Skip to main content Skip to search
21 Jun 2018
30 min 39 sec
Video Overview
Creators: 
Yeshi Wangchuk, Dorji Nima

In this video, Chozom from Nangkor gewog in Zhemgang district narrates a story of King Gesar. The epic of Gesar is famous. The story narrates the life of King Gesar’s father and mother, and Gesar’s birth, youth and marriage. Also recounted is Gesar’s mother’s rescue from cliff, Gesar’s defeat of demons, and Gesar’s obtaining the kingship of Ling. The epic is very long, and many versions exist; each narrator tells the story differently, as it was passed down from generation to generation orally in a combination of song and narration.

གློག་བརྙན་འདི་ནང་ ཞལམ་སྒང་རྫོང་ཁག་ ནང་བསྐོར་རྒོད་འོག་ནང་ལས་ ཆོས་འཛོམས་ཀྱིས་ གེ་སར་རྒྱལཔོ་གིས་སྐོར་ལས་ ལོ་རྒྱུས་བཤད་དོ་ཡོདཔ་ཨིན། གེ་སར་གྱི་སྒྲུང་འདི་ འཛམ་གླིང་ནང་ལུ་ ཡོང་གྲགས་ཅན་ཅིག་ཨིན་མས། ལོ་རྒྱུས་འདི་ནང་ལུ་ གེ་སར་ཀྱི་ཡབ་དང་ཡུམ་ གེ་སར་གྱི་འཁྲུངས་རབས་ མི་ཚེ་དང་ དེ་ལས་ ཁོ་གིས་ ཁོ་རའི་ཨའི་འདི་སྲོག་སྐྱབས་འབད་མི་ཚུ་འཐོན་དོ་ཡོདཔ་ཨིན། དེ་མ་ཚད་ བདུད་དང་འདྲེ་ཚུ་ཕམ་བཏང་སྟེ་ གླིང་གིས་རྒྱལ་པོ་མཛད་པའི་སྐོར་ལས་ཡོདཔ་ཨིན། ལོ་རྒྱུས་འདི་རིངམོ་ཡོད་པའི་ཁར་ ལོ་རྒྱུས་བཤད་མི་ཚུ་གིས་ བཤད་ཐངས་སོ་སོ་ཡོདཔ་དང་ ལོ་རྒྱུས་འདི་ མི་རབས་ལས་བརྒྱུད་དེ་འོ་འོངམ་ཨིན་མས། 

Transcript search
No results found for this search
0 of 0
  • ཆོས་འཛོམས་ Chozom
    དང་ཕུ་འབད་འབདཝ་མས་ ད་རེས་འབད་འབདཝ་མས་ དང་ཕུ་ཡབ་[བསོད་ན་རིག་སྐྱིད་?] ཟེར་སྡོད་སྡོདཔ་མས། དེ་ལས་ཡུམ་གྱི་མིང་[སྒོམ་པ་ལྷ་མོ་?] ཟེར་སྡོད་སྡོདཔ་མས། དེ་ལས་ ཡབ་བསོད་ན་རིག་སྐྱིད་ཀྱི་ནུམོ་ ཨ་ནེ་[ཐུགས་ཀྱི་རྒྱལ་མོ་?] ཟེར་སྡོད་སྡོདཔ་མས། ད་རུང་ཧོར་དགུང་སངས་གནག་པོ་གི་ཁྱིམ་ནང་འབད་བ་ཅིན་ ཨ་ཁུ་[བེ་པ་ཁྲི་གདུགས་?] ཟེར་སྡོད་སྡོདཔ་མས།
  • ཆོས་འཛོམས་ Chozom
    དེ་ལས་ ཨ་ཁུ་[བེ་པ་ཏི་རུབ་?]ཟེར་ སྡོད་སྡོདཔ་མས་ དེ་ལས་ ཨ་ནེ་[དགའ་བདེ་ཆོས་གླེང་?] ཟེར་སྡོད་སྡོདཔ་མས་ འ་ནེ་ཅིག་སྡོད་སྡོདཔ་མས་ དེ་ལས་ ཨ་ནཱི་ཨ་ཁུ་བེ་པ་ཁྲི་གདུགས་དང་ཨ་ཁུ་བེ་པ་ཏི་རུབ་ཀྱིས་ རོགས་ཡབ་བསོད་ན་རིག་སྐྱིད་ལུ་ངལ་མ་རངས་པར་ཡོདཔ་མས་ མིག་ཏོ་ཚ་སྟེ་ ཁོ་གནམ་མེད་ས་མེད་ཕྱུགཔོ་སྡོད་སྡོདཔ་མས།
  • ཆོས་འཛོམས་ Chozom
    འདི་གིས་འབད་ ཁོ་རྡོ་སྦོམ་གྱི་འོག་ལུ་ རྡོ་ལེབ་ཀྱི་འོག་ལུ་ཨེབ་སྟེ་བསད་ནུག་མེན་ན་ཏེ་ཁོ་ དེ་ལས་ བསད་དེ་ ཁོ་ཨ་པ་ཤི་ནུག་ཏེ་ ཤུལ་ལས་འབདཝ་ད་ ཡུམ་སྒོམ་པ་ལྷ་མོ་ ཨ་ལོ་ཕོཝ་ནང་ལུས་ལུསཔ་མས་ཏེ་ ཨ་ལོ་ཕོ་ནང་འབད་ ཆང་བསྐོལ་ཏེ་སྡོད་སྡོདཔ་མས་མོ་ ཆང་བསྐོལ་ཏེ་སྡོདཔ་ད་ལུ་ གཉིད་སྡུག་རྐྱབ་སྟེ་ གཉིད་ལོག་ལོགཔ་མས་ཏེ་ ཆང་བསྐོལ་བཞག་སྦེ།
  • ཆོས་འཛོམས་ Chozom
    དེ་ལས་ ཨ་ཁུ་གཉིས་འོང་སྦེ་ ཨ་རག་གི་རས་ཕྱེད་ཀ་ཕུད་སྦེ་ མོ་ལུ་མར་བཏགས་སྦེ་ ཨ་ནཱི་མནའམ་ལུ་ དེ་ལས་ ལྟ་མ་ཨ་རག་འབོ་འོང་ མནའ་མ་ལོངས་ཟེར་ གནམ་མེད་ས་མེད་སྐད་རྐྱབ་བྱིནམ་ད་ མོ་ལོངསམ་ཅིག་འགྱོཝ་ད་ལུ་ ཨ་རག་གི་ཟངས་རྦབ་རིལ་འོངམ་ད་ལུ་ ག་ར་མོ་ར་གུ་ཕོག་སྟེ་འཚིགས་འཚིགསཔ་མས་ཏེ་ ཨ་ལོ་ཕོ་ནང་འབད་ དེ་ལས་ ནཱ་སྡོད་པ་ཅིན་གསད་ནི་མས་ཟེར།
  • ཆོས་འཛོམས་ Chozom
    ཨ་ནེ་གིས་ མེན་ས་དེ་བསྒང་ར་ཁོང་གཉིས་ཀྱིས་འཁྱིད་སོང་ནུག་ཏེ་ བཏོན་འཁྱིད་སྦེ་ཡར་ ད་ཤི་ཤིཝ་ཨིན་ཟེར་ ཡར་བྱག་གི་སྐེད་པ་འཁྱིད་དེ་ ཕར་ཚུར་ཐགཔ་སྤྲིངས་ཏེ་ རྐངམ་ལགཔ་གུ་ཐགཔ་བཏགས་ཏེ་ ཐགཔ་སྤྲིངས་ཏེ་ ཡར་སྐྱེལ་བཞག་ནུག་ཏེ་ སྐྱེལ་བཞག་སྟེ་ ཨ་ནེ་གིས་ཕངས་ཏེ་ ལྟོ་བཟོ་ཡི་བཟོ་ཡི་སྐྱེལ་བར་འབག་ནུག་ཏེ་ ལྟོ་ཁ་ནང་བཙུགས་བྱིན་ཡི་བྱིན་ཡི་ ཨ་ནེ་ཐུགས་རྗེ་རྒྱལ་མོ་ཟེར་མི་འདི་གིས།
  • ཆོས་འཛོམས་ Chozom
    དེ་ལས་ རྟིང་ལས་འབདཝ་ད་ མོ་ལྟོ་ཉིན་ལྟར་བཞིན་དུ་སྐྱལ་བར་འབག་ རྟིང་ལས་འབདཝ་ད་ མོ་གིས་ཕོ་འདི་ ལེབ་ཏག་ཏག་འགྱོ་ནུག་ཟེར་ཨིན་པས་ དེ་ལས་ ཨ་ནེ་གིས་སླབ་དོཝ་མས་ཏེ་ ཁྱོད་ཀྱི་ཕོ་ལེབ་ཏག་ཏག་འགྱོ་ནུག་ ཁྱོད་ཀྱི་ག་ནི་ཡང་ཐོན་མ་འགྱོ་ག་ཟེར་དྲི་དྲིཝ་མས་ དེ་འབདཝ་ད་ སླབ་དོཝ་མས་མོ་གིས་ མ་ཤེས་ང་གིས་འདི་ འགྱོ་ནི་ཡང་ ག་ཅི་ཨིན་ན་ཅིག་འདི་འགྱོ་ཡི་ཟེར་སླབ་ནུག་བ།
  • ཆོས་འཛོམས་ Chozom
    དེ་ལས་ བྱག་གུ་ལས་མར་བབས་ཏེ་སོང་ནུག་ཏེ་མོ་ཨ་ནེ་ དེ་འབདཝ་ད་ ག་ཅི་ཨིན་ན་ཕོ་བཟུམ་ཅིག་ ལྒང་ཕུ་བཟུམ་ཅིག་སོང་ཡི་ ཟེར་སླབ་ནུག་མེན་ན་མོ་གིས་ དེ་ལས་ སོང་ནུག་སྨ་རེད་བྱག་གུ་ལས་མར་བབས་ཏེ་ བབས་ཅི་བབས་ཅི་མར་ཤིང་གུ་ཕོག་ནུག་ ཟེར་ཨིན་པས་ གསེར་ཀོག་ཏོ་གཅིག་ལུས་སོ་ནུག་ཟེར་ཨིན་པས་ རྡོ་གུ་ཕོག་ནུག་ཟེར་ཨིན་པས་ གསེར་ལུས་ནུག་ཟེར་ཨིན་པས།
