉིས་ཉལ་སའི་ས་གོ་ནང་ དེ་ལས་ མིག་ཏོ་ག་དེ་སྦེ་འཕྱགས་ཅི་འཕྱགས་ཅི་བལྟ་རུང་ རྒྱ་མཚོ་བཟུམ་སྦེ་ར་མཐོང་དོཝ་མས་ དེ་ལས།
- ཆོས་འཛོམས་ Chozomའདྲོག་སྟེ་ རྐངམ་བཀལ་ནི་སྦེ་ ད་རུང་ཡར་འཐུ་སྦེ་ ད་རུང་བཀལ་ནི་སྦེ་སྡོད་ནུག་མེན་ན་ཁོ་འདྲོག་སྟེ་ དེ་ཅིག་གི་བར་ན་ཨ་ནེ་གིས་ ཨ་ནེ་མགྱོགས་པ་སོང་ ག་ཅི་འབདཝ་སྨོ་མ་འགྱོ་བར་ ཟེར་སླབ་སླབ་མས་ཏེ་ མར་ལུ་ཆུ་འདུག་ ཆུ་འོང་ནི་མས་ཟེར་འདྲོག་ཆི་ ཟེར་སླབ་སླབ་མས་ཏེ་ དེ་ལས་ ཁྱོད་རའི་ལགཔ་ཁར་མཛུབ་དཀྱི་མེད་ག་ ཟེར་སླབ་མས་ལོ།
- ཆོས་འཛོམས་ Chozomདེ་ལས་མཛུབ་དཀྱི་ཕུད་སྦེ་ ཨེན་ཏ་འབད་བ་ཅིན་ ཀག་ཏར་ཀེག་ཏེར་བཏང་སྐད་རྐྱབ་འོང་ཟེར་ ཆུ་ཨིན་པ་ཅིན་ མར་རྒྱ་མཚོ་འབད་བ་ཅིན་ པུ་ལུང་བཏང་རྐྱབ་འོང་ ཟེར་སླབ་སླབ་མས་ དེ་ལས་ ཨ་ནེ་གིས་ མགྱོགས་པ་མགྱོགས་པ་ཐུར་བཅུག་བཅུགཔ་མས་ཏེ་ དེ་འབདཝ་ད་ཀག་ཏར་ཀེག་ཏེར་བཏང་སྐད་རྐྱབ་མས་ཟེརཝ་མས་ལོ།
- ཆོས་འཛོམས་ Chozomདེ་ལས་སོང་ནུག་ཏེ་ མར་འགྱོ་སྦེ་ དཔའ་རྟགས་འདུག་ཟེརཝ་མས་ལོ་མས་ ཁོ་རའི་མགུ་ཏོ་གུ་བདའ་ཟུན་སྦེ་ རིངམོ་སྦེ་ འདི་འབལ་དོ་མས་ཏེ་ད་ ཁོ་རའི་དཔའ་རྟགས་ཀྱི་འབད་ཨོལ་ལྐོག་བཏོག་ནི་སྦེ་ དཔའ་རྟགས་བཏོན་ནི་འབདཝ་ད་ བལྟ་ཤིག་ཨ་པ་ཟེརཝ་མས་ལོ་དཔའ་རྟགས་ཀྱིས།
- ཆོས་འཛོམས་ Chozomདེ་ལས་ ད་རུང་འབལ་དོཝ་མས་ ད་རུང་བལྟ་ཤིག་ཨ་པ་ ཟེར་སླབ་དོཝ་མས་དཔའ་རྟགས་ཀྱིས་ དེ་འབདཝ་ད་ཨ་ནེ་གིས་མགྱོགས་པ་མགྱོགས་པ་ལྡན་ལྕག་ཐེངས་ཕོག་གཅིག་བཏང་བྱིན་ཞིནམ་ལས་ ཁྱོད་ག་ཅི་སྨོ་ཁྱོད་ཟེར་ ཁྱོད་རའི་བཀབ་ནེ་ཡོད་མེན་ན་ བཀབ་ནེ་དཀྱིས་ད་ཟེར་ དཔའ་རྟགས་གུ་ལུ་ བཀབ་ནེ་དཀྱིས་ཞིནམ་ལས་འབལ་དགོ་ཟེར།
- ཆོས་འཛོམས་ Chozomགནས་སྐབས་ག་ར་ཨ་ནེ་ཨིན་པས་ཏེ་ བཀབ་ནེ་དཀྱིས་ཏེ་འབལ་ད་ཟེར་སླབ་སྟེ་ འབལ་དོཝ་མས་ཏེ་ དེ་ལས་ བལྟ་ཤིག་ཨ་པ་བལྟ་ཤིག་ཨ་པ་ཟེར་རང་ དེ་ལས་ ག་ར་འབལ་ཚརཝ་ད་ བལྟ་ཤིག་ཨ་པ་ པི་འུང་་་བཏང་རང་རྫོགས་སོ་ཡི་ཟེརཝ་མས་ལོ་ཏེ།
- ཆོས་འཛོམས་ Chozomའབལ་ཚར་སྦེ་ དེ་ལས་ མཇལ་ཏེ་སྡོད་དོཝ་མས་ཏེ་ཁོ་གིས་ད་རུང་ ཁོ་ར་གི་འདི་ཕྱེད་ཀ་ཡང་མི་ལྷོད་པས་ཟེར་ཨིན་པས་ལོ་ཏེ་ ཁོ་རའི་དཔའ་རྟགས་ཀྱི་འདི། དེ་ལས་གཉིས་ཡོད་པ་ཅིན་དྲག་ནི་མས་ཟེར་ གཅིག་ནང་ན་ལས་བཙུགས་ གཅིག་ཐོག་ཁ་ལས་མཇལ་སྦེ་སྡོད་དོཝ་མས་ཏེ།