  • ཆོས་འཛོམས་ Chozom
    གསེར་འཐུ་འབག་ཡི་འབག་ཡི་རང་སོང་ནུག་ཏེ་ཨ་ནེ་འདི་ མར་འབག་སྟེ་ མར་བྱག་གི་རྩ་བ་ལྷོདཔ་ད་ལུ་ ལྒང་ཕུ་སྦོམ་ཅིག་འདུག་ཟེར་ཨིན་པས་ལོ་ ཨ་ནཱི་ཕོ་བ་འདི་ དེ་ལས་ ཨའེ་དེ་སྦེ་སྡོད་སྡོདཔ་ཨིན་ན་ངེའི་མནའམ་གྱི་ཨ་ལོ་ཟེར་ ད་ངེའི་ཨ་ལྕོ་གི་ཨ་ལོ་འདི་ ཡལ་དོཝ་མས་ཟེར་ ཨ་ནེ་སེམས་མ་དགའ་བར་སྔུ་ནུག་ཏེ་ ད་ཨའེ་ཟེར་ བརྒྱུད་པ་མི་ལུས་དོཝ་མས་ཟེར།
  • ཆོས་འཛོམས་ Chozom
    དེ་ལས་མོ་གིས་གྱི་ཅུང་གིས་བཏོག་སྟེ་བལྟ་ནུག་ཏེ་ཨ་ནེ་གིས། དེ་ལས་གྱི་ཅུང་གིས་བཏོག་སྟེ་ ཤར་ཕྱོགས་ཁ་ཐུག་གདོང་སྒོར་ཏེ་བཏོག་ནུག དེ་འབདཝ་ད་ ཡ་ང་ཤར་ཕྱོགས་རྒྱལཔོ་ཨིན་སྨ་རེད་ཟེར་ བྱ་དཀརཔོ་གཅིག་འཕུར་སོང་ནུག དེ་ལས་ལྷོ་ཁ་ཐུག་ལུ་གདོང་སྒོར་ཏེ་བཏོག་ནུག ང་ལྷོ་ཕྱོགས་རྒྱལཔོ་ཨིན་སྨ་རེད་ཟེར་ ལྷོ་ཁ་ཐུག་ལུ་སོང་ནུག
  • ཆོས་འཛོམས་ Chozom
    དེ་ལས་ ནུབ་ཁ་ཐུག་གདོང་སྒོར་ཏེ་བཏོག་ནུག ང་ནུབ་ཕྱོགས་རྒྱལཔོ་ཟེར་ བྱ་ཡང་ལྗང་ཁུ་ཅོག་འཐདཔ་ དཀར་ལྗང་དམར་སྦེ་ ག་ར་དེ་སྦེ་སོང་ནུག དེ་ལས་ བྱང་ཁ་ཐུག་ལུ་འབད་བ་ཅིན་ བྱང་ལུ་ཡང་ བྱ་གཅིག་འཕུར་སོང་ནུག དེ་ལས་ ད་ག་ནི་ཡང་མིན་འདུག་ཟེར་ དེ་ལས་ མོ་གནམ་ཁར་བལྟ་སྟེ་བཏོག་ནུག་ཏེ་ དེ་འབདཝ་ད་ ང་དབུས་ཕྱོགས་རྒྱལཔོ་ཨིན་ཟེར་ ཡར་བྱ་ལྗང་ཁུ་གཅིག་སོང་ཡི་ཟེར་ཨིན་པས།
  • ཆོས་འཛོམས་ Chozom
    (speaker clears throat) དེ་ལས་ ག་ནི་ཡང་མིན་འདུག་ཟེར་ མོ་སེམས་ཕམ་སྟེ་ གྱི་ཅུང་གིས་ཀྲོག་ཀྲོག་བཏང་དཀྲོགས་ཏེ་སྡོད་ནུག་ཏེ་ཕོ་ནང་ དེ་ཅིག་གི་བར་ན་ གྱི་ཅུང་གི་རྩེ་གུ་ལུ་ ཀྲི་ཀ་ལི་བཏང་རེག་ཅི་ཟེརཝ་མས་ལོ་ ལྟ་མ་བཏོན་བལྟཝ་ད་ལུ་ གསེར་གྱི་སྐུ་ཨ་ནེ་ཅིག་འབད་མི་ཅིག་འདུག་ ཟེར་ཨིན་པས་ལོ་ཏེ་ སྐུ། དེ་ལས་འབག་སོང་ནུག་ཏེ་མོ་གིས་ཁྱིམ་ནང་ ཁྱིམ་ནང་འབག་སྦེ་ དར་དགུ་གི་ནང་ན་སྤུར་ཏེ་ སྒྲོམ་གི་ནང་ན་བཙུགས་སྦེ་བཞག་ནུག
  • ཆོས་འཛོམས་ Chozom
    ཡ་ཟེར་ སྨོན་ལམ་ལེགས་ཤོམ་སྦེ་བཏབ་སྟེ་ཨ་ནེ་གིས། ངེའི་ཕོ་རྒནམ་གི་ཁྱོད་ཟེར་ ཁྱོད་ཀྱི་རྐང་ཚབ་འདྲོངས་བཅུག་སྦེ་འབད་ཤིག་ཟེར་ ཁྱོད་ཀྱིས་མི་ལུ་གྱུར་ཏེ་ དེ་སྦེ་འབད་བཅུག་ཤིག་ཟེར་ སྨོན་ལམ་བཏབ་ནུག་ཏེ།
  • ཆོས་འཛོམས་ Chozom
    དེ་ལས་ ང་གིས་ཞག་གསུམ་ལུ་བལྟཝ་ད་ ཁྱོད་འབུཔ་ལུ་གྱུར་བཅུག་ཟེར་ སྨོན་ལམ་བཏབ་ནུག ཞག་གསུམ་ལུ་བལྟ་ནུག དེ་བསྒང་ལས་ འབུཔ་ལུ་གྱུར་ནུག་ཟེར་ཨིན་པས་ལོ། དེ་ལས་སེམས་དགའ་ནུག་ཏེ་ཨ་ནེ། ད་རུང་ཞག་གསུམ་གི་ནང་བལྟཝ་ད་ལུ་ མིག་ཏོ་དང་ཁ་ཚུ་བཏགས་ཚར་བཅུག་ཟེར་ སྨོན་ལམ་བཏབ་ནུག་ཏེ་ ཞག་གསུམ་གི་ནང་ མིག་ཏོ་ ཁ་འདི་ཡང་ཐོན་ནུག་ཟེར་ཨིན་པས།
  • ཆོས་འཛོམས་ Chozom
    དེ་ལས་ ད་རུང་ཞག་གསུམ་ནང་བལྟཝ་ད་ལུ་ རྐངམ་དང་ལགཔ་ཚུ་བཏགས་ཚར་བཅུག་ཟེར་ སྨོན་ལམ་བཏབ་ནུག དེ་ལས་ ཞག་གསུམ་གི་ནང་བལྟཝ་ད་ རྐངམ་དང་ལགཔ་འདི་ཚུ་བཏགས་ཚར་ནུག་ཟེར་ཨིན་པས། དེ་ལས་ ཞག་གསུམ་འགྱོཝ་ད་ ང་ད་ཐོན་གེ་ཨ་ནེ་ཟེར་ སླབ་བཅུག་ཤིག་ཟེར་ སྨོན་ལམ་བཏབ་ནུག་ཏེ་ དེ་ལས་ཞག་གསུམ་ལུ་བལྟཝ་ད་ལུ་ ཨ་ནེ་ང་ཕྱི་ཁར་ཐོན་གེ་ཟེར་ སླབ་དོཝ་མས་ཁོ་གིས།
  • ཆོས་འཛོམས་ Chozom
    དེ་ལས་ མོ་གིས་གསོ་ནུག་ཏེ་ ལྟོ་ཐུགཔ་སྦེ་བཙོ་བྱིན་ཏེ་ དེ་ལས་གསོ་སྦེ་སྐུ་བཞེངས་ནུག་སྦོམ་འགྱོ་ནུག་ཧ་ལམ་ སྦོམ་འགྱོཝ་སྦེ་ ཨ་ནེ་ཟེར་སླབ་ནུག་ཁོ་གིས་ ང་མདའ་རྐྱབ་གེ་ ང་ལུ་མདའ་དང་གཞུ་ཅིག་བཟོ་གནང་ ཟེར་སླབ་ནུག་ཁོ་གིས། དེ་ལས་ མདའ་དང་གཞུ་བཟོ་སྟེ་བྱིན་ནུག་ཨ་ནེ་གིས། སྤག་ཤིང་བཞི་ཀག་རྐྱབ་སྟེ་ གཅིག་གིས་བཟོ་སྦེ་བྱིན་ནུག ཨ་ནཱི་མར་གུག་བཏང་སྟེ་ ཐགཔ་གཞུ་ཐག་སྦྱར་བཏགས་ཏེ་ མདའ་ཡང་དང་ཕུ་ང་བཅས་ཀྱིས་བཟོ་དོ་བཟུམ་རང་བཟོ་བྱིན་ནུག དང་ཕུ་[པོ་ལོང་?] གི་མདའ་ཟེར་ བཟོ་ནི་ཅིག་འོང་བ།
  • ཆོས་འཛོམས་ Chozom
    འ་ནཱི་གིས་བཟོ་སྦེ་བྱིན་ནུག ཁའི་ག་ཅི་འབད་ནི་འ་ནཱི་བཟུམ་མའི་གཞུ་འདི་ ཟེར་བཅག་བཏང་ནུག གཞུ་ཡང་བཅག མདའ་ཡང་བཅག་བཏང་སྦེ་ ག་དེ་སྦེ་སྨོ་ཏེ་ཨ་ནེ་གིས། སྤག་ཤིང་གཉིས་ཀ་རྐྱབ་སྟེ་ གུག་སྦེ་གཞུ་ཐག་བཏགས་ཏེ་ ད་རུང་བཟོ་བྱིན་ནུག འ་ནཱི་ཡང་བཅག་བཏང་ནུག ག་ནི་ཡང་མི་བཏུབ་ང་ལུ་ཟེར།
  • ཆོས་འཛོམས་ Chozom
    དེ་ལས་ སྤག་ཤིང་བཀག་ར་མ་བཀག་པར་བཀུགཔ་སྦེ་ ད་རུང་བཟོ་བྱིན་ནུག ད་རུང་འདི་ཡང་བཅག་བཏང་ནུག་ཁོ་གིས་ ག་ཅི་བཏུབ་ནི་ཟེར། དེ་ལས་ ཨ་ནེ་ནང་དོག་ནུག་ཏེ་ ག་ཅི་གིས་བཏུབ་ག་ཨ་ལོ་འདི་ལུ་ཟེར་ དེ་ལས་ དེ་ཤར་གྱི་མགར་བ་ ལྷོའི་མགར་བ་ ནུབ་ཀྱི་མགར་བ་ བྱང་གི་མགར་བ་བཀུག་ཞིན་ན་ མགར་བ་ག་ར་བཀུག་སྟེ་ ཁོང་ལུ་ཉིནམ་གཅིག་ རྡུང་བཅུག་ནུག་ཏེ་ གཞུ་ཐག་ཡང་ལྕགས་ཀྱི་ཨིན་པས།
  • ཆོས་འཛོམས་ Chozom
    ལྕགས་ཀྱི། དེ་ལས་ མདའ་གཞུ་ཡང་ལྕགས་ཀྱི་ ག་ཅི་ཡང་ག་ར་ལྕགས་ཀྱི་ མདའ་གནམ་འགྲོ་ཅནམོ་ རྣ་དགུ་འབད་མི་བརྡུངས་བྱིན་ནུག་ཏེ་ རྣམ་ཅོ་དགུ་འབད་མི། དེ་ལས་ བརྡུངས་བྱིན་སྦེ་ཁོ་རྐྱབ་ནི་འབད་ནུག་ཏེ་ མདའ་དང་གཞུ་འ་ནཱི་སྦེ། ཤར་ཁ་ཐུག་ལུ་ཚ་གཏདཔ་ད་ ཤར་ཕྱོགས་རྒྱལཔོ་གིས་ཕྱག་འཚལ་ནུག་མེན་ན་ཏེ་ ཁོ་གིས་རྐྱབ་ཅིག་ ཁོང་འབད་སར་ལྷོད་ནི་མས་ཏེ་ མདའ་དེ་གིས་ དེ་ལས་ཕྱག་འཚལ་ཏེ་ མདའ་རྐྱབ་མ་བཅུག་པས་ཏེ།
  • ཆོས་འཛོམས་ Chozom
    ཁོང་གིས་ ད་ང་བཅས་གསད་འོང་སྨ་རེད་ རྐྱབ་མ་ད་ཟེར། དེ་ལས་ ཤར་ལུ་རྐྱབ་མ་བཅུགཔ་ད་ ལྷོ་ཁ་ཐུག་ལུ་རྐྱབ་ནི་འབད་ནུག་ཏེ་ དེ་ལས་ ལྷོ་ཕྱོགས་རྒྱལཔོ་ཚུ་གིས་(རྒྱལཔོ་གིས་) གནམ་མེད་ས་མེད་ཕྱག་འཚལ་ཏེ་ བསངས་བཏང་ཕྱག་འཚལ་ཏེ་ ད་མ་མཛད་ཤིག་དེ་སྦེ་ཟེར་ ང་བཅས་གསད་འོང་སྨ་རེད་ ཟེར་མ་བྱིན་པས། ད་རུང་ནུབ་ཁ་ཐུག་ལུ་རྐྱབ་ནི་འབད་ནུག་ཁོ་གིས་ ད་རུང་ནུབ་ཕྱོགས་རྒྱལཔོ་གིས་ཡང་ དེ་སྦེ་རང་ཕྱག་འཚལ་ཏེ་མ་བྱིན།
  • ཆོས་འཛོམས་ Chozom
    བྱང་ཁ་ཐུག་ལུ་བལྟ་སྟེ་འབད་ བྱང་ཁ་ཐུག་ལུ་ཡང་མ་བྱིན་ ཡར་བལྟ་སྟེ་རྐྱབ་ནི་འབདཝ་ད་ ཡར་བལྟ་སྟེ་མ་བྱིན་ གནམ་མཁའ་བལྟ་སྟེ། དེ་ལས་ ཁོ་གིས་བཀོ་བཞག་ད་ནུག་དབུགས་འགམས་ཏེ། དེ་ལས་ ཨ་ནེ་འབད་བ་ཅིན་ ཉིནམ་རེ་ཆད་མེད་པར་ནོར་འཚོ་བར་རང་འགྱོ་སྟེ་སྡོད་ནུག་ཏེ་ དེ་འབདཝ་ད་ ཁོ་གིས་སླབ་ནུག ཨ་ནེ་ད་ང་འགྱོ་གེ་ནོར་འཚོ་བར་ ཟེར་སླབ་ནུག
  • ཆོས་འཛོམས་ Chozom
    ཧེ་མ་ར་དྲིས་ནུག་ཁོ་གིས། ངེའི་ཨ་པ་དང་ཨའི་ག་ཏེ་ཡོད་གོ་ཨ་ནེ་ མི་ཤེས་ག་ཟེར་དྲིས་ནུག་ ག་ཅི་ཨ་པ་དང་ཨའི་དྲིཝ་སྨོ་ཁྱོད་ ད་རྣམ་རྟོག་མེད་པར་ ཨ་པ་འབད་རུང་ཨའི་འབད་རུང་ང་ཨིན་ཟེར་ ཁྱོད་དྲི་མི་དགོ་ ཟེར་སླབ་ནུག་ཏེ་ མ་དྲིས་ཤིག་དེ་སྦེ་ཟེར་ ཨ་པ་རང་འབད་རུང་ ཨའི་འབད་རུང་རུང་ང་ཨིན་སྨ་རེད་ཟེར་ དེ་ལས་ དབུགས་འགམས་ཏེ་ ནོར་འཚོ་བར་འགྱོ་གེ་ ཟེར་སླབ་ནུག་ཁོ་གིས།
  • ཆོས་འཛོམས་ Chozom
    མི་དགོ་ཁྱོད་ར་འུ་སྡུག་པས་ཟེར་ ཉན་མ་བཏུབ་པས་འགྱོ་ནུག དེ་ལས་ བཏང་ནུག་ཏེ་ བཏང་སྟེ་མར་ཆུ་གི་མཐའམ་བདའ་སོང་ནུག་ཁོ་གིས་ནོར་ ཆུ་གི་མཐའ་མར་འཁྱིད་སོང་སྟེ་ རྡོ་ལེབ་གུ་ལས་མར་གུག་ཉ་བལྟ་སྟེ་སྡོད་ནུག དེ་འབདཝ་ད་ ཉ་ཨ་པ་གདོང་ཁར་འབད་ ཉ་ཨའི་རྟིང་བདའ་སྟེ་འབད་ བར་ན་ཉ་ཕྲུག་འབད་སྦེ་ འོང་མས་ཟེརཝ་མས་ལོ། དེ་ལས་ ཁོ་གིས་མནོ་ནུག་ཏེ་སེམས་ཁ་ལུ།
  • ཆོས་འཛོམས་ Chozom
    རོགས་སེམས་ཅན་ཅིག་འབད་རུང་ ཉ་ཨ་པ་ཨའི་ཟེར་འདུག་ཟེར་ ང་འདི་མི་ཨིན་ཟེར་ ང་འདི་མི་ལུས་རིན་པོ་ཆེ་ཅིག་ཨིན་ཟེར་ ང་ལུ་འདི་འོང་རང་འོང་ཟེར་ ཕྱི་རུ་འབད་བ་ཅིན་སྡོད་ཤིག་སྨ་རེད་ ང་གིས་དྲི་བལྟ་གེ་ནོ་ ཟེར་འོང་ནུག་ཏེ་ཁོ། ད་རུང་ཨ་ནེ་ལུ་དྲིས་ནུག་ཕྱི་རུ་ལྷོད་སྦེ་ དེ་ལས་ ཨ་ནེ་འདི་ལྟོཝ་བཀྱེས་བཀྱེསཔ་འོང་ཟེར་ ལྟོ་བཟོ་བཞག་སྦེ་བྱིན་ནུག་ཏེ་ དེ་ལས་ དྲིས་བལྟ་ནུག་ཁོ་གིས། དེ་འབདཝ་ད་ ཨ་ནེ་གིས་ད་རུང་ག་ཅི་ཨ་པ་དང་ཨའི་དྲིཝ་སྨོ་ཁྱོད་ད་རེས་ རྣམ་རྟོག་མེད་སི་སི་ཟེར་ ཨ་པ་རང་ཟེར་རུང་ ཨའི་རང་ཟེར་རུང་ ཁྱོད་གནམ་ཁར་ལས་བུད་བུདཝ་དང་ ས་ཁ་ལས་ཐོན་ཐོནམ་བཟུམ་ཅིག་ཨིན་ཟེར།
  • ཆོས་འཛོམས་ Chozom
    ཁྱོད་དེ་སྦེ་མ་དྲིས་ཟེར་ ད་རུང་སླབ་ནུག་ཨ་ནེ་གིས་ ད་རུང་ཉལ་ནུག་ཁོ་ཙང་ཙ་ ད་རུང་ནངས་པར་ནོར་འཚོ་བར་ང་འགྱོ་གེ་སྨ་རེད་ ཟེར་སླབ་ནུག དེ་ལས་ སྤང་ཐང་ཅིག་ནང་བདའ་འགྱོ་ནུག་ཁོ་གིས་ནོར་ དེ་འབདཝ་ད་ ཀ་ཤ་ཨ་པ་གདོང་ཁར་འབད་ ཀ་ཤ་ཨའི་རྟིང་ལས་འབད་ ཀ་ཤ་ཕྱུ་གུ་བར་ན་འབད་འོང་མས་ཟེརཝ་མས་ལོ་ ད་རུང་སེམས་ཁར་མནོ་ནུག་ཏེ་ ཡ་རོགས་དུད་འགྲོ་སེམས་ཅན་ཅིག་ལུ་ཡང་ དེ་སྦེ་འདུག་སྨོ་ཟེར་ ང་ལུ་འདི་འོང་རང་འོང་ཟེར་ ད་རུང་མནོ་ནུག་ཏེ་ཁོ།
  • ཆོས་འཛོམས་ Chozom
    ད་རུང་ཕྱི་རུ་དྲི་རང་དྲི་ནི་ཟེར་འགྱོ་ནུག ད་རུང་ཨ་ནེ་གིས་ དེ་སྦེ་སླབ་བཞག་སྟེ་སྟོན་མ་བཏུབ་པས། དེ་ལས་ མ་ཉན་པར་ད་རུང་བཀོ་བཞག་ནུག ད་རུང་སྡོད་སྦེ་ ད་རུང་ནངས་པར་འབདཝ་ད་སླབ་དོཝ་མས་ཁོ་གིས་ ད་ང་ནོར་འཚོ་བར་ཡང་མི་འགྱོ་ཨ་ནེ་ ཁྱིམ་ནང་སྡོད་གེ་སྨ་རེད་ ཟེར་སླབ་སླབ་མས་ཁོ་གིས་ ཏེ་ཁྱོད་ཉི་མའི་ལྟོ་ག་ཅི་བཞག་ནི་ ཟེར་སླབ་སླབ་མས།
  • ཆོས་འཛོམས་ Chozom
    ང་གེ་ཟ་བརྔོ་ཟ་འོང་ གེ་ཟ་བརྔོ་ཟ་འོང་ ཟེར་སླབ་སླབ་མས་ཁོ་གིས། དེ་ལས་ ལྟོ་དེ་སྦེ་ཡང་མི་བཏུབ་འོང་ཟེར་སླབ་ད་ལུ་ བཏུབ་ཟེརཝ་མས་ལོ་ ཨ་ནེ་ཁྱོད་ར་སོང་ཤིག་ ཟེར་བཏང་ནུག་ཁོ་གིས་ ཁོ་ཙིགཔ་ཟ་ཟཝ་མས་ཏེ་ དེ་ལས་ ཨ་ནེ་རྒྱབ་ཐལཝ་ཅིག་ སྒོ་སྒྲིང་སྒྲིང་བསྡམས་ཞིནམ་ལས་ ཨ་ནེ་ལགཔ་ཤོང་ནི་གི་དོང་འ་ནེ་ཅིག་བཞག་སྦེ་ བྱེམ་དང་ གེ་ཟ་སླ་བསྲེས་ཏེ་བརྔོ་ནུག་ཏེ་ ལྷ་ང་ནང་སྦེ་ ཙ་ལ་ཙ་ལ་་བཏང་བརྔོ་སྡོད་ནུག་ཁོ་ ཉིནམ་གཅིག་རང་བརྔོ་ནུག་ཏེ་ཤུགས་འབད་ར།