- ཆོས་འཛོམས་ Chozomཨ་་་ཨ་ནེ་ག་འོང་གུ་འོང་མེད་པར་ ཐོཝ་ལོག་ལྟབ་སྦོམ་གཅིག་འབག་ཞིནམ་ལས་ ཁོ་གིས་ཚད་མཇལ་ཏེ་དེ་སྦེ་སྡོད་པའི་བར་ན་རང་ ཨོལ་ལྐོག་གུ་བཀལ་སྡོདཔ་ད་རང་ ཐོཝ་ཏང་བཏང་བླུགས་བྱིན་བྱིནམ་མས་ཏེ་ དེ་འབདཝ་ད་ལུ་ ཨོལ་ལྐོག་དུམ་བཏང་བཏོག་བཏང་བཏངམ་མས་ཏེ་ མགུ་ཏོ་དགུ་ དེ་འབདཝ་ད་ཨོལ་ལྐོག་དུམ་བཏང་བཏོག་བཏང་རུང་།
- ཆོས་འཛོམས་ Chozomག་ར་ཆད་མ་འགྱོ་འགྱོཝ་མས་ དེ་འབདཝ་ད་ལུ་ སྨན་བཏབ་ནི་ཡོད་དོཝ་མས་ཏེ་ད་རུང་ ཁོང་གིས་སྨན་བཏབ་ཅིག་ ཨོལ་ལྐོག་མཐུད་ནི་གི་ དེ་འབདཝ་ད་ཨ་ནེ་གིས་ཏེ་ ཨ་ནཱི་སྨན་བཀོ་བཏང་ཞིནམ་ལས་ གོ་ཐལ་བཙུགས་བཞག་ནུག་མེན་ན་ཏེ་ སྨན་ཕྱེ་གི་ཚབ་ལུ་ ཕྱེ་བཟོ་སྟེ་ དེ་ལས་ ལྟ་མ་ལས་ ཡར་ལོངམ་ཅིག་ཤེས་ལྕམ་སྨན་གཏོར་ ཤེས་ལྕམ་སྨན་གཏོར་ ཤེས་ལྕམ་སྨན་གཏོར་ ཟེར་སླབ་མས་ཟེརཝ་མས་ལོ་ཏེ་ ཧོར་དགུང་སངས་གནག་པོ་གིས།
- ཆོས་འཛོམས་ Chozomདེ་འབདཝ་ད་ལུ་ ཤེས་ལྕམ་སྨན་གཏོར་ཟེརཝ་ད་ལུ་ གོ་ཐལ་ཐོར་ཐོར་བཏང་གཏོརཝ་མས་ལོ་མས་ ཤེས་ལྕམ་གྱིས་ ཨོལ་ལྐོག་གུ་ལུ་ ཧི་ཧི་(speaker Laughs) ཨ་ནཱི་སྨན་འདྲས་ཟེར་མནོ་སྟེ་ དེ་འབདཝ་ད་སྨན་མེན་པས་མེན་ན་ཏེ་ གོ་ཐལ་ཨིན་པས་ཏེ།
- ཆོས་འཛོམས་ Chozomཨ་ནེ་གིས་བཀོ་བཏང་ཚར་ནུག་ཏེ་ དེ་ལས་ འཛིང་ཡི་ལོ་མས་ ཁོང་གཉིས་འཐབ་དོཝ་མས་ཏེ་དེ་ལས་ ད་གེ་སར་དང་ཧོར་དགུང་སངས་གནགཔོ་ གནམ་མེད་ས་མེད་ཁྲག་གི་རྒྱ་མཚོ་འཁྱིལ་འཁྱིལཝ་མས་ཏེ་ གནམ་མེད་ས་མེད་དེ་འབད་ར་འཐབ་དོཝ་མས་ཏེ་ཁྲག་གི་ཐོག་ཁ་ལུ་ཁོང་གཉིས་བླ་མ་མཁྱེན་ནོ། འཐབ་ད་ལྟ་མ་འབདཝ་ད་ལུ་ གླིང་གེ་སར་རྒྱལ་པོ་འདིནི་ཚདཔ་ཐོན་དེས་ཟེརཝ་མས་ལོ་ཏེ་ ཁོནི་ག་ནི་ཡང་མ་འབད་བས་ལོ་ཏེ།
- ཆོས་འཛོམས་ Chozomལྟ་མ་འབདཝ་ད་གླིང་གེ་སར་རྒྱལ་པོ་འདི་ ཚདཔ་ཁྲག་རང་ཐོན་མས་ཟེརཝ་མས་ལོ་ཏེ་ ཚདཔ་ཁྲག་རང་ཐོན་ ལྟ་མ་འབདཝ་ད་རྐྱངམ་ཅིག་ཁོ་ཚདཔ་ཐོན་མས་ཟེར་ཨིན་པས་ལོ་ ལྟ་མ་འབདཝ་ད་ཁོ་ཁ་ལས་ཨོམ་རང་ལོག་དེས་ཟེར་མས་ལོ་གེ་སར་རྒྱལཔོ།
- ཆོས་འཛོམས་ Chozomཨོམ་རང་ལོགཔ་ད་ ཁོ་ཚདཔ་ཁྲག་ཐོན་མས་ཟེརཝ་མས་ལོ་ ཨའེ་ད་ངེའི་གེ་སར་འདི་ཤི་རང་ཤི་ནི་མས་ཟེར་ ཨ་ནེ་གིས་ མོ་གི་མགུ་ཏོ་གུ་དངུལ་གྱི་ཐོད་གཅིག་བཏགས་ཏེ་སྡོད་སྡོདཔ་མས་ འ་ནཱི་ཐོད་ཡ་ཟེར་ ཁོ་གི་རྐངམ་གུ་ཚུད་བཅུག་ཤིག་ཟེར་ ཁོང་གཉིས་འཐབ་ད་ལུ་ དེ་སྦེ་གཡུག་བཀོ་བཀོཝ་ཨིན་ལོ་ཨ་ནེ་གིས་སྨོན་ལམ་བཏབ་སྟེ།