  • ཆོས་འཛོམས་ Chozom
    དེ་ལས་ ཨ་ནེ་ལུ་ཁོ་གི་མཐུ་གིས་འབད་ སེརཝ་དང་ རླུང་འཚུབ་ ཆརཔ་ཚུ་ཕབ་ནུག་ཏེ་གནམ་མེད་ས་མེད་ ག་ཅི་དེ་ཅིག་ དེ་ལས་ཕབ་སྟེ་ ཨ་ནེ་འདི་གྱང་སྟེ་ ཨ་ཆུ་ཆུ་ཟེར་འོང་དོཝ་མས་ཏེ་ཁྱིམ་ནང་ དེ་འབདཝ་ད་ཁྱིམ་ནང་ལྷོདཔ་ད་ལུ་ ཁོ་གིས་སྒོ་སྒྲིང་སྒྲིང་བསྡམས་ཏེ་འདུག་ཟེར་ཨིན་པས་ཏེ་ དེ་ལས་ དབའེ་སྒོ་ཕྱེས་ སྒོ་ཕྱེས་ ཟེར་སླབ་དོཝ་མས་ཏེ་ དེ་འབདཝ་ད་ ཉན་རང་མི་ཉན་དོཝ་མས་ཏེ་ཁོ་གིས་ སྒུགས་ཤིག་སྒུགས་ཤིག་ཨ་ནེ་ ང་འདི་འཚིགཔ་མས་ཟེར།
  • ཆོས་འཛོམས་ Chozom
    ང་གེ་ཟ་འཚིག་ནི་འབད་དོ་ ང་གེ་ཟ་བརྔོ་དོ་སྨ་རེད་ཟེར་ དེ་ལས་ ཨ་ནེ་གིས་ཕྱེས་ད་མགྱོགས་པར་ ཟེར་སླབ་དོཝ་མས་ཏེ་ གྱང་ཤི་དོཝ་མས་ཏེ་ དེ་ལས་ སྒུགས་ཤིག་སྒུགས་ཤིག་ཨ་ནེ་ ང་གེ་ཟ་འཚིག་དོ་ཟེར་ ལྟ་མ་འབདཝ་ད་ ཁོ་ཕད་ཅུང་ནང་འདེགས་ཏེ་སྡོད་དོཝ་མས་ཏེ་ འདེགས་ཞིནམ་ལས་ དེ་ལས་ ཨ་ནེ་ལགཔ་བཏང་ཤིག་ ཟེར་སླབ་སླབ་མས་ཏེ་ དེ་ལས་ཕྲང་ཕྲང་ར་ ངེའི་ཨ་པ་དང་ཨའི་སྟོན་བྱིན་ག་མི་བྱིན་ ཟེར་སླབ་སླབ་མས་ཏེ།
  • ཆོས་འཛོམས་ Chozom
    དེ་འབདཝ་ད་ ལགཔ་སྟོན་ཤིག་ཁྱོད་ར་ཟེར་ ལགཔ་ཕར་བཏངམ་ཅིག་ ཕྲང་ཕྲང་ལགཔ་ མར་ཕད་ཅུང་ནང་ན་བཙུགས་ཏེ་ ལགཔ་འཚིགས་བཅུག་དོཝ་མས་ཁོ་གིས་ ལགཔ་མར་བཙུགས་ཏེ། དེ་ལས་ ཚར་བཅད་དོཝ་མས་ཏེ་ ངེའི་ཨ་པ་དང་ཨའི་ག་ཏེ་ཡོད་གོ་ཟེར་ ང་ལུ་ཨ་པ་དང་ཨའི་མེདཔ་འདི་ འོང་རང་མི་འོང་ཟེར་སླབ་ད་ དེ་བསྒང་ལུ་ ཨ་ནེ་གིས་ [ཐུ་?]དབའེ་་་་གླིང་གེ་སར་རྒྱལ་པོ་ཕོ་རུལ་རུལཝ་ཁྱོད་ [ཐུ་?]ཁྱོད་ཟེར་ ཨ་ནེ་གིས་ ང་ལགཔ་འཚིགས་བཏང་ཡི་ད་ཟེར།
  • ཆོས་འཛོམས་ Chozom
    ཁྱོད་ག་ཅི་སྨོ་ཟེར་ ཁྱོད་ག་དེ་ཅིག་སླབ་རུང་མི་ཉན་པས་ཟེར་ ཁྱོད་དུས་ཚོད་མ་རན་ད་ལྟོ་ཨ་པ་དང་ཨའི་སྟོན་ནི་གི་ ཟེར་སླབ་དོཝ་མས་ཏེ་ དེ་འབདཝ་ད་ སྟོན་རང་སྟོན་ དུས་ཚོད་རན་རུང་དྲག་ མ་རན་རུང་དྲག་ ང་ལུ་སྟོན་རང་སྟོན་ཁྱོད་ར་ ཟེར་སླབ་དོཝ་མས་ཏེ་ དེ་ལས་སླབ་ནུག་ཏེ་ ཨ་ནེ་གིས། ཁྱོད་ཀྱི་ཨ་པ་ཨ་ཁུ་བེ་པ་ཁྲི་གདུགས་དང་ བེ་པ་ཏི་རུབ་ཀྱིས་ངལ་མ་རངས་པར་ ཁྱོད་ཀྱི་ཨ་པ་གནམ་མེད་ས་མེད་ཕྱུགཔོ་སྦེ་སྡོད་སྡོདཔ་ཨིན་ཟེར།
  • ཆོས་འཛོམས་ Chozom
    རྡོ་སྦོམ་གྱི་འོག་ལུ་ཨེབ་བཞག་སྟེ་ཡོདཔ་ཨིན་ ཟེར་སླབ་སླབ་མས་ཏེ་ བསད་བསདཔ་ཨིན་ ཟེར་སླབ་སླབ་མས། དེ་ལས་ ཨའི་འདིནི་ ག་ར་འཚིགས་བཏང་སྟེ་ ཆང་གི་མེ་གིས་འཚིགས་བཏང་སྟེ་ ཡར་འཛིན་བཟུང་འབད་དེ་ཡོད་ཁྱོད་ཀྱི་ཨའི་ཟེར་ བྱག་གི་རྩེ་ལུ་ཡོད་ཁྱོད་ཀྱི་ཨའི་ཟེར་ དེ་ལས་རྐྱངམ་ཅིག་བཏང་སྦེ་
  • ཆོས་འཛོམས་ Chozom
    ཁྱིམ་སྒོ་ཕྱེ་སྦེ་ ནང་ན་བཙུགས་སྦེ་ཨ་ནེ་ ལགཔ་ཡང་ཁོ་ར་གིས་ཧིང་སང་ས་འཕུ་བྱིན་སྦེ་ ཨ་ནེ་ཧིང་སང་ས་དྲག་དྲགཔ་མས་ཏེ་ དེ་ལས་ དེ་ལས་ཁོ་ངལ་མ་རངས་པར་ ཨའི་འབད་སར་འགྱོ་ནུག་ཏེ་ད་ དཔའ་རྟགས་འབག་སྟེ་སོང་ནུག་ཁོ་གིས་ ཨའི་འབད་སར། ཨ་ནེ་གིས་མ་ཤེས་པའི་བར་ན་ དེ་འབདཝ་ད་ ཨ་ནེ་གིས་ སོང་ཞིནམ་ལས་ ཕྲང་ཕྲང་ལྕགས་ཨིན་པས་ཏེ་ བསྡམས་བཞག་མི་ག་ར་ལྕགས་ཀྱི་ཐགཔ།
  • ཆོས་འཛོམས་ Chozom
    དེ་ལས་ དཔའ་རྟགས་ཀྱི་ ཚང་་་་་བཏང་བླུགས་བྱིན་ནུག་སྨ་རེད་ཁོ་གིས་ ཙིགཔ་ཟ་སྟེ་ དེ་འབདཝ་ད་ ཨའི་ ཨ་ཡ་དབའེ་ཟེར་ དྲན་མེད་ར་སོང་ནུག་ཏེ་ དེ་ཅིག་གི་བར་ན་ ཨ་ནེ་ག་འོང་གུ་འོང་མེད་པར་ ཨ་ནེ་གིས་ལྡན་ལྕག་བཏག་བཏང་བླུགས་བྱིན་ནུག་ཁོ་ར་ལུ་ ཆིད་དབའེ་ཁྱོད་ཟེར་ ག་ཅི་སྨོ་ཟེར་ ཁྱོད་ལེགས་ཤོམ་འབད་ འགྲོས་ཀྱིས་ཕུད་པར་ག་ཅི་སྨོ་ཟེར་ ཨའི་ནཱ་ཚ་བཅུགཔ་མས་ཟེར་ ལྡན་ལྕག་བཏང་སྦེ་ དེ་ལས་ ཨའི་ཕུད་ནུག་ཏེ་ ཕུད་སྦེ་
  • ཆོས་འཛོམས་ Chozom
    ཁྱིམ་ནང་འཁྱིད་འོང་ནུག་ཏེ་ ཕུད་སྦེ་ཁྱིམ་ནང་ ལགཔ་གིས་བཤེད་སྦེ་ རྐངམ་ལགཔ་གུ་ལུ་ཡང་ཁོ་ར་གིས་འཕུ་བྱིན་ ཁྱིམ་ནང་འཁྱིད་འོང་སྦེ་བཞག་ནུག་ ཁྱིམ་ནང་འཁྱིད་འོང་སྦེ་བཞག་ནུག ཁྱིམ་ནང་འཁྱིད་འོང་སྟེ་བཞག་སྦེ་ དེ་ལས་ ཨའི་གི་ཁེ་ཀོ་མ་བཏགསཔ་ཚུན་ཚོད་གསོ་ནུག་ཏེ་ ཁོང་གཉིས་ཀྱིས་ བཞེས་སྒོ་ལེགས་ཤོམ་སྦེ་བྱིན་ཡི་བྱིན་ཡི་རང་གསོ་ནུག་སྨེ་ ཨའི་ལེགས་ཤོམ་སྦེ་སྒྲིང་སྒྲིང་དྲག་ནུག་ཏེ།
  • ཆོས་འཛོམས་ Chozom
    དེ་ལས་ ད་སླབ་ནུག་ཏེ་ཁོ་གིས་ ད་ཨའི་དང་ཨ་ནེ་ ང་ཨའི་ལུ་ཨ་ཁུ་གཅིག་དགོ་ནི་མས་ས་ ཟེར་སླབ་ནུག་ཁོ་གིས། འེད་ མི་དགོ་ད་ཨང་རྒས་འགྱོཝ་ད་ཨ་ཁུ་ཡང་ ཨའི་དང་ཨ་ནེ་གིས་ ཨ་ཁུ་ཡང་མི་དགོ་ཟེར་སླབ་ནུག དེ་འབདཝ་ད་ དགོ་རང་དགོ་ཨ་ཁུ་གཅིག་འདི་དབའེ་ཟེར་ སོང་ནུག་ཏེ་ཁོ་ དེ་ལས་ཨ་ཁུ་བེ་པ་ཁྲི་གདུགས་འབད་སར་སོང་ནུག་ཁོ་གིས་ཕྲང་ཕྲང་ར།
  • ཆོས་འཛོམས་ Chozom
    སོང་སྦེ་ ཨ་ཁུ་ ཟེར་སླབ་ནུག ག་ཅི་སྨོ་ ཟེར་སླབ་ནུག ངེའི་ཨའི་གི་ཨ་ཁུ་འབད་འགྱོ་གེ་ས་ཁྱོད་ ཟེར་སླབ་ནུག བཏུབ་ཏེ་ ཟེར་འོང་ནུག་ཁོ་གིས། དེ་ལས་འོང་ནུག་སྨ་རེད་ཁོ་འོངམ་ད་ རྡོ་ཨ་ནེ་ཅིག་འབད་མི་ཅིག་ ལགཔ་ཁར་དཀྲོགས་ཏེ་འབག་ནུག་ཁོ་གིས་ དེ་སྦེ་ལགཔ་ཁར་རྡོ་དེ་སྦེ་དཀྲོགས་ཏེ་འབགཔ་ད་ལུ་ཁོ་གིས་ ཀེ་ང་གི་འབག་གེ་ ཟེར་སླབ་ནུག་ཨ་ཁུ་གིས།
  • ཆོས་འཛོམས་ Chozom
    ད་ཁོ་རྨགཔ་སྦེ་ཨིན་པས་མེན་ན་ཏེ་ ཀེ་ང་གིས་འབག་གེ་ཟེར་སླབ་ནུག དེ་འབདཝ་ད་ མི་དགོ་ང་ར་འབག་འོང་ཟེར་སླབ་ནུག འབག་གེ་དབའེ་ང་གིས་ཟེར་ ཚར་གསུམ་སླབ་ནུག དེ་འབདཝ་ད་ ཨ་ཁུ་འབག་པ་ཅིན་ རྒྱབ་ཁར་འབག་ཐགཔ་བཏགས་ཏེ་ ཟེར་སླབ་ནུག་ཁོ་གིས། དེ་ལས་ ཐགཔ་བཏགས་སྦེ་འབག་ནུག་སྨེ་ཨ་ཁུ་གིས་ འབག་སྟེ་ ཧ་ལམ་འགྱོ་ནུག་ ཐགཔ་བཏགས་འབག་སྟེ་ དེ་ཅིག་གི་བར་ན་
  • ཆོས་འཛོམས་ Chozom
    རྡོ་སྦོམ་ཤོས་ཨ་ནེམ་ལུ་གྱུར་ནུག་ འདི་གིས་ལྟ་མ་འབདཝ་ད་ ད་རུང་ཧ་ལམ་སོང་ནུག ཁོང་གཉིས་ཁྱིམ་ནང་ལྷོད་ལྷོད་ལམ་ཧ་ལམ་ཡོད་དོཝ་འདྲས་མེན་ན་ཏེ་ ད་རུང་སོང་ནུག ད་རུང་འགྱོཝ་ད་ འ་ནེ་ཅིག་གྱུར་ནུག ད་རུང་འབག་ཅི་འབག་ཅི་ སྦོམ་སྦོམ་་་་་་འགྱོ་དོཝ་མས་ཏེ་ སྦོམ་སྦོམ་འགྱོ་དོཝ་མས་ཏེ་ ཁྱིམ་ནང་ལྷོད་དོ་ལྷོད་དོ་ཟེརཝ་ད་ རྡོ་སྦོམ་ལུ་གྱུར་ཏེ་ ཨ་ཁུ་འབག་མ་ཐེག་པར་ བསྒུགས་བཞག་མ་ཚུགས་ ཁོ་གི་བཀའ་ལུ།
  • ཆོས་འཛོམས་ Chozom
    དེ་ལས་ ཨེ་ཁུ་རྩ་བར་ཀྲིག་ཀྲི་ལྷོདཔ་ད་ ཨ་ཁུ་རྡོ་ལེབ་ཀྱིས་ཨེབ་སྟེ་བསད་བསདཔ་མས་ཏེ་ ལཱ་ཁག་འབད་རང་ཨ་པ་གི་ལོག་འཇལ་དོཝ་མས་ཏེ་ཁོ་གིས་ བསད་སྦེ་ དེ་ལས་ སྡོད་ནུག་ཏེ་ད་ ཨ་ཁུ་བསད་བཏང་སྦེ་ཁོ་གིས་ དེ་ལས་ སླབ་ནུག་ ད་ཨ་ནེ་དང་ཨའི་ང་ལུ་གོ་འཐག་ཤིག་ཁྱོད་གཉིས་ཀྱིས་ཟེར་ ང་རྨགཔ་སྦེ་འགྱོ་ནི་ཨིན་སྨ་རེད་ ཟེར་སླབ་སླབ་མས་ཁོ་གིས་ ཨ་པ་སཱན་པོ་ལ་པའི་བུམོ་ ཤེས་ལྕམ་ཟེར་ཡོད་དོཝ་མས།
  • ཆོས་འཛོམས་ Chozom
    འ་ནཱ་ལུ་རྨགཔ་འབད་འགྱོ་ནི་ ཟེར་སླབ་དོཝ་མས་ཏེ་ དེ་ལས་ གོ་འཐག་སྦེ་བྱིན་ནུག་ཏེ་ ཨའི་དང་ཨ་ནེ་གིས་ གོ་འཐག་སྦེ་གོ་གསརཔ་གཅིག་འཐག་བྱིན་ དེ་ལས་འགྱོ་ནུག་ཁོ་རྨགཔ་འབད་ རྨགཔ་འབད་འགྱོ་སྟེ་ ཤེས་ལྕམ་མ་འདྲཝ་སྦེ་ཡོད་དོཝ་མས་ཏེ་ མཁའ་འགྲོ་མ་ཨིན་པས་ཏེ་ཤེས་ལྕམ་ སྐྱ་འདི་ཚུ་ཡང་ གསེར་བཟུམ་སྦེ་ཡོད་དོཝ་མས་ གནམ་མེད་ས་མེད་འཇའ་རིསམོ་ དེ་ལས་ འདི་ཁར་རྨགཔ་འབད་འགྱོ་སྦེ་ དེ་ལས།
  • ཆོས་འཛོམས་ Chozom
    མནའམ་ཁྱིམ་ནང་འཁྱིད་འོང་ནུག་ཁོ་གིས་ ཁྱིམ་ནང་འཁྱིད་འོང་སྦེ་ དེ་ལས་ རྟིང་ལས་ཁྱིམ་ནང་སྡོད་ནུག རྟིང་ལས་འབདཝ་ད་ ཁོ་སྲིན་པོ་བཏུལ་བར་ཤོག་ཟེར་ དཔོན་གྱི་བཀའ་ཤོག་ལྷོད་ནུག་ཁོ་ལུ་ ད་སྲིན་པོའི་གླིང་ལུ་ སྲིན་པོ་བཏུལ་བར་འགྱོ་དགོ་པས་ཟེར་ བཀའ་ཤོག་ལྷོད་ནུག་ཏེ་ དེ་ལས་ བཀའ་ཤོག་ལྷག་སྟེ་བལྟ་སྡོདཔ་ད་ དེ་སྦེ་འཁོད་དེ་ཡོད་དོཝ་མས་ཏེ།
  • ཆོས་འཛོམས་ Chozom
    སྲིན་པོ་བཏུལ་བར་ཤོག་ཟེར་ དེ་ལས་ འགྱོ་ནི་འབད་གྲ་སྒྲིག་འབད་དོཝ་མས་ཏེ་ཁོ་ དེ་ཅིག་གི་བར་ན་ ཨའི་དང་ཨ་ནེ་ཚུ་འདི་ལོ་རྒྱུས་ཡང་མེད་ དེ་ལས་ག་དེ་སྦེ་ཨིན་ན་མ་ཤེས་ དེ་ལས་རོགས་ཤེས་ལྕམ་སྡོད་ནུག་བ་ དེ་ལས་ ཤེས་ལྕམ་ལུ་ལོ་གསུམ་མེ་འཕུ་ནི་གི་ཤིང་ དེ་ལས་ ལོ་གཅིག་འཐུང་ནི་གི་ཆུ་ ལོ་གསུམ་ག་ར་ནང་ན་བཞག་ནུག་མེན་ན་ཏེ་ཁོ་གིས་ཅ་ལ་ ཅ་ལ་ག་ར་བཞག་སྟེ་ དེ་ལས་ ལོ་གསུམ་འགྱོ་འགྱོཝ་མས་ཏེ་ཕར་སོང་སྟེ།
  • ཆོས་འཛོམས་ Chozom
    ཁོ་སོང་སྟེ་ ལོ་གསུམ་འགྱོ་སྦེ་ དེ་ལས་ ལྷོད་ནི་མེད་པར་ཕྱི་ཁར་ཐོན་ནུག་མེན་ན་ཏེ་ཤེས་ལྕམ་ ཕྱི་ཁར་ཐོན་ཏེ་མགུ་ཏོ་ཅིག་ཆུ་འཁྱུ་བར་སོང་ནུག་ཁོ་ མགུ་ཏོ་ཆུ་འཁྱུ་སྟེ་ མགུ་ཏོ་ཆུ་འཁྱུཝ་ད་ སྐྱ་ཕུད་རྡོག་གཅིག་བུད་སོང་སོངམ་ ཁོང་ཡར་ཆུའི་རྐ་ཁར་བཟུམ་ཅིག་ཨིན་པས་བ་ ཤེས་ལྕམ་ཚུ་ དེ་ལས་་མར་འོག་ལུ་ཧོར་དགུང་སངས་གནག་པོ་ཡོད་དོཝ་མས་ ཧོར་དགུང་སངས་གནག་པོ་མགུ་ཏོ་དགུ་འབད་མི་ཡོད་དོཝ་མས།
  • ཆོས་འཛོམས་ Chozom
    འ་ནཱི་ཁར་ཆུ་དབོག་པར་འོངམ་ད་ སྐྱ་ཕུད་རྡོག་གཅིག་མཐོང་མཐོངམ་མས་ སེར་ལེང་ལེང་བཏང་འོང་དེས་ཟེརཝ་མས་ལོ། དེ་ལས་སྐྱ་འདི་འཐུ་སྦེ་ དེ་ལས་ ཆུ་དབོག་མི་དེ་གིས་སྟོན་པར་འབག་ནུག་མེན་ན་ཏེ་ ཨ་ནཱི་ ཧོར་གོང་ས་གནགཔོ་ལུ་སྟོན་པར་འབག་སྦེ་ ཧོར་གོང་ས་གནག་པོ་གིས་འཚོལ་བར་བཏང་ནུག་ཏེ།
  • ཆོས་འཛོམས་ Chozom
    འཚོལ་བར་བཏངམ་ད་ ཁོ་མགུ་ཏོ་ཆུ་འཁྱུ་སྟེ་སྡོད་སྡོདཔ་མས་ དེ་ལས་ཁོ་བཟུང་འབག་སྦེ་མ་བཞག་པས་ཏེ་ སྒརཔ་གནམ་མེད་ས་མེད་ ཧོར་གོང་ས་གནག་པོའི་སྒརཔ་ཨིན་ན་མེན་ན་ གནམ་མེད་ས་མེད་འོང་འོངམ་སར་ ཁོ་ལེན་པར་ དེ་ལས་མོ་འདི་ ཨ་ནཱི་[གྲཱབ་ལ་?]གུ་སྔུ་སྔུཝ་མས་ཏེ་ སྔུ་སྟེ་[གྲཱབ་ལ་?]གུ་ལྷབ་དབུར་བཞག་བཞགཔ་མས་ཏེ་ འ་ནཱི་ལྷབ་སྐམ་ཏེ་འབད་བ་ཅིན་ མ་བདའ་ཤིག་ཟེར་ སླབ་བཞག་བཞགཔ་མས་ཏེ།
  • ཆོས་འཛོམས་ Chozom