- ཆོས་འཛོམས་ Chozomདེ་འབདཝ་ད་ ཨ་ནེ་གི་དངུལ་གྱི་ཐོད་ནང་ལུ་རྐངམ་ཚུད་དེ་ རྐངམ་ཀ་ལ་ལ་དཀྱི་ལི་ལི་བཏང་འབདཝ་ད་ལུ་ བརྡབས་བཏང་ཚུགས་ཚུགསཔ་ཨིན་ལོ་མས་ ཧོར་དགུང་སངས་གནག་པོ་ དེ་ལས་ཁྲག་གི་རྒྱ་མཚོའི་ནང་ན་ ཐིམ་ཞིན་ན་ཤི་དོཝ་མས་ཏེ་ དེ་ལས་ཤི་ནུག་ཏེ་ ཤི་སྦེ་ དེ་ལས་ དེ་འབདཝ་ད་ཁོ་དྲག་ནུག
- ཆོས་འཛོམས་ Chozomཁོ་དྲག་སྟེ་དེ་ལས་ དེ་ལས་བཏོན་འཁྱིད་དོཝ་མས་ཏེ་ཤེས་ལྕམ་འགྱོ་གེ་ཟེར་ མཁར་གླིང་མཁར་སྟོད་ལུ་འགྱོ་གེ་སྨ་རེད་ ཟེར་འཁྱིད་འགྱོ་དོཝ་མས་ཏེ་ དེ་ལས་ཐོན་འགྱོ་སྦེ་ ཐགས་ཀྱི་ཅ་ལ་ཚུ་ག་ར་འབགཔ་མས་ཟེརཝ་མས་ལོ་ཅ་ལ་བསྒྲིགས་ཏེ་ མོ་ཐགས་འཐག་མི་ཅ་ལ་ཚུ་ཤེས་ལྕམ་གྱིས་འབག་སྦེ་འགྱོ་དོཝ་མས་ཏེ་ འགྱོ་ཞིནམ་ལས་ལམ་ཧ་ལམ་དེ་ཅིག་ཁར་ལྷོདཔ་ད་ལུ།
- ཆོས་འཛོམས་ Chozomཡ་བླ་མ་ ཟེར་སླབ་མས་ཟེརཝ་མས་ལོ་ ང་ཅ་ལ་སྙིང་པོ་གཅིག་རང་ལུས་སོ་ནུག་ ང་ལོག་འགྱོ་དགོ་པས་ཟེར་སླབ་མས་ལོ་ དེ་འབདཝ་ད་ འགྱོ་ཏེ་འགྱོ་ཟེར་ བཏང་བཏངམ་མས་ཏེ་ འགྱོ་ཡི་ལོ་ཨམ་སྲུ་འགྱོ་སྟེ་ ཁོ་ཡང་འགྱོ་དོཝ་མས་ཏེ་གཡིབ་སྟེ་བྱ་ལྟ་བར་ དེ་འབདཝ་ད་ལུ་ སྒྲོམ་གཅིག་འདུག་ཟེརཝ་མས་ལོ་ སྒྲོམ་གཅིག་གི་ནང་ལས་ཨ་ལོ་མགུ་ཏོ་གསུམ་འབད་མི་ཅིག་བཏོནམ་མས་ཟེརཝ་མས་ལོ་ཏེ།
- ཆོས་འཛོམས་ Chozomཨ་ནཱི་ ཤེས་ལྕམ་གྱིས་ ཨོམ་གཡས་གཡོན་ག་ར་བྱིན་བཞག་སྦེ་ ཤུལ་ལས་ཨ་པའི་རྐང་ཚབ་འདྲོངས་ཚུགསཔ་སྦེ་འབད་སྨ་རེད་ཁྱོད་ཀྱིས་ ཟེར་སླབ་བཞགཔ་མས་ཟེརཝ་མས་ལོ་ ཨ་ལོ་གིས་བཏུབ་ཟེར་སླབ་མས་ཟེརཝ་མས་ལོ་ཏེ་ ཨོམ་བྱིན་བཞགཔ་མས་ལོ་ཏེ་ དེ་ལས་ སྒྲོམ་ནང་ན་བཙུགས་ཏེ་བཞགཔ་མས་ཟེརཝ་མས་ལོ་ཏེ་ད་རུང་།
- ཆོས་འཛོམས་ Chozomདེ་ལས་ ཨ་པའི་རྐང་ཚབ་ཁྱོད་ཀྱིས་འདྲོངས་ཚུགསཔ་སྦེ་འབད་བཅུག་ཤིག་ཟེར་ འབད་སྨ་རེད་ ཟེར་སླབ་བཞག་སྦེ་ དེ་ལས་ མོ་ར་འགྱོཝ་མས་ཟེརཝ་མས་ལོ་ དེ་ཅིག་གི་བར་ན་ཁོ་ནང་ན་འཛུལ་སྦེ་ ཨ་ ཨ་ལོ་ལགཔ་བཏོག་ རྐངམ་བཏོག་ མགུ་ཏོ་བཏོག་སྦེ་ འབག་ནུག་མེན་ན་ཏེ་གཡིབ་སྟེ་ དེ་ལས་ གཟུགས་འབད་བ་ཅིན་མར་ ཨ་པའི་ཁྲག་གི་རྒྱ་མཚོའི་ནང་གཡུག་བཀོ་བཞག་བཞགཔ་མས་ཁོ་གིས།