    དེ་ལས་ མིག་ཆུ་ཕོརཔ་ནང་བཀང་བཞག་ཅི་ཟེར་ཨིན་པས་ འ་ནཱི་སྐམ་འགྱོ་བ་ཅིན་ ང་མ་བདའ་ཤིག་ཟེར་ཨིན་པས་ དེ་ལས་ སྐུ་རྟེན་གསུང་རྟེན་ལུ་ ལོ་གསུམ་སྤྲུལ་ཡི་ཟེར་ཨིན་པས་ ཨ་ནཱི་ལོ་གསུམ་སྤྲུལ་ཡི་ཟེར་ཨིན་པས་ དེ་འབད་རུང་མ་ཐེག་ཟེར་ཨིན་པས་ དེ་ལས་ མདའ་གནམ་འགྲོ་ཅན་མ་ལུ་ ལོ་གཅིག་སྤྲུལ་ཡི་ཟེར་ཨིན་པས།
  • ཆོས་འཛོམས་ Chozom
    དེ་འབད་རུང་མོ་མ་ཐར་ཟེར་ཨིན་པས། དེ་ལས་ མོ་འཁྱིད་ཡར་སོང་ཡི་སྨ་རེད་ཟེར་ དེ་སྦེ་བཀའ་ཤོག་ དེ་སྦེ་བཟོ་སྟེ་བཞག་ནུག་ཏེ་མོ་གིས་བྱ་ལུ་ བྱའི་ལགཔ་ཁར་སྤྲོད་དེ་ དེ་ལས་མོ་བཟུང་སྟེ་འབག་ནུག་ཏེ་ འབག་སྟེ་ དེ་སྦེ་འཁྱིད་འགྱོཝ་ད་ལུ་ ཕར་གླིང་གེ་སར་རྒྱལཔོ་དེ་ ད་སྲིན་པོ་ག་ར་བཏུལ་ཚར་ནུག་ཏེ།
  • ཆོས་འཛོམས་ Chozom
    བུམོ་གཅིག་འབད་མི་ཅིག་མ་པ་ལས་རང་ཤི་མ་བཏུབ་པས་ལོ་སྨེ་ ག་ར་ཤི་ཚར་ཞིནམ་ལས་ གླིང་གེ་སར་རྒྱལ་པོ་ཁ་ཡང་མ་ངན་ཚིག་ཡང་མ་ངན་ང་གིས་ ཕར་པྲཱོག་བཏང་མཆོངས་ ག་ཅི་གུ་ཅི་ཟ་ ཚུར་མཆོངས་ ཟ་སྦེ་ དེ་ལས་ ཨིན་ན་མེན་ན་རང་གཉེན་རྐྱབ་སྟེ་ལུས་སོ་ནུག་མེན་ན་ཏེ་
  • ཆོས་འཛོམས་ Chozom
    ལོ་གསུམ་ཕར། དེ་ལས་ ཨ་ལོ་གཅིག་སྐྱེས་ནུག་ཏེ་ ཨ་ནཱི་གླིང་གེ་སར་རྒྱལ་པོའི་སྲས་གཅིག་ དེ་ལས་ སྐྱེས་ཏེ་ཁོ་ར་སྲིནམོ་དང་གཅིག་ཁར་གཉེན་རྐྱབ་རྐྱབ་འབད་ནི་དེ་གིས་ཁོ་ར་བསྒྲིབས་ཏེ་ དེ་ལས་ཉལ་ཏེ་སྡོད་དོཝ་མས་ཏེ་ དེ་འབདཝ་ད་ ཨམ་སྲུ་འབད་བ་ཅིན་ཐགས་འཐག་སྟེ་ར་སྡོད་དོཝ་མས་མེན་ན་ཏེ་སྲིན་མོ་འབད་བ་ཅིན་ དེ་འབདཝ་ད་ བྱ་ལྷོད་ལྷོདཔ་མས་ཏེ་ བྱ་ལྷོད་སྦེ་
  • ཆོས་འཛོམས་ Chozom
    སྒོ་ཁར་ཅོག་ཏོར་བཏང་ཆགས་པར་འོང་ནུག་ཟེརཝ་མས་ལོ་ ཨཱ་མོ་གིས་ཅོག་ཏོར་བཏང་ཆགསཔ་ཅིག་ མོ་གིས་ཐགས་འཐགཔ་ད་མེ་ཏོག་འཐུ་ནི་གི་སྦ་འདི་གིས་ ཅཱག་བཏང་བླུགས་བྱིན་ཏེ་ བྱ་བསད་སྦེ་ ཐགས་འཐགཔ་ད་ ཕང་མ་བཙུགས་ཏེ་བཞག་བཞགཔ་མས། དེ་འབདཝ་ད་ གེ་སར་རྒྱལཔོ་བཞེངས་ཏེ་གཟིགསཔ་ད་ ཕང་མར་བྱ་དཀརཔོ་དཀརཔོ་སྦེ་མཐོངམ་མས་ཟེརཝ་མས་ལོ་ དེ་ལས་ ཀེ་ཁྱོད་ཀྱི་ཕང་མ་ག་ཅི་ཡོད་གོ་ཟེར།
  • ཆོས་འཛོམས་ Chozom
    ལེན་སྦེ་ དེ་ལས་ བྱ་ཨིན་པ་ཅིན་ སྒོན་ཐེ་གུ་ཅོག་ཏོར་བཏང་ཆགས་ཤིག་ ཟེར་སླབ་སླབ་མས་ཁོ་གིས་ ཕྲང་སྟེ་ར་སླབ་ནུག དེ་ལས་ བྱ་ང་མེ་བཏང་ཟ་བར་འབག་གེ་ ང་ཨ་ནཱི་གཟིགས་ཧིང་སང་ས་འབད་བཅུག་དགོ་ནི་མས་ཟེར་ ཁོ་གིས་འབག་ནུག་ཏེ་ཐབ་ཚང་ནང་ན་འབག་སྦེ་དྲིས་ནུག་ དབའེ་ཟེར་ བྱ་ལུ་སླབ་ནུག་ཏེ་ ང་མཁར་གླིང་མཁར་སྟོད་ཀྱི་བྱ་ཨིན་པས་ཁྱོད་ཟེར་ ཁྱོད་ག་ཅི་སྦེ་འོང་ཡི་གོ་ནཱ་ ཟེར་སླབ་ནུག་ཏེ།
  • ཆོས་འཛོམས་ Chozom
    ག་ནི་ཡང་མི་སླབ་ང་ ག་ནི་ཡང་མི་སླབ་ ཟེར་སླབ་ནུག་བྱ་གིས་ མེན་ཧེ་མ་རང་བྱ་ཤི་ཤིཝ་ཨིན་པས་ བྱ་དྲན་མེད་བརྒྱལ་བརྒྱལཝ་ བྱ་ལྷོང་ནུག་ཏེ་ཁོ་གིས་ ཨ་བུག་གུ་ལུ་འཕུ་ཡི་འཕུ་ཡི་ལྷོང་ནུག་ཏེ་ ང་བཅས་རའི་བྱ་ཤིཝ་ད་ དེ་སྦེ་འཕུ་སྟེ་ལྷོང་འོང་བ་བྱམོ་ཚུ་ཡང་ འཕུ་ཡི་འཕུ་ཡི་ལྷོང་ནུག་སྨ་རེད་ ལྷོང་སྟེ་ལྟ་མ་དྲན་མེད་ལོག་ལྷོད་ལྷོདཔ་མས་ཏེ་ དྲན་མེད་ལོག་ལྷོདཔ་ད་ ལྟ་མ་སླབ་མས་ཟེརཝ་མས་ལོ།
  • ཆོས་འཛོམས་ Chozom
    མེན་ ག་ཅི་སྦེ་འོང་ཡི་ཁྱོད་ངེའི་བྱ་ཨིན་པས་ཁྱོད་ མཁར་གླིང་མཁར་སྟོད་ཀྱི་བྱ་ཨིན་པས་ ག་ཅི་སྦེ་འོང་ཡི་ཟེར་ བྱ་ཀྲེ་དཀརམོ་ཨིན་པས་ཏེ་ དེ་འབདཝ་ད་ མི་སླབ་ང་མི་སླབ་ག་ནི་ཡང་མི་སླབ་ ཁྱོད་ཀྱི་ཨམ་སྲུ་གིས་ང་བསདཔ་མས་ ཟེར་སླབ་ནུག་ཟེརཝ་མས་ལོ་ ཨའེ་སླབ་ད་ སླབ་ད་ ཟེར་སླབ་ནུག་མེན་ན་ཏེ་ཁོ་གིས་ དེ་འབདཝ་ད་བྱ་གིས་ ཕོ་རོ་ཕོ་རོ་བཏང་འབདཝ་ད་ ཡི་གུ་ཕེན་བཏང་བུད་ཡི་ཟེརཝ་མས་ལོ།
  • ཆོས་འཛོམས་ Chozom
    དེ་ལས་ ཡི་གུ་ལྷག་སྟེ་བལྟ་བ་ཅིན་ ང་སྐུ་རྟེན་གསུང་རྟེན་ལུ་ ལོ་གཅིག་སྤྲུལ་ཡི་ཟེར་ དེ་འབད་རུང་མགྱོགས་མ་ཐལ་ཟེར་ དེ་ལས་ ཨ་ནཱི་ལུ་ མདའ་གནམ་འགྲོ་ཅནམོ་ལུ་ ལོ་གཅིག་སྤྲུལ་ཡི་མ་ཐར་ཟེར་ དེ་ལས་ད་ང་གིས་ གྲཱབ་ལ་གུ་ལྷབ་དབུར་བཞག་ཡི་གོ་ཟེར་ འ་ནཱི་སྐམ་པ་ཅིན་རྟིང་མ་བདའ་ཤིག་ཟེར་ ཕོརཔ་ནང་མིག་ཆུ་བཀང་བཞག་ཡོད་ཟེར་ འ་ནཱི་སྐམ་པ་ཅིན་མ་བདའ་ཤིག་ཟེར་འཁོད་དེ་འདུག་ཟེར་ཨིན་པས་ལོ་ཏེ།
  • ཆོས་འཛོམས་ Chozom
    སྐྱོ་སི་སི་འདུག་ཟེར་ཨིན་པས་ལོ་ཏེ་ དེ་ལས་ཁོ་ར་ཐུགས་བཤུམས་ནུག་ཏེ་ཚར་གཅིག་ ཐུགས་བཤུམས་སྦེ་ ཡ་ཁྱོད་ལོག་སྟེ་སོང་ཤིག་ཟེར་ བྱ་ལོག་སྟེ་བཏང་སྦེ་ ནཱ་སྡོད་པ་ཅིན་གསད་འོང་སྨ་རེད་ ཟེར་སླབ་སྟེ་ ལོག་བཏང་ནུག་ཏེ་ ལོག་བཏང་སྦེ་ དེ་ལས་ད་ བྱ་ལོག་བཏང་སྦེ་ དེ་ལས་ རྟ་འཚོལ་དོཝ་མས་ཏེ་ ཁོ་ད་ལོག་འོང་ནི་སྦེ་ རྟ་འཚོལ་བ་ཅིན་ རྟ་ག་ཏེ་ཡང་མིན་འདུག་ཟེར་ཨིན་པས་ལོ་རྟ་འདི།
  • ཆོས་འཛོམས་ Chozom
    ཡོད་པའི་ཤུལ་རང་མིན་འདུག་ལོ་ཁོ་གི་རྟ་ དེ་ལས་ རྟ་འཚོལ་ཏེ་འགྱོ་འགྱོཝ་མས་ཏེ་ རྟ་འཚོལ་ཏེ་འགྱོ་བ་ཅིན་ རྟ་ལོ་གཅིག་དེ་ཅིག་ཉལ་ཉལ་བའི་ས་སྒོ་ཕྱདཔ་མས་ཟེརཝ་མས་ལོ་ཁོ་གི་ དེ་ལས་ ད་རུང་འགྱོ་དོཝ་མས་ཏེ་ ད་རུང་འགྱོ་བ་ཅིན་ ཟླ་ངོ་དྲུག་དེ་ཅིག་ཉལ་བའི་ས་སྒོ་དང་ཕྱདཔ་མས་ ཟེར་ཨིན་པས་ལོ་ ད་རུང་འགྱོ་དོཝ་མས་ཏེ།
  • ཆོས་འཛོམས་ Chozom
    དེ་འབདཝ་ད་ལུ་ ཟླ་ངོ་གཅིག་དེ་ཅིག་ཉལ་ཏེ་སྡོད་ཡོད་པའི་ས་གོ་ཕྱདཔ་མས་ཟེར་ཨིན་པས་ལོ། དེ་ལས་ ད་རུང་བདའ་འགྱོ་དོཝ་མས་ཏེ་ དེ་འབདཝ་ད་ལུ་ ད་ཅི་དྲོ་པ་ལོང་འགྱོ་ཡོད་པའི་ས་གོ་ཕྱདཔ་མས་ལོ་ དེ་ལས་ ད་རུང་བདའ་འགྱོ་དོཝ་མས་ཏེ་ དེ་འབདཝ་ད་ལུ་ འདི་ལས་བདའ་འགྱོཝ་ད་ལུ་བདའ་ཟུན་ཟུནམ་མས་ཏེ་ བདའ་ཟུནམ་ད་ལུ་ སིང་ཡ་སིང་ཡ་ཟེར་ སྐད་རྐྱབ་མས་ཟེརཝ་མས་ལོ།
  • ཆོས་འཛོམས་ Chozom
    མཁར་གླིང་མཁར་སྟོད་ཀྱི་ཕོ་བྲང་ལུ། །རྟ་པོ་ང་ཡང་ཉམས་དགའ་ཡིན། །སིང་ཡ་སིང་ཡ་ཟེར་སྐད་རྐྱབ་མས་ཟེརཝ་མས་ལོ་ཏེ་ གནམ་མེད་ས་མེད་སྐྱོ་སི་སི་སྦེ་སྐད་རྐྱབ་སྟེ་ མཁར་གླིང་མཁར་སྟོད་ལུ་སྡོདཔ་ད་ལུ་ང་ཉམས་དགའཝ་ཨིན་ཟེར་ ནཱ་ལུ་ང་དེ་སྦེ་བསད་བཏངམ་མས་ཟེར་ ག་ར་ཞན་ཁོག་འགྱོ་ནུག་ལོ་ཁོ་གི་རྟ་འདི་ ཞན་ཁོག་རང་འགྱོ་ནུག་ལོ་ཁོ་གི་རྟ་འདི་ རྐངམ་གི་ཚིགས་དང་ ལགཔ་གི་ཚིགས་གུ་ལུ་ག་ར་གཟེར་བརྡབས་ནུག་ཟེརཝ་མས་ལོ་ཏེ།
  • ཆོས་འཛོམས་ Chozom
    ག་ར་གཟེར་བརྡབས་ཚར་ནུག་ལོ་ཁོ་གི་རྟ་གུ་ལུ་གནམ་མེད་ས་མེད་ དེ་ལས་གཟེར་བརྡབས་ཏེ་ དེ་ལས་ འབད་མ་ཚུགས་པར་ ཁོ་གི་རྟ་ཕངས་སི་སི་ཏེ་ ཨ་ནཱི་སྐད་རྐྱབ་སྟེ་འགྱོ་དོཝ་མས་ཏེ་ དེ་ལས་ ཨའེ་ཤོག་ཤོག་ཟེར་ ད་ང་བཅས་གཉིས་ལོག་འགྱོ་ནི་ཨིན་ཟེར་ མ་འབད་ཟེར་ ད་ང་བཅས་གཉིས་ལོག་འགྱོ་ནི་སྦེ་ ཁྱོད་འཚོལཝ་ཨིན་ཟེར་ ད་ང་བཅས་གཉིས་ཀྱི་ཤེས་ལྕམ་ཡང་ ཧོར་གོང་ས་གནག་པོ་གིས་འཁྱིད་འགྱོ་ནུག་ཟེར་
  • ཆོས་འཛོམས་ Chozom
    སླབ་ནུག་ཏེ་ཁོ་གིས་ ད་ང་བཅས་གཉིས་ལོག་འགྱོ་ནི་ཨིན་སྨ་རེད་ཟེར་ འགྱོ་ཤིག་འགྱོ་ནི་ཨིན་སྨ་རེད་ཟེར་ དེ་འབདཝ་ད་ལུ་ ཨའེ་མི་འགྱོ་ང་ཁྱོད་ཀྱི་སྲིནམོ་གིས་ ང་ཟ་ནི་མས་ཟེར་ ང་བསད་ནི་མས་ ཟེར་སླབ་ནུག་ཏེ་ དེ་ལས་ དེ་སྦེ་འབད་དེ་ ངེའི་རྐངམ་ལགཔ་གི་ཚིགས་ལུ་ག་ར་གཟེར་བརྡབས་ཚར་ཏེ་ཡོད་ཟེར་ ལྕགས་གཟེར་ག་ར་བརྡབས་ཚར་ཡི་ ཟེར་སླབ་ནུག་ཏེ་ དེ་ལས་ འཁྱིད་འགྱོ་ནུག་ འཁྱིད་འགྱོ་སྦེ་ཕར་ལྷོད་ནུག་ཏེ།
  • ཆོས་འཛོམས་ Chozom
    ད་ཨ་ཅོ་ རྟ་གིས་སླབ་དོཝ་མས་ཏེ་ ཨ་ཅོ་ཁྱོད་ཀྱིས་གནས་སྐབས་ག་དེ་སྦེ་བཏོན་འོང་གོ་ ཟེར་སླབ་སླབ་མས་ཏེ་ དེ་ལས་ རྟ་གིས་སྟོན་ནུག་ཏེ་གནས་སྐབས་ ད་ང་ལུ་ཧུམ་བྱིན་ཤིག་རྩ་འགེངས་ཏེ་ཧུམ་བྱིན་ཤིག་ཟེར་ ཁྱོད་ར་ཧེ་མ་རང་ཆང་བཙོ་བཅུག་ཤིག་ཟེར་ བཙོ་བཅུག་སྟེ་ ཁྱོད་གནམ་མེད་ས་མེད་འཐུང་དོ་བཟུམ་སྦེ་ ང་ལུ་འབག་ཤོག་ཟེར་ དེ་ལས་ ཨམ་སྲུ་དེ་ཡང་འཐུང་བཅུག་ཤིག་ཟེར།
  • ཆོས་འཛོམས་ Chozom
    ད་སླབ་ནུག་ཏེ་ཨ་ནཱི་གིས་ གེ་སར་གྱིས་ སྲིན་མོ་ལུ། ད་ང་བཅས་གཉིས་ཕྱད་དེ་འ་ནེ་ཅིག་སོང་ཡི་ དགའཝ་དགའ་སྤྲོ་ཟེར་ ཚར་གཅིག་ཡང་མ་སྡོད་ ད་ཁྱོད་ཀྱིས་ སྦང་ཆང་བཙོ་ཤིག་ཟེར་ དེ་ལས་ སྦང་ཆང་བཙོ་བཙོཔ་མས་ཏེ་ ཨམ་སྲུ་གིས་བཙོ་སྟེ་ འཐུང་ནུག་ཏེ་ནངས་པར་གནངས་ཚེ་ཁོང་གཉིས་ འཐུང་སྟེ་ཨམ་སྲུ་འདི་ འཐུང་ཡི་རང་འབག་ ཁོ་ར་འབད་བ་ཅིན་ འཐུང་དོ་བཟུམ་ མ་འཐུང་དོ་བཟུམ་སྦེ་ རྟ་ལུ་རང་བྱིན་ རྟ་ལུ་རང་བྱིན།
  • ཆོས་འཛོམས་ Chozom
    རྟ་ལུ་རང་བྱིན་སྦེ་བཞག་ནུག་ཏེ་ དེ་ལས་ རྟ་ཏེ་ཚར་རེ་ལྡིར་ལྡིར་བཏང་སྤུད་བཏངམ་ད་ ལྕགས་གཟེར་གནམ་མེད་ས་མེད་བུདཝ་མས་ཟེརཝ་མས་ལོ་ ས་ལ་ལ་བཏང་བུདཝ་མས་ཟེརཝ་མས་ལོ་ཏེ་ ཨ་ནཱི་ལྕགས་གཟེར་བརྡབས་ཡོད་མི་ཚུ་ དེ་ལས་ མོ་སྲིནམོ་འདི་ ཆང་འཐུང་སྟེ་ར་སྡོད་དོཝ་མས་ཏེ་རྟག་བུ་རང་ ཁོ་འབད་བ་ཅིན་ འཐུང་དོ་བཟུམ་མ་འཐུང་དོ་བཟུམ་སྦེ་ རྟ་ལུ་རང་བྱིན་པར་འབག་ རྟ་གནམ་མེད་ས་མེད་ཉམས་བཏགས་བཅུག་དོཝ་མས་ཏེ།
  • ཆོས་འཛོམས་ Chozom
    དེ་ལས་ འབད་ནུག་མེན་ན་ ད་ང་བཅས་གཉིས་ཀྱི་རྟ་ག་དྲག་དྲག་འབདན་ན་ ཟེར་སླབ་སླབ་མས་གེ་སར་གྱིས། ང་བཅས་གཉིས་ཀྱི་རྟ་ག་དྲག་དྲག་འབད་བཅུགན་ན་ ཟེར་སླབ་སླབ་མས་ བཏུབ་ཏེ་ ཟེར་སླབ་སླབ་མས་ སྲིན་མོ་ལུ་ཡང་རྟ་གཅིག་ཡོད་དོཝ་མས་ཏེ་ དེ་ལས་ རྟ་རྒྱུག་རྐྱབ་བཅུག་དོཝ་མས་ད་ རྟ་རྒྱུག་རྐྱབ་བཅུགཔ་ད་ལུ་ མོ་གི་ཞིང་བརྒལ་ཚརཝ་ད་ལུ་ ཁོ་གི་ནཱ་བཟུམ་ཅིག་ལུསཔ་མས་ཟེརཝ་མས་ལོ།
  • ཆོས་འཛོམས་ Chozom
    ཨ་ནཱི་གེ་སར་གྱི། དེ་ལས་ ད་རུང་ཕྱི་རུ་སླབ་དོཝ་མས་ཏེ་ ད་ཨ་ཅོ་ང་གིས་ཚགས་ཁར་རང་མི་ཚུད་པས་ ང་ལུ་ཧུམ་བྱིན་ཤིག་ཁྱོད་ར་ཧུམ་ ད་ཁོ་ར་དྲགཔ་མས་ ཟེར་སླབ་མས་ཟེརཝ་མས་ལོ་རྟ་གིས། དེ་ལས་ ད་རུང་ཧུམ་བྱིན་ ད་རུང་ཞག་གསུམ་གྱི་རྒྱབ་ལས་ ད་རུང་རྟ་རྒྱུག་རྐྱབ་བཅུག་དོཝ་མས་ དེ་འབདཝ་ད་ལུ་ ཧ་ལམ་ལྷོད་དོཝ་མས་ཏེ་ འདྲན་འདྲ་ལྷོདཔ་མས་ཟེརཝ་མས་ལོ་ཏེ་ འདྲན་འདྲ་བཏང་ དེ་ལས་ ད་ང་གིས་བདའ་ཟུན་དོ་ཨ་ཅོ་ ཟེར་སླབ་དོཝ་མས་ འདྲན་འདྲ་ལྷོད་དོ་ ཟེར་སླབ་དོ་མས།