- ཆོས་འཛོམས་ Chozomདེ་ལས་ འགྱོ་དོཝ་མས་ཏེ་ འགྱོ་སྦེ་ ཁོ་ད་རུང་མགྱོགས་པ་མགྱོགས་པ་སྤྲུལ་ཏེ་ བསྒུགས་སྡོད་པར་ལྷོད་དོཝ་མས་ཏེ་ ཤེས་ལྕམ་མ་ལྷོདཔ་ལས་ཁོ་ཧེ་མ་ལྷོད་དོཝ་མས་ ཁོ་གིས་ཉི་མའི་འོད་གུ་ཆིབས་ཏེ་ འགྱོ་ནི་སྡོད་ནུག་མེན་ན་ཏེ་ དེ་ལས་ཡར་ལྷོད་སྦེ་སླབ་དོཝ་མས་ཏེ་ འགྱོ་གེ་ད་ཟེར་ འགྱོ་དོཝ་མས་ཏེ་ འགྱོ་སྟེ་ཡར་ལབ་རྩ་ཅིག་ཁར་ལྷོད་དོཝ་མས་ཏེ།
- ཆོས་འཛོམས་ Chozomདེ་འབདཝ་ད་ ལབ་རྩ་ལུ་ ང་བཅས་ཀྱིས་ཕྱག་མཇལ་ཕུལ་འོང་མེན་ན་ཏེ་ ད་ལྟོ་འབད་བ་ཅིན་ང་བཅས་ཀྱིས་ མེ་ཏོག་ཚུ་ཕུལཝ་མས་མེན་ན་ལབ་རྩ་གུ་ལྷོདཔ་ད་ དེ་ལས་ ཨའེ་ཟེར་ སྨན་ཆུང་བུ་མོའི་ཁྱོསམ་ནི་ [[སེག་ཤོ་ཨུ་ཤོ་?]?] རེ་ཡང་ཕུལ་གེ་ཟེརཝ་ད་ལུ་ འཐག་ཅུང་གཅིག་ཕུལ་བཞགཔ་མས་ཟེརཝ་མས་ལོ་ ཨ་ནཱི་ལབ་རྩ་ལུ་ལྷོདཔ་ད་ ཤེས་ལྕམ་གྱིས།
- ཆོས་འཛོམས་ Chozomདེ་འབདཝ་ད་ཁོ་གིས་ སྟག་ཤར་གཞོན་པའི་ཁྱོསམ་ནི་ཟེར་ ཨ་ལོའི་མགུ་ཏོ་ཡང་ཕུལ་གེ་མས་ཟེརཝ་ད་ ཨ་ལོའི་མགུ་ཏོ་ཕུལ་ཕུལཝ་མས་ལོ་ ཨ་ནཱི་ལབ་རྩ་གཅིག་ལུ་ དེ་འབདཝ་ད་ བླ་མ་མཁྱེན་ནོ་ངེའི་ཨ་ལོ་བསད་བཏང་ནུག་ཟེར་ ཤེས་ལྕམ་དྲན་མེད་འགྱོ་དོཝ་མས་ཚར་གཅིག་ དེ་ལས་ད་རུང་འཁྱིད་འགྱོ་དོཝ་མས་ཏེ་ འཁྱིད་དེ་ ད་རུང་ཁོ་གིས་ལབ་རྩ་གཅིག་ནང་ལྷོདཔ་ད།
- ཆོས་འཛོམས་ Chozomསྨན་ཆུང་བུ་མོའི་ཁྱོསམ་ནི་ [སེག་ཤོ་ཨུ་ཤོ་?]ཡང་ཕུལ་གེ་མས་ཟེརཝ་ད་ སེག་གཅིག་ཕུལ་བཞགཔ་མས་ཟེརཝ་མས་ལོ་ཨ་ནཱི་ ཐགས་འཐག་ནི་གི་སེག་གཅིག་ (ཐགས་འཐག་པའི་སྐབས་སྐེད་པའི་ཐགཔ་དཀྱི་ས་ ཤིང་དང་སྦ་ལས་བཟོ་ཡོད་མི་ཅིག་) དེ་ལས་ སྟག་ཤར་གཞོན་པའི་ཁྱོསམ་ནི་ ཨ་ལོའི་ལགཔ་ཡང་ཕུལ་གེ་མནོ་ཟེརཝ་ད་ ཨ་ལོའི་ལགཔ་གཅིག་ཕུལ་བཞག་དོཝ་མས་ལོ་ཁོ་གིས།
- ཆོས་འཛོམས་ Chozomདེ་ལས་ ད་རུང་ཤེས་ལྕམ་འདི་ དྲན་མེད་བརྒྱལ་དོཝ་མས་ཏེ། ད་རུང་འགྱོ་དོཝ་མས་ ད་རུང་ཡར་ལྷོདཔ་ད་ལུ་ ད་རུང་མོ་གིས་སླབ་དོཝ་མས་ཏེ་ སྨན་ཆུང་བུ་མོའི་ཁྱོསམ་ནི་ [སེག་ཤོ་ཨུ་ཤོ་?]ཡང་ཕུལ་གེ་མས་ཟེརཝ་ད་ གི་རི་ཕའི་གཅིག་ (ཐགས་འཐག་པའི་སྐབས་ སྐུདཔ་འཛིང་བཅུག་ནིའི་དོན་ལུ་ལག་ལེན་འཐབ་མི་ཅིག་) གཅིག་ཕུལ་བཞག་དེས་ཟེརཝ་མས་ལོ།
- ཆོས་འཛོམས་ Chozomདེ་འབདཝ་ད་ཁོ་གིས་སླབ་དོཝ་མས་ཏེ་ སྟག་ཤར་གཞོན་པའི་ཁྱོསམ་ནི་ ཨ་ལོའི་རྐངམ་ཡང་ཕུལ་གེ་མས་ཟེར་ ཁོ་གིས་རྐངམ་གཅིག་ཕུལ་བཞག་དོཝ་མས་ དེ་འབདཝ་ད་ཤི་དོཝ་མས་ཏེ་ དྲན་མེད་རང་བརྒྱལ་དོཝ་མས་ཏེ།
- ཆོས་འཛོམས་ Chozomདེ་ལས་འགྱོ་དོཝ་མས་ ཡར་ལྷོད་ལྷོདཔ་མས་ ཡར་ལྷོདཔ་ད་ལུ་ མི་སེར་ཚུ་ཡོད་སར་ལྷོད་ལྷོདཔ་ཨིན་ལོ་ མཁར་གླིང་མཁར་སྟོད་ཀྱི་སྦོ་ལོགས་ཁར་ མི་སེར་ཚུ་གི་གཡུས་ཁ་ལུ་ལྷོད་དོཝ་མས་ཏེ།
- ཆོས་འཛོམས་ Chozomདེ་འབདཝ་ད་ བུམོ་གསུམ་ཆུ་བཟེད་པར་འོང་དེས་ཟེརཝ་མས་ལོ་ གཡུས་ཅིག་གི་ནང་ གནམ་མེད་ས་མེད་དགའཝ་དགའ་སྤྲོ་འབད་དེ་ ཚེས་བཅུ་དུས་ཆེན་འབད་དེ་ང་བཅས་བཟུམ་སྦེ་ ད་རེས་ནངས་པར་བཟུམ་སྦེ་ མཆོད་པ་འབད་ནི་ཡོད་དོཝ་མས་ཏེ།
- ཆོས་འཛོམས་ Chozomདེ་འབདཝ་ད་ ཨ་ནཱི་བུམོ་གསུམ་ཞབས་བྲོ་རྐྱབ་མི་ཤེས་དོ་ཡོདཔ་མས་ ཞབས་བྲོ་རྐྱབ་མ་ཤེས་པར་ཁོང་གསུམ་ཆུ་དབོག་མི་སྦེ་བཞག་བཞགཔ་མས་ ཆུ་དབོག་པར་འོང་དོཝ་མས་ཏེ་ ཆུ་དབོག་པར་འོང་སྟེ་ ཆུ་གི་མཐའ་མར་ཕྱད་དོཝ་མས།
- ཆོས་འཛོམས་ Chozomདེ་བསྒང་སླབ་དོཝ་མས་ ང་བཅས་གསུམ་འདིནི་ ཨ་ནཱི་ ང་བཅས་རའི་ཨ་ཞེ་དང་དཔོན་ཨིན་པས་ཟེར་ ཁོང་གི་ཨ་ཞེ་དང་དཔོན་བཟུམ་ཅིག་ཨིན་པས་མེན་ན་ཏེ་ ཁོང་གཉིས་ ཁྱོད་གསུམ་ག་དེ་སྦེ་སྨོ་ གུ་དེ་སྦེ་སྨོ་ཟེར་དྲིཝ་ད་ལུ་ ང་བཅས་གསུམ་ཞབས་བྲོ་རྐྱབ་མ་ཤེས་པར་དེ་སྦེ་འོངམ་ཨིན་ཟེར་སླབ་དོཝ་མས་ཏེ།
- ཆོས་འཛོམས་ Chozomདེ་འབདཝ་ད་སླབ་དོཝ་མས་ཏེ་ ང་གིས་སྟོན་གེ་སྨ་རེད་ཞབས་བྲོ་ཟེར་སླབ་དོཝ་མས་ཏེ་གེ་སར་གྱིས། དེ་ལས་ ཡ་ཡ་བཏུབ་ཟེར་ ཁོང་གསུམ་གྱིས་ལྷབ་གེ་ཟེར་ རྣ་བ་ཉན་གེ་ཟེར་སྡོད་དོཝ་མས་ དེ་འབདཝ་ད་ཁོ་གིས་སླབ་དོཝ་མས་ཏེ།
- ཆོས་འཛོམས་ Chozomཧོར་ཧོར་བ་ཐག་ཧོར། །བ་ཐག་ཧོར་གྱི་ཁྱིམ་ལ་མེད། །ཁྱིམ་ལ་མེད་ཀྱི་ལག་པ་མེད། །ལག་པ་མེད་ཀྱི་རྐང་པ་མེད། །ཟེར་ རྐང་པ་མེད་ཀྱི་ལག་པ་མེད། །ཟེར་སླབ་སྟེ་ ཟངས་མཚོ་ཅིག་མེད་ལ་མཚོ་ཅིག་འཁྱིལ་་་་་ ཟངས་མཚོ་ཅིག་མེད་ལ་མཚོ་ཅིག་འཁྱིལ། །ཧོར་ཧོར་བ་ཐག་ཧོར། །བ་ཐག་ཧོར་གྱི་ཁྱིམ་མེད། །རྐང་པ་མེད་ ལག་པ་མེད་ མི་མེད་ཟེར་ མི་མེད་པའི་མཚོ་ཅིག་འཁྱིལ། །ཟེར་ མཚོ་ཅིག་འཁྱིལ་ཟེར་ སླབ་བཞག་བཞགཔ་ཨིན་ལོ་ཁོ་གིས།
- ཆོས་འཛོམས་ Chozomསླབ་སླབ་མས་ལོ་ དེ་འབདཝ་ད་ ད་རུང་ག་དེ་སྦེ་ལོ་ ག་དེ་སྦེ་ ཟེར་སླབ་སླབ་ཨིན་ལོ་ཁོང་ཆ་ཁྱབ་ཀྱིས་ ད་རུང་ལོག་ཅི་ལོག་ཅི་ཚར་གསུམ་སྟོན་བཞག་བཞགཔ་ཨིན་ལོ་ ཧོར་ཧོར་བ་ཐག་ཧོར། །བ་ཐག་ཧོར་གྱི་ཁྱིམ་མེད། །ཁྱིམ་མེད་ ལག་པ་མེད་ རྐང་པ་མེད་ཟེར་ ཟངས་མཚོ་ཅིག་མེད་ལ་མཚོ་ཅིག་འཁྱིལ། །ཟེར་ འ་ནེ་ཅིག་སྟོན་བཞག་བཞགཔ་ཨིན་ལོ།