  • ཆོས་འཛོམས་ Chozom
    ད་རུང་ཧུམ་བྱིན་ཤིག་ཁྱོད་ར་ ཟེར་སླབ་དོ་མས་ ད་རུང་བྱིན་བྱིནམ་མས་ཁོ་གིས་ ཧུམ་བྱིན་ཏེ་རང་བཞག་ ག་ཅི་ཡང་རྟ་ལུ་བྱིན་ཏེ་ དེ་ལས་ ནངས་པར་རྐྱབ་ད་ལུ་ བཀོ་བཞག་དོ་མས་ཏེ་ སོ་སོ་འདི་ཐག་རིང་ས་རང་ཁོ་གི་རྩ་ལས་རང་མི་ལྷོད་དོཝ་མས་ སྲིནམོ་དེ་གིས་ འམ་ད་ ང་གིས་འབད་ཚུགས་དོ་ཨ་ཅོ་ ད་ང་བཅས་གཉིས་འགྱོ་ནི་སྨ་རེད་ཟེར་ བསྟུན་གྲོས་འབད་དོཝ་མས་ཁོང་གཉིས།
  • ཆོས་འཛོམས་ Chozom
    དེ་ལས་ སྲིནམོ་ཆང་གནམ་མེད་ས་མེད་འཐུང་བཅུག་ནུག་ཏེ་ ཆང་འཐུང་བཅུག་སྟེ་ སྲིན་མོ་ཉལ་ནུག་ ཉལ་ནུག་ཁོང་གཉིས་ཆ་ར་ ཉལ་སྦེ་ ཁྱོད་ཀྱིས་ཆང་ཤུགས་རང་དྲངསམ་ད་ ག་དེ་སྦེ་འབད་འོང་ ཟེར་སླབ་སླབ་མས་གེ་སར་གྱིས་ དེ་འབདཝ་ད་ སླབ་མས་ལོ་སྲིནམོ་གིས་ ང་གིས་ག་ཅི་ལོ་ གཉིད་ཤུགས་ལོགཔ་ད་ ག་དེ་སྦེ་འབད་འོང་ ཟེར་སླབ་སླབ་མས་ གཉིད་ཤུགས་ལོགཔ་ད་ང་གིས་ ཁ་ལས་མེ་ཆོ་རོ་རོ་འབར་འོང་ཟེརཝ་མས་ལོ་ ཧ་ལམ་ཅིག་ལོགཔ་ད་ མེ་དམར་ལྷབ་ལྷབ་བཏང་འབར་འོང་ཟེརཝ་མས་ལོ།
  • ཆོས་འཛོམས་ Chozom
    དེ་ལས་ ཁྱོད་ཀྱི་ ཟེར་སླབ་སླབ་མས་ཏེ་ ང་གིས་གཉིད་ཧ་ལམ་ཅིག་ལོགཔ་ད་ལུ་ ས་ལ་སིལ་ལི་ས་ལ་སིལ་ལི་བཏང་འབད་འོང་ ཟེར་སླབ་སླབ་མས་ཏེ་ གཉིད་ཤུགས་རང་ལོགཔ་ད་ ཏང་བཏང་འབད་འོང་ ཟེར་སླབ་སླབ་མས་ ཨ་ནཱི་གེ་སར་གྱིས། དེ་ལས་ ཉལ་དོཝ་མས་ཏེ་ཁོང་གཉིས་ དེ་སྦེ་སླབ་སྦེ་ཉལ་དོཝ་མས་ཏེ་ ཉལ་དོཝ་མས་ དེ་འབདཝ་ད་ལུ་ སྲིནམོ་ལྟ་མ་འབདཝ་ད་ མེ་དམར་ལྷབ་ལྷབ་འབརཝ་མས་ལོ་ ལྟ་མ་འབདཝ་ད་ མེ་ཁ་ནང་ལས་ཆོ་རོ་རོ་བཏང་འབར་དོཝ་མས་ཏེ།
  • ཆོས་འཛོམས་ Chozom
    དེ་ལས་ ཁོ་འགྱོ་དོཝ་མས་ཏེ་ འགྱོ་སྦེ་ རྟ་གུ་སྒ་བཀལ་དོཝ་མས་ཏེ་ དེ་འབདཝ་ད་ ས་ལ་སིལ་ལི་སྐད་རྐྱབ་དོཝ་མས་ཏེ་ ས་ལ་སིལ་ལི་སྐད་རྐྱབ་དོཝ་མས་ ཐུགས་འགྱོ་དོཝ་མས་ཏེ་ མི་འདི་མ་འགྱོ་བར་ ཐུགས་ཀྱིས་འབད་ དེ་འབདཝ་ད་ དབའེ་ འེང་་་བཏང་འབད་དོཝ་མས་ཁོ་གིས་ སྲིནམོ་གིས་ འེང་གླིང་གེ་སར་རྒྱལཔོ་འགྱོ་དོཝ་འདྲས་མེན་ན་ ཟེར་སླབ་མས་ཟེརཝ་མས་ལོ། དེ་འབདཝ་ད་ འེང་ང་གཉིད་དཀྲོགསཔ་མས་ཟེརཝ་མས་ལོ་ གེ་སར་གྱིས།
  • ཆོས་འཛོམས་ Chozom
    དེ་ལས་ ལྟ་མ་འབདཝ་ད་ མོ་མེ་ཆོ་རོ་རོ་བཏང་འབར་དོཝ་མས་ དེ་འབདཝ་ད་ལུ་ ཁོ་རྟ་གུ་རྟས་ལྕག་རྐྱབ་དོཝ་འདྲས་མེན་ན་ཏེ་ རྟས་ལྕག་ཏང་བཏང་རྐྱབ་དོཝ་མས་འཕུར་ནི་གི་ དེ་འབདཝ་ད་ གནམ་མེད་ས་མེད་གནམ་ཁར་འཕུར་དོཝ་མས་ཁོང་གཉིས་ དེ་འབདཝ་ད་ལུ་ མོ་ཡང་ ལོང་སྟེ་འོང་དོཝ་མས་སྨ་རེད་ ཁོང་གཉིས་གནམ་མེད་ས་མེད་སྐད་རྐྱབ་སྟེ་འོང་དོཝ་མས་ཏེ་ གེ་སར་རྒྱལ་པོ།
  • ཆོས་འཛོམས་ Chozom
    ད་ཨ་ཅོ་རྒྱབ་ལོག་སྟེ་མ་བལྟ་སྨ་རེད་ སྲིནམོ་གིས་ རྒྱབ་བསྒོར་ཏེ་བལྟ་ཟེར་སླབ་འོང་ མ་བལྟ་སྨ་རེད་ ཟེར་སླབ་མས་ལོ་རྟ་གིས་ད་རུང་ དེ་ལས་ འཕུར་ཏེ་ རྒྱ་མཚོའི་ཕར་ཁ་ཨིན་པས་ གནམ་མེད་ས་མེད་ཆུ་རང་ཡོད་དོཝ་མས་ཏེ་ རྒྱ་མཚོ་རང་གནམ་མེད་ས་མེད་ ང་བཅས་དང་སྲིན་པོའི་སྦུག་ལུ་རྒྱ་མཚོ་ཡོདཔ་ཨིན་ལོ་ འ་ནཱི་གིས་འབད་ང་བཅས་འབད་སར་སྲིན་པོ་མ་ལྷོད་མི་འདི་ཨིན་ལོ།
  • ཆོས་འཛོམས་ Chozom
    རྒྱ་མཚོ་གིས་མ་ཐལ་བར་ དེ་ལས་ཆུ་གི་སྦུག་ན་ལྷོད་དོ་ལྷོད་དོ་ཟེརཝ་ད་ ཕར་ཆུ་གི་མཐའ་མར་ལྷོད་ཅི་ལོ་མས་མོ་ ཨ་ལོ་ལགཔ་ཁར་སྦེ་འོང་སྟེ་ དེ་ལས་ ཁོང་གཉིས་ཕར་ཆུ་གི་མཐའ་མར་ཐོན་དོ་ཐོན་དོ་ཟེརཝ་ད་ལུ་ གནམ་མཁར་ལས་འཕུར་ཏེ་ཐོན་དོ་ཐོན་དོ་ཟེརཝ་ད་ལུ་ རྟ་གིས་གནམ་མཁའ་ལས་ཨིན་པས་ཏེ་ རྟ་པོ་ཀ་ལིང་སྤྱང་རྟ་ཨིན་པས་ཏེ་ཁོ་གི་ རྟ་འཕུར་ཏེ།
  • ཆོས་འཛོམས་ Chozom
    དེ་འབདཝ་ད་ལུ་ ཡ་ཟེར་ ཁྱོད་ཀྱི་ཨ་ལོ་ ལོགས་ཅིག་ཁྱོད་ར་བང་ཆེ་ཟེར་ ལོགས་ཅིག་ང་ལུ་བང་ཆེ་ཟེརཝ་ད་ལུ་ རྐངམ་གུ་བཟུང་ཞིན་ན་ཤར་བཏང་་་ཁ་ཕྱལ་བཏང་སྟེ་ ལོགས་ཅིག་ཁོང་གཉིས་ལུ་གཡུག་བཀོཝ་ད་ལུ་ རྟ་གི་བརླད་དོ་གུ་ལུ་ ཨ་ལོའི་ཤ་རེག་རེགཔ་ཨིན་ལོ་ དེ་འབད་ནི་དེ་གིས་ རྟ་གི་ཤ་ཟ་མི་བཏུབ་ཟེར་མི་འདི་ འ་ནི་ཨིན་ལོ་ང་བཅས་ཚུ་ དེ་ལས་ ཁྱིམ་ནང་ལྷོད་ནུག་ཏེ་ཁོང་གཉིས་ ཁྱིམ་ནང་ལྷོད་སྦེ་བལྟ་ནུག་ཏེ།
  • ཆོས་འཛོམས་ Chozom
    དེ་འབདཝ་ད་ལུ་ གྲཱབ་ལ་གུ་བལྟ་དོཝ་མས་ ཨ་ནཱི་ལྷབ་སྐམ་ནུག་ལོ་ ལྷབ་དབུར་བཞག་ཡོད་མི་འདི་ ཕོརཔ་ནང་བལྟ་དོཝ་མས་ ཕོརཔ་ནང་མིག་ཆུ་སྐམ་ནུག་ལོ་ ཕོརཔ་འདིནི་སྟོངམ་འདུག་ཟེརཝ་མས་ལོ་ དེ་ལས་ དགོངསམ་ཁྲེལ་ནུག་ཏེ་ཁོ་ དགོངསམ་ཁྲེལ་ཏེ་ མཆོད་བཤམ་ནང་ན་འཛུལ་བ་ཅིན་ སྐུ་དང་འདི་ཚུ་དགོངསམ་ཁྲེལ་དོཝ་མས་ཏེ།
  • ཆོས་འཛོམས་ Chozom
    མི་རང་གཅིག་མེད་ན་ སྐུ་རྟེན་གསུང་རྟེན་ཁྱེད་ཡང་མེད་ཟེར་ སྐུ་ཨོལ་ལྐོག་བཏོག་བཏང་བཏངམ་མས་ཏེ་ ཨ་ནཱི་འཐེན་ནི་རང་ཡོད་སྦ་ སྐད་འཐེན་དགོ་ག?
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    འཐེན་ད།