- ཆོས་འཛོམས་ Chozomལོག་ཅི་ལོག་ཅི་རང་སྟོན་སྦེ་ ད་ཤེས་ཅི་སྨ་རེད་ཟེར་ ཆུ་ཡང་མ་འབག་པར་ ཆུ་པ་ལང་ཡང་མགོ་མཇུག་སྦེ་འབག་སྟེ་ འགྱོ་འགྱོཝ་ཨིན་ལོ་ མགོ་མཇུག་སྦེ་འབག་སྦེ་ དེ་ལས་ འགྱོ་སྦེ་ འེ་ ད་ང་བཅསནི་ཞབས་བྲོ་ཤེས་ཅི་ཟེར་ ང་བཅས་ཀྱིས་ཆུ་ཡང་མ་འབག་ ཟེར་སླབ་སླབ་ཨིན་ལོ་ཡར།
- ཆོས་འཛོམས་ Chozomདེ་ལས་ ཡར་ལྷོད་སྦེ་སླབ་དོཝ་མས་ཏེ་ ང་བཅས་རའི་ཨ་ཞེ་དང་དཔོན་བྱོན་དེས་ཟེར་ དེ་སྦེ་བྱོན་དེས་ཟེར་ དེ་ལས་ དཔོན་གྱིས་ཞབས་བྲོ་སྟོན་ཡི་ཟེར་ དེ་ལས་ ག་དེ་སྦེ་སྨོ་ ཟེར་དྲི་དོཝ་མས་ ཡ་འཐེན་ཤིག་ཟེར་ འཐེན་ཤིག་ཟེར་ དེ་འབདཝ་ད་ ཧོར་ཧོར་བ་ཐག་ཧོར། །བ་ཐག་ཧོར་གྱི་ཁྱིམ་ཡང་མེད། །དེ་ལས་ལག་པ་མེད་ རྐང་པ་མེད་ དེ་ལས་ ཟངས་མཚོ་གཅིག་མེད་ལ་མཚོ་གཅིག་འཁྱིལ། །འཁྱིལ་ཟེར་ཨིན་ཟེར་ཨིན་པས།
- ཆོས་འཛོམས་ Chozomདེ་འབདཝ་ད་ དབའེ་དབའེ་ཨ་རྒས་རྒན་ཤོས་ཅིག་གིས་ མར་གྱི་འདི་མེདཔ་འདྲས་འདི་གི་སྐོར་ལས་བཟུམ་ཅིག་ཨིན་པས་སྨེ་ ཨ་ནཱི་ཚིག་ལུ་བལྟཝ་ད་ འ་ནཱི་སྦེ་ཨིན་པས་སྨ་རེད་ ཟེར་སླབ་སླབ་ཨིན་ལོ་ ཧོར་དགུང་སངས་གནག་པོ་མེདཔ་འདྲས་ཟེར་ སླབ་སླབ་མས་ཏེ།
- ཆོས་འཛོམས་ Chozomདེ་འབདཝ་ད་ འོང་རང་མི་འོང་ག་ནི་ཡང་ ཁ་དབང་མེད་པར་དེ་སྦེ་སླབ་དེས་ ཨ་རྒས་རྟས་ཐག་དྲང་སྟེ་བསད་བསདཔ་ཨིན་ལོ་ཁོང་ཆ་ཁྱབ་ཀྱིས་ ཁ་མེད་དབང་མེད་ འབྱུང་ཁུངས་མེད་པར་སླབ་དེས་ཟེར་ རོགས་ཧོར་དགུང་སངས་གནག་པོའི་མི་ཚུ་ཡང་ཡོད་དོཝ་མས་ཏེ།
- ཆོས་འཛོམས་ Chozomདེ་ལས་ ད་རུང་སླབ་དོཝ་མས་ལོ་ ད་རུང་སླབ་སླབ་ཟེར་སླབ་ད་ སླབ་བཅུགཔ་ད་ལུ་ ཨིན་པས་ཟེརཝ་མས་ལོ་ དེ་ལས་ བལྟ་བར་འགྱོ་དོཝ་མས་ཏེ་ བལྟ་བར་འགྱོ་ད་ལུ་ ཨིན་པས་ཟེརཝ་མས་ལོ་དེ་སྦེ་རང་ ཁྲག་གི་མཚོའི་ནང་ཨ་ལོ་གཡུག་བཀོ་ རྐངམ་མེད་ལགཔ་མེད་ དེ་ལས་ཁྱིམ་ཡང་ག་ར་ཁོ་གིས་ མདའ་གིས་ཡང་བཀོ་ནུག་མེན་ན་ཏེ་ ཁོ་གིས་ཡང་བཀོ་བཀོཝ་མས་ཏེ་ ཁྱིམ་ཡང་ལེགས་ཤོམ་མེད་དོཝ་མས་ཏེ་དེ་ལས།
- ཆོས་འཛོམས་ Chozomའ་ནཱི་གི་ཚིག་ ཁོ་གིས་ག་ར་སླབ་ནུག་མེན་ན་ཏེ་ དེ་ལས་ ཤེས་ནུག་མེན་ན་ཏེ་ཁོང་གིས་ཡང་ བཀོ་བཀོཝ་ཨིནམ། དེ་ལས་ མཁར་གླིང་མཁར་སྟོད་ཀྱི་ཕོ་བྲང་ནང་ལྷོད་ནུག་ཏེ་ཁོང་གཉིས་ ལྷོད་སྦེ་སླབ་དོཝ་མས་ཏེ་ ཨ་པ་སཱན་པོ་ལའི་བུམོ་ཁྱོད་ ཕར་ཉིམ་ནང་སྡོད་ཤིག་ ཁྱོད་ཉིམ་བཟེད་དེ་ ད་མོ་ཁྲིམས་བཀལ་དོཝ་མས་ཏེ་ ཧོར་དགུང་སངས་གནགཔོ་དང་གཅིག་ཁར་སྡོད་སྡོདཔ་འབད་ནི་དེ་གིས།
- ཆོས་འཛོམས་ Chozomཉིམ་ནང་སྡོད་ཤིག་ཁྱོད་ ཟེར་སླབ་དོཝ་མས་ [ཉིམ་ཀེང་ཀེང་ནང་?]ཉིམ་བཟེད་བཞག་དོཝ་མས་མོ་ གནམ་མེད་ས་མེད་འཚིགས་བཅུག་སྟེ་ དེ་འབདཝ་ད་སླབ་དོཝ་མས་ཏེ་ ཨ་པ་སཱན་པོ་ལའི་བུ་མོ་་་ མེན་མེན་ [ཉིམ་འདི་དགའ་གོ? ཆརཔ་འདི་དགའ་གོ་?]ཤེས་ལྕམ་ཟེར་ སླབ་སླབ་མས་ལོ་ཁོ་གིས་ དེ་འབདཝ་ད།
- ཆོས་འཛོམས་ Chozomཨའེ་དགའ་ནི་འདི་ཆརཔ་རང་དགའ་ནི་མས་གླིང་གེ་སར་རྒྱལ་པོ། ཟེར་སླབ་སླབ་ཨིན་ལོ་མོ་གིས་ དེ་འབདཝ་ད་ ཆརཔ་དོར་དོར་བཏང་ཕབ་སྟེ་ ག་ར་རློནམ་སྦང་བཅུག་བཅུགཔ་ཨིན་ལོ་སྨེ་ད་རུང་ གནམ་མེད་ས་མེད་སྦང་བཅུག་བཅུགཔ་ཨིན་ལོ། དེ་ལས་ རློནམ་སྦང་བཅུག་སྟེ་ དེ་ལས་ ད་རུང་ཉིམ་དགའ་ནི་མས་ཆརཔ་དགའ་ནི་མས་ཟེརཝ་ད་ ཉིམ་དགའ་ནི་མས་ ཟེར་སླབ་སླབ་ཨིན་ལོ།
- ཆོས་འཛོམས་ Chozomདེ་འབདཝ་ད་ ཉིམ་གནམ་མེད་ས་མེད་ཤར་བཅུག་སྟེ་ གོ་ལ་ཚུ་ག་ར་སྐམ་བཅུག་བཅུགཔ་མས་ལོ། དེ་ལས་ ཁྱིམ་ནང་འབོ་འབོཝ་ཨིན་ལོ་ཁོ་གིས་ ཁྱིམ་ནང་འབོ་སྦེ་ དེ་ལས་ ད་སླབ་སླབ་ཨིན་ལོ་ ད་ཁྱོད་ལྕོང་འབུཔ་ཟ་ཤིག་ ཟེར་སླབ་སླབ་ཨིན་ལོ་ ལྕོང་འབུཔ་ཟ་ནི་སྦེ་ ལྕོང་འབུཔ་འཐུ་སྟེ་ ནེར་ནེར་བཏང་འཐུ་དོཝ་མས་ཏེ་ ལྕོང་འབུཔ་ཟ་ནི་སྦེ།
- ཆོས་འཛོམས་ Chozomདེ་འབདཝ་ད་ ད་རུང་ཟ་ནི་འབད་དོཝ་འདྲས་མེན་ན་ཁོ་གི་བཀའ་ལུ་འདྲོག་སྟེ་ དེ་འབདཝ་ད་སླབ་སླབ་མས་ ཨ་པ་སཱན་པོ་ལའི་བུམོ་ལྟོཝ་མ་མ་ཆེ་ཤེས་ལྕམ་ ཟེར་སླབ་སླབ་ཨིན་ལོ་ དེ་འབདཝ་ད་ ལྕོང་འབུཔ་ཕེག་བཏང་བཀོ་བཀོཝ་ཨིན་ལོ་མོ་གིས།
- ཆོས་འཛོམས་ Chozomད་རུང་ཨ་ནཱི་པཱད་མུ་ལུང་ ཟེར་སླབ་འོང་སྦ་ང་བཅས་ཀྱིས་ རོགས་རྟ་ལིཔ་ཚུ་གིས་ གཱ་ལ་མ་ ཟེར་སླབ་མས་མེན་ན་ འ་ནཱི་ པཱད་མུ་ལུང་(རྫོང་ཁའི་ནང་ཀ་ལི་འབུཔ་) ཟ་ཤིག་ ཟེར་སླབ་སླབ་ཨིན་ལོ། འབུཔ་ཟ་ནི་སྦེ་ ད་རུང་ལགཔ་གིས་བཟུང་སྟེ་ འཐུ་སྦེ་ད་རུང་སྤྲིང་དོཝ་མས་ཏེ་ཟ་ནི་སྦེ།
- ཆོས་འཛོམས་ Chozomདེ་འབདཝ་ད་ ད་རུང་ཨ་པ་སཱན་ལོ་པའི་བུམོ་ལྟོ་ལེ་མ་ཆེ་ཤེས་ལྕམ་ཟེར་སླབ་སྟེ་ ད་རུང་འདི་ཡང་བཀོ་བཅུག་བཅུགཔ་ཨིན་ལོ་ དེ་ལས།
- ཡེ་ཤེས་དབང་ཕྱུག་Yeshi Wangchuk: སོག་ཏོར་ཟེརཝ་ད་ལུ་ག་ཅི་སྨོ?
- ཆོས་འཛོམས་ Chozomསོག་ཏོར་ཟེརཝ་ད་ཨ་ནཱི་ཨིན་པས་ ལྟོ་ལེ་མ་ཆེ་ཟེར་ རྟ་ལིཔ་ཚུ་གིས་འབད་བ་ཅིན་ ལྟོ་ལེ་ལྟོ་ལེ་འདུག་སྨ་རེད་ཨ་ནཱི་མི་འདི་ ཟེར་སླབ་མས་མེན་ན་ཏེ་ ལྟོ་ལེ་ཤིག་ཤི་སྦེ་མ་འབད་ ཟེར་སླབ་དོཝ་མས་ཏེ་ དེ་ལས་ ད་ཁྱིམ་ནང་འཁྱིད་སྦེ་ ཁོང་ཡར་བྱག་ཅིག་ཡོད་དོཝ་མས་ཏེ་ བྱག་གི་རྩ་བར་ལྷ་ཁང་གཅིག་ཡོད་ཟེར་ འ་ནཱ་མཚམས་བཅད་པར་འགྱོ་གེ་སྨ་རེད་ཟེར་ གེ་སར་རྒྱལཔོ་མཚམས་བཅད་པར་བྱོན་བྱོནམ་ཨིན་ལོ་ཏེ་ད།
- ཆོས་འཛོམས་ Chozomམཚམས་བཅད་པར་བྱོནམ་ད་ལུ་ ང་ཡོད་དེ་འབད་བ་ཅིན་ དུ་པ་ཐོན་འོང་ ང་མེད་པ་ཅིན་ དུ་པ་མི་ཐོན་སྨ་རེད་ཟེར་ གསུངས་བཞག་བཞགཔ་ཨིན་ལོ་ཏེ་ དེ་ལས་ བྱོན་བྱོནམ་མས་ལོ་ཁོ་ ཁོ་བྱོན་ཏེ་ དྲོ་པ་ཨ་རྟག་རང་ལྟ་ཤིག་ ཟེར་སླབ་སླབ་ཨིན་ལོ་ དེ་ལས་ དྲོ་པ་བདུན་ཕྲག་གཅིགཔོ་འདི་ དུ་པ་ཐོན་ཏེ་རང་སྡོད་སྡོདཔ་མས།
- ཆོས་འཛོམས་ Chozomདེ་ལས་ བདུན་ཕྲག་གཅིག་གི་རྒྱབ་ལས་ དུ་པ་མི་ཐོན་པས་ཟེརཝ་མས་ལོ་ དེ་ལས་མོ་འགྱོ་ནུག་ཏེ་བལྟ་བར་ ཨ་ནཱི་ལྟོ་མཛར་ལམ་ཆང་ ཨ་ནཱི་ཇ་འབག་ ལྟོ་འབག་སྦེ་འགྱོ་ནུག་ཏེ་མོ་ འགྱོ་སྦེ་ དེ་འབདཝ་ད་ལུ་ ཁྲི་ཐོག་ཁར་ རྣམ་གཞག་གུ་སྦེ་ བཞུགས་ཏེ་འདུག་ཟེརཝ་མས་ལོ་ དེ་སྦེ་ དེ་ལས་ མོ་གིས་ གླིང་གེ་སར་རྒྱལཔོ་བཞུགས་ལགས་སམ་ཟེར་ ཨ་ནཱི་སྦེ་ཕྱག་ལེན་འབདཝ་ད་ལུ་
- ཆོས་འཛོམས་ Chozomསྤར་རང་མི་སྤར་བས་ཟེརཝ་མས་ལོ་ ད་རུང་གླིང་གེ་སར་རྒྱལ་པོ་བཞུགས་ལགས་སམ་ཟེར་ ད་རུང་འབད་ནུག་ ད་རུང་སྤར་རང་མི་སྤར་བས་ཟེརཝ་མས་ལོ་ ད་རུང་གླིང་གེ་སར་རྒྱལཔོ་བཞུགས་ལགས་སམ་ཟེར་ དེ་སྦེ་འབདཝ་ད་ ལྟ་མ་འབདཝ་ད།
- ཆོས་འཛོམས་ Chozomམ་པ་ལས་མིན་འདུག་ཟེརཝ་མས་ལོ། དེ་ལས་མོ་གིས་ ཕྱག་གིས་དེ་སྦེ་བཟུང་སྟེ་བལྟ་ནུག་ཏེ་ དེ་འབདཝ་ད་ལུ་ ཧིའུ་བཏང་ཡལཝ་ད་ལུ་ ཨ་ནཱི་ཡལ་སོང་ཡི་ཟེརཝ་མས་ལོ་ཏེ་ ཧིའུ་བཏང་ དེ་ལས་ ཤེས་ལྕམ་འདིནི་སྔུ་སྟེ་ཐང་ཆད་དེ་རང་སྔུ་བའི་བར་ན་ མོ་ར་ཡང་དྲན་མེད་བརྒྱལ་ཏེ་ བཤགས་ནུག་མེན་ན་ཏེ་འདྲན་འདྲ་རང་ དེ་ལས་གཤགས་ཏེ་མོ་ཡང་ དེ་ལས་སངས་རྒྱས་ནུག་ཏེ་ཁོང་གཉིས་ གཉིས་ཆ་ར་ལྷ་ལུ་གྱུར་ནུག་གཉིས་ཆ་ར།
- ཆོས་འཛོམས་ Chozomལྷའི་ཞིང་ཁམས་ནང་ལྷོད་ནུག་ འ་ནེམ་ཅིག་ཨིན་སྨ་རེད་ དང་ཕུ་འབད་བ་ཅིན་གཏམ་ ད་ལྟོ་འབད་བ་ཅིན་སྲུང་ དང་ཕུ་འབདནི་གཏམ་བཟུམ་ཅིག་སྡོད་ནུག་ ད་ལྟོ་འབད་བ་ཅིན་སྲུང་ཨིན་པས་ཏེ་ ཨ་ནེམ་ཅིག་ཨིན་ད་ ང་གིས་འདི་ཨ་ནེམ་ཅིག་ཤེས་པས་ འདི་བ་ལྷགཔ་སྦེ་མི་ཤེས་པས།། །